Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདས་ཟིན་པའི་ལོ་རྒྱུས་ཀྱི་རྨ་ཁ།   

Posted on 2018-02-04 By ཁ་བརྡ 4 Comments on འདས་ཟིན་པའི་ལོ་རྒྱུས་ཀྱི་རྨ་ཁ།   

ཞི་བདེའི་ལང་ཚོས།

མཐའ་ཀུན་གངས་རི་ཡིས་བསྐོར་ཞིང་། རང་འབྱུང་ཁམས་ཀྱི་མཛེས་སྡུག་གི་འབྱོར་བས་ཕྱུག་པའི་སའི་གོ་ལའི་ཡང་ཐོག་ཏུ་གནས་ཤིང་སྙན་པར་གྲགས་པའི་གངས་ཅན་གྱི་ལྗོངས་དེ་ནི། ལོ་ངོ་སྟོང་ཕྲག་དང་སྟོང་ཕྲག་སྔ་རོལ་གྱི་ལོ་རྒྱུས་ལྡན་ཞིང་། རིག་གནས་དང་རིག་གཞུང་གི་རྒྱ་མཚོ་འཁྱིལ། དཔའ་མཛངས་ནུས་གསུམ་གྱི་སེང་གེ་ཁེངས་ཤིང་། དམག་དཔུང་གི་འོད་སྟོང་འབར་བའིགདོང་དམར་བོད་པ་ཞེས་པ་སུམ་གཉིས་ས་ཡི་དཀྱིལ་འཁོར་གྱི་སྟེང་དུ་སྙན་པར་གྲགས་ཤིང་། སྟོབས་ཤུགས་ལྡན་པའི་རྒྱལ་ཁམས་ཆེན་མོ་ཞིག་སྟེ། དེ་ཡང་ཟླ་བའི་ཕྲེང་བ་དུ་མ་ཡི་སྔ་རོལ་ཏུ་གངས་ཅན་གྱི་ལྗོངས་དེ་ཉིད་ལྡེམ་ལྡེམ་དུ་འཁྱིལ་བའི་རྒྱ་མཚོ་ཆེན་མོ་ཞིག་ལས་གཅན་གཟན་དང་རི་དྭགས་ཀྱི་གནས་གཞི་སྟེ་ནགས་ཚལ་གྱི་རྣམ་པ་སྨིན་ཞིང་། སྤྲེའུ་སྲིན་གྱི་རིགས་རྒྱུད་ལས་གངས་ཅན་གདོང་དམར་པའི་མི་རྒྱུད་འཕེལ་ཏེ། ཡུལ་སྡེ་ཡི་རྣམ་པ་རྒྱས། མི་རིགས་ཀྱི་སྲོག་དབུགས་སྙེས་ཤིང་། རིག་གཞུང་གི་ལོ་ཏོག་སྨིན། རྣམ་དཔྱོད་ཀྱི་ཉི་འོད་འཕྲོས་ཤིང་། སྒྱུ་རྩལ་གྱི་མེ་ལྕེ་འབར་ཏེ་ནམ་ཞིག་ཏུ་མིག་མས་འགྲིབས་སུ་ཡོད་པ། གཡུའི་སྨིག་མ་ཅན་གྱི་མི་ཡི་རྗེ་བོ། སྤུ་རྒྱལ་གྱི་ཕྲེང་རྒྱུད་ཐོག་མ་སྟེ། འོད་ལྡེ་སྤུ་རྒྱལ་ཞེས་སྙན་གྲགས་ཀྱི་མེ་ལྕེ་འབར་བའི་མི་ཡི་རྗེ་བོ་ཞིག་བྱོན་ཏེ། སྤུ་རྒྱལ་གྱི་ཕྲེང་བ་སྲོལ་གཏོད་ཅིང་། བོད་རྒྱལ་ཁམས་ཆེན་མོའི་བཙན་པོའི་མགོ་སྣ་ཁྲིད་དེ། ཕོ་བྲང་གི་ཐོག་མ་ཡུམ་བུ་བླ་སྒང་བཞེངས། དེ་ནས་བཟུང་གངས་ཅན་གྱི་ལྗོངས་འདིར། རིམ་གྱིས་དཔའ་མཛངས་ནུས་གསུམ་ལྡན་པའི་བཙན་པོ་ཡི་ཕྲེང་བ་བརྒྱུད་དེ་ཕྱོགས་བཞི་དབང་དུ་བསྡུས་ཤིང་། ཁྲིམས་ཡིག་ཆེན་མོ་ཁོད་སོ་དྲུག་གཏན་ལ་ཕབ་ཏེ། སྙན་གྲགས་ཀྱི་རྒྱལ་མངའ་ཕ་ས་སྟོད་སྨད་བར་གསུམ་ལས་རྒྱལ་ཏེ་རི་བོ་ཇོ་མོ་གླང་མའི་དབུ་རྩེ་ནས་གྲགས་ཤིང་རྒྱལ་སྤྱི་གྲོགས་སུ་བཙོལ། མངའ་ཐང་གི་གཤོག་རྩལ་རྒྱས། དམག་དཔུང་གི་འོད་སྟོང་འབར། རང་དབང་གི་རྒྱ་མཚོ་འཁྱིལ། དམ་ཆོས་ཀྱི་བདུད་རྩི་རྙེད་དེ་གངས་ཅན་གྱི་ལྗོངས་དེ་ཉིད་ཆོས་ལྡན་གྱི་ཞིང་ཁམས་ཤིག་ཏུ་བསྐྲུན་ནས་འབངས་རྣམས་བདེ་སྐྱིད་དང་རང་དབང་གི་སྦྲང་རྩི་ལ་ཚིམས་པར་རོལ་མྱོང་།

ད་དུང་དམག་དཔུག་གི་འཁོར་ལོ་བསྐོར་ཞིང་། དཔའ་བོ་ཡི་སྐར་ཚོགས་ཁེངས། སྙིང་སྟོབས་ཀྱི་མདའ་མོ་ཕངས་ཤིང་། རྒྱལ་ཁ་ཡི་ཆུ་མོ་རྒྱས་ཏེ་སུམ་གཉིས་ས་ཡི་སྟེང་དུ་དཔའ་བོ་རལ་གྲིས་ཁྲག་གི་རྒྱ་མཚོ་འཁྱིལ་ཏེ་སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་ཞེས་ཐོས་ཙམ་གྱིས་འཇིགས་ང་བའི་ནུས་ཤུགས་ལྡན་ལ། མཐོང་ཙམ་གྱིས་ཡིད་སྨོན་པའི་གཟི་བརྗིད་ལྡན།

འོན་ཀྱང་དུས་ནམ་ཞིག་ན། གནམ་ལྕགས་ཀྱི་མདའ་མོ་ཞིག་གིས་སྙན་གྲགས་ཀྱི་རྒྱལ་མངའ་གཏོར་ཞིང་། སྙིང་སྟོབས་ཀྱི་གཤོག་པ་བཅད་སོང་། དམག་དཔུང་གི་འོད་སྟོང་བསྣུབས་ཤིང་། རྒྱལ་ཁ་ཡི་ཆུ་མོ་བསྐམ་སོང་། གཟི་ཤུགས་ཀྱི་དམག་མཁར་བཅོམ་ཤིང་། བཙན་པོ་ཡི་ཕྲེང་རྒྱུད་བཅད་སོང་། སྙན་གྲགས་ཀྱི་རི་བོ་བསྙིལ་ཞིང་། ཡར་རྒྱས་ཀྱི་ལབ་བུ་བཀག་སོང་། དམག་དཔུང་གི་རྒྱ་སྒོ་གཏོར་ཞིང་། རྗེས་ལུས་ཀྱི་ལམ་སྣ་དྲངས་སོང་།  

ཀྱེ་མ། དེ་ནས་བཟུང་སྲིད་ཀྱི་བྲག་རི་ཉིལ་ཏེ་རི་རྩེ་ནས་ཉིལ་བའི་གངས་རི་ཐང་དུ་ཐོར་བ་བཞིན་དུ་སྔར་གྱི་མངའ་ཐང་དང་དམག་དཔུང་གི་མེ་ལྕེ་འབར་ཞིང་། གཟི་བརྗིད་ཀྱི་མངའ་ཐང་རྒྱས་པའི་གངས་ཅན་ལྗོངས་ཀྱི་རྒྱལ་ཁམས་ཆེན་མོ་དེ་ཉིད་ཡོངས་སུ་སིལ་བུར་ཐོར་སོང་། དེའི་ཚེ་དེ་ལྟར་དུ་གྱུར་བ་མེས་དཔོན་དམ་པ་ཁྱེད་རྣམས་ཀྱིས་གཟིགས་སོང་ངམ། ཁྱེད་རྣམས་ཀྱི་ཐུགས་སུ་ཅི་ཞིག་དགོངས་སོང་ངམ། རེད་ཡ། ངོ་མ་དེའི་ཚེ་ཁྱེད་ཅག་གི་ཐུགས་སུ་ཏན་ཏན་སྐྱོ་སྣང་དང་ཕངས་སེམས་ཀྱི་ཚེར་མས་ཁེངས་ཏེ་གང་ཡང་གནང་ཐབས་བྲལ་ཏེ་རྒྱང་རིང་ནས་གཟིགས་བཞིན་ཡོད་པ་ནི་སྨྲོས་མི་དགོས་པ་ཞིག་རེད་ཨང་། མ་ཟད་དེའི་ཚེ་བོད་འབངས་རྣམས་ཀྱི་སེམས་ནང་དུ་ཕངས་སེམས་ཀྱི་རྨ་ཁ་བཟོས་ཤིང་། མེས་དཔོན་དམ་པ་ཁྱེད་རྣམས་ཡིད་ལ་ལྷང་ངེར་འཁོར་བཞིན་ཅི་བྱ་གཏོལ་མེད་དུ་ལོང་བ་ཐང་སྟེང་དུ་ལུས་པ་བཞིན་དུ་གྱུར་བ་རེད་ཨང་། 

དེ་ནས་རིམ་བཞིན་དུས་ཤིག་ཏུ་དགྲ་དམར་གྱི་སྟོབས་ཤུགས་བསླེབས་ཏེ་བསད་གཏོར་འཕྲོག་གསུམ་གྱིས་བོད་ཁམས་ཡོངས་སུ་ཁྲག་དམར་གྱི་རྒྱ་མཚོ་འཁྱིལ་ཞིང་། རོ་ཕུང་གི་རི་བོ་བརྩིགས་ཏེ་ངུ་འབོད་ཀྱི་འུར་སྒྲ་ཁེངས་སོང་། རང་དབང་གི་ཉི་མ་ནུབ་ཅིང་གཞན་དབང་གི་མུན་ནག་ནང་དུ་ལྷུང་སྟེ་སྐྱེས་བོ་དུ་མ་ཕྱི་མིའི་ལྔ་ལམ་དུ་བསྐྱལ་སོང་།

ཀྱེ་མ། མཛེས་ཤིང་ལྟ་ན་སྡུག་པའི་གངས་ཅན་གྱི་ལྗོངས་དེ་ཉིད་དགྲ་དམར་གྱིས་དམྱལ་ཁམས་ཤིག་ཏུ་བསྐྲུན་ནས་གངས་ཅན་གདོང་དམར་པ་རྣམས་སྡུག་བསྔལ་གྱི་མེ་ལྕེ་ནང་དུ་བླུགས་སོང་། མཚོན་ཆ་ཡི་མདའ་མོ་བསྣུན་སོང་། བཙན་དབང་གི་དུག་ཆུ་གཏོར་སོང་།རྫུན་གཏམ་དང་གཡོ་སྒྱུ་ཡི་ཕྱུག་ཅིང་ཧམ་སེམས་དང་གནོད་སེམས་ཀྱིས་ཚོས་པའི་དགྲ་དམར་ཁྱེད་ཅག་ནི་ངོ་མ་སྙིང་རྗེ་སྤུ་ཙམ་ཡང་མེད་པར་གནོད་འདྲེ་དང་ཤན་པ་ལས་ཀྱང་ཐབས་སྐྱོ་བ་ཤིག་རེད་ཨང་། ཁྱེད་ཅག་གིས་ཉམ་ཆུང་གདོང་དམར་པ་རྣམས་ཀྱི་དྲང་བདེན་དེ་ཉིད་བཙན་དབང་གི་རྐང་འོག་ཏུ་སྦས་ཏེ་རྒྱལ་སྤྱི་རུ་ངོ་ཚ་དང་ཁྲེལ་མེད་པའི་རྫུན་གཏམ་དང་གཡོ་གཏམ་སྣ་ཚོགས་བསྙད་དེ་ངོམ་སོ་བྱེད་པ་དེ་ནི་ངོ་མ་འཛམ་གླིང་བསླུ་བྲིད་བྱེད་མཁན་གྱི་མི་ངན་གཏེ་པོ་ཞིག་ཡིན་པ་ཁྱེད་ཅག་གིས་ཤེས་སམ། ཁྱེད་ཅག་གི་སེམས་ནང་དུ་དེ་ལྟར་དྲན་མྱོང་ངམ། མ་ཟད་ང་ཅག་གདོང་དམར་པ་རྣམས་ཀྱིས་དགྲ་དམར་ཁྱེད་ཅག་གི་བཙན་དབང་ལ་མ་བཟོད་པར་རིན་ཐང་གཞལ་དུ་མེད་པའི་རང་ཉིད་ཀྱི་ལུས་པོ་དེ་ཡང་མཆོད་སྤྲིན་དུ་ཕུལ་བའི་ཚེ་ཁྱེད་ཅག་གི་མིག་ལམ་དུ་ཇི་ལྟར་བཟོད་ཀྱིན་འདུག་གམ།ཁྱེད་ཅག་གིས་དེ་ལྟར་མཐོང་བའི་ཚེ་སེམས་ནང་དུ་ཚོར་བ་ཅི་ཞིག་མྱོང་གིན་འདུག་གམ། གཅིག་བྱས་ན་ཁྱེད་ཅག་ནི་སྙིང་རྗེ་མེད་པའི་ཤན་པ་དང་མཚུངས་པས་ཏན་ཏན་ཚོར་བ་གང་ཡང་མེད་པར་སྣང་མེད་དུ་བསྐྱུར་ངེས། འོན་ཀྱང་ཁྱེད་ཅག་གིས་ཤེས་སམ་ཅི། མི་གཅིག་གི་ཚེ་སྲོག་ནི་མི་དེ་ལ་མཚོན་ན་ཆེས་རིན་ཐང་ལྡན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་མཚུངས་ཤིང་། རྙེད་པར་དཀའ་ལ་ཕར་སོང་རྗེས་སླར་ཡང་ཚུར་ལོག་རྒྱུ་མེད་པ་ཞིག་ཡིན་ཞིང་། མ་ཟད་ཁྱེད་ཅག་གི་ལག་ཏུ་ཁབ་དང་ཚེར་མ་གཟུག་པ་ཙམ་གྱིས་ན་ཟུག་གིས་མ་བཟོད་པ་བཞིན་དུ་འུ་ཅག་གི་སེམས་ནང་དུའང་ཁྱེད་ཅག་གི་ལག་ཏུ་ཚེར་མ་གཟུག་པའི་ན་ཟུག་སྟོང་དང་འབུམ་ལས་ལྷག་པའི་ན་ཟུག་གིས་མ་བཟོད་པ་ཁྱེད་ཅག་གིས་ཤེས་སམ། 

ཀྱེ་མ། སྔར་དཔའ་མཛངས་ནུས་གསུམ་ལྡན་པའི་གངས་ཅན་གྱི་ལྗོངས་འདིར་དགྲ་དམར་གྱི་སྟོབས་ཤུབས་བསླེབས་ཏེ་དགྲ་དམར་གྱི་གནོད་ཚེ་ལས་བྲོས་ཏེ་ཐག་རིང་གཞན་ཡུལ་དུ་སྐྱབས་བཙོལ་ནས་རང་དབང་གི་ཉི་མ་ལ་རེ་སྒུག་བྱེད་བཞིན་སེམས་ནང་སྐྱོ་སྣང་གི་མིག་ཆུ་འཁྱིལ་ཏེ་མི་རིགས་གཞན་ལ་མགོ་བོ་བཀུར་ཏེ་སྐྱོ་སྣང་གི་ཚོར་བས་ལུས་སེམས་ཡོངས་སུ་མནན་ཏེ་ལྗིད་ཏིག་ཏིག་གི་ངང་དཔའ་མཛངས་ནུས་གསུམ་ལྡན་པའི་མེས་དཔོན་དམ་པ་ཁྱེད་རྣམས་རྟག་ཏུ་སྙིང་ནས་དྲན་བཞིན་ཡོད།

རྩོམ་རིག

Post navigation

Previous Post: བྱེར་འགྲམས་ཀན་སར་ (Metastatic cancer) སྐོར་གྱི་དྲི་བ་དང་ལན་འདེབས།
Next Post: ངས་སྲིད་སྐྱོང་བློ་བཟང་སེང་གེ་ལ་གུས་བརྩི་བྱེད་དོན།

Comments (4) on “འདས་ཟིན་པའི་ལོ་རྒྱུས་ཀྱི་རྨ་ཁ།   ”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-05 at 5:38 am

    སྤྱི་ཚོགས་དར་རྒུད་རང་རང་ལས་ཀྱིས་སྒྲུབ་།
    སྙིགས་དུས་ཤར་ནས་བོད་འབངས་བསོད་ནམས་སྒྲིབས་།
    འཇིག་རྟེན་འཁོར་བ་རྒྱུ་འབྲས་འོག་ཏུ་འཚོ་།
    བོད་འབངས་བསོད་ནམས་རྒྱས་པའི་དུས་ལ་སླེབས་།
    དུས་ཚོད་སྔ་ཕྱི་མ་རྟོགས་རང་ས་རང་བདག་ཐུབ་།
    ྭ

  2. Abharu Jigwang says:
    2018-03-22 at 10:28 pm

    ༄༅། ཞི་བདེའི་ལང་འཚོས་་་རྩོམ་བྲིས་དེ་བསྔགས་འོས་པ་ཞིག་འདུག་པ་་་ཐུགས་རྗེ་ཆེ།
    འདི་འདྲ་བོ་ཕ་ཡུལ་བཙན་པོས་འཕྲོག་པའི་སྐོར་གཞོན་སྐྱེས་རྣམས་ཀྱི་བློ་ལ་ཤར་ཐུབ་པའི་
    རྩོམ་འདྲ་འབྲི་བར་ཞུ། བཀྲིས་བདེ་ལེགས།

  3. ཀརྡོ་རབ་འབྱམས་པ་ says:
    2018-03-23 at 3:57 am

    ་་་་་་་་་་། མ་ཟད་ང་ཅག་གདོང་དམར་པ་རྣམས་ཀྱིས་དགྲ་དམར་ཁྱེད་ཅག་གི་བཙན་དབང་ལ་མ་བཟོད་པར་རིན་ཐང་གཞལ་དུ་མེད་པའི་རང་ཉིད་ཀྱི་ལུས་པོ་དེ་ཡང་མཆོད་སྤྲིན་དུ་ཕུལ་བའི་ཚེ་ཁྱེད་ཅག་གི་མིག་ལམ་དུ་ཇི་ལྟར་བཟོད་ཀྱིན་འདུག་གམ། ་་་་་་་་་

  4. ཨ་ཁུ་འབྲོག་པ། says:
    2018-03-23 at 9:55 am

    བོད་འབངས་བོད་ནམས་ཟད་པས། ཆེ་རྒུའི་སྙིང་ལ་གདོན་ཞུགས། བོད་མི་རེའི་ཁོག་ལ་འདྲེ་རེ་ཞུགས་གསུངས་པའི་ལུང་བསྟན་ཐོག་ཏུ་བབ་སྟེ། བཙན་པོ་གླང་དར་འུ་དུམ་ཅན་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལྟར་སེངྒེ་གངས་ལ་གནས་ཏེ། གཡུ་རལ་ངོམ་མ་ཐུབ་པར་ཐང་ལ་བབས་ཏེ། ད་ལྟའི་སྲིད་སྐྱོང་སློབ་བཟང་སངས་རྒྱས་ལྟར། ཁྱི་རྒན་ད་ལིའི་རྟུལ་ཞུགས་བཟུང་བས་དཔལ་གྱི་རྡོ་རྗེའི་གནམ་ལྕགས་ཀྱི་མདའ་མོའི་ངར་ལ་མི་འདྲོང་ཀ་་མེད་གྱུར་པ་ནི། སྐབས་དེའི་དུས་ཀྱི་དགོས་པ་གལ་ཆེ་ཞིག་ལོས་ཡིན་ཞེས་ང་སྨྲའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme