Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདི་རྒྱལ་བོ་རེད་ཡང་ན་བླ་མ་རེད།

Posted on 2012-02-182012-02-18 By ཀླུ་ 55 Comments on འདི་རྒྱལ་བོ་རེད་ཡང་ན་བླ་མ་རེད།

འདི་ས་ཁུལ་ཞིག་གི་རྒྱལ་བོ་རེད་དམ་། ཡང་ན་ཕྱི་གླིང་ན་ཡོད་པའི་དེང་རབས་བླ་མ་ཞིག་རེད། པར་འདི་དང་ཡང་ན་མི་འདིར་རྒྱུས་མངའ་ཡོད་མཁན་རེ་ཡོད་ན་འགྲེལ་བཤད་རེ་བྱེད་རོགས།

གསར་འགྱུར།

Post navigation

Previous Post: རྒྱ་གཞུང་གིས་བོད་ཀྱི་རྩོམ་པ་པོ་ཞིག་གསང་བའི་འཛིན་བཟུང་།
Next Post: བོད་མི་རིགས་འདི་ཉིད་ས་སྒང་འདི་ནས་གསོན་དགོས་ཀྱི་ཡོད་ཚེ།

Comments (55) on “འདི་རྒྱལ་བོ་རེད་ཡང་ན་བླ་མ་རེད།”

  1. ཀླུ་སྨྱོན། says:
    2012-02-18 at 1:55 am

    སྔགས་པ་ཞིག་གིས་མནའ་མ་བླངས་པ་རེད།

  2. ཨ་རིག་དགེ་མཐོང་། says:
    2012-02-18 at 1:56 am

    འདྲ་པར་འདི་ལ་འགྲེལ་བཤད་ཅིག་ཡོད་ན་བསམ་ཐལ།

  3. བུ་དད་པ་ཅན། says:
    2012-02-18 at 2:06 am

    ཧཱུྃ་ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་རྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཕྱི་ནང་གསང་བའི་བར་ཆད་སོལ། །བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །

  4. བུ་དད་པ་ཅན། says:
    2012-02-18 at 2:09 am

    སྔགས་པས་མནའ་མ་བླངས་སོང་། །མནའ་མ་མཛེས་མ་ཡིན་སོང་། །སངས་རྒྱས་བསྟན་པ་དར་སོང་། །ང་ཡི་འཇེ་རྒན་ལངས་སོང་། །སོ་ཡ་ལ། སོ།་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2012-02-18 at 2:09 am

    བོད་རྒྱལ་པོ་ཡང་མ་རེད། བོད་བླ་མ་ཡང་མ་རེད། འདྲ་དཔར་འདི་མཛེས་པོ་ཞིག་འདུག

  6. མི་ནག་མདུང་ཐུང་། says:
    2012-02-18 at 2:11 am

    དེ་རྒྱལ་པོ་མ་རེད་ལ། བླ་མ་ཡང་མ་རེད། དོན་དངོས་ནག་པོ་བདུད་ཀྱིས་ཟིན་ཅིང་། ཅི་བྱེད་འདི་བྱེད་མེད་པའི་ཕུང་གསུམ་པ་ཞིག་རེད།

  7. མི་ནག་མདུང་ཐུང་། says:
    2012-02-18 at 2:12 am

    སྔོན་མའི་མཆན་དེ་ཅི་ཕྱིར་བསུབ་པ་ཡིན།
    ཟློས་གར་མ་འཁྲབ་ལོ།

  8. བུ་དད་པ་ཅན། says:
    2012-02-18 at 2:19 am

    དེ་རིང་ངོ་མ་གསལ་འགྱུར་རང་རེད། ད་བར་ངས་ལྷ་ཁང་ནང་ཆང་ས་བརྒྱབ་པ་མཐོང་མ་མྱོང་། དེ་རིང་ལྷ་ཁང་རྫིག་པོ་འདིའི་ནང་ཆང་ས་བརྒྱབ་པ་རེད། ད་ས་འདི་རང་ལ་སྒྱོ་ཞིག་བརྒྱབ་ན་ག་འདྲ་ཡིན་ས་རེད། མཉམ་མེད་ཇོ་བོ་རྗེ་བོད་ལ་མ་བྱོན་སྔོན་ཙམ་ལ་ང་ཚོའི་བོད་ལུང་པར་སྔགས་འཆང་ཡིན་ཟེར་མཁན་ཚོས་འདི་འདྲ་མ་རུང་པ་སྣ་དགུ་བྱས་རབས་མང་། ༧གོང་ས་མཆོག་ཞལ་འཚོ་བཞུགས་ཀྱི་སྐབས་འདིར་འདི་རིགས་འབྱུང་བཞིན་པ་མ་འོངས་པའི་ཐན་ལྟས་ངན་པ་ཞིག་རེད། །ཨོ་ཡིན་ན་་་་་་་་ ཐེ་ཝན་སོགས་ཀྱི་ཐེག་དམན་པས་ང་ཚོར་སྐུར་འདེབས་བྱེད་པར་རྒྱུ་མཚན་འགའ་རེ་ཡོད་པ་རེད་དོ། ཐེ་ཝན་སོགས་སུ་ང་ཚོས་བླ་མ་ཚོས་་་་་་་་་་་
    རྗེས་ནས་གསལ་པོ་འབྲི་རྒྱུ་ཡིན་ནོ། །

  9. བོད་ལ་ཞེན། says:
    2012-02-18 at 2:26 am

    པར་ནང་གི་མི་དེའི་བྱེད་སྟངས་ལ་ངོས་ལེན་ནམ་ཡང་མེད།

  10. Sonam says:
    2012-02-18 at 2:39 am

    ད་འདི་མ་འོངས་པའི་བསྟན་པའི་མངའ་བདག་ག་གེ་མོ་ཞིག་གམ། གཏེར་སྟོན་གཅིག་གམ། སྔགས་འཆང་ཞིག་གམ། སྐྱབས་མགོན་ཞིག་ལས། མི་སློབ་གསོ་ཡོད་པ། རྣམ་དཔྱོད་ཡོད་པ། ངོ་ཚ་ཡོད་པ། ཡ་རབས་ཡོད་པ་ཞིག་ག་ལ་ཡིན། ད་ཆོས་པ་འདི་ཚོས་ཁྲབ་ཀྱ྄ི་འདུག

  11. རིན་ཆེན་དར་རྒྱས། says:
    2012-02-18 at 2:51 am

    ཕལ་ཆེར་ཟློས་གར་ཁྲབ་སྟོན་ཞིག་ཡིན་ས་རེད།

  12. ཀརྡོ་གཉེར་ཕྱག་པ་ says:
    2012-02-18 at 3:07 am

    དགོན་པའི་ནང་ཆང་ས་བརྒྱབ་ཆོག་ན། དགོན་པའི་ནང་ལ་རྒྱོ་མི་ཆོག་ཅི་ཡིན་ནམ་ཟེར་འདོད་དམ། ཧ་ཧ།

  13. གངས་སྤྲེལ་ཚ། says:
    2012-02-18 at 3:23 am

    དགོན་པའི་ནང་དུ་སྟོན་མོ་བྱེད་པ་འདི་ངོ་མ་ ཧ་ལས་ནི་ཞིག་རེད། དེ་རིགས་ཧམ་པ་ཚ་བ་ལ། ད་སངས་རྒྱས་ཀྱི་བསྟན་པ་མཐའ་ལ་ཐུགས་འདུག སྔོན་མ་སློབ་དཔོན་དབྱིག་གཉེན་ཡང་འདི་འདྲ་ཞིག་ལ་བརྟེན་ནས་སྐུ་གཤེགས་པ་རེད། ཨ་ཙི ། བླ་མ་མཁྱེན། བླ་མ་མཁྱེན། ད་གང་བྱེད།

  14. ལྷག་པ། says:
    2012-02-18 at 3:44 am

    དྲྭ་གྲོགས་རྣམས་ལ་ཞུ་བ། འདྲ་པར་འདིའི་ནང་གི་ཁྲི་ལ་སྡོད་མཁན་དེ་སུ་ཡིན་དང་། ས་ཆ་གང་དུ་ཡིན། འདྲ་པར་འདི་ཚོགས་འཚོག་པ་ཡིན་དང་། ཆང་ས་ཡིན་འགྲེལ་བཤད་ཅིག་གནང་རོགས། མ་ཟད་འཛམ་གླིང་གང་སར་ཆོས་གཟུགས་འདི་འདྲ་བའི་རིགས་ཀྱི་གནས་ཚུལ་མང་ཙམ་འགྲེམས་སྤེལ་དང་། དེར་བགྲོ་གླེང་གནང་འོས་ཆེ།

  15. ཀླུ་སྨྱོན། says:
    2012-02-18 at 3:48 am

    དགོན་པའི་ནང་དུ་སྟོན་མོ་བྱེད་མི་ཆོག་ཅེས་སངས་རྒྱས་ཀྱིས་གསུངས་ཡོད་ན་མ་གཏོགས་དགོན་པའི་ནང་དུ་སེམས་ཅན་ལ་བདེ་སྐྱིད་ལྡན་པའི་སྨོན་ལམ་འདེབ་ཆོག་ན་དགོན་པའི་ནང་དུ་བདེ་སྐྱིད་ཀྱི་མགོ་བཙུག་མི་ཆོག་པ་ཞིག་གང་ན་ཡོད། ནང་པའི་ལུགས་སྲོལ་ལ་དེ་ལྟར་ཁྱབ་ཆེན་པོ་མེད་མ་གཏོགས། ཡེ་ཤུ་བ་ཡིན་ན་ངེས་པར་དུ་ལྷ་ཁང་ནང་ནས་ཆང་ས་རྒྱག་དགོས་པ་དེ་ཁོ་ཚོའི་ཁྲིམས་འདྲ་ཞིག་རེད། ཨ་རི་ཡིན་ན་ཆང་ས་རྒྱག་དུས་དགོན་པ་ལྷ་ཁང་གིས་ཆང་སའི་ཡིག་ཆ་སྤྲོད་དགོས་པའི་བཅའ་ཁྲིམས་ཤིག་ཡོད་པ་རེད།

  16. ཚེ་བསམ་ says:
    2012-02-18 at 3:57 am

    ཕལ་ཆེར་དེ་གདུང་རྒྱུས་ཞིག་ཡིན་ས་རེད་ཞོག་གཡས་ཀྱི་རིགས་ལྔ་གྱོན་པའི་བུ་མེད་དེ་སྐུ་བརྟེན་དང་གཡོན་ཕྱོགས་ཀྱི་དགེ་འདུན་པ་དེ་ཚོ་ནི་གདུང་རྒྱུས་དེར་དད་པ་བྱེད་མཁན་དང་དེའི་རྒྱབ་ཀྱི་མི་དམང་དེ་ཚོ་ནི་གདུང་རྒྱུས་དེའི་དགའ་ཉེ་བློ་དཀར་རྣམ་དང་ཁོང་ལ་དད་པ་བྱེད་མཁན་གྱི་མི་དམང་ཡིན་ས་རེད།
    མདུན་གྱི་ཐང་ག་དེ་གསལ་པོ་ཞིག་ཐོང་གི་མི་འདུག་་

  17. བོད་ལ་ཞེན། says:
    2012-02-18 at 4:05 am

    དེ་ནི་དགོན་པ་མ་རེད། དབྱིན་ཡུལ་ལ་ཡོད་པའི་ཆོས་ཚོགས་སམ་ཆོས་ཚོས་ཁང་ཞིག་རེད་ཟེར་གྱི་འདུག མི་དེ་ནི་བླ་མ་གོང་མ་ག་གེ་མོའི་མཚན་འཁྱེར་ནས་བུད་མེད་དང་དངུལ་ཁོ་ན་བསམ་མཁན་ཞིག་ལོས་ཡིན། ད་ང་ཀླུ་སྨྱོན་ལ་ཧ་ལས་སོང་བརྗོད་གཞི་རང་གིས་བཟོས་གཞན་ལ་དགག་པ་རྒྱབ་བཅུག ཡང་རང་གིས་ལན་རྒྱབ་ཁུལ་བྱས་ནས་གཞན་ལ་སྐྱོན་འཚོལ་བཅུག ཀླུ་སྨྱོན་ཁྱོད་ཆབ་སྲིད་པ་ཞིག་བྱེད་ན་ངོ་མ་ཡག་པོ་ཡོད་ས་རེད།

  18. རིག་པ་རང་གྲོལ། says:
    2012-02-18 at 4:27 am

    འདིའི་རིགས་འདི་བོད་ཀྱི་ནང་ཆོས་ཀྱི་ཆོ་ག་ནས་གཙང་ཕྱག་བྱེད་དགོས་པ་རེད། མཐོང་ན་སྙིང་ན་བ་སྐྱུགས་མེར་ལངས་པ་འདི་རིགས་བོད་ཀྱི་ས་ཆ་ཁ་ཤས་སུ་ད་དུང་ངོ་ཚ་ཁྲལ་མེད་ངང་དར་བཞིན་པ་ཡིན།

  19. གྲིབ་གཟུགས། says:
    2012-02-18 at 5:25 am

    མི་འདི་ཚོ་ཕུང་གསུམ་པའི་འཇིག་རྟེན་གྱི་དེད་དཔོན་རེད་ལ་ཁོ་ཚོར་ཤེ་ཡོན་ཅུང་ཞིག་ཡོད་པ་དེའང་ཕུང་གསུམ་པའི་འཇིག་རྟེན་གྱི་ལག་ཆ་འབའ་ཞིག་རེད། ང་ཚོའི་སྤྱི་ཚོགས་ནང་མི་འདི་གྲས་འདི་གཙང་འཕྱག་བྱེད་ཐུབ་ན་ཅི་འདྲའི་བློ་བདེ་བ་ལ་ཨང་།

  20. ཀ་དག་ཆོས་དབྱིངས། says:
    2012-02-18 at 5:32 am

    འདི་ཡང་གུ་རུའི་རྣམ་སྤྲུལ་ཡིན་རྒྱུ་རེད། ད་ཨ་རོགས་ང་ཚོ་ལུང་བསྟན་ལ་བསྒུགས་ན་དགའ།

  21. སྟོབས་ says:
    2012-02-18 at 5:35 am

    ཡག་པོ་འདུག་་གཞན་ལས་ལྷག་པའི་སྣང་བརྙན་ཞིག་ཡོད་ན་འང་འགྲིག་གི་འདུག་

  22. རྫ་ཚེ་རིང་བཀྲ་ཤིས། says:
    2012-02-18 at 5:35 am

    ང་ལ་བཀའ་བཀྱོན་གནང་བསམ་ན་དང་པོ་ངའི་སྐད་ཆ་ལ་ཉན་ཡག་ཅིག་གནང་རོགས་བྱས་ནས་དེ་ནས་བཀའ་བཀྱོན་རོགས།

    ངས་འདིར་ཁོང་གིས་བུད་མེད་བླངས་པ་འགྲིག་མིན་ཤོད་ཀྱི་མེད། ཁོང་ནི་སྤྲུལ་སྐུ་ཞིག་རེད། འོན་ཀྱང་ད་ལྟ་རྟེན་སྔགས་པར་བསྒྱུར་ཟིན་པ་ཞིག་རེད། དེ་འདྲ་ནི་ང་ཚོ་ལ་རྩིས་མི་ཚར་བའི་ཚོད་རེད། ཁོང་གཅིག་པུར་དམིགས་བསལ་ཞུ་ཡང་མེད་ལ་སྐབས་ཐོག་གི་མཆན་འདེབས་དོན་ཡང་ཁོང་སྔགས་པ་བཟོས་པ་འགྲིག་མིན་དང་དེ་ཞབས་འདྲིན་ཡིན་མིན་སྐོར་ལ་མིན།

    ངས་ལྷ་ཁང་ནང་ནས་ཆང་ས་བརྒྱག་ཆོག་མིན་སྐོར་ལ་བསམ་ཚུལ་ཞིག་བྱུང་།

    སྔོན་ཆད་ལོ་འགའི་སྔོན་ལ་གུས་པ་བོད་ཀྱི་བླ་ཆེན་ཞིག་གི་འགྲམ་དུ་ཡོད་སྐབས་ཀྱང་ཁོང་གི་སློབ་མ་ཕྱི་རྒྱལ་བ་ཕོ་སར་མོ་སར་གཉིས་ཀྱིས་རང་གིས་མི་ཚེའི་བྱ་བཞག་གལ་ཆེ་ཤོས་དེ་རང་གི་ཡིད་ཆེས་བརྙེད་ཆེ་ཤོས་ཀྱི་བླ་མའི་མདུན་ནས་ཧ་ཅང་སྟབས་བདེ་བོས་གཉེར་རྒྱུའི་བསམ་པ་འཁོར་འདུག
    དེ་ནས་འཛུབ་དཀྲིས་བརྗེ་རེས་དང་ཁྱད་པར་བླ་མས་ཁ་དར་ཅིག་གནང་ནས་དཔྲལ་པར་ཁོང་གཉིས་ཀྱིས་སྔ་ས་ནས་གྲ་བསྒྲིགས་བྱས་ཟིན་པའི་མཚལ་གྱི་ཐིག་ལེ་རེ་བསྐུས་སོང་།
    དེ་ནི་སྤྱིར་བཏང་རྒྱ་གར་གྱི་ལུགས་རེད། ས་ཆ་ནི་ཧ་ཅང་ཉམས་དགའ་བའི་རི་རྩེ་ཞིག་རེད། ང་ཚོས་བཀྲ་ཤིས་བརྒྱད་པ་ཚར་གཅིག་བཏོན་ནས་ཤིས་བརྗོད་ཀྱི་མེ་ཏོག་གཏོར་བ་ཡིན།
    ངས་དེ་དུས་ང་ཚོ་ལ་ཡང་དེང་དུས་ཡེ་ཤུ་སོགས་ཀྱི་ལུགས་ལྟར་ཁོང་ཚོའི་ཆང་ས་དང་གཉེན་སྒྲིག་སོགས་ལ་འཚམས་པའི་དུས་བསྟུན་གྱི་འགྲོ་སྟངས་ཤིག་ཡོད་ན་སྙམ་པ་བྱུང་ཞིང་བསམ་ཚུལ་གྱི་བགྲོ་གླེང་བྱས་པ་ཡིན།
    གང་རེད་ཅེ་ན་འདི་རིགས་ལ་ཡིད་འགུག་གི་ནུས་པ་ཆེན་པོ་ཡོད་པ་རེད།
    འདི་ལ་སྤྱི་ཚོགས་རང་བཞིན་ཅན་གྱི་ཆོས་ལུགས་ཞེས་ཟེར་གྱི་འདུག ཉེ་ཆར་ལེགས་འགྲུབ་བྱུང་བའི་ཐའེ་ཝན་གྱི་སངས་རྒྱས་འོད་ཟེར་རི་བོའི་དགོན་པའི་སངས་རྒྱས་ཀྱི་དྲན་རྟེན་ཁང་ཞེས་པའི་འཛུགས་སྐྲུན་སྒོར་དུང་ཕྱུར་མང་པོ་བཏང་ནས་ལོ་བཅུ་གཅིག་ལ་བཞེངས་པ་དེའི་ཁོངས་སུ་ཡང་མཆོད་རྟེན་ཆེན་པོ་བརྒྱད་བཞེངས་ཡོད་པའི་གཅིག་དེའི་འོག་ཁང་ཆེད་དུ་བཟོས་པའི་ཆང་ས་བརྒྱག་ས་ཞིག་རེད། དེར་ཧ་ཅང་བཀོད་ལེགས་ཅིང་ངོས་གཙང་བའི་ནང་གི་བཀོད་པ་བཟོས་ཤིང་གླད་ན་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་མི་ཚད་ལས་ཆེ་བ་ཧ་ཅང་མཛེས་ཤིང་ཡིད་དུ་འོང་བ་ཞིག་དང་། འོག་ཏུ་འོས་ཤིང་འཚམས་པའི་སྟན་བཟང་པོ་གཤམས་པ་དང་། གྱང་ལོགས་སུ་སངས་རྒྱས་ཀྱི་གསུང་གི་ཚིག་དང་ནང་ཆོས་ཀྱི་མི་ཚེའི་རིན་ཐང་གི་ལྟ་བ་དང་འབྲེལ་བའི་ལྷ་ཆོས་ཀྱི་ཚོམས་སྣ་ཚོགས་བྲིས་འདུག མགོ་འཁྲེག་པོ་ཡིན་ཟེར་མཁན་གྱི་རྒྱ་བརྒྱུད་དགོན་ཆེན་དེ་དག་གིས་ཀྱང་དེང་སང་འཇིག་རྟེན་གྱི་འགྲོས་དང་མཐུན་པའི་ལག་ལེན་དེ་ལྟར་སྐྱོང་གིན་འདུག

    འདི་ནི་ངོ་མ་མིག་དཔེར་འོས་པ་ཤིག་རེད་བསམ་པ་བྱུང་། ནང་གི་བཀོད་པ་ཚང་མ་པར་ཡང་བཏབ་ཡོད། དགོས་པ་བྱུང་ན་གཟིགས་འབུལ་ཞུ་ཆོག
    ལྷ་ཁང་ནང་དུ་ཆང་ས་རྒྱག་ན་རྒྱག་ལུགས་ཤིག་ཡོད་ས་རེད། དཔེར་ན་མག་སར་དང་བག་སར་གྱི་སྟན་དགེ་འདུན་པའི་གོང་ལ་བཤམ་ན་ནི་གཏན་ནས་མི་རུང་། དེ་བཞིན་འོ་སྐྱེལ་བ་སོགས་ཧ་ཅང་རན་པ་མ་ཡིན་པའི་འགྲོས་འགའ་ཞིག་ནི་ཆོས་ཀྱི་ཁྲིམས་དང་ཡུལ་གྱི་གུས་ལུགས་ལྟར་འགྲོ་ཆོག་དང་ཆོག དེ་ནི་མ་གཞི་རྒྱུན་ཤེས་ཤིག་རེད། ཆང་ས་རྒྱག་ཆོག་ན་འཁྲིག་པ་ཡང་དེ་གར་སྤྱོད་དགོས་ཟེར་ན། ཆང་ས་རྒྱག་ས་ནང་མི་ཚང་མ་མཉམ་འཛོམས་ཀྱི་མིག་སྔ་ཡིན་ན་འཁྲིག་པ་ཡང་དེ་གར་སྤྱོད་དགོས་ཟེར་བ་དང་འདྲ། སྐད་ཆ་བསམས་ནས་བཤད་ན་ཕན་ཐོགས་ཆེ།
    འོན་ཀྱང་པར་འདི་ངས་སྔ་ས་ནས་མཐོང་བ་ཡིན། ཁོང་གཉིས་དགེ་འདུན་པའི་མདུན་དུ་ཁ་ཡར་འཁོར་ནས་བསྟན་ལ་འཁོད་འདུག
    གུས་ལུགས་དང་འགལ་བ་ནི་ཆེར་མ་མཐོང་། སྤྱིར་ང་ཚོ་གནའ་ནས་མནའ་མ་ལེན་པ་དང་ཁྱིམ་སར་འཛིན་པ་སོགས་ལ་གཡང་སྒྲུབ་དང་ཚེ་སྒྲུབ་སོགས་དཀྱིལ་འཁོར་སྣ་ཚོགས་ཞལ་ཕྱེ་བ་ནི་ཡོངས་གྲགས་རེད།
    བག་མའི་ཁྱིམ་དུ་དཀྱིལ་འཁོར་ཞལ་ཕྱེ་ཆོག་ན་ལྷ་ཁང་གི་ནང་དུ་བག་མ་ཡོང་མི་ཆོག་པ་ལ་ཡང་རྒྱུ་མཚན་རྣམ་དག་ནི་ཅང་ཨེ་ཡོད་ན། དེ་བཞིན་ཉེ་ཆར་འབྲུག་རྒྱལ་པོའི་ཆང་སའི་སྐབས་ཀྱང་དགེ་འདུན་པས་ཆོ་ག་གསུང་གིན་འདུག
    གང་ལྟར་དེང་སང་གི་མི་མང་པོ་ཞིག་དང་ཁྱད་པར་སྐར་ཆེན་དུ་གྲགས་པའི་རྒྱུ་རྩལ་བ་དང་གྲགས་ཅན་མི་སྣ་མང་པོ་ཞིག་ཡེ་ཤུ་བ་ཆགས་པ་དེ་ཡང་གཙོ་བོ་ནི་རང་ཉིད་ཀྱི་གཉེན་སྒྲིག་གི་ཆོ་ག་དང་འབྲེལ་ནས་ཡོད་པར་ཤོད་ཀྱི་འདུག
    དེས་ན་ད་ལྟའི་དུས་འདིར་ང་ཚོས་སངས་རྒྱས་ཀྱི་འོད་ཟེར་དེ་འཇིག་རྟེན་གྱི་ཁྱིམ་པ་རྣམས་ཀྱི་འཚོ་བའི་ཁྲོད་དུ་ཡང་ཅུང་ཁྱབ་པར་བྱེད་དགོས་པ་འདྲ།
    དུས་དང་མཐུན་པའི་འགྲོ་སྟངས་རེ་བྱེད་ན་མཐའ་གཉིས་སུ་མ་ལྷུང་བ་རེ་བྱེད་རྒྱུ་ནི་ཡོད་ཚོད།

  23. རྫ་ཚེ་རིང་བཀྲ་ཤིས། says:
    2012-02-18 at 5:37 am

    ཡིག་ནོར་མང་པོ་བྱུང་བ་བཟོད་པར་མཛོད། ངས་ཐད་ཀར་བཏགས་པ་ཡིན་ཙང་་་་་་་་་་་་

  24. རྫ་ཚེ་རིང་བཀྲ་ཤིས། says:
    2012-02-18 at 5:55 am

    ད་དུང་བག་སར་སྦྱིན་བདག་གི་སྟོན་གཙོ་བོ་ལ་བལ་སྟན་ལྟ་བུ་འབྲུ་བཟང་པོའི་གཡུང་དྲུང་བྲིས་ལ་དར་ཟབ་སོགས་ཀྱི་གོས་གོན་ནས་སྡོད་དུ་བཅུག་པར་བླ་མས་མདའ་དར་གཏད་དེ་ཚེ་གཏད་དང་གཡང་གཏད་གནང་བ་སོགས་ཀྱི་ཆོ་ག་ནི་སློབ་དཔོན་སངས་རྒྱས་གཉིས་པའི་གསུང་རྣམས་སུ་ཡང་ཡོད་ལ། ད་ལྟ་ཡང་བོད་ས་ཡོངས་ནས་ཕྱག་ལེན་དུ་བྱེད་པ་ཡིན་པས་སངས་རྒྱས་ཀྱི་ཆོས་ལུགས་རང་གི་མེ་ཚེའི་འཚོ་བའི་ཆ་ཤས་སུ་བྱེད་པའི་བོད་པ་དག་གི་ངོས་ནས་འདི་ནི་ཧ་ཅང་ཐལ་དྲགས་པ་ཞིག་ཡིན་རྒྱུ་མ་རེད་སྙམ། བྱེད་སྟངས་འདི་ནི་ཆོས་ལུགས་རིག་གནས་དང་འབྲེལ་བའི་མི་རིགས་རིག་གནས་ཤིག་ཏུ་བརྩིས་ན་ཡང་ཆོག་གི

  25. རྫ་ཚེ་རིང་བཀྲ་ཤིས། says:
    2012-02-18 at 5:57 am

    སྦྱིན་བདག་གི་གཙོ་བོའི་གདན་་་་་་་་་ཞེས་སུ་བཅོས་རོགས།

  26. གཡུ་བྲག་པ says:
    2012-02-18 at 6:25 am

    རྫ་ཚེ་རིང་བཀྲ་ཤིས་ལགས་ཁྱེད་ཀྱིས་དཀྱེལ་ཡངས་བའི་བསམ་བློ་བཏང་བ་དགའ་འོས་པ་ཞིག་རེད། ཡིན་ན་ཡང བལྟ་རྒྱ་དང་མཐོང་རྒྱ་ཁབ་མིག་ལས་དོག་པའི་གོང་གི་མཆན་བུ་བ་དེ་དག་གི་བློ་ཡུལ་དུ་ཤོང་ཐུབ་ས་མ་རེད། ངས་བསམ་ན་ཁོང་ཚོ་མང་ཆེ་བ་གདན་ས་ག་གེ་མོ་ན་ང་རྒྱལ་དང་རློམ་སེམས་ཀྱིས་མགོ་རུལ་བ་རྣ་ཡིས་མི་ཚོར་མཁན་དག་རེད། ཁོང་ཚོ་རིགས་དེའི་ཆོས་ལུགས་ཞེས་པ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་བགྲོད་མི་དགོས་པར་ནམ་ཡང་མཁྲེགས་བཟུང་ཁོ་ནའི་ཅིག་ཡིན་བསམ་མཁན་དག་རེད། ངས་གོང་གི་པར་དེ་ལ་རྒྱབ་སྐྱོར་བྱས་པ་མིན། པར་དེ་ངས་ན་ནིང་ནས་མཐོང་ཡོད ཆོས་ལུགས་པས་ཆོས་སྒེར་བདག་བྱས་ནས་ད་ལྟ་བོད་མི་དད་པ་ཅན་དག་གིས་སྐྱབས་འགྲོའི་གོ་དོན་ཙམ་ཡང་ཤེས་ཀྱིན་མེད་པ་ཆོས་ལུགས་པ་འདི་ཚོས་བྱེད་སྟངས་སོགས་ལ་ཞིབ་ཏུ་ཅིག་སོམས་དང་བསམ་བློ་གཏོང་རྒྱུ་མང་པོ་འདུག ངས་ནི་རྫ་ཚེ་རིང་གི་བསམ་ཚུལ་དེ་བློར་འབབ་སོང་།

  27. རྡ་སའི་གླུ་བ། says:
    2012-02-18 at 6:51 am

    ཚང་མའི་བཤད་བབ་དང་རྣམ་འགྱུར་ལ་བལྟས་ནས་བསྡད་ན་ངུ་རྒྱུ་དགོད་རྒྱུ་གཉིས་ཀ་ཡོང་གི་ཡ།

  28. བོད་ལ་ཞེན། says:
    2012-02-18 at 7:29 am

    རྫ་བ་ལགས་ཀྱི་གསུང་ནང་དགེ་སྐྱོན་གཉིས་ཀ་འདུག དགེ་ལ་བསམ་ན་སྤྱིར་ཡེ་ཤུ་སོགས་དང་འདྲ་བ་ནང་པ་རྣམས་ཀྱིས་ཀྱང་མི་ཚེའི་དོན་ཆེན་གྱི་རྟེན་འབྲེལ་སྟོན་པའི་སྐུ་མདུན་དུ་བྱེད་པ་དང་། བླ་མ་དགེ་འདུན་གདན་ནས་བཀྲིས་པའི་སྨོན་ལམ་དང་གཡང་སྒྲུབ་ཚེ་སྒྲུབ་སོགས་ཤིན་ཏུ་ནས་ཀྱང་བྱེད་འོས། དེ་གཞོན་སྐྱེས་རྣམས་ལ་ཡང་ཆོས་དད་སོགས་འཇོག་པ་ལ་ཕན་ཐོག་འདུག་དྲན་གྱི་འདུག སྐྱོན་གྱི་ཆ་ནི་སྤྱིར་བོད་ཀྱི་སྤྱི་ཚོགས་ནང་ཆུང་མ་ཡོད་པའི་བླ་མ་ཆེ་ཆུང་མང་པོ་ཡོད་ཀྱང་ཆང་ས་ཁྲིའི་སྟེང་དུ་རྒྱབ་པ་དང་། རིགས་ལྔའི་མཁའ་འགྲོའི་ཆ་བྱད་ཅན་གྱི་མཐའ་ནས་བསྐོར་བ་སོགས་དེ་འདྲ་བྱེད་མཁན་བསྟན་བཤིག་ཁ་ཤས་མ་གཏོགས་ཡོད་མ་རེད། ནོར་འཁྲུལ་ཆེ་ཤོས་ནི་བླ་མའི་མིང་འཁུར་མཁན་རྣམས་ཀྱིས་ཆོས་དང་མི་མཐུན་པའི་ལས་ཀ་བྱེད་བཞིན་དུ་དེ་ལ་ཡིད་རངས་དང་བསྔགས་པ་བརྗོད་ནས་ནོར་འཁྲུལ་རྒྱ་ཡན་དུ་གཏོང་རྩིས་བྱེད་པ་དེ་རེད།

  29. བོད་ལ་ཞེན། says:
    2012-02-18 at 7:35 am

    གཡུ་བྲག་པ་ལགས། ཆོས་བཤད་དུས་ཆོས་ཀྱི་འགྲོ་སྟངས་ཡོད་རེད་དེ་ལ་གུ་ཡངས་ཡིན་ཟེར་ནས་གང་བྱེད་ནས་བྱེད་ཆོག་ཆོག་ཡོད་མ་རེད། འཇིག་རྟེན་གྱི་བྱ་བ་ཡིན་ན་ང་ཚོ་འཇིག་རྟེན་པ་རྣམས་ལོས་མཁས་ཏེ་ཆོས་ལུགས་ཀྱི་ཐོག་ནས་བཤད་ན་གདན་ས་ག་གེ་མོ་རྣམས་ཀྱི་མཁན་པོ་དགེ་བཤེས་ཆེ་གེ་མོ་རྣམས་དྲག་གི་རེད། བྱས་ཙང་གསར་བརྗེ་བ་བྱེད་བསམ་ན་འཇིག་རྟེན་ལ་གྱིས། ཆོས་ལ་ལག་པ་མ་འཆང་ན་ཡག་གི་རེད།

  30. ཞལ་ལུ་དཀར་པོ says:
    2012-02-18 at 7:45 am

    དུས་རབས་ཉེར་གཅིག་པའམ། ཕྱི་ལོ་ཉིས་སྟོང་བརྒྱ་མེད་ཉག་མ་ཁ་ཤས་ཤིག་འདའ་བའི་སྐབས་དེར། སྟོན་པའི་ཆོས་བརྒྱད་ཀྱི་དྲི་མ་ཡོངས་སུ་མ་དག་པའི་ཆོས་པའི་གཟུགས་བརྙན་དེ་བསྟན་པ་བཤིགས་པའི་ཏོག་རྩེ་ང་མ་དེའོ་ཞེས་ཆོས་ཀྱི་འཁོར་བསྐོར་བའི་ཚེ། ཐ་སྙད་ལ་བྱང་བའི་མཁན་པོ་ཞིག་གིས་སྟོན་པའི་ཞབས་སེན་གྱི་ག་ལ་བ་དེར་མགོ་བོ་སྒུར་ཙམ་བྱས་ནས་ཀྱེ་བདག་གི་སྟོན་པ་ལགས། མར་ཀིའི་གཅོང་རོང་རིང་མོ་ཞིག་ན་ཆུ་སྲིན་ངན་པ་དགུ་འཛོམ་ཕོ་མོ་གཉིས་ཆུ་གནས་ཀྱི་སྲིན་བུ་དུང་ཕྱུར་མང་པོས་གཙེས་ཤིང་འདུག་ན་དེར་གཟིགས་པར་གཤེགས་སུ་གསོལ་ལོ་ཞེས་གསོལ་བ་བཏབས་ནས་སྟོན་པ་འཁོར་དང་བཅས་པ་དེར་ཕེབས་སོ། དེ་ནས་ཐ་སྙད་མཁན་པོས་སྟོན་པ་ལགས་འདི་གཉིས་ལ་ལས་ངན་པ་འདི་ལྟ་བུ་རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་བྱུང་བར་གསུང་དུ་གསོལ་ཞེས་གསོལ་བས། སྟོན་པ་ཡང་དག་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་དེ་ཉིད་ཀྱི་དེར་འདུས་པ་ཀུན་ལ་ཁྱབ་པའི་དབྱངས་དང་བཅས་ཏེ་འདི་ལྟར་གསུངས་སོ སྔོན་ལྷ་ཁང་གཟི་བརྗིད་དང་ལྡན་པ་ཞིག་གི་ནང་དུ། གཟུགས་མཛེས་ཀྱི་གཞོན་ནུ་གཉིས་ལྷགས་ཏེ་གཉེན་སྟོན་གྱི་རོ་ལ་དུས་འདའ་བ་སོགས་བྱས་སོ། ཁྱོ་ཤུགས་དེ་གཉིས་ཀྱི་ནང་ནས་ཁྱོ་ག་དེའི་སྐྱེ་བ་ད་ལྟ་འདི་རང་ཡིན་ཞིང་འཁོར་དུ་ཆུང་མ་ཡང་ལྷན་ཅིག་ཏུ་སྐྱེས་སོ། མ་འོངས་པར་བསྐལ་པ་དུང་ཕྱུར་མང་པོ་སྡུག་བསྔལ་འདི་ལྟར་མྱོང་བར་འགྱུར་རོ། དེ་གང་ཞེ་ན་ཁྱོ་ཤུགས་དེ་གཉིས་ཀྱིས་་སངས་རྒྱས་པའི་འདུལ་ཁྲིམས་ལ་རྡོག་རོལ་བཏང་བ་དང་། དགེ་བའི་བཤེས་གཉེན་ལ་མ་གུས་པ་བྱས་པ་དང་། དགེ་འདུན་གྱི་སྡེ་ལ་བརྙས་སྨོད་བྱས་པ་དང་། གཙུག་ལག་ཁང་ལ་དྲི་མ་བསླད་པ་དང་། བསྟན་པའི་སྙིང་པོ་འཇུག་བསྡུ་བའི་བྱ་བ་བརྩམས་པས་སོ། དེ་དག་གིས་མ་ཤེས་ཤིང་མ་ཐོས་བཞིན་བྱས་ན་སླའོ་ཤེས་ཤིང་ཐོས་བཞིན་དེ་ལྟར་བྱས་པ་དེ་ནི་ཚོགས་ངན་གྱི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་ཀ་རུ་གྱུར་ཏོ། བདག་གི་རྗེས་འཇུག་སེར་མོ་བ་སུ་ཞིག་གིས་ཀྱང་དེ་བཞིན་དངོས་སུ་བྱ་བ་ལྟ་ཅི་སེམས་ལའང་དྲན་མི་རུང་ངོ། དེ་ནི་དམ་པའི་ཆོས་དང་འཇིག་རྟེན་པའི་ལམ་ལུགས་གཉིས་ལྷན་ཅིག་མི་གནས་འགལ་ཡིན་པ་ཤེས་པར་བྱོས་ཞེས་བཀའ་རྩལ་ལོ། དེ་ནས་ལྷ་དང་ཀླུ་དང་ལྷ་ཡིན་དང་དྲི་ཟ་དང་བཅས་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་གསུང་ལ་མངོན་པར་བསྟོད་དོ།

  31. ཞལ་ལུ་དཀར་པོ says:
    2012-02-18 at 7:48 am

    མདོ་གསར་རྩོམ་ཤར་མར་བྱས་པས་ཡིག་ནོར་ཙམ་ལ་མི་ཁྲེལ་བཞིན་ཐུགས་རྩེ་གཏོད་མཛོད།

  32. འདོད་ལྷ་ཁམས་པ། says:
    2012-02-18 at 8:00 am

    ཚུལ་འཆལ་བླ་མའི་གང་དྲན་གནང་། །
    མགོ་རྨོངས་དད་ཅན་རྗེས་སུ་རྒྱུགས། །
    བོད་ལ་གནའ་ནས་དེ་འདྲ་དར། །
    ད་ལྟ་གནས་ངན་འདི་ལ་བསྐྱལ། །
    ད་དུང་དེ་ལས་མང་འཕེལ་ན། །
    བོད་ཡུལ་དུས་རབས་ཉེར་གཅིག་པའི། །
    བདེ་སྐྱིད་ལྡན་ཞིང་རང་དབང་གནས། །
    རིས་སྦལ་སྤུ་ཡི་སྤུན་ཟླར་འགྱུར། །

  33. དྲང་བདེན་གྱི་བུ། says:
    2012-02-18 at 9:11 am

    བླ་མ་མནའ་མ་བཞེས་མཁན་དེའི་ངོ་དེབ་དུ་ཕེབཾས་དང་ཁོང་གིས་སྐུ་སྲས་ཞིག་ཀྱང་བཟོས་འདུག བླ་མ་འཇོན་པོ་རེད་ཀོ

  34. མིའུ་ཕྲུག says:
    2012-02-18 at 9:21 am

    མི་འདིས་ངོ་དེབ་ལས་ཁོས་སངས་རྒྱས་ཀྱི་བསྟན་པ་ལ་བསམ་ནས་སྐབས་འགའ་རེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བོད་ཀྱི་བླ་ཆེན་དག་ལ་ཡང་ཁོང་ཁྲོ་སྐྱེས་ཀྱི་འདུག་ཅེས་བཤད་འདུག། སངས་རྒྱས་ཀྱི་བསྟན་པ་འཛིན་པ་འདི་འདྲ་བོ་ཞིག་དགོས་རེད་ཟེར་ཡིན་ས་རེད། ཧ་ཧ

  35. མིའུ་ཕྲུག says:
    2012-02-18 at 9:22 am

    ཨ་ལགས་ཀླུ་སྨྱོན་དང་མཁན་ཚེ་བཀྲ་སོགས་ཤེས་ཡོན་པའི་སྡེ་རུ་བགྲང་འོས་པ་འགའ་ཤས་ཀྱིས་འདི་ནི་གསར་གཏོད་པ་ཡིན་དགོངས་ཀྱིན་ཡོད་པ་འདྲ།

  36. མིའུ་ཕྲུག says:
    2012-02-18 at 9:24 am

    ད་དུང་ཁོ་ལ་འདི་ལོ་བུ་ཞིག་སྐྱེས་འདུག་པས་ཀུན་ཏུ་བཟང་པོའི་ཡང་སྲིད་ཡིན་ཞེས་བཤད་འདུག

  37. གངས་སྤྲེལ་ཚ། says:
    2012-02-18 at 9:29 am

    དགྲོགས་པོ་ཚོས། ཆོས་ལུགས་གཞན་གྱི་ལུགས་མང་པོ་ཞིག་ཁ་ལ་ཁྱེར་ནས་བཤད་ཚོད་ལ་བལྟས་ན་ལྟ་རྒྱ་མཐོང་རྒྱ་མེད་ན་ཡོད་མདོག་གི་སྐད་ཆ་འདྲ་རེད། གཡང་འགུག ཚེ་འགུག གང་ལྟར་ལྷ་ཁང་དེ་ཡང་ཡེ་ཤོས་ཀྱི་ལྷ་ཁང་ཞིག་ཡིན་པ་འདྲ། མི་དེ་རིགས་ཀྱི་གོན་པ་གནའ་བོའི་རྒྱ་ནག་གོང་མ་ཚོའི་གཟབ་འཆོར་རེ་ཡིན་ན་ཐང་། གང་ལྟར་ནང་བའི་ལུགས་དང་མི་མཐུན་གི།

  38. བོད་པ། says:
    2012-02-18 at 9:58 am

    དེང་གི་དུས་སུ་སྡོམ་པ་མེད་ཀྱང་ཁྲི་ཐོག་ན་ཆོས་གོས་གོན་ནས་བསྡད་མཁན་འདུག
    འགའ་ཞིག་གིས་སྒོར་ཀྱི་དོན་དུ་དབང་བསྐུར་ལུང་བསྟན་གནང་གི་འདུག
    སྔགས་འཆང་ཞིག་གིས་ལྷ་ཁང་ནང་དུ་ཆང་སའི་མཛད་སྒོ་ཙམ་སྤེལ་ན་དེ་ཙམ་ཉེས་པ་ཆེ་རྒྱུ་ཨེ་ཡོད་ན།
    མ་གཞི་བོད་པ་ཚོར་དྲང་བདེན་ཀྱི་ཐོག་ནས་འདི་འདྲ་བ་བྱས་ན་དེ་ལ་རྒོལ་བ་བྱེད་
    བསླུ་བྲིད་དང་མགོ་བསྐོར་བྱེད་མཁན་ཚོ་ལ་དད་མོས་བྱེད་པ་ནི་རྒྱུན་འབྱམས་ལྟ་བུ་ཤིག་རེད་འདུག

  39. ཀླུ་ཚང་། says:
    2012-02-18 at 9:59 am

    གྲོགས་པོ་ཚོ། ལྟོས་དང་མི་འདི་ནི་སྔོན་མ་ཚུལ་འཆོས་བྱེད་རྒྱུ་ལ་དགའ་ཞིང་། ས་སྐྱ་གོང་མ་སོགས་སྐྱེས་ཡུམ་བཞེས་མཁན་རྣམས་ལའང་ཁ་གཏོང་གིན་ཡོད། དེ་ནས་ཁོ་རང་གི་རྩ་བའི་བླ་མ་འདས་རྗེས་ཁོས་སྐྱེས་དམན་འདིའི་རྐུབ་ལ་རྒྱུག་པ་རེད། སྐྱེས་དམན་འདི་ལ་སྔོན་མའི་ཕ་གཞན་གྱི་བྱིས་པ་འགའ་ཡང་ཡོད་པ་རེད།

    ཁོ་རང་གིས་གང་བྱས་ཀྱང་རང་དབང་རེད་ཡ། ཡིན་ནའང་ཁོས་དེང་སང་། གྲ་བ་ཚང་མ་སྐྱེས་དམན་འཛག་དྲན་ནས་ཤི་གྲབས་བྱེད་ཀྱི་ཡོད་རེད། ངས་དེ་ཚོ་ཚང་མ་ཧ་གོ ད་དུང་ཁོང་ཚོས་ང་ལ་ཁ་གཏོང་གི་འདུག དངོས་གནས་བྱས་ན་ཁྱེད་རང་ཚོ་ངོ་ཚ་གི་རེད། ངའི་རྗེས་སུ་ཕྱོགས་དང་སྐྱིད་པོ་འདུག ཅེས་ལབ་འདུག

    ད་དུང་ཁོས་གོང་ས་མཆོག་དང་རྙིང་མའི་སྐྱེས་ཆེན་མང་པོ་ཞིག་ལ་ཁ་བཏང་ནས་དེ་ཚོ་ལའང་བསླབ་བྱ་ལམ་སྟོན་ཡིན་མདོག་བྱས་པའི་སྐད་ཆ་མང་པོ་ཟིག་ཁོས་ཁོ་རང་གི་ངོ་དེབ་ནས་སྤེལ་འདུག ཁོའི་མིང་ལ་ཉི་མ་ཟེར་གྱི་འདུག ཕ་ཡུལ་སྟྲེའུ་ཁམས་པ་རེད་ཟེར། ཁོས་དུས་བབ་ནང་ལ་ཟིན་བྲིས་ཤིག་བྲི་གི་འདུག དེའི་ནང་ལ་དྲང་བདེན་གྱི་སློང་མོ་བ་ཡིན་ན་ཟིག་བྲིས་འདུག

    བོད་ནང་ནས་ཆོས་ལུགས་སྲུང་སྐྱོབ་བྱེད་དུས། མི་འདི་ཙོས་འདི་ནས་ཆོས་གོས་གྱོན་ནས་ཆང་ས་རྒྱག ལྷ་ཁང་ན་ཆང་ས་རྒྱག་པ་རེད། འཛག་དགའ་འགའ་རེས་དེ་ཡག་པོ་རེད། དེང་རབས་ཙན་རེད་ཟེར་གྱི་འདུག དེ་ནི་ཁོ་རང་ཚོའང་ལམ་ཀ་དེར་འགྲོ་རན་པས་རེད། དེ་མིན་རིགས་ལམ་བཏང་ནས་བཤད་ས་མེད་པ་ཞིག་ནི། མི་རིགས་སོ་སོ་དང་ལུང་པ་སོ་སོར་ལུགས་སྲོལ་དང་གོམས་གཤིས་ཤིག་ཡོད་པ་དེར་བརྩི་སྲུང་བྱ་དགོས་རེད། དེ་མིན་ན་རྒྱ་མིས་བོད་ཀྱི་རིག་གཞུང་གཏོར་སོང་ཟེར་དགོས་མི་འདུག་

    ཁྱེད་ཚོས་ཁོའི་བྱ་སྤྱོད་འགའ་རིག་འདོད་ན་འདིར་སོགས།
    http://www.youtube.com/watch?v=icaRvt836XY

  40. བོད་ཁམས་ཉི་མ་། says:
    2012-02-18 at 10:05 am

    ་འདི་ནི་གསང་སྔགས་རྡོ་རྗེ་ཐེག་པའི་བྱེད་ལུགས་ཤིག་ཡིན་པས་། ཉན་ཐོས་པའི་རྗེས་སུ་ཡིད་སྨོན་བྱེད་མཁན་རྣམས་སྣ་གཉེར་རེ་གནང་བ་ཐུགས་ཁག་མེད་། འོན་ཀྱང་རང་རེ་བོད་ཀྱི་ཆོས་ལུགས་འདི་ལ་གཞན་གྱིས་གསང་སྔགས་པ་ཞེས་འབོད་པ་ལས་མདོ་ལུགས་ཞེས་འབོད་མཁན་ནི་སུ་ཡང་མི་འདུག་།

  41. དམར་ཁ་ཚ། says:
    2012-02-18 at 10:23 am

    ནང་པ་སངས་རྒྱས་པའི་རྗེས་འཇུག་ཡོད་ཚད་གཉེན་མི་བསྒྲིག་ཅིང་ཚང་མ་མགོ་རེག་རྐྱང་བ་ཞིག་དགོས་པ་ཡིན་ཞེས་སྟོན་པ་བྱམས་བརྩེ་བདག་ཉིད་ཅན་གྱིས་ནམ་ཡང་གསུང་མ་མྱོང་བ་མ་ཟད་རང་གི་འཁོར་བཞི་བོའི་ནང་དགེ་སྙེན་ཞེས་བ་ཞིག་ཀྱང་གནང་བ་སུ་ལ་ཡང་འབྲེལ་དགོས་ཚོད་མེད་པ་བཞིན་ནང་བའི་མི་སེར་དཀྱུས་མ་དག་ཀྱང་རང་གི་ཆོས་ལུགས་ཀྱི་ཐོག་ནས་གཉེན་སྒྲིག་ཅིང་དཀོན་མཆོག་དཔང་དུ་བཞག་ནས་མི་ཞིག་ལ་གཏན་གྱི་འདུན་མ་བཅོལ་བ་ནི་ཅི་ནས་ཀྱང་ཐ་ཆད་དུ་འགྲོ་མི་སྲིད་ན་ཡང་ངེད་ཅག་གིས་སངས་རྒྱས་ཀྱིས་གནང་བ་ཞིག་ལ་བཞག་ནས་འགྲོ་ལུགས་ཤིག་བཟོ་མ་ཐུབ་པས་ལན་ནས་ཡོད་པ་རེད། དཔེར་ན་གཉེན་སྒྲིག་མཁན་རང་ཉིད་ཀྱིས་བཀུར་སྟི་ཡོད་པའི་གོས་དཀར་ལྕང་ལོ་ཅན་ཞིག་གཉེན་སྒྲིག་གི་ཆོ་ག་སྐྱོང་བའི་བླ་མར་བཀུར་བའི་སྲོལ་དང་། མང་ཚོགས་ཀྱི་ཆེད་གཉེན་སྒྲིག་ལྷ་ཁང་ཞིག་ཀྱང་འཛུག་མྱོང་མེད་པ་ལྟ་བུའི་སྟོང་ཆ་ཞིག་ཡོད་པ་ནི་དངོས་ཡོད་མ་རེད་དམ། གཉེན་སྒྲིག་ལྷ་ཁང་ཅི་ལྟ་བུ་ཞིག་སྟོན་པ་མཁྱེན་བརྩེའི་བདག་ཉིད་ཅན་དེ་ནི་དེ་འདྲ་གཉེན་སྒྲིག་གི་རྟེན་གྱི་གཙོ་བོར་གཏན་མི་རུང་ངོ་ཟེར་ན། འོ་ན་མཁྱེན་བརྩེའི་བདག་ཉིད་ཅན་འདིས་རང་གི་གདུལ་བྱ་ཁྱིམ་པ་བ་རྣམས་ཀྱི་ཡིད་ཆེས་ཀྱི་རྟེན་འདི་ཙམ་དུ་བརྩེ་བས་མི་གཟིགས་པ་ཡང་འགལ་བར་མི་འགྱུར་གྲང་། འོན་ཀྱང་གོང་གི་དཔར་དེ་ལ་ནི་དཔྱད་འཇོག་གི་རིན་ཐང་ཅང་མི་འདུག་གོ

  42. ཞལ་ལུ་དཀར་པོ says:
    2012-02-18 at 10:39 am

    ད་དུང་རྫ་ཚེ་བཀྲས་བཤད་དོན་བཞིན་ཆང་ས་བ་ཡོངས་ཀྱིས་བླ་མ་དཀོན་མཆོག་ལ་ར་མདའ་སྦྲན་ནས་གསོལ་བ་དང་སྨོན་ལམ་བཏབས་པ་ནི་བཀྲ་ཤིས་པའི་བྱེད་སྒོ་ཞིག་ལོས་ཡིན། འོན་ཀྱང་སྤྲུལ་སྐུའི་ཆང་སར་བརྒྱབ་རྗེས་ད་དུང་བླ་མ་ཡིན་མདོག་ནི་ཐལ་དྲག་ཅིང་ཤོད་མི་ཤེས་པ་ཞིག་རེད། ཆང་ས་བརྒྱབ་རྗེས་མི་སྐྱའི་བརྟུལ་ཞུགས་ཟིན་ནས་བསྡད་ན་སྐྱོན་ཆེན་པོ་ཞིག་འདོགས་རྒྱུ་མེད་པ་དངོས་ཡོད་ཡིན་པ་ཕལ་མོ་ཆེས་ཤེས།

  43. ཨ་རུ་ར། says:
    2012-02-18 at 10:51 am

    གང་ལྟ་ངས་མིག་འཕྲུལ་བ་མིན་ན། ཁོང་གཉིས་ཤིང་གི་རྐུབ་སྟེགས་དམར་བོ་ཞིག་གི་སྒང་ལ་བསྡད་པ་ལས་ཁྲི་དེ་འདྲ་རེད་མི་འདུག ཁོ་རངགི་པ་ཀི་སུ་ཐན་གྱི་དར་ཆ་ཞིག་གྱོན་འདུག སྐྱེ་དམན་དེའི་བོད་བཟོས་སྒོ་ཡོལ་ཞིག་སྒང་ལ་གྱོན་འདུག ཉེ་འགྲམ་གྱི་རིག་གྱོན་པའི་བུད་མེད་དེ་ཚོ་གཉེན་སྟོན་རྟེན་འབྲེལ་ལ་ལྷ་མོ་ཁྲབ་མཁན་དེ་འདྲ་ཡིན་ས་རེད་ད།
    འདི་དངོས་གནས་སུ་རེད།

  44. ཁྱུང་སེང་བུ། says:
    2012-02-18 at 11:35 am

    གོང་གི་པར་འདིར་འགྲེལ་བཤད་བཟང་ངན་གང་འདྲ་ཞིག་བྱས་རུང་། དོན་དངོས་ཐོག་ཁོང་ནི་རང་གི་བྱ་སྤྱོད་བཟང་ངན་གང་འདྲ་ཞིག་བྱས་རུང་ཕྱི་གསལ་ནང་གསལ་གནང་ཐུབ་མཁན་ཀྱི་སྐྱེས་བུ་སྙིང་སྟོབས་ཅན་ཞིག་ཏུ་ངོས་འཛིན་བྱས་ན་མི་འགྲིགས་རྒྱུ་མེད། གྲྭ་སར་བཞུགས་པའི་སྐུ་ཞབས་ག་གེ་མོ་ལུས་ལ་ཆོས་གོས་རྣམ་གསུམ་གྱི་མཛེས་ཤིང་ངག་ལས་སྡེ་སྡོད་གསུམ་གྱི་གཏམ་བྱེད་ཀྱང་། ལྐོག་ཏུ་ད་དུང་ཕྲུག་གུ་ཚོའི་བརླ་བཙོག་པ་བཟོ་བཞིན་པ་ནི་སྔར་ནས་ད་བར་ཡོངས་གྲགས་རེད། སྤྱིར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་བོན་དང་བཅས་པའི་ལུགས་ལ་ཆོས་བྱེད་དགོས་ན་དངོས་སུ་གྲྭ་བས་བུ་མོ་སྤང་ཙམ་ཡིན་དགོས་ཞེས་པའི་ཁྲིམས་བཞག་མི་འདུག གོས་དམར་པོ་གྱོན་པ་ཙམ་ཀྱི་གཟན་དང་ཤམ་ཐབ་ཡིན་པས་ངེས་པ་མེད། དེས་ན་ཁོང་གི་ངོ་དེབ་ནང་ཁོང་སུ་ཡིན་པ་དང་ཅི་བྱེད་ཀྱི་ཡོད་པ་སོགས་བཀོད་གནང་བར་སྙིང་ནས་དགའ་བསུ་ཡོད།།

  45. མིའུ་ཕྲུག says:
    2012-02-18 at 11:39 am

    ད་དུང་ཁོ་དང་ཁོའི་སྐྱེས་དམན་གྱི་ཕ་རྒན་ལོ་སྔ་མ་རྒྱ་ནག་ཚང་གི་མགྲོན་འབོད་དུ་ཕྱིན་པ་མ་ཟད་བོད་ཀྱི་རྟེན་རྙིང་མང་པོ་ཞིག་ཕྱི་རྒྱལ་ལ་སྐྱེལ་འདྲེན་བྱས་པའི་ལོ་རྒྱུས་སོགས་མང་།

  46. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-18 at 11:40 am

    སྤུན་ཟླ་ཚོ། དོན་མེད་དུ་རིགས་རུས་གཅིག་པའི་མི་བུ་ཞིག་ལ་ཁ་བརྡུང་བྱེད་ནས་བསྡོད་པ་ལས། ཟིན་ཐག་འདི་ལ་བསམ་ཚུལ་དང་རོགས་རམ་རེ་བྱེད་རོགས་ཞུ། ང་ཚོ་རང་ཉིད་བོད་མི་ཞིག་ཡིན་པའི་དྲན་སྐུལ་ཡིན་ལ། ད་ལྟའི་བསམ་ཚུལ་དང་མི་རིང་བའི་འཐབ་རྩོད་ཅིག་ཡིན།
    http://www.tibettimes.net/blogs.php?id=55&post_id=19183

  47. ཞལ་ལུ་དཀར་པོ says:
    2012-02-18 at 11:40 am

    ཀི་ལྷ་རྒྱལ་ལོ།
    གླུ་ཨ་ལ་ཐ་ལ་ཐ་ལ་རེད།
    ཨ་ལ་གླུ་ཡི་ལེན་ལུགས་རེད།།
    ཐ་ལ་ངག་གི་འགུག་ལུགས་རེད།།

    ས་འདི་ཡི་ས་ངོ་མ་ཤེས་ན།།
    དུས་རབས་གསར་པའི་དྲྭ་ངོགས་རེད།།
    ང་འདྲ་ང་ངོ་མ་ཤེས་ན།།
    གདོང་འབུམ་པའི་ཞལ་ལུ་དཀར་པོ་ཡིན།།

    ཚུར་ཉོན་དང་དྲྭ་ངོས་གྲོགས་པོ་ཚོ།།
    ངོ་མཚར་བའི་ལོ་རྒྱུས་འདི་འདྲ་འདུག།
    ཁོང་བླ་ཆེན་བག་སྟོན་བྱེད་ཉིན་མོ།།
    དགོད་ཤོར་བའི་ལྟད་མོ་འགའ་རེ་སྣང།།

    དབུས་ཤིང་ཁྲི་ནར་མོའི་ཁྲི་སྟེང་ན།།
    ཆབ་སྔོན་མོའི་མདངས་ལྡན་ཟ་བེར་གསོལ།།
    མགོ་དབུ་སྐྲ་སྙན་དུ་སླེབས་ཙམ་དེ།།
    དཔོན་ཧུ་ཅན་ཐའོ་སྐྲ་དང་འདྲ།།

    གཡས་འབོལ་གདན་བཞི་བརྩེག་ཡངས་སྟེང་ན།།
    གསང་བའི་ཡུམ་ཆེན་སྣ་རིང་བཞུགས།།
    དེ་འོག་འབོལ་གདན་རེ་རེ་ལ།།
    མ་མཁའ་འགྲོའི་ཆས་ལྡན་གཉིས་ཀྱི་བསྐོར།།

    མདའ་མོ་རྣོ་ངར་ལྔ་ཆ་ཞིག།།
    དར་ཚོན་སྣ་ལྔས་བརྒྱན་པ་ཉར།།
    བག་ཁང་གཙུག་ལག་ཁང་ཆེན་དེ།།
    འཕེན་དར་གདུགས་རྒྱལ་མཚན་ལྷབས་ལྷུབ་གཡོ།།

    ཀུན་བཟང་ཡབ་ཡུམ་ཐང་ཀ་དང་།།
    ཀློང་ཆེན་རྒྱལ་བའི་མཛད་རྣམ་སོགས།།
    ལོགས་སུ་བཀོད་པའི་མཆོད་རྫས་ཀྱི།།
    དད་ལྡན་དང་བ་འདྲེན་པ་བཟོས།།

    ཕྱོགས་བཞིར་ལྷགས་དང་གཉུག་མའི་མགྲོན།།
    ཐམས་ཅད་གོས་བཟང་སྣ་ཚོགས་གྱོན།།
    དར་དང་ཤོག་ཁུག་དམར་པོ་རེ།།
    ཐོགས་ནས་ཟིང་ཟིང་ལང་ལོང་བྱེད།།

    དེ་ལྟར་བླ་རྫུན་ཕོ་ཧྲེང་དེ།།
    སྤྲེའུ་ཁམས་པའི་ཕྱོགས་སུ་སྐྱེས།།
    ལ་ལས་ཨ་ཇོ་ཉི་མ་ཟེར།།
    སྨྱུག་མིང་བོད་ཁམས་ཉི་མར་འབོད
    མུ་འགོད་་་་་་་་་་་་་་་་་་་་་་་་་་་་

  48. ཀླུ་སྨྱོན། says:
    2012-02-18 at 11:48 am

    བོད་ལ་ཞེན་ལགས། ངས་བརྗོད་གཞི་བཟོས་མེད། པར་དེ་དྲ་ངོས་སུ་འཇོག་མཁན་ཀླུ་ཟེར་བ་དེ་ང་མིན། ཡིད་མི་ཆེས་ན་ཁ་བརྡའི་དྲ་བདག་ལ་དྲིས།

  49. བཙན་པོའི་བུ། says:
    2012-02-18 at 12:02 pm

    ད་ལྟའི་དུས་འདིར་ཡོད་ཚད་དངུལ་ལོར་ལ་ཆགས་ཞེན་ཆེ་བའི་དབང་གིས་བླ་མིང་འཛིན་པའི་རུང་སུང་བ་མི་ཉུང་བ་ཞིག་བྱི་ལ་བཞིན་ཕྱི་གླིང་བའི་སྤ྄ི་ཚོགས་སུ་མགོ་གཡུག་གཡུག་དང་མི་འཛིར་འཛིར་བྱས་ནས་ཡོང་གི་ཡོད། མི་དེ་རིགས་ལ་དོན་དམ་གྱི་ནང་བསྟན་རིག་པའི་ཤེས་བྱ་མེད་ཁར་རང་རྒྱུད་ལ་ལས་འབྲས་དང་ངོ་ཚ་སོགས་གང་ཡང་མེད་སྟབས་རང་ཉིད་བླ་མ་ག་གེ་མོ་ཞིག་གི་ཡང་སྲིད་ཡིན་ལུགས་སྣ་ཚོགས་བརྗོད་ནས་མགོ་གསེར་ཚོའི་དངུལ་ལོར་ཧམ་མཆོངས་རྒྱག་པ་མ་ཟད་མགོ་གསེར་བུ་མོ་ཚོའི་རྐུབ་ལའང་ལྕེ་ལྗགས་རྒྱག་གི་ཡོད་པ་རེད། དེ་ཙམ་དུ་མ་ཟད་མི་ངན་དེ་རིགས་ལ་དངུལ་ལོར་མི་ཉུང་ཙམ་ཐོབ་སྐབས་རྒྱ་གར་སོགས་ནས་མནའ་མ་ལེན་སྟེ་དེར་བཙུན་མོ་དང་མཁའ་འགྲོ་མ་སོགས་མདོར་ན་ངོ་ཚ་ཁྲེལ་གཞུང་མེད་པའི་ལས་ཀ་བྱེད་མཁན་ནི་ནུབ་ཕྱོགས་པའི་ས་ཆ་མི་ཉུང་བ་ཞིག་གི་ནང་འདུག་གོ མི་དེ་ཚོའི་ཚོགས་ནང་སྟོན་པ་སོགས་པའི་ནང་བསྟན་གྱི་སྐྱེས་བུ་དམ་པ་ཚོའི་སྐུ་བརྙན་གྱི་ཚབ་ཏུ་རང་ཉིད་ཀྱི་འདྲ་པར་གྱང་སྟེང་དུ་བཀལ་བ་སོགས་མདོར་ན་བསམ་ན་ཡིད་སྐྱོ་ཞིང་མཐོང་ན་ཁོང་ཁྲོ་བའི་སྣང་བརྙན་མི་ཉུང་བ་ཞིག་འདུག དེར་བརྟེན་གོང་གི་འདྲ་པར་བཞིན་ང་ཚོའི་སྤྱི་ཚཚོགས་ཀྱི་དྲི་ངན་དང་གད་སྙིགས་དེ་དག་འཐེར་འདོན་བྱ་རྒྱུ་གལ་ཆེན་ཡིན་ནོ།

  50. གཡུ་འབྲུག་དཀར་པོ། says:
    2012-02-18 at 12:26 pm

    དྲ་གྲོགས་ཚོ།  ཁོང་ནི་སྤྲུལ་སྐུ་ཨོ་རྒྱན་ཉི་་མ་ཞུ་བ་དེ་རེད།  ཁོང་ཕུང་གསུམ་པ་མ་རེད།  ཕུང་གསུམ་པ་ལ་དགག་མཁན་རེད།  ངས་རྣམ་གྲོལ་གླིང་གི་མཁའ་པོ་འགའ་ཡི་ཞལ་ནས་ཐོས་པ་ལྟར་ན་ཁོང་སྐུ་ཡོན་མཁས་པ་ཡོད་རེད་ཟེར།  ངས་བལྟས་ན་ཡང་ཁོང་ནི་སྤྲུལ་སྐུ་ཡག་པོ་ཞིག་འདུག་བསམ་གྱི་འདུག།  གང་ཡིན་ཟེར་ན་ཁོང་གིས་ཁོང་རང་གི་སེམས་ལ་གང་ཤར་བ་དེ་དྲང་པོ་དྲང་རྐྱང་གི་ཐོག་ནས་བཤད་པ་ལས་དེང་སང་གི་བླ་མ་སྤྲུལ་སྐུ་འགའ་ཞིག་ནང་བཞིན་ལུང་བསྟན་དང་མངོན་ཤེས་སོགས་བཤད་ཀྱི་མིན་འདུག།  སྤྱིར་ལུང་བསྟན་དང་མངོན་ཤེས་བཤད་ཁན་ཚང་མ་བླ་མ་རྫུན་པ་ཡིན་ཟེར་གྱི་མེད་ཀྱང་།  སྔོན་གྱི་བླ་མ་རྣམས་ཀྱི་རྣམ་ཐར་སོགས་མཇལ་ཚེ་ལུང་བསྟན་དང་མངོན་ཤེས་རྣམས་ནི་རང་གི་སློབ་མའི་གཙོ་བོ་འགའ་རེ་ལ་བཤད་པ་ལས་སློབ་མ་དམངས་ལ་བཤད་སྲོལ་མི་འདུག་ན་གང་བྱུང་མང་བྱུང་ཀུན་གྱིས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་དྲ་བ་ཐོག་ཏུ་དགོད་མི་རུང་ལྟ་ཅི་སྨོས།  དེར་བརྟེན་ཁོང་ནི་བླ་མ་སྤྲུལ་སྐུ་ཡང་པོ་ཞིག་མིན་ཀྱང་ཟོག་པོ་མིན་པ་ཁ་ཚོན་ཆོད་ནུས་པར་འདུག།
    དྲ་གྲོགས་ཁ་ཤས་ཀྱིས་བླ་མས་ཆང་ས་རྒྱག་རྒྱུ་ཁོང་གིས་གསར་གཏོད་བྱས་པ་འདྲ་བའི་སྐད་ཆ་བཤད་བཞག།  བླ་མ་ཆང་ས་རྒྱག་མཁན་ནི་སྔོན་ནས་ད་བར་བྱུང་དང་བྱུང་མུས་མ་རེད་པས།  གཙུག་ལག་ཁང་དུ་ཆག་ས་རྒྱབ་པར་ཡང་མི་རུང་མེད་པ་མ་ཟད་ཤིན་ཏུ་ནས་རིགས་ཤིང་འཐད་པར་མཐོང་སྟེ།  གང་གིས་ཕྱིར་ན་བྱ་བ་གང་བརྩམ་ན་ཡང་གཙུག་ལག་ཁང་ངམ་གནས་བཟང་པོ་རྣམས་སུ་ཕྱིན་ནས་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས་བརྩམ་ན་བྱ་བ་གང་བརྩམ་ཡིད་བཞིན་དུ་འགྲུབ་པའི་དགོས་པ་ཡོད་པས་སོ༎  ལྷག་པར་དུ་ཡང་ཆང་ས་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ཐད་ནས་བྱ་བ་རླབས་ཆེན་ཞིག་ཡིན་བརྟེན་དེ་འདྲའི་རྟེན་འབྲེལ་རྒྱ་ཆེན་པོའི་སྟེང་ནས་བྱེད་པ་ནི་ཤིན་ཏུ་ནས་འོས་ཤིང་འཚམས་པའོ༎

  51. རིག་པའི་བུ says:
    2012-02-18 at 12:37 pm

    ཡག་པོ་རེད། གཉེན་སྟོན་ལྷ་ཁང་དུ་བྱས་བ་ནི་ལྷ་ལ་མཐོང་ཆེན་བྱེད་པས་རེད། ཡེ་ཤེ་ཀུན་ངེས་བར་དུ་ཡེ་ཤེས་ལྷ་ཁང་དུ་ཆང་ས་རྒྱག་དགོས།

  52. ལ་སྟོད་བུ། says:
    2012-02-18 at 1:19 pm

    ད་ལྟད་མོ་ལྟས་ནས་བསྡད་ཡོད་ཉིན་མང་པོའི་རིང་ཁ་བརྡ་མཇལ་རྒྱུ་མ་བྱུང་མོད་ད་བྱེད་དུས་ད་དུང་ཡང་ཁ་བརྡའི་དྲ་རྒྱ་ནི་འཁོར་འདས་ཀྱི་མེ་ལོང་ཞིག་རེད་འདུག
    སྤྲུལ་སྐུ་བཟང་བརྫུ་གང་ཡིན་རུང་ལྷ་ཁང་ནང་དུ་ཆང་ས་རྒྱབ་པ་ནི་ཡེ་ཤུའི་ལུགས་སུ་ཡོད་ཀྱང་དེ་ནི་མི་རིགས་རང་རང་གི་རིག་གཞུང་སོ་སོ་ནས་ཡོད་པས་ཉ་དང་ཉུང་མ་མཉམ་བསྲེས་བྱས་ན། བོད་ཀྱི་གཏམ་དཔེར། ཞྭ་དཔེ་ལྷམ་ལ་བྱས་པ་རང་རེད།
    འཁོར་འདས་གཉིས་ཀྱི་ས་མཚམས་སོ་སོ་ནས་ཡོད་པ་རེད། ལྷ་ཁང་ནི་མྱང་འདས་ཀྱི་གནས་ཤིག་དང། དེར་འཇིག་རྟེན་འཁོར་བའི་བག་སྟོན་བྱེད་པ་ནི་མི་འོས་པ་ཞིག་རེད། སྔར་དུས་སྐབས་བཟང་པོའི་སྐབས་སུ་བོད་ཀྱི་གཙང་དགོན་མང་པོ་ཞིག་གི་ནང་དུ་ཆང་སའི་བག་སྟོན་བྱེད་རྒྱ་ཕར་ཟད་རེད། བུད་མེད་དགོན་གྱི་ཐོ་ཚུན་ལ་ཡོང་མི་ཆོག་པའི་དགོན་ཁྲིམས་ཡོད་འདུག འོན་ཀྱང་དེང་སང་མི་ཚོས་གང་དྲན་བྱེད་དགོས་བསམ་ནས། ཐམས་ཅད་དུས་རབས་ཀྱི་འགྱུར་འགྲོས་ལ་བསྟུན་དགོས་ཚུལ་དང། ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་ཁྱེར་དགོས་ཟེར་ནས་ཉེས་ཕར་གཡོགས་ཚུར་གཡོགས་རྐྱང་བྱེད་དེ་ནང་བསྟན་རྟགས་རྩམ་ལས་མི་ལུས་པ་བཟོ་མཁན་དེ་རིགས་རེད།
    དགོན་པའི་ནང་དུ་ཆང་ས་རྒྱབ་ཆོག་ན་་་་་་་རྒྱ་ན་རོ་ཅན་གྱི་ལས་བྱས་ཀྱང་འགྲིག་གམ། འདི་འདྲ་ནི་བལ་ཡུལ་རྒྱལ་སར་ཡོད་པའི་བོད་དགོན་ཁ་ཤས་སུའང་ཆང་ས་རྒྱབ་པ་མཐོང་མྱོངས།
    གང་ལྟར་པར་འདི་ཡི་ཧི་རོ་དང་ཧི་རོ་ནི་སུ་ཡིན་མིན་ང་ལ་ཤེས་རྟོགས་མེད་པས་ལེགས་ཉེས་ཀྱི་བསམ་ཚུལ་ཀྱང་དེ་བས་ཤོད་རྒྱུ་མེད།

  53. ལྕགས་འགོར says:
    2012-02-18 at 1:39 pm

    ངོ་མ་མཆན་པོ་བརྒྱབ་འདུག ཡོངས་རྫོགས་ལྟ་ཐུབ་མ་སོང་།
    ཆབ་སྲིད་ཀྱི་གླིང་གཞི་ཞིག་ཡིན་ན་འདི་ལྟར་དོན་སྣང་བྱེད་མཁན་ཨེ་ཡོད། ཁར་སང་དེ་རིང་དོན་རྐྱེན་དེ་དག་ལ་དྲ་གྲོགས་རྣམ་པའི་དགོངས་ཚུལ་ཅི་ཙམ་སྤེལ་ཡོད། ས་ཆ་ག་གེ་མོ་ཞིག་ནས་རང་ལུས་མེ་བསྲེགས་བཏང་འདུག་ཅེས་བཤད་ན་ཨ་ལེ་སྙིང་རྗེ་ཟེར་བ་ཙམ་ལས་འདི་ལྟ་བུའི་བསམ་ཚུལ་སྤེལ་མཁན་ཨེ་ཡོད། འུ་ཅག་སུ་ཡིན་ཀྱང་མི་ག་གེ་མོ་ཞིག་ལ་ངན་བཤད་ཅིག་བྱེད་དགོས་བྱུང་དུས་སྔུན་སུས་ལོན་ཁ་གང་སྔ་བྱེད་པ་འདི་ངོ་ཡ་མཚར་མི་ཆེའམ།

  54. ཀླུ་སྨྱོན། says:
    2012-02-18 at 1:41 pm

    ང་ཚོའི་ས་གནས་འདིའི་བོད་པ་གཉེན་སྒྲིག་ཡིག་ཆ་དགོན་པ་ནས་ལེན་འདོད་མཁན་ཚོས་ཀྱང་གཉེན་སྟོན་བོད་དགོན་དུ་བྱེད་བཞིན་འདུག འདི་ལྟར་བྱེད་མི་ཆོག་ཅེས་ཆོས་ཁྲིམས་ཀྱི་བདག་པོ་སྟོན་པའི་ཞལ་ནས་གསུངས་ཡོད་ན་མ་གཏོགས་དེ་ལ་མི་འོས་པའི་རང་བཞིན་ཅི་ཡང་མཐོང་མ་སོང་། བཀྲ་ཤིས་པའི་རྟེན་འབྲེལ་ཞིག་བྱས་པ་རེད། ང་ཚོ་རྡོ་རྗེ་ཐེག་པ་བ་ཚོའི་ལྷ་ཁང་གི་ཕུག་ནས་གསང་སྔགས་ཀྱི་ལྷ་ཡབ་ཡུམ་ཚོས་ལིངྒ་བྷ་ག་སྦྱར་འདུག་ནས་ཆགས་པའི་རྣམ་འགྱུར་དྲག་པོའི་ངང་བཞུགས་ཆོག་སའི་ལྷ་ཁང་གི་ནང་དུ་སྔགས་པ་ཕོ་མོས་གཉེན་སྟོན་གྱི་ཆོ་ག་ཙམ་ཡང་གཉེར་མི་ཆོག་པའི་གཏན་ཚིགས་ཤིག་གང་ན་ཡོད། བོད་ཆོས་འདི་ཉན་ཐོས་ཐེག་དམན་སྡེ་བའི་ཆོས་ལུགས་ཡིན་ན་གོང་གི་དྲ་གྲོགས་དགག་པ་གཏོང་མཁན་དེ་ཚོར་གུ་ཡངས་ཕྲན་ཙམ་སྤྲོད་ཐུབ་མོད། ང་ཚོ་བོད་པའི་ཆོས་ལུགས་ནི་ཕོ་མོ་གཉིས་སྦྱོར་མེད་ན་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་སྐྱེ། དེ་མ་སྐྱེས་ན་འཚང་མི་རྒྱ་ཟེར་བའི་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་པས་སོ།།

  55. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-18 at 2:02 pm

    སྤུན་ཟླ་ཚོ། དོན་མེད་དུ་རིགས་རུས་གཅིག་པའི་མི་བུ་ཞིག་ལ་ཁ་བརྡུང་བྱེད་ནས་བསྡོད་པ་ལས། ཟིན་ཐག་འདི་ལ་བསམ་ཚུལ་དང་རོགས་རམ་རེ་བྱེད་རོགས་ཞུ། ང་ཚོ་རང་ཉིད་བོད་མི་ཞིག་ཡིན་པའི་དྲན་སྐུལ་ཡིན་ལ། ད་ལྟའི་བསམ་ཚུལ་དང་མི་རིང་བའི་འཐབ་རྩོད་ཅིག་ཡིན།
    http://www.tibettimes.net/blogs.php?id=55&post_id=19183

    སྤུན་ཟླ་ཚོ། གཞིས་ལུས་བོད་མི་ཚོ་འབར་བཞིན་ཡོད་པ་བརྗེད་མེད་པའི་ཡིད་ཆེས་ཡོད་ལགས།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme