Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདམས་ཐོན་སྤྱི་འཐུས་ 22 དེས་མུ་མཐུད་ཁྲིམས་འགལ་བྱེད་ཀི་མ་རེད།

Posted on 2021-06-21 By ཁ་བརྡ 7 Comments on འདམས་ཐོན་སྤྱི་འཐུས་ 22 དེས་མུ་མཐུད་ཁྲིམས་འགལ་བྱེད་ཀི་མ་རེད།

བསྟན་འཛིན་རབ་དགའ། 

22 ལབ་ན། རྒྱ་གར་གྱི་སྲིད་བློན་ནེ་ཧ་རུས་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་ལ་རེ་སྐུལ་གནང་སྟེ་བཙུགས་པའི་བོད་པའི་དམག་སྒར་དེ་ཡིད་ལ་དྲན་པར་བྱེད། ཁོང་ཚོ་ནི་བོད་རྒྱལ་ཁབ་སླར་གསོ་ལ་ལྷག་བསམ་ལྷད་མེད་ལྡན་མཁན་དང་། གནས་ཡུལ་རྒྱ་གར་སྲུང་སྐྱོབ་ལ་བྱས་རྗེས་གཟེངས་ཐོན་གྱི་དམག་སྡེ་ཞིག་ཡིན། གང་ན་རྒྱལ་ལོ་དོན་གྲུབ་ཀྱི་ཐུགས་དགོངས་ལས་འཁྲུངས་པའི་ལས་གཞི་ཡོད་ན། དེ་ན་བོད་བསྟན་པ་ཆབ་སྲིད་ལ་ཤ་ཚ་ཞིང་སྙིང་ཉེ་བའི་བྱས་རྗེས་ཀྱི་གཟི་མདངས་ཡོད། སྔར་ཡོད་ཀྱི་ 22 ནི་འདི་འདྲ་ཞིག་ཡིན་པ་རེད། ད་ལྟ་ང་ཚོར་ 22 ཟེར་བའི་སྡེ་ཚན་གསར་པ་ཞིག་བྱུང་ཡོད། བོད་གཞུང་གི་འོས་བསྡུ་ལས་ཁུངས་ཀྱིས་ཁོང་ཚོར། ཁྲིམས་མཐུན་གྱི་དམ་འབུལ་ཞུ་དགོས་ཞེས་རེ་བ་འདོན་མགོ་ཚུགས་སོང་། ཁོང་ཚོ་ནི་སྐབས་བཅུ་བདུན་པར་འདམས་ཐོན་སྤྱི་འཐུས་རེད།  གོང་ས་མཆོག་གི་སྐུ་པར་གྱི་མདུན་ནས་དམ་འབུལ་ཞུས་ཡོད་རབས་གསར་ལམ་ཁག་ལ་སྐད་གསང་མཐོན་པོས་བསྒྲགས། དབུས་འོས་བསྡུ་ལས་ཁུངས་ནས་ཡིག་ཆ་ཚད་ལྡན་རེད་ལབ་སོང་ཞེས་འུད་ཆེན་པོས་བསྒྲགས། མང་ཚོགས་ནང་ལ་འཁྲུག་ཐེབས་པ་ཁོ་ནའི་ཆེད་མི་བདེན་རྫུན་སྒྲིག་

བྱས་ནས་བསྒྲགས། ཡིན་ནའང་། གནས་ཚུལ་ཚང་མ་གབ་ཕྱི་ལོགས་སོང་། ཁ་སང་དབུས་འོས་བསྡུ་ལས་ཁུངས་ནས། 22 དེས་ཁྲིམས་མཐུན་གྱི་དམ་འབུལ་གནང་བར་བསམ་བློ་ཐོངས་ཞེས་གཞུང་འབྲེལ་གསལ་བསྒྲགས་བསྐྱངས་ཏེ།  22 དེའི་བྱེད་སྟངས་དེ་གཞུང་གི་ངོས་ནས་ཁྲིམས་འགལ་དུ་ངོས་འཛིན་གྱི་ཡོད་པ་བསྟན་སོང་། ད་དུང་གོམ་པ་གཉིས་པ་ཞིག་སྤོ་མི་དགོས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ཀྱང་གསལ་པོ་བྱས་སོང་། 22 དེས་བྱེད་སྟངས་དེ་བཅའ་ཁྲིམས་སྲུང་སྐྱོབ་ཡིན་རབས་ཟེར། གཞུང་གིས་དེ་ནི་ཁྲིམས་འགལ་རེད་ཅེས་བསྒྲགས། གདོང་ཐུག་རྒྱག་སྟངས་ཞེད་སྣང་ཚ་བོ་རེད། ཁོང་ཚོའི་རྒྱབ་སྐྱོར་བ་ཡིན་ནོ་ལོ་འགས། བཅའ་ཁྲིམས་སྲུང་སྐྱོབ་ཡིན་པར་བརྟེན། ད་རེས་ཁ་བཤད་དོན་ལ་གནས་པ་བྱས་ཏེ། བཅའ་ཁྲིམས་སྲུང་སྐྱོབ་བྱེད་དགོས་རེད། ཁ་གཡར་ས་བཙལ་ནས་མགོ་སྒུར་རྒྱུ་ཡོད་པ་མ་རེད། སོ་སོའི་རྐུབ་སྟེགས་ཤོར་ནའང་ད་རེས་ཤོར་འཇུག་ཐུབ་དགོས་པ་རེད་ཅེས་ཤུགས་ཆེན་པོས་རེ་སྐུལ་བྱེད་ཀྱིན་གདའ། རེ་སྐུལ་འདིར་བལྟས་ན། རྒྱབ་སྐྱོར་བ་ཚོས་ཡིད་ཆེས་བརྒྱ་ཆ་བརྒྱ་བྱེད་ཐུབ་ཀྱི་མེད་པ་འདྲ། 22 དེས་བཅའ་ཁྲིམས་སྲུང་སྐྱོབ་བྱེད་ཀི་ཡོད་པ་བདེན་ན། ད་རེས་ཁ་གཡར་ས་བཙལ་ནས་མགོ་སྒུར་གི་མ་རེད། ཁ་གཡར་ས་བཙལ་ཐབས་ཀྱང་བྱེད་ཀི་མ་རེད། དེ་འདྲ་རྩ་བ་ཉིད་གནས་གནང་གི་མ་རེད། རྒྱབ་སྐྱོར་བ་ཚོས་བློ་བདེ་པོ་བྱས་ཆོག་གི་རེད་དྲན། ཡིན་ནའང་། ཆབ་སྲིད་པ་ཚོས་རང་གིས་ཁུངས་མི་འཁྱོལ་བའི་སྐབས་སུ། ཁ་གཡར་ས་རེ་འཚོལ་ཅི་ཐུབ་བྱེད། ལོག་འགྲེལ་བྱེད་པར་ཡང་འབད་ཀྱི་རེད། དཔེར་ན། བཅའ་ཁྲིམས་དང་འགལ་བའི་ཡིག་ཆ་ཨང་སོ་དགུ་པ་ད་ཆ་ནུས་མེད་ཕྱིན་ཚར་ནའང་། ད་དུང་དེ་གླེང་ཁུལ་གྱིས་མང་ཚོགས་འཁྲུག་ཐབས་ལ་འབད་ཀི་ཡོད་པ་རེད། ཡིག་ཆ་སོ་དགུ་པ་ནི་བཅའ་ཁྲིམས་ཀྱིས་ནུས་མེད་བཟོས་ཚར་བ་རེད། ཁྲིམས་ཞིབ་ཁང་གིས་སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ནས་དེ་མཇུག་སྐྱོང་སོགས་ཀྱི་གོ་སྐབས་ཤོར་བར་ངོས་འཛིན་བྱས་ཚར་བ་རེད། སྐབས་བཅུ་དྲུག་པའི་རྒྱུན་ལས་ཚོས་མཇུག་སྐྱོང་བྱེད་ཐབས་མེད་པར་ཐག་བཅད་ནས་གད་སྙིགས་ནང་བརྫངས་ཚར་བ་རེད། ཡིག་ཆ་སོ་དགུ་པ་ནི་དེ་ལྟ་དེ་ལྟར་སྐུ་གཤེགས་སོང་བ་རེད། ཧཧ།22 དེའི་ད་ལྟའི་བྱེད་སྟངས་བྱེད་ལུགས་ནི་སྒྲིག་འཛུགས་གཏོར་བཤིག་ལ་ཉེ་བ་ལས་བཅའ་ཁྲིམས་སྲུང་སྐྱོབ་དང་ཐག་རིང་པོ་རེད། ཁོང་ཚོར་བདེན་པ་བརྒྱ་ཆ་བརྒྱ་ཡོད་པའི་དབང་དུ་བཏང་ནའང་། རྒྱུ་མཚན་ཉི་ཚེ་བ་བགྲངས་ནས་སྡོད་སྟངས་ལ་བལྟས་ན། བདེན་པ་ཡོད་བཟོ་མི་འདུག ལོ་ཐུབ་ཚེ་ཐུབ་ཀྱི་རྒྱུ་མཚན་གུང་བསྒྲིགས་ནས་བཅའ་ཁྲིམས་སྲུང་སྐྱོབ་གནང་དགོས་རེད་མ་གཏོགས། ཁུངས་འཁྱོལ་བཟོ་ཅང་མི་གདའ། ཁོང་ཚོའི་རྒྱབ་སྐྱོར་བ་ཚོས་གནས་སྟངས་གང་འདྲ་ཞིག་གི་འོག་ནས་ཀྱང་སོ་སོའི་ལྟ་བ་ལངས་ཕྱོགས་ལ་འགྱུར་བ་ཁྱོན་ནས་གཏོང་རྒྱུ་ཡོད་པ་མ་རེད། མགོ་སྒུར་རྒྱུ་ཡོད་པ་མ་རེད་ཅེས་བཤད་མགོ་ཚུགས་སོང་། ཡིན་ནའང་། ད་ནི་ཕལ་ཆེར་ལྟ་གྲུབ་ཉི་ཚེ་བ་དེ་དག་རིམ་པས་འགྱེལ་འགྲོ་གི་རེད། མི་རིང་བར་བཅའ་ཁྲིམས་ལ་མགོ་སྒུར་གི་རེད། ཁྲིམས་མཐུན་གྱི་ལམ་དུ་ཞུགས་ནས་རང་ཉིད་ཀྱིས་བྱུས་ངན་སྤེལ་བར་རང་ཉིད་ཀྱིས་ལན་རྒྱག་དང་དག་སེལ་བྱེད་གི་རེད། རྒྱ་ཆེའི་མང་ཚོགས་ནས་སེམས་ཁྲལ་གནང་དགོས་མ་རེད། མུ་མཐུད་ནས་ཁྲིམས་འགལ་བྱས་བསྡད་ན། སོ་སོའི་རྐུབ་སྟེགས་ཤོར་འགྲོ་གི་ཡོད་པ་རེད། རྐུབ་སྟེགས་བློས་གཏོང་ཐུབ་ཀི་མ་རེད། ཆབ་སྲིད་འཁྲབ་ཀི་ཡོད་པ་རེད། རྒྱབ་སྐྱོར་བ་ཡིན་ནའང་འདྲ། ངོ་རྒོལ་བ་ཡིན་ནའང་འདྲ། སེམས་ཁྲལ་བྱེད་དགོས་མ་རེད། ཁོང་ཚོས་ཁ་གཡར་ས་ཞིག་བཙལ་ནས་མགོ་སྒུར་གི་རེད། ཁྲིམས་མཐུན་གྱི་དམ་འབུལ་ཞུ་གི་རེད།

བསམ་ཚུལ།

Post navigation

Previous Post: ན་བུན་སྐྱ་བོ།
Next Post: བསྡད་ས་དེའི་གཡས་གཡོན་དུ།

Comments (7) on “འདམས་ཐོན་སྤྱི་འཐུས་ 22 དེས་མུ་མཐུད་ཁྲིམས་འགལ་བྱེད་ཀི་མ་རེད།”

  1. མྱི་དཀར། says:
    2021-06-21 at 10:18 am

    ཁྲིམས་ཡོད་རུང་ཁྲིམས་ལག་བསྟར་བྱེད་སའི་ཁྲིམས་ཁང་མེད་པས་རྡོ་འཐུས་འགས་གླང་ཆེན་ས་གཤག་བྱེད་ནི་རེད། ངོ་མ་ཡིད་སྐྱོ་བ་རང་རེད། རྡོ་འཐུས་འགས་ངོ་དེབ་སོགས་བརྒྱུད་ནས་མི་མང་ལ་མགོ་སྐོར་དང་རྫུན་གཏམ་གང་ཐུབ་ཅི་ཐུབ་བྱས་ནས་བསྒྲོག བདེན་པ་ཡོད་མདོགས། དྲང་མོ་ཡིན་མདོགས། གནས་ལུགས་ཡོད་ཁུལ། སྲོང་སྐྱོབ་བྱེད་ཁུལ་སོགས་སྐྱག་རྫུན་རྐྱང་རྐྱང་བཤད་ནས་མི་མང་མགོ་སྐོར་གཏོང་། བརྒྱ་བཤད་སྟོང་བཤད་ན་མདོ་བབ་ས་དེ་སྲིད་སྐྱོང་རྙིང་པའི་ཅ་པ་དེ་རེད། བསམ་སྤྱོར་ངན་པ་དེ་དག་ལ་སྙིང་རྗེ་རེ་སྒོམ་རྒྱུ་མ་གཏོགས་གཞན་ཁག་པོ་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་། says:
    2021-06-21 at 8:57 pm

    ང་ཚོ་མི་ཡུལ་དུ་སྐྱབས་བཅོལ་ནས་བསྡད་ཡོད་པ་དང་ལག་ཏུ་སྐྱབས་བཅོལ་གྱི་ཡིག་ཆ་ R/C བཟུང་ནས་བསྡད་ཡོད་པ་དེ་ང་ཚོའི་ངེས་པར་དུ་ཤེས་པ་གནང་དགོས་པ་དང་། སྤྱི་འཐུས་སྐབས་བཅུ་དྲུག་གི་ཡིག་ཆ་ཨང་ ༣༩ དེ་བཅའ་ཁྲིམས་དོན་ཚན་ ༥༤ དང་མ་མཐུན་པ་ནས་བཅའ་ཁྲིམས་དོན་ཚན་ ༥ པའི་འོག་ཏུ་ནུས་མེད་ཕྱིན་ཚར་བ་ལ་ངོས་འཛིན་ཞུ་གི་ཡོད་ལ་སྤྱི་འཐུས་རྒྱུན་ལས་ཀྱི་གསལ་བསྒྲགས་ནང་ཡིག་ཆ་ཨང་ ༣༩ ལ་སྤྱི་འཐུས་རྒྱུན་ལས་ཀྱི་འཇུགས་སྐྱོང་བྱེད་ས་མེད་པའི་གསལ་བཤད་ཡང་གནང་མི་འདུག་གམ་། དཔལ་ལྡན་སྲིད་སྐྱོང་སྐུ་ངོ་བློ་བཟང་སེངྒ་མཆོག་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་བོད་ཀྱི་བཀའ་ཐམ་སྲིད་ཞི་མ་དཔལ་ལྡན་སྲིད་སྐྱོང་གསར་པ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་རྩིས་སྤྲོད་གནང་ནས་༸གོང་ས་མཆོག་ནས་དྲ་ལམ་བཀའ་སློབ་འཚམས་འདྲི་ཕེབས་པ་སོགས་ལ་ང་ཚོའི་འགན་འཁུར་ནས་སྤྱི་འཐུས་སྐབས་བཅུ་བདུན་ཚང་མས་ཞབས་བྲོ་མཉམ་དུ་རྒྱབ་ནས་རྐེད་གཟེར་ལོགས་སུ་མ་བཅོ་བར་བཅའ་ཁྲིམས་དོན་ཚན་ ༤༧ འོག་ལས་འཁུར་དམ་འབུལ་ཞུ་དགོས་པ་དེ་ད་ལྟའི་བོད་ཀྱིས་གནས་སྟངས་ལ་འགན་འཁུར་དགོས་པའི་འབོད་བསྐུལ་འདི་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱིས་ཡུལ་མིའི་ལས་འགན་སྒྲུབ་ནས་ཞུ་གི་ཡོད་།

  3. ཚེ་བརྟན་འགྱུར་མེད། says:
    2021-06-24 at 10:42 am

    ཁྲིམས་ཀྱིས་སེལ་མ་ཐུབ་པའི་དཀའ་ངལ་ཞིག་གང་ཟག་གིས་སེལ་དགོས་པའི་ཚད་ལ་བསླེབས་ཡོད་ན་གདམ་ཀ་འདི་ལས་མ་མཐོང་།
    ཞེས་པའི་དུས་བབ་འཆད་རྩོམ་ལ་གཤམ་གྱི་གནད་དོན་དག་བསམ་ཚུལ་དུ་ཞུས་ཡིན་ཀྱང་དུས་བབ་ནང་མཐོང་མ་སོང་། ངས་ཞུས་པའི་གནད་དོན་ལ་ཆོལ་ཞེན་གྱི་གནས་ཚུལ་མེད་ལ་དངོས་བདེན་ཀྱང་ཡིན། དབྱིན་ཇི་མི་ཤེས་པའི་སྐྱོན་ལས་ཡིན་དང་ཕྱོགས་ཞེན་གང་རུང་ལས་ཡིན་ངས་ཞུས་པ་ལས་ཆེ་ཆེར་སྡུག་པའི་ཞེན་ཕྱོགས་ཀྱི་གནས་ཚུལ་ Khenrap ཅན་ནས་བྲིས་འདུག་པ་གང་གི་ཕྱིར་སྟོན་ཡིན་ནམ།

    འདམས་ཐོན་སྤྱི་འཐུས་ 22 གནད་དང་འབྲེལ་མཚུངས་ལ་སོང་འདིར་སྤེལ་ཡིན་ལགས།

    ༑ ཡིག་ཆ་ ༣༩ གནས་དོན་འདི་དང་ཐོག་ནས་༸གོང་ས་མཆོག་ལ་སྙན་གསོལ་ཞུས་ན་ད་གནས་སུ་གཙང་མ་ཆག་ཡོད། ངས་བསམ་པར་ད་ལྟའི་ཁྲིམས་ཞིབ་པ་གསུམ་ནས་གནས་སྐབས་སམ་མུ་མཐུད་ཀྱི་གནས་སྟངས་གཉིས་སོགས་ལམ་ནས་དཀའ་ངལ་སེལ་གནང་སྲིད་པ་བསམ་ཚུལ་ཡོད། ཁྲིམས་ཞིབ་པ་གསུམ་གྱིས་ལས་འགན་བཤོལ་པའི་གནས་དོན་དེ་གོང་དུ་དཀོན་བསྟན་ལགས་ཀྱིས་གསལ་བཤད་གནང་འདུག་ལ་ཁྲིམས་ཞིབ་པ་རྣམ་པས་མུ་མཐུད་ལས་གནད་དུ་འཁོལ་དགོས་རྒྱུ་མཚན་ཡང་དེ་ཡིན་པ་བཀའ་ཕེབས་ཡོད། ཚུལ་མཐུན་རྒྱལ་ཁབ་ནང་ལའང་དེ་ལྟར་ཞུ་སྲོལ་ཡོད་ངེས་། ད་ལྟའི་དཀའ་གནས་སུ་ཆོལ་ཁའི་དཀའ་གནད་ཞིག་ཀྱང་འདུག་བསམ་བཞིན་ཀྱང་ང་ནོར་སྲིད། ངས་ཞུས་ན།
    ༡༽ གོང་དུ་ཆོལ་ཁའི་དཀའ་གནད་འདུག་ཞུས་པ་ལྟར་ཡིན་གྱུར་ན་ཐབས་ལམ་དེ་སྲིད་སྐྱོང་ཟུར་པ་བློ་སེང་ལགས་དང་། བཀའ་ཁྲི་ཟུར་པ་མཁས་དབང་དང་བླ་སྤྲུལ་ཟབ་གདོང་རིན་པོ་ཆེ་སོགས་མདོ་སྟོད་ཆོལ་ཁའི་གནད་ཡོད་མི་སྣས་མདོ་སྟོད་ནས་ཡིན་པའི་སྤྱི་འཐུས་མཉམ་བཀའ་མོལ་གྱིས་འགྲིགས་ཆགས་བྱུང་ན་དཔེ་བཟང་ཞིག་ཀྱང་གྱུར་ངེས་འདུག་ལ་༸གོང་ས་མཆོག་ལ་ཞུ་མི་དགོས་པས་མི་དམངས་ངལ་བ་མི་དམངས་ལམ་ནས་ཁྲིམས་མཐུན་སེལ་ཐུབ་ན་སྤྱི་ཚོགས་ཡར་རྒྱས་ཀྱི་གོམ་གྲོད་ཆེན་པོ་ཞིག་ཀྱང་ལོས་ཡིན།
    གཉིས་སུ་ཁྲིམས་ཞིབ་པ་ཡར་ཕེབས་སུ་ཡིད་ཆེས་ཀྱིས་སྲིད་སྐྱོང་གསར་པ་དམ་འབུལ་སོགས་ལས་ཪིམ་ནང་ངས་འོས་ཞུས་པའི་སྲིད་སྐྱོང་ཟུར་པ་བློ་སེང་ལགས་ཀྱང་ཚུད་ཡོད་པས་ཁོང་ནས་ཐབས་ལམ་ཞུས་ན་སྤྱི་སྒེར་གཉིས་སུ་ཁེ་ལས་གྱོང་གང་ནས་འོང་། གནང་རྒྱུའི་ཆ་རྐྱེན་ཀྱང་ལྡན་ངེས། དོན་སེལ་མ་བྱུང་ན་འགྱོད་པ་མེད།
    ༢༽ འདེམས་སོན་མདོ་སྟོད་དང་ཆོས་ལུགས་སྤྱི་འཐུས་རྣམས་པས་ཁྲིམས་མཐུན་གནས་སྟངས་ལ་ད་དུང་བསམ་ཞིབ་མེད་ན་༸གོང་ས་མཆོག་ནས་དཀའ་སེལ་ཞུ་རྒྱུ་ལས་གཞན་མེད་། ཕྲུག་གུ་ངུ་ས་ཕ་མའི་དཔེ་ལྟར་རེད། ཞུ་ཡུལ་ཡོད་པ་དེ་རྒྱན་རེད། བསོད་ནམས་རེད། དམ་ཚིག་རེད། མཐའ་མའི་མུན་སེལ་ཀྱང་རེད་མིན་འདུག་གམ།།

  4. གཞུང་པ་ཚེ་དབང་བསོད་ནམས། says:
    2021-06-24 at 8:45 pm

    ༸གོང་ས་མཆོག་གི་སྐུ་པར་ལ་དམ་འབུལ་ཞུ་མཁན་གྱི་སྤྱི་འཐུས་ ༢༢ ནས་ད་ལྟའི་བོད་ནང་གིས་ཛ་དྲག་གནས་སྟངས་དང་། ཆོལ་གསུམ་བོད་མིའི་མཐུན་འབྲེལ་དང་། བཙན་བྱོལ་བོད་མིའི་ལར་རྒྱ་དང་། གཞི་རིམ་མི་མང་གི་མངོན་འདོད་སོོགས་ལ་འགན་བཞེས་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀའ་དྲིན་རྗེས་དྲན་གྱིས་ལེགས་སྐྱེས་ཀྱི་ཚུལ་དུ་བཅའ་ཁྲིམས་དོན་ཚན་ ༤༧ འོག་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུ་དགོས་འབོད་བསྐུལ་འདི་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་ཞུས་པ་འདི་དོན་མེད་དུ་མི་འགྲོ་བའི་སྨོན་པ་དང་བཅས་།

  5. gangseng zlamed says:
    2021-06-27 at 1:52 pm

    བདམས་ཐོན་སྤྱི་འཐུས་༢༢ཀྱིས་བཅའ་ཁྲིམས་དང་། བྱ་རིམ། མི་མང་གི་མངོན་འདོད་རྣམས་རྡོག་རོལ་བཏང་ནས། ངོ་ཚ་དང་ཁྲེལ་གཞུང་མེད་པར་ལམ་མེད་ལམ་བཏོད་གནང་སྟངས་འདིས། ཕུགས་དེེད་ན། ཟླ་སྒྲོན་ཤར་གླིང་དང་། སྲིད་སྐྱོང་ཟུར་པ་ཕམ་ཉེས་སུ་ཕྱིན་པ་དང་། སུ་གང་ལ་ཡང་བརྩི་འཇོག་བྱེད་དགོས་མེད་སྙམ་པའི་གཏི་ཐུག་གི་ཆོལ་ཞེན་དེར་ཐུག་ཡོད།

  6. པ་རྡོ་རེ། says:
    2021-06-27 at 11:51 pm

    བོད་མི་ཚོས་མཁྱེན་དགོས་པ་ཞིག་ལ། བོད་མིའི་རྙོག་དྲ་འདིས་སུ་ལ་ཕན་གྱི་ཡོད་དམ། དེ་ཡིས་བོད་མི་ཞབས་འདྲེན་པ་མང་ཆེ་བའམ་བོད་མིར་བརྩེ་གདུང་ཡོད་མཁན་སུ་ལའང་མི་ཕན། དེ་ཡིས་རྒྱ་དམར་གྱི་ཕོགས་ཟན་པ་བོད་མི་ཞབས་འདྲེན་པ་འགའ་རེར་ཕན་པའམ་ཐད་ཀར་རྒྱ་དམར་གྱི་གཡོ་བྱུས་ཀྱི་འོག་ལ་སོང་སྟེ། ༸གོང་ས་མཆོག་གི་སྣེ་ཁྲིད་པའི་བཙན་བྱོལ་བའི་སྤྱི་ཚོགས་དེར་བརྡབ་གསིག་བཟོས་ཏེ་བོད་མིའི་ཆིག་སྒྲིལ་དང་བོད་མིའི་བདེན་མཐའ་གསལ་བར་བར་ཆད་གཏོང་རྒྱུར་ཕན་པ་ཡིན་པས། བསམ་ཡོད་བོད་མི་ཡིན་ཕྱིན་བསམ་བློ་རྒྱ་ཆེ་གཏོང་བའི་དུས་ལ་བབ་ཡོད།

    བློ་སེང་གི་རྒྱབ་ལ་ཚོགས་ཟུར་པདྨ་འབྱུང་གནས་ལངས་ནས་བོད་མིའི་སྤྱི་ཚོགས་བརྡབ་གསིག་བཟོས་པ་དེ་ཆེ་མ་རབས་ཀྱི་རང་བཞིན་ཡིན། དེར་མ་ཚད་རང་གིས་བྱས་པའི་ཚུལ་མིན་གྱི་ལས་དེ་འགྲིག་ཚུལ་གྱི་དྲིལ་བསྒྲགས་བྱེད་བཞིན་པ་མ་རབས་ཀྱི་རང་མཚང་འདོན་པ་ལས། དེ་ལ་ཉན་མཁན་བོད་མི་བསམ་ཡོད་སུའང་མི་ཡོང་། ཚོགས་ཟུར་ཁྱོད་ཀྱིས་ཇི་ཙམ་གྱི་ལོག་འགྲེལ་གནང་བ་དེ་ཡིས་ཁྱོད་ཀྱི་ད་བར་གྱི་བོད་མིའི་སྤྱི་ཚོགས་ནང་ལས་ཀ་བྱེད་པའི་གཙིགས་མཐོང་དེ་དེ་བཞིན་དུ་ནུས་མེད་གཏོང་གི་ཡོད་པ་ཤེས་དགོས། ཁྱོད་ཕོ་ཁྱོ་ག་ཡིན་ན། ནོར་འཁྲུལ་ངོས་ལེན་གནང་སྟེ་༸གོང་ས་མཆོག་གི་སྐུ་པར་མདུན་དུ་དགོངས་སེལ་དང་། བོད་མི་མང་ལ་དགོངས་སེལ་ཞུ་དགོས་པ་མ་གཏོགས་འགྲོ་ས་ཡེ་ནས་མེད་པ་ཤེས་དགོས།

    བོད་མིའི་སྤྱི་ཚོགས་ནང་སྤྱོད་ལོག་པ་འདེམས་ཐོན་ཁམས་རིགས་སྤྱི་འཐུས་རྣམས་དང་གྲྭ་རིགས་སྤྱི་འཐུས་དེང་སང་གི་ཤེས་ཡོན་གྱི་གྲིབ་མ་མེད་ཅིང་ཚེ་འདི་ཕྱི་གཉིས་ཀྱི་འགྲོ་སྟངས་ཀྱང་མི་ཤེས་པ་རྣམས་ལ་ལས་རྒྱུ་འབྲས་ཀྱིས་འཕྱུགས་མི་ཡོང་། སྦྱོང་རྒྱུ་ཐར་པར་འགྲོ་བའི་སྟོན་པ་བཅོམ་ལྡན་འདས་ཀྱི་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་ཁུལ་བྱས། བྱེད་རྒྱུ་དེ་སོ་སྐྱེས་ཐ་མལ་ཞིག་གི་ལས་ལས་ཀྱང་ཐ་ཤལ་གྱི་ལས་བྱས་དང་བྱེད་བཞིན་པ་ངོ་རེ་ཚའོ།། དེས་ན་དགོན་པ་གྲྭ་ཚང་གི་མཁན་པོ་བླ་ཆེན་རྣམས་བོད་མི་ཞིག་ཡིན་ན་འདེམས་ཐོན་གྲྭ་རིགས་སྤྱི་འཐུས་རྣམས་དམ་ལ་བཏགས་པའི་དུས་ལ་སླེབས་འདུག དེ་མིན་ཁྱེད་རྣམས་ཀྱང་དེ་ཡི་ཆ་ཤས་སུ་མི་འགྲོ་བའི་ངེས་པ་མེད་དོ།།

  7. གཞུང་པ་ཚེ་དབང་བསོད་ནམས says:
    2021-06-28 at 9:16 pm

    ལམ་ནོར་ན་ཁྱོགས་ས་དང་སྐོར་ས་ཡོད་རེད་། ཁྲིམས་སྒྲིག་ནོར་ན་ཁྱོགས་ས་དང་སྐྱོགས་ས་མེད་ལ་འབྲེལ་བཤད་རྒྱག་ས་ཡང་མེད་། ནོར་བ་ནི་ནོར་བ་རང་རེད་། བཅའ་ཁྲིམས་དོན་ཚན་ ༦༣ གི་ནང་གསུས་ ༤ པ་དེ་ཆེས་མཐོའི་ཁྲིམས་ཞིབ་པ་ཚོའི་ལས་ཡུན་ལོ་ཚད་སྐོར་ཡིན་པ་ལས་ཆེས་མཐོའི་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱའི་བཅའ་ཁྲིམས་ཀྱི་དོན་ཚན་དེ་དོན་ཚན་ ༥༤ རེད་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བརྩི་བཀུར་བློ་གཏད་ཉམས་ལེན་ཞུ་ཐུབ་མཁན་ཞིག་ཡིན་ན་བཅའ་ཀློག་ན་དེ་ནས་གསལ་པོ་ངོ་འཕྲོད་རྒྱུ་བཅས་ད་མང་པོ་མི་བཤད་ལ་མང་པོ་མི་བྲི་ཆུ་དཀྲོག་ནས་མར་ཐོན་ས་མ་རེད་ཨ་རོགས་ཚོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme