Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདི་འདྲ་ཞིག་ང་ཚོས་ཅིས་ཀྱང་བྱ་དགོས་པ་འདྲ།

Posted on 2009-11-25 By ཀླུ་ 3 Comments on འདི་འདྲ་ཞིག་ང་ཚོས་ཅིས་ཀྱང་བྱ་དགོས་པ་འདྲ།

hh-daའདི་འདྲ་ཞིག་ང་ཚོས་ཅིས་ཀྱང་བྱ་དགོས་པ་འདྲ།འཛམ་གླིང་གི་ཡུལ་ཕྱོགས་གང་ས་ན་གནས་འཆའ་བཞིན་བཞུགས་པའི་བོད་རིགས་གཙོས་འཛམ་གླིང་གི་དད་ལྡན་མི་སྣ་ཚོའི་སྙན་ཅོག་རིང་མོའི་དྲུང་དུ། ཨོ་མ་རེད། གསེར་གྱི་སྙན་ཅོག་གསལ་བོ་གང་དེའི་དྲུང་དུ། (དེང་སང་སྟོན་བཤད་ཨ་ཧ་མ་ཞིག་འབྲི་བཞིན་ཡོད་པས་སྐད་ཆ་བཤད་བཤད་ཚང་མར་ཨ་མཚར་འདྲེས་འགྲོ་གིན་འདུག སྤོ་ལངས་མི་ཉན་གོ)

ངས་འདིར་བོད་མི་སྤྱི་དང་འཛམ་གླིང་ཡུལ་གྲུ་ཀུན་དུ་གནས་པའི་དད་ལྡན་སྐྱེས་འགྲོ་ཡོངས་ལ་དྲན་སྐུལ་ཞུ་རྒྱུ་ཞིག་ལ།

དེ་རིང་ནས་ཁ་ཕྱིར་འཁོར་ཏེ་ཡར་བརྩིས་པའི་མོ་ལོ་ཉི་ཤུའི་ཡར་སྔོན་ཞིག་ལ། རང་རེའི་གངས་ཅན་བོད་མི་སྐྱེས་འགྲོ་སྤྱི་དང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་འགྲོ་མི་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་དང་འདྲ་བའི་ནོར་བུ་དགོས་འདོད་ཀུན་འབྱུང་། དོན་གྱི་ལྷད་དུ་མཚན་ནས་སྨྲས་ན། ༸གོང་ས་༸ལྷ་མའི་རྣམ་འདྲེན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་ཏེ་མི་ལོ་ཧྲིལ་བོ་ཉི་ཤུ་ཏག་ཏག་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་༼ད་ནས་བརྩིས་པའི་ཉིན་༡༥་རྗེས་ཏེ་ཕྱི་ཟླ་༡༢པའི་ཚེས་༡༠་ཉིན༽སླེབས་ལ་ཉེ་བའི་སྐབས་འདིར། ངས་འདི་ནས་བོད་གངས་ཅན་པའི་རིགས་རུས་སུ་གཏོགས་པའི་བོད་མི་ཡོངས་ལ་ཞུ་རྒྱུར། སངས་རྒྱས་གཉིས་པ་རྒྱལ་བའི་དབང་པོ་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་སྔར་ལས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་སྨོན་འདུན་དང་། གཞན་ཡང་མགོན་པོ་གང་གིས་ཞི་བདེའི་གཟེངས་རྟགས་བཞེས་པ་ནས་ད་བར་དུ་བསྐྱངས་པའི་མཛད་རྗེས་ལ་དམིགས་ཀྱིས་བསྔགས་པའི་མཛད་བཟང་དངོས་ཡོད་ཀྱི་ལམ་ནས་ཡིག་གེར་བསྡེབས་པའི་རྩོམ་ཡིག་༼རྩོམ་ལུས་ལ་ཁྱད་མེད།༽གང་མང་ཞིག་དུས་ཚེས་གཅིག་དུས་གཅིག་ལ་དྲ་ཐོག་ཏུ་སྤེལ་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་། དྲ་ཐོག་ཏུ་ཟིན་བྲིས་གཉེར་བ་དང་མཆན་བུ་འདེབས་ཀྱི་མེད་མཁན་དང་། དྲ་ཐོག་རིག་གནས་ལ་རྒྱུས་ཡོད་རྒྱུས་མེད་གང་ན་སུ་བཞུགས་པ་རྣམས་ལ་དྲ་གྲོགས་ཚོས་ཨ་ལན་བརྡ་ལན་བསྐྱལ་ཏེ། ཕྱི་ཟླ་༡༢པའི་ཚེས་༩ཉིན་གྱི་ཕྱི་དྲོ་ནས་རང་རང་གིས་བྲིས་པའི་བཅད་ལྷུག་སྤེལ་མའི་རྩོམ་ཡིག ༼རྒྱལ་བའི་མཛད་རྗེས་ལ་བསྔགས་པ།༽རེ་དུས་བབ་ནང་གི་རང་སོ་སོའི་ཟིན་བྲིས་དང་། དེ་མིན་ཁ་བརྡ་སོགས་སུ་འགོད་ཐབས་བྱ་རྒྱུ་དང་།

ང་ཚོས་བཙན་བྱོལ་དུ་འདི་འདྲ་བའི་བོད་མི་ཚོས་འདི་འདྲ་བའི་ལས་འགུལ་ཆུང་ཚགས་ཤིག་སྤེལ་ན་བཟང་མིན་དང་། གཞན་བོད་ནང་དུ་ཡང་འདི་ལྟ་བུའི་རེ་སྐུལ་༼རྩོམ་སྐུལ༽རེ་ཞུས་ན་གང་འདྲ་ཡོད་མེད་སྐོར་ནས་བསམ་ཚུལ་གསུང་རོགས།

༡༽ རྩོམ་ལུས་རང་དབང་ཡིན་པ།

༢༽ ཉིན་མོ་འདི་གལ་ཆེ་བས་དོན་མེད་ཚིག་རྩུབ་རིགས་སྤོང་ཅི་ཐུབ་བྱེད་པ།

༣༽ དྲ་ཐོག་ཏུ་འགོད་བདེ་བའི་ཕྱིར་རྩོམ་ཡིག་ཧ་ཅང་རིང་པོ་མིན་པ།

༤༽ གཙོ་བོ་༸གོང་ས་མཆོག་གི་མཛད་རྗེ་ལ་མིའི་རིན་ཐང་གི་སྟེང་ནས་ལྟ་དགོས།

༥༽ རྩོམ་ཡིག་རྣམས་ཕྱི་ཚེས་༩་ཡི་ཕྱི་དྲོ་ནས་དྲ་ཐོག་ཏུ་འཇོག་རྒྱུ།

༦༽ དཔྱད་རྩོམ་གྱི་རྣམ་པའི་ཐོག་ནས་འབྲི་ཐུབ་ན་བཟང་པ།

བཅས་གོང་གི་འདི་ཚོ་ང་རང་གི་བསམ་ཚུལ་ཙམ་ཡིན་ལ། གཞན་དྲ་གྲོགས་ཚོར་ཁ་སྣོན་གྱི་དགོངས་ཚུལ་གང་ཡོད་འདིར་གསུང་རྒྱུ་མཁྱེན།

གོང་བཀོད་འདི་ཡང་༸གོང་ས༸མཆོག་གིས་ད་བར་དུ་ང་ཚོ་བོད་མི་རིགས་གཙོས་འཛམ་གླིང་མི་དམངས་སྤྱི་དང་ཡང་དགོས་འགྲོ་བ་རིགས་དྲུག་ཐམས་ཅད་ལ་ཞབས་ཞུ་གནང་བའི་མཛད་པའི་ཆ་ཤས་ཙམ་ལ་དྲིན་བཟོ་བའི་ཕྱི་དང་། རང་ཉིད་ཀྱི་ཚོགས་གསགས་པའི་ལྷད་དུའང་ཡིན་ན། དེ་དོན་གལ་ཆུང་དུ་མི་དགོངས་པར་རྩོམ་ཡིག་གང་ཐུབ་རེ་འབྲི་རྒྱུ་མཁྱེན་ཅེས་སྐུལ་ལོ།།

སྐད་ཆ་འདི་བོད་མི་ཡིན་ནོ་ཅོག་གི་སྙན་ཅོག་ནང་དུ་གོ་ཐུབ་པའི་ཆེད་དུ་དྲ་གྲོགས་ཚོས་རོགས་རམ་གནང་རོགས་ཞུ།

༢༠༠༩་ལོའི་སྤྱི་ཟླ་༡༡པའི་ཚེས་༢༤་ཉིན་གཅན་བཟོད་རྒྱམ་ནས་སྤེལ་བ་དགེའོ།།

གསལ་བསྒྲགས།

Post navigation

Previous Post: འཛམ་གླིང་གི་དམར་མཆོད་ཆེ་ཤོས།
Next Post: ང་མི་ཞིག་ལས་གང་ཡང་རེད་མི་འདུག

Comments (3) on “འདི་འདྲ་ཞིག་ང་ཚོས་ཅིས་ཀྱང་བྱ་དགོས་པ་འདྲ།”

  1. དཔལ་དགྱེས་པ་རྡོ་རྗེ says:
    2009-11-25 at 1:43 pm

    ཨོཾ་ཨྰཿཧྰུྃ་ཧྲྰིཿ
    ཆོས་དབྱིངས་སྤྲོས་པ་ལས་འདས་ཀུན་ཏུ་བཟང་། །
    ཟབ་རྒྱས་ཏིང་འཛིན་དམ་པ་རྡོ་རྗེ་སེམས། །
    སྣ་ཚོགས་སྤྲུལ་བའི་ཟློས་གར་རྒྱལ་བའི་སྐུ། །
    འདྲེན་མཆོག་དྲིན་ཆེན་བླ་མ་སྙིང་ནས་གུས། །
    ཤྲྰིས་གུས་ཕུལ། །

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-11-25 at 7:51 pm

    http://www.voanews.com/tibetan/video.cfm སྤུན་ཟླ་ཚོ། འབྲེལ་ཐག་འདི་ལ་གཟིགས་རྒྱུ་མ་བརྗེད་ཅིག་ལགས།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-11-25 at 8:32 pm

    ང་མི་ཞིག་ལས་གང་ཡང་རེད་མི་འདུག

    སྙི་མོ་སེམས་ལ་ན་ཟུག་ལྕི་ན་ཡང་།།
    གོར་མོ་རྡོ་ལ་སྐད་ཆ་བཤད་མི་འདོད།།
    ཡིན་ཡང་སེམས་ཀྱི་ཆུ་ཐིགས་རེ་རེ་ཡིས།།
    རྡོ་འཁྱག་གོར་མོ་ཨུ་ཁུངས་གཏད་པ་མཐོང་།།

    རང་གཤིས་གསེར་དུ་འཁྲུལ་བའི་གཤིས་ཀ་མེད།།
    རང་རྩིས་ནོར་དུ་རློམ་པའི་ལྟ་བ་མེད།།
    རང་ཉིད་བདེན་དུ་འཁྲུལ་བའི་རྣམ་དཔྱོད་མེད།།
    མེད་མུག་འདི་གསུམ་རྒྱུན་དུ་ང་ལ་ཡོད།།

    གྲགས་ན་སྲིད་པ་འགུལ་པའི་མིང་བྱང་མེད།།
    དར་ནས་གླིང་བཞི་བསྐོར་བའི་སྒོར་མོ་མེད།།
    དབའ་ནས་གཞན་སྲོག་གཅོད་པའི་མཚོན་ཆ་མེད།།
    མེད་མུག་འདི་ཡིས་ང་རང་དམ་དུ་བཏེགས།།

    མཚན་རེ་འཁྲུགས་པ་སྤྱོད་པའི་མཇེ་ཤུགས་མེད།།
    ཉིན་རེ་ཆོ་འཕྲུལ་སྟོན་པའི་གཡོ་སྒྱུ་མེད།།
    ཡོད་ཚད་གཞན་ལ་རེ་བའི་འདུན་པ་མེད།།
    མེད་མུག་ཡི་ག་ལོག་པའི་གཅེར་བུ་ཡིན།།

    ཆུང་དུས་བརྣག་སེམས་ཆེ་བའི་ངན་སྤྱོད་མེད།།
    གཞོན་དུས་ལོང་ཚོ་ཚོང་བའི་འདུན་པ་མེད།།
    རྒས་དུས་གཞན་གྱི་གསོ་བར་རེ་སྒུག་མེད།།
    མེད་མུག་འཁྲུལ་སྣང་འདི་ཡིས་སེམས་པ་བསླུས།།

    སྟོད་ནས་ཇག་པ་བྱས་པའི་ལོ་རྒྱུས་མེད།།
    བར་ནས་གཞན་རྒྱུ་རྐུས་པའི་ནག་ཉེས་མེད།།
    སྨད་ནས་རང་རིགས་བསླུ་བའི་རེ་འདོད་མེད།།
    མེད་མུག་བྱང་ལ་ཆུབ་པའི་མི་རིགས་མིན།།

    ཁ་ནས་གང་ཐོན་སྨྲ་བའི་མཁས་འདོད་མེད།།
    ཁོག་ནས་གང་ཤར་བྱེད་བསམ་ལག་ལེན་མེད།།
    ལུས་འདི་ཚེ་གཡོག་བྱེད་པའི་ཆོ་ལོ་མེད།།
    མེད་མུག་འདི་ཡི་མི་ཚེ་རིན་ཐང་བཙལ།།

    གཞན་སྲོག་བཅད་དེ་སེམས་ཅན་ཟེར་མྱོང་མེད།།
    རང་སྲོག་སྲུང་དེ་གཞན་སྲོག་གཅོད་རྩིས་མེད།།
    རང་གཞན་མི་གཅིག་བསམ་པའི་བསམ་བློ་མེད།།
    མེད་མུག་ཤར་ཤར་གླེང་བའི་གཡོ་མཁན་མིན།།

    བོད་དོན་གླིང་ལ་བསྒྲགས་པའི་བྱས་རྗེས་མེད།།
    བོད་མི་རྒྱ་ལ་བཙོང་བའི་ཁེ་གྲགས་མེད།།
    བོད་རིགས་ཁ་ཁར་གཏོང་བའི་སྤོབས་པ་མེད།།
    མེད་མུག་འདྲེན་མཁན་ཚོ་ལ་ཡི་ཁ་ལོག།

    འདི་ཁ་བརྡ་ཚང་གི་དྲ་ཐོག་དུ་འཇོག་ཐུབ་མཁན་འདྲ་ཡོད་ན་འཇོག་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme