Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདི་ཚོའི་སྙིང་སྟོབས། གླེང་འོས་པའི་བདེ་སྡུག་གསོན་པོ་ཞིག  


Posted on 2018-04-022018-04-02 By ཁ་བརྡ 15 Comments on འདི་ཚོའི་སྙིང་སྟོབས། གླེང་འོས་པའི་བདེ་སྡུག་གསོན་པོ་ཞིག  


རླུང་དམར།
 
ད་རེས་ངས་འདི་ནས་གླེང་བྱ་ཞིག་ཁ་ཚ་དགོས་གཏུག་གིས་གླེང་འོས་པའི་བདེ་སྡུག་གསོན་པོ་ཞིག་ལ་ཡིད་ངེས་འདྲོང་བྱུང་། དེ་ནི། ད་ཐེངས་ཀྱི་རྡ་རམ་ས་ལའི་བཙན་བྱོལ་བོད་མིའི་གྲོས་ཚོགས་འཚོགས་དུས་ཀྱི་མདུན་ཐང་ནས་བདེན་རྒྱབ་ལས་འགུལ་བ་མང་པོ་ཞིག་གིས་རང་ཉིད་ཀྱི་ལྟོ་གོས་ཙམ་ལ་མ་བལྟས་པར་བདེན་པ་གསེར་སྲོག་བཞིན་བཀུར་ཏེ་བློ་བཟང་སེང་གེའི་དབང་ཆ་ལོག་སྤྱོད་དང་། ཧམ་བཤད་མགོ་གནོན། ཕྱོགས་རེས་འཐེན་འཁྱེར། རྫུན་ལབ་དམངས་དཀྲུག སྒེར་གཅོད། བཙན་བྱོལ་གཏོར་བཤིག་དང་བྱ་སྤུ་གནོན་སོགས་ཀྱི་ཁྲིམས་མེད་ལུགས་མེད་ཀྱི་སྲིད་སྐྱོང་གིན་ཡོད་པ་དེ་ང་ཚོ་བོད་མི་གཞིས་བྱེས་གཉིས་ཀྱི་མི་མང་བྱིངས་ཀྱིས་ཧ་གོ་ཚོད་ཡིན་ནའང་། ད་དུང་། ད་ལྟའི་ལས་ཐོག་སྲིད་སྐྱོང་གི་ཆབ་སྲིད་ཀྱི་མེ་མདའི་འབེན་ནི་ང་ཚོ་བཙན་བྱོལ་བོད་མིའི་ཁྲོད་རེད་ལ། གཅིག་ནས་གཉིས། གཉིས་ནས་གསུམ་ལྟར་བགྲང་ལས་འདས་པའི་ནོར་འཛོལ་རབ་དང་རིམ་པ་བཟོས་ཏེ་འདུག ངོ་ཚ་ཁྲེལ་གཞུང་མེད་པར་རང་གི་རིགས་ལ་རིགས་ཞེན་ཉི་ཚེ་ཙམ་ཡང་མེད་པར་ང་རྒྱལ་ཁེངས་རློམ་གྱི་ངང་མི་དམངས་ལ་སྤྲེལ་ལད་འཁྲབ་པ་དང་། བསླུ་གཏོང་འགེབ་སྲུང་། གྲྭ་ཆས་གྱོན་པའི་སྤྱང་ཀི་རེ་འགར་ངན་པ་ལག་སྦྲེལ་གྱིས་བཙན་བྱོལ་སྒྲིག་འཛུགས་མེད་བརླག་ལ་གཏོང་གིན་གདའ།

འདི་དག་མཐོང་བས་སེམས་ཀྱིས་མ་བཟོད་པར་མི་དམངས་རང་ངོས་ནས་ཡར་ལངས་ཏེ་བདེན་རྒྱབ་ལས་འགུལ་ཟེར་བ་ཞིག་སྤེལ་པ་རེད་ལ། ཞི་བའི་ངོ་རྒོལ་ལས་འགུལ་ཞེས་བློ་བཟང་སེང་གེའི་ངོ་གདོང་རྫུན་འབག་དེ་དག་ཕྱི་ལ་མངོན་པའི་ཆེད་དུ་འཛམ་གླིང་རྒྱབ་ཁབ་མང་པོའི་ནང་ནས་ཞི་རྒོལ་མང་པོ་བྱས་པ་རེད། མ་ཟད། ད་ལོའི་གྲོས་ཚོགས་ཀྱི་སྐབས་འདི་དང་བསྟུན་ནས་མི་དམངས་མང་པོ་ཞིག་གིས་མ་སྐུལ་དང་བླངས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་དང་བཀའ་ཤག་གཉིས་ལ་ངོ་རྒོལ་བྱས་པ་རེད་མ་གཏོགས། གཞན་༧གོང་ས་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས། དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་གཏན་ནས་བྱས་ཡོད་མ་རེད་མོད། ཡིན་ཡང་། གནས་ལུགས་དང་དྲང་བདེན་ལ་གཅིག་ཀྱང་མི་བལྟ་བའི་བློ་བཟང་སེང་གེའི་རྗེས་འབྲངས་པ་སྐོར་ཞིག་གིས་བདེན་རྒྱབ་ལས་འགུལ་བ་ཡོངས་ལ་མ་ཉེས་ཁག་གཡོགས་དང་། དོན་མེད་ལོག་འགྲེལ་བྱས་ཏེ་བོད་སྤྱི་བའི་རྩ་དོན་འཐུས་ཤོར་ཏུ་འགྲོ་བར་དགའ་ཞིང་བློ་སེང་དང་མཉམ་དུ་༧གོང་ས་མཆོག་ལ་བསྟོད་པའི་གཞས་དེ་ཡང་བྱིས་པའི་རྩེད་ཆས་ལྟར་གནང་ནས་ཀི་འདེབས་པ་དང་། གཅན་གཟན་གྱི་ཚོགས་རྣམས་དམག་འཁྲུག་བྱུང་བ་བཞིན་འཛམ་གླིང་གི་གནམ་ཐང་ཁག་ནས་རང་གཤིས་ངན་སྟོན་བྱས་པ་རེད།

འདི་དག་ནི་བློ་བཟང་སེང་གེའི་གསར་གཏོད་ངན་དགུའི་རིགས་ཤིག་ཡིན་པ་གསལ་ཐག་ཆོད་ཡིན། དེ་མིན། རྒྱུན་ལྡན་དུ་བོད་ལ་ཤ་ཚ་ཞིང་མི་དམངས་ཀྱི་བདེ་སྡུག་སྙིང་ནས་བཀུར་མཁན་གྱི་བདེན་པའི་རྒྱབ་ལངས་ཀྱི་སྣེ་ཁྲིད་པ་འཕྲིན་ལས་སྐལ་བཟང་གཙོ་བྱས་ཏེ་བདེན་པའི་རྒྱབ་སྐྱོར་བ་མང་པོས་རྡ་རམ་ས་ནས་བློ་བཟང་སེང་གེ་དང་བཀའ་ཤག་གི་རྫུན་རྐུབ་ཐེར་འདོན་བྱེད་ཞོར་གོང་གཏུག་ཞི་རྒོལ་ཞིག་བྱས་ཡོད་ཀྱང་། ད་དུང་། བློ་བཟང་སེང་གེ་ལ་ཚོར་བ་སྤུ་ཉག་ཙམ་ཡང་མེད་པར་མི་དམངས་ཀྱི་བདེ་སྡུག་ལ་དོ་ཁུར་གཏན་ནས་བྱས་མ་སོང་ལ། མུ་མཐུད་དུ་ལྟ་བ་མཁྲེགས་འཛིན་གྱིས་ཆོལ་ཞེན་འཕུང་དཀྲུག་གི་བདུད་དུ་རྫུས་ཏེ་ད་ལོའི་གྲོས་ཚོགས་འདི་མཇུག་སྒྲིལ་གནང་ཐལ། དེ་ལྟ་ནའང་། མི་དམངས་ཀྱི་བདེན་རྒྱབ་ལས་འགུལ་དེས་འཛམ་གླིང་གི་མི་མང་ལ་བློ་བཟང་སེང་གེའི་དབང་ཆ་ལོག་སྤྱོད་ཀྱི་གདོང་འབག་གསལ་བོ་བསྟན་ནས་བདེན་པའི་རྒྱལ་ཁ་ཁད་ཀྱིས་འཐོབ་བཞིན་འདུག་ལ། བཙན་བྱོལ་བོད་མིའི་བདེ་སྡུག་ལ་སྣང་ཆུང་གཏན་དུ་བྱེད་ཀྱིན་མེད་པའི་བདེན་པའི་འཐབ་གྲོགས་ཚོ། ང་ཚོའི་བདེན་པ་ལ་ནམ་ཡང་མཐའ་མེད་པས། ང་ཚོས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་སྲ་བརྟན་ཇེ་ལེགས་སུ་གཏོང་དགོས།

བསམ་ཚུལ།

Post navigation

Previous Post: ནང་སྲིད་བཀའ་བློན་གྱི་བཀའ་ལན་དང་། བདག་གི་འཆར་སྣང་།
Next Post: རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བོད་རྒྱལ་ཡོངས་རྐང་རྩེད་པོ་ལོའི་འགྲན་བསྡུར་ཐེངས་༢༤ པ་འགོ་འཛུགས་གནང་བ།

Comments (15) on “འདི་ཚོའི་སྙིང་སྟོབས། གླེང་འོས་པའི་བདེ་སྡུག་གསོན་པོ་ཞིག  
”

  1. སྐལ་བཟང says:
    2018-04-02 at 3:03 am

    ལེགས

  2. གཡུ་ཐོག says:
    2018-04-02 at 4:41 am

    ད་མ་འོངས་པར་ང་ཚོའི་སྤྱི་ཚོགས་ནང་འགོ་འཁྲིད་སུ་བསླེབ་ཀྱང་ཚང་མ་ནག་ཉེས་དང་ཐེན་འཁྱེར་གྱིས་ནག་པོ་ཡིན་པ་ཤ་སྟག་རེད།

  3. དགྲ་འདུལ་གཉེན་སྐྱོང། says:
    2018-04-02 at 6:32 am

    དྲང་པོ་བྱས་མ་སོང་ཟེར་ནས་རྟག་པར་འུར་བསྡད་སོང་ཡང་། དྲང་པོ་མ་བྱས་པའི་བདེན་དཔང་ཚིག་གཅིག་བཤད་ཡ་མེད་པ་གྲོས་ཚོགས་ར་བའི་ནང་ནས་གསལ་པོ་ཆགས་སོང་།

  4. སྐལ་བཟང says:
    2018-04-02 at 12:44 pm

    རང་སེམས་གཙང་མ་མེད་ན་འཇིག་རྟེན་ཁམས་ཡང་གཙང་མ་མེད་ཟེར་སྲོལ་ཡོད་རེད།

  5. མྱི། says:
    2018-04-02 at 12:46 pm

    གཞན་ལས་བཤུས།
    དྲང་པོ་བཤད་ན་མྱི་མི་དགའ།།

    ང་ཚོས་དོན་དག་ལ་ལ་ཞིག་རྒྱུད་རིམ་དང་བཅས་ཏེ་མ་བརྗོད་ན་གསལ་བོ་དང་ཡང་དག་ཆགས་དཀའ། དེ་བས་ན་ངས་གཤམ་དུ་བཤད་པ་འདི་ཅུང་ཟད་རིང་ཡང་གསལ་ཁ་གཏོད་པའི་ཆེད་དུ་རྒྱས་འབྲི་བྱས་ཡོད། ཉེ་ལམ་བོད་ཀྱི་ཆབ་སྲིད་གྲོས་ར་འཚོགས་སོང་ལ། མ་འཚོགས་སྔོན་ཙམ་ལ་མི་མང་པོའི་སེམས་པ་བདེ་ལ་འཁོད་ཐུབ་མེད། དེ་ཡང་ལོས་ཡིན་ཏེ། ཕྱོགས་ཁག་དཔུང་སྒྲིལ་གྱི་ནད་ངན་སྔར་ནས་ཁྱབ་བརྡལ་དུ་སོང་བའི་ཁར། ད་ལོ་“སྡུག་ཆེ་ཐོག་སྡིག་པའི་རྐང་རྩ་དང་།། མགོ་ལྗིད་ཐོག་བོད་པོའི་ཞྭ་མོ”ཟེར་བ་བཞིན་སྤེན་པ་གནས་ནས་འཕོ་བ་དེ་ལ་ཤེས་དང་མ་ཤེས་ཅི་རིག་ནས་ངོ་ལོག་གི་སྦྱོར་བ་རབ་དང་རིམ་པ་བྱས་ཤིང་། ཚད་ལས་བརྒལ་བའི་བྱ་ངན་མི་ཉུང་བ་ཞིག་བསྒྲུབས་དང་སྒྲུབ་མུས་ཡིན་པའི་སྒང་ལ་གྲོས་ཚོགས་འཁྲུག་ཆ་དོད་པོ་དེ་འཚོགས་པས་རེད། འོན་ཏེ་སྔར་གྱི་ཚོད་དཔག་ལས་ཡོངས་སུ་བརྒལ་དེ་གང་ལ་གང་འཚམས་བདེ་བླག་ངང་ནས་མཇུག་གྲོལ་ཐུབ་སོང་། དེ་ཡང་ཕྱོགས་གཅིག་ནས་བཀའ་ཤག་གི་ལན་འདེབས་གསལ་བཤད་དག་འཐུས་ཚང་ཡིན་པས་དང་། ཕྱོགས་གཞན་ནས་ཚོགས་གཙོས་ལས་རིམ་སྐྱོང་ལུགས་ཡག་པས་རེད་སྙམ།

    རེད་དེ་“བཀྲ་ཤིས་རྣ་ནག་མ་དང་ལྷན་གཅིག་”ཏུ་ཡོད་པ་འཆར་ཅན་འདྲ་ཡིན་པས་སྤྱི་འཐུས་ཉུང་བ་ཞི་ནི་སྔར་བཞིན་ཕྱོགས་གཅིག་ཏུ་སྡེབས་ནས་བཀའ་ཤག་ལ་གཞི་མེད་སྐྱོན་འཛུགས་ཡན་ཆད་བྱས་ནས་ནག་པོ་ཆགས་ཐབས་ལ་འབད་དང་འབད་བཞིབ་པ་རེད། ཡིན་ན་ཡང་རི་རྒྱལ་བཞིན་བརྟན་ཅིང་གཞོམ་གཞིགས་ཀུན་བྲལ་གྱི་བཀའ་ཤག་ལ་ཅི་ཡང་ཐུབ་མ་སོང་མོད། ཁོ་ཚོའི་གདོང་རིས་དེ་གསལ་བོ་བསྟན་སོང་། གཅིག། ཁོ་ཚོས་ཞུབ་འཇུག་ཚོགས་ཆུང་ཟེར་ནས་ཡོང་རྒྱུ་མེད་པའི་སྐད་ཆ་བཤད་སོང་། གཉིས། བཀའ་བློན་འོས་འདེམས་ལ་མི་བཅོ་ལྔས་དགག་པ་བྱས་སོང་། གསུམ། མི་བཅོ་ལྔ་དེ་ངོ་ལོག་ཤོག་ཁག་ལ་འཕྲད་སོང་། དེ་གསུམ་ཀ་ཁོ་ཚོ་མི་བཅོ་ལྔ་བོ་དེ་རེད། འདི་དག་ལས་མང་ཆེ་བ་དེ་བཀའ་ཤག་བཅི་བཞི་པ་ལ་ཡང་ཁ་གཏད་བྱེད་མཁན་དེ་རེད། ད་ལྟ་ཡང་དེ་བཞིན་རེད། རེད་དེ་གནད་དོན་གཞན་དང་མི་འདྲ་བའི་ད་ཐེངས་གནད་དོན་འདི་ཧ་ཅང་སྐྱུག་མེར་ལང་བ་ཞིག་བཟོས་སོང་། གྲོས་ཚོགས་སུ་ཁོ་ཚོས་འཚོགས་ཐེངས་ཉེ་བཞིའི་རིང་ལ་བཀའ་ཤག་ལ་ནོར་འཁྲུལ་རྐང་གཅིག་ཀྱང་བསྟན་ཐུབ་མ་སོང་། ཐ་མ་དེ་ལ་ཟླ་ཕུན་གྱིས་ཀྱང་བཀའ་ཤག་གི་ལན་འདེབས་དེ་ལས་ལྷག་ཅིག་གནང་རྒྱུ་མི་འདུག་ཅེས་ཡིད་ཚིམས་པའི་རྣམ་འགྱུར་མངོན་སོང་། འོན་ཀྱང་བཀའ་ཤག་ལ་ནོར་འཁྲུལ་བསྟན་རྒྱུ་མ་རྙེད་བཞིན་དུ་ངོ་ལོག་ཤོག་ཁག་ལ་ཅིའི་ཕྱིར་འཕྲད་པ་རེད། བཀའ་ཤག་ནོར་བ་མེད་ན་འཕྲིན་ལས་བསྐལ་བཟང་སོགས་ནོར་བ་ཡིན་པར་གཏན་ཁེལ་རེད། ནོར་འཁྲུལ་ཅན་ཁོ་ཚོ་ལ་འཕྲད་པ་དེ་ཇག་རྒྱབ་དཔུང་སྡེབས་བྱས་པ་མ་རེད་དམ། ད་དུང་ངོ་ལོག་པ་ཚོའི་ནང་ནས་མི་ལ་ལས་གོང་ས་མཆོག་ལ་མཚན་སྨད་བྱས་པ་དེ་ལ་ཁོ་ཚོས་ཅི་ཡང་བཤད་མ་སོང་། སྐབས་སྔོན་མར་ཀླུ་མཁར་བྱམས་ལ་ཅི་འདྲ་བའི་ཚིག་མཚོན་རྣོ་ངར་ཅན་བཏབ་སོང་། གོང་ས་མཆོག་ལ་དད་པ་ཆེ་མདོག་ཅི་འདྲ་བྱས་སོང་། ཁྱེད་ཚོས་གོང་ས་མཆོག་ལ་དད་ལུགས་དེ་ཕྱོགས་དང་རིས་སུ་བཅད་ནས་དད་ལུགས་ཤིག་ཡིན་པས་དད་པ་ངོ་མ་ཞིག་གཏན་ནས་མ་རེད། ། ད་ནས་བཟུང་སྟེ་ཁྱེད་ཚོས་གོང་ས་མཆོག་ལ་དད་པ་ཡོད་མདོག་དེ་མ་བྱེད་རོགས། ཁྱེད་ཚོ་ངོ་མི་ཚ་ན་ཡང་ང་ཚོ་འབངས་མི་སེམས་དཀར་ཚོ་ངོ་ཚ་ཡོང་གི། སྐུ་མཁྱེན། སྐུ་མཁྱེན།།

  6. སྐལ་བཟང says:
    2018-04-02 at 4:07 pm

    སྐད་ངན་ཤོར་གི་འདུག
    ད་རེས་ངོ་རྒོལ་འདིས
    རྗེས་མ་ནས་མི་ཁ་ཤས་རང་གིས་བྱས་ཉེས་ལ་བརྟེན་ནས་རང་རེའི་སྤྱི་ཚོགས་ནང་དང་ཡང་ན་རྒྱལ་སྤྱིའི་ཁྱོན་ལ་མགོ་བོ་གནམ་ལ་བཏགས་ནས་འགྲོ་ས་མེད་པ་བཟོས་སོང་།
    སློབ་སྦྱོང་ལ་ལྷག་བསམ་དང་བརྩེ་བས་རྒྱབ་མ་ཆོག་པ་དང་ཡང་ན་རང་དོན་ཁོག་བཅུག་གྱིས་ལས་ཀ་རྐྱང་རྐྱང་སྒྲུབ་བསྡད་ན་ཡོང་རྒྱུ་འདི་ལས་གང་ཡོད།

  7. ཇ་མ་ says:
    2018-04-02 at 6:03 pm

    ཁྱི་མགོ་སྡེར་ཐོག་ལ་བཞག་ན་ར་རིགས་བཅོ་བརྒྱད།
    ཟེར་བ་བཞིན་འདམ་སེང་གི་ལས་ཀ་གང་བྱས་ཀྱང་བློ་བདེ་བོ་ཞིག་དུས་ནམ་ཡང་ཡོང་གི་མི་འདུག་ཡ་

  8. འཇམ་དཔལ་ཚུལ་ཁྲིམས says:
    2018-04-02 at 9:54 pm

    དྲ་གྲོགས་རླུང་དམར་ལགས།
    ༡༽ ད་རིང་ངས་ཚིག་ཐག་ཆོད་པོའི་སྒོ་ནས་དམ་བཅའ་ཞིག་འཇོག་འདོད་པ་ནི་བློ་སེང་ལ་ཁྱེད་ཀྱིས་འགེལ་བཞིན་པའི་ནོར་འཁྲུལ་དེ་དག་ལས་གཅིག་ཀྱང་མི་འདུག ཡོད་ན་རེ་རེ་བཞིན་བགྲང་དང་ཞེས་ཞུ་རྒྱུ་ཡིན།
    ༢༽དེ་ནས་ཁྱེད་ཀྱི་ཐུགས་ལ་ཕོག་སེ་བ་ཞིག་འདུག་མོད་དགོངས་དག་ཞུ། ཁྱེད་ཀྱིས་མུ་མཐུད་ནས་འཚམས་འཇོག་མ་བྱས་སྟབས་ཚིག་གཅིག་ཞུ་ཆོག་པར་ཞུ། རྩོམ་འདིའི་ནང་གི་བློ་སེང་གི་མིང་ཡོད་ཚད་ལ་སྤེན་ཚེ་བཞག་ནས་ལན་གཅིག་ཀློག་རོགས་གནང་དང་ཞུ།
    ༣༽ གནད་དོན་འདིའི་ཐོག་ལ་རྩད་གཅོད་བྱེད་མཁན་གྱི་རྒྱུད་ལམ་ལུགས་དང་མཐུན་པ་དེ་གྲོས་ཚོགས་རེད། གྲོས་ཚོགས་འཚོགས་པ་རེད། གྲོས་ཚོགས་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་ཡང་ཟིན་པ་རེད། དེའི་སྐབས་སུ་སྐྱོན་ཐེར་འདོན་བྱེད་ཐུབ་ཡོད་ན་ཡོད་པ་རེད། མེད་ན་མེད་པ་རེད། བཙིར་མཁན་དག་གིས་བཙིར་བ་རེད། འོས་འགན་རེད། ལན་རྒྱག་མཁན་གྱིས་བརྒྱབ་པ་རེད། དེ་ཡང་འོས་འགན་རེད། ད་ནི་འགྲིག་དགོས་ཚོད་རེད། འདི་ལྟར་མུ་མཐུད་ནས་གསུང་བསྡད་ན་འོས་ཕམ་གྱི་ནད་རོ་ཙམ་ཞིག་ལས་བོད་ཀྱི་རྩ་དོན་ཕན་པའི་བྱ་བ་ཞིག་ལ་ངོས་འཛིན་ཞུ་དཀའ་མོ་འདུག་གོ།
    ༤༽ མདོར་ན་ངས་སྤེན་ཚེའི་རྒྱབ་སྐྱོར་བ་དག་ལ་གཞི་མེད་ངན་དམད་ཡང་ཡང་བྱས་ན་ཁོ་ཚོའི་ཐུགས་ལ་གང་ཤར་གྱི་རེད། དེའི་ཕྱིར་བློ་སེང་གི་རྒྱབ་སྐྱོར་བ་དག་ལ་འདི་ལྟར་གཞི་མེད་ཀྱི་ངན་དམད་བྱས་བྱས་ན་བོད་མི་རིགས་ལ་དགོས་པའི་གྲུབ་འབྲས་ཡག་པ་ཞིག་མི་ཡོང་བ་ཐུགས་གཞིགས་གནང་རོགས་ཞུ་རྒྱུ་ཡིན།

  9. རོ་བདག says:
    2018-04-03 at 2:55 am

    འོ་ཙི་ལགས

  10. Metok says:
    2018-04-03 at 4:46 am

    བདེན་པའི་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ། གཞུང་གི་མ་འགྲིག་པ་རྣམས་ཐེར་འདོན་བྱེད་དགོས་པ་མང་གཙོའི་འགྲོ་སྟངས་ཡིན། དེའང་རྒྱུ་མཚན་གསུངས་པའི་སྒོ་ནས་ཡིན་པ་མ་གཏོགས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་དབང་ཆ་འཐབ་རྩོད་ལས་མ་ཡིན། ཉེ་སྔོན་བོད་མི་མང་པོ་ཞིག་གིས་བཙན་བྱོལ་འགོ་ཁྲིད་ལ་ཞི་རྒོལ་བྱས་པ་དེ་ང་ཚོ་བོད་མིའི་མང་གཙོའི་ཚད་གཞི་ཇི་ཙམ་སླེབས་ཡོད་པ་རྟོགས་ཐུབ། དེའང་ཆོལ་ཁའི་དུག་གིས་བལྟས་པ་མ་ཡིན་པར་རྒྱུ་མཚན་གྱི་སྒོ་ནས་བལྟ་དགོས། ང་ཚོ་བོད་མིའི་གྲངས་ཧ་ཅང་ཉུང་ཉུང་ཡིན་པས་ཆོལ་ཁ་དང་ཆོས་ལུགས་ཀྱི་ངན་དུག་གིས་ཟིན་ནས་བཞུགས་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་ཡིན་པ་དང་། བོད་མིའི་དགྲ་བོ་རྣམས་ཀྱིས་བེད་སྤྱོད་གཏོང་རྒྱུ་ཡིན་པ་སྨོས་མི་དགོས། དེ་ཡང་ཤེས་ཡོན་གྱིས་དབེན་པའི་བོད་མི་དཀྱུས་མ་རྣམས་ལ་བཤད་ཅི། ཤེས་ཡོན་ཅན་ལག་འཁྱེར་གྱིས་ཕྱུགས་པའི་བོད་མི་མང་པོ་ཞིག་ལ་མཁྲིས་ནད་དེ་ལྟར་ཕོག་འདུག་པས་ཧ་ཅང་གི་ཐབས་སྐྱོ་པོ་ཡིན་ལ། བོད་མིའི་ཞབས་འདྲེན་ཡང་ཡིན།

  11. བློ་བཟང་། says:
    2018-04-03 at 5:07 am

    བློ་སངས་མ་རེད་ཁྱི་སངས།

  12. རོ་བདག says:
    2018-04-03 at 6:24 am

    བོད་ཡིག་འབྲི་ཀློག་ཙམ་ཤེས་མཁན་ཚོར་རྣམ་དཔྱོད་མི་འདུག ལ་རྒྱ་མི་འདུག ལྟ་བ་དང་ལངས་ཕྱོགས་མི་འདུག མདོར་ན་ཅི་ཡང་མི་འདུག

  13. སྐལ་བཟང says:
    2018-04-03 at 12:12 pm

    ༼ རོ་བདག ༽ ལགས་ལ་ཡིན། ཁྱེད་རང་གི་བཀའ་མོལ་གསུང་སྟངས་དེས་བོད་ཡིག་འབྲི་ཀློག་ཙམ་ཤེས་མཁན་གཞན་རྣམ་ལ་རྣམ་དཔྱོད་སོགས་མི་འདུག་ཞེས་ཁ་ཚོན་གཅོད་མི་ཐུབ་ནའང་ཁྱེད་རང་ལ་རྣམ་དཔྱོད་སོགས་མེད་པ་གོང་ནས་ཉིད་ཀྱིས་བྲིས་པ་དེས་ཤེས་ཐུབ།

  14. དཔལ་ལྡན། says:
    2018-04-04 at 10:32 am

    བློ་བཟང་སེང་གེ་ཁྱི་རེད། སྤེན་པ་ཚེ་རིང་ཕག་རེད། སྤྱི་འཐུས་དེ་ཚོ་རྒྱ་ནག་གི་རྒྱུག་ཁྱི་རེད། བར་ནས་སྐད་ཆ་བཤད་མཁན་ཚོ་མགོ་མ་ཚོས་པའི་གླེན་པ་རེད། ཅི་ཡང་མི་བཤད་མཁན་ཚོ་སྐབས་འཚོལ་བ་རེད། མཐའ་ན་བོད་མདོ་དབུས་ཁམས་གསུམ་གྱི་ནང་མྱི་དག་མ་གཅིག་ཀྱང་མི་འདུག ཐ་ན་ང་རང་ཡང་དེ་ཚོའི་ནང་འདུག འདི་དེང་སྐབས་ཀྱི་སྤྱི་ཚོགས་གླེང་བའི་མཇུག་བསྡོམས་རེད། ཧ་ཧ་ཧ་ཧ་

  15. ཇ་མ་ says:
    2018-04-05 at 11:12 am

    སྲིད་སྐྱོང་འོས་འདེམས་རྗེས་བློ་སེང་དང་སྤེན་ཚེ་གཉིས་ལ་ལག་སྦྲལ་ནས་༧གོང་ས་མཆོག་ནས་གནམ་མཁའ་གཡའ་དྭགས་ས་གཞི་རྡུལ་དྭགས་ཡིན་གསུང་པ་ནས་འོས་བསྡུས་འཐེན་འཁྱེར་དེ་རེ་ཞིག་ཞི་འཇམ་གྱུར་བ་རེད། བློ་སེང་གིས་སྲིད་ཁྲིའི་སྟེང་ནས་མུ་འཐུད་ཁམས་པའི་ལ་རྒྱ་བཟུང་ནས་མིའི་མིག་ལ་གནོད་ཚབ་ཆེ་བའི་ལས་ཀ་མང་གཅིག་གཅིག་རྗེས་གཉིས་འཐུད་ནས་གྲུབ་དོན་གཙོ་བོ་ནི་ད་རེས་ཀྱི་ཞི་རྒོལ་ལས་འགུལ་དེ་མི་སྤེལ་ཐུ་མེད་དང་། ད་དུང་འདི་ལས་ལྷག་པའི་ལས་འགུལ་ཛ་དྲག་ཅན་མ་འོང་བར་མི་སྒྱུབ་པའི་ངེས་པ་གཏན་ནས་མེད་པ་རེད། སྲིད་སྐྱོང་འདམ་སེང་གིས་གསན་པར་སྨོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme