Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདབ་ཆགས་ཀྱི་སྲིད་སྐྱོང་ལངས་པའི་གཏམ་རྒྱུད།

Posted on 2015-08-202015-08-20 By ཁ་བརྡ 2 Comments on འདབ་ཆགས་ཀྱི་སྲིད་སྐྱོང་ལངས་པའི་གཏམ་རྒྱུད།

ཆབ་མདོ་ངག་ཕུན།

 
བློ་ཡི་སྤྲིན་ལས་འོང་བའི་གཏམ་རྒྱུད་འདི།།
གངས་ལྗོངས་སྐད་ཡིག་གོང་འཕེལ་ཡོང་དམིཌ་ཏེ།།
རྟོགས་བཟོའི་སེམས་ལ་་གང་ཤར་འདི་ཉིད་བརྩམས།།
ཀློག་མཁན་རྣམས་ཀྱི་དེ་ལུགས་དགོངས་འཇཌ་མཛོད།།

དེ་ཡང་སྔོན་སྐྱིད་གཤོངས་ཟེར་བའི་ལུང་པའི་བཀོད་ལེགས་ཡིད་དུ་འོང་བ་ཞིག་ཡོད། ལུང་པ་དེར་བྱ་རིགས་སྣ་ཚོགས་ཤིག་འཚོ་སྡོད་བྱེད་ཀྱི་ཡོད་ཅིང་། བྱ་རིགས་དེ་དག་ནི་འཚོ་གོས་ཁོ་ནར་མགོ་འཁོར་ནས་གཡས་གཡོན་གྱི་ལུང་པ་གཞན་གྱི་བྱ་ཚོགས་རྣམས་ཀྱི་ཆབ་དཔལ་རིགས་གསུམ་གྱི་འཕོ་འགྱུར་ལ་དོ་སྣང་དེ་ཙམ་བྱས་མེད་ཅིང་། དེར་བརྟེན་སྐྱིད་གཤོངས་ལུང་པར་སྤྱང་ཚོགས་དྲག་པོས་བཙན་འཛུལ་བྱས་ཏེ་ཆབ་དཔལ་རིགས་གསུམ་ལ་འཕོ་འགྱུར་ཧ་ཅང་ཛ་དྲག་ཕྱིན་ཏེ་སྐྱིད་གཤོངས་ལུང་པའི་བྱ་ཚོགས་རྣམས་ལུང་པ་གཞན་ལ་མ་འགྲོ་ཀ་མེད་དུ་བྱུང་། དེ་ནས་གཞན་ཡུལ་ལ་སྐྱིད་གཤོངས་ལུང་པའི་བྱ་ཚོགས་རྣམས་ཀྱིས་སྒྲིག་འཛུགས་སྲ་བརྟན་བཙུགས་ཐུབ་པར་བྱུང་ཞིང་། གཡས་གཡོན་གྱི་བྱ་ཚོགས་རྣམས་ཀྱིས་སྐྱིད་གཤོངས་ལུང་པའི་བྱ་ཚོགས་མགོ་དམངས་ཀྱི་ལས་དོན་གནང་ཕྱོགས་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་གྱི་ཡོད།  དེ་ནས་རིམ་གྱིས་གཡས་གཡོན་བྱ་ཚོགས་རྣམས་ཀྱི་ཆབ་སྲིད་འགྲོ་ལུགས་དང་མཐུན་པའི་སྐྱིད་གཤོངས་ལུང་པའི་བྱ་ཚོགས་རྣམས་ཀྱིས་ཀྱང་ཆབ་སྲིད་ཀྱི་ལམ་ལུགས་ལ་བཅོས་བསྒྱུར་བཏང་སྟེ་བྱ་ཚོགས་རྣམས་ཀྱི་མང་མོས་འོས་འདེམས་བྱས་ཏེ་སྐབས་དང་པོའི་སྲིད་སྐྱོང་ལྷ་བྱ་ཁུ་བྱུག་འདེམས་ཐོན་བྱུང་བ་ལྟར་སྐྱིད་གཤོངས་ལུང་པའི་བྱ་ཚོགས་ཀྱི་ཆབ་སྲིད་ལ་བཅོས་བསྒྱུར་ཆེན་པོ་བྱུང་བ་རེད།

དེར་བརྟེན་བྱ་ཚོགས་འགོ་དམངས་རྣམས་ཀྱི་མ་འོངས་པ་བྱ་ཚོགས་ཀྱི་བདེན་དོན་གང་འདྲ་ཞིག་གི་ཐད་ལ་ཁ་ཕྱོགས་འགྲོ་ན་བསམ་སྟེ་བློ་དོགས་དང་། སེམས་ཁྲལ་ཚད་མེད་བྱུང་ཡོད།  ཡིན་ནའང་སྲིད་སྐྱོང་ཁུ་བྱུག་གིས་ཆབ་སྲིད་བསྐྱངས་བའི་རིང་རང་ཉིད་ལ་ནུས་པ་ཡོད་ཚད་ཀྱིས་ལས་དོན་གནང་བར་བརྟེན་ཕྱི་ནང་ལ་འཐུས་ཤོར་མེད་པར་དུས་བདེའི་ལྷིང་འཇགས་བྱུང་ཡོད་ཅིང་། དེ་ནི་རླབས་ཆེན་ཞིག་ལ་ངོས་འཛིན་མ་བྱས་ཀ་མེད་རེད་ཅེས་བློ་གཟུ་བོར་གནས་མཁན་རྣམས་ཀྱི་བརྗོད་ཀྱི་ཡོད། སྲིད་སྐྱོང་ཁུ་བྱུག་གིས་དེ་ལྟར་བྱ་ཚོགས་དམངས་རྣམས་ལའང་འབྲེལ་བརྗོད་དེ་ལྟར་ཐེངས་མང་བྱ་མྱོང་ཡོད་པ་རེད།  ཡིན་ནའང་འདབ་ཆགས་ཉུང་ཤས་ཤིག་གིས་”སྲིད་སྐྱོང་ཁུ་བྱུག་ཕྱི་ཕྱོགས་ལ་འཕུར་བསྐྱོད་མང་ལུགས་”སོགས་ཀྱི་སྐྱོན་བརྗོད་བྱེད་མཁན་ཡང་ཡོད་པ་རེད། བསྔགས་བརྗོད་བྱེད་མཁན་དང་སྐྱོན་བརྗོད་བྱེད་མཁན་ནི་གཉིས་ཀ་ཡོད་པ་ནི་འཇིག་རྟེན་སྤྱིའི་ཆོས་ཉིད་ལོད་ཡིན་སྙམ་པའི་ཚོར་སྣང་ཤར་གྱི་ཡོད། དེ་ནས་ཉིན་གཅིག་དབྱར་གཞུང་ཚ་བ་ཧ་ཅང་ཆེ་བའི་སྐབས་བྱ་ཚོགས་རྣམས་ཤིང་སྡོང་གི་བསིལ་གྲིབ་འོག་ལ་རུབ་རུབ་བྱས་ཏེ་བསྡད།  སྐབས་དེར་བྱ་ཚོགས་རྣམས་ཀྱི་འདས་མ་འོངས་ད་ལྟའི་གནས་སྟངས་སྐོར་དང་། ལྷག་དོན་སླེབས་ལ་ཉེར་བའི་བྱ་ཚོགས་ཀྱི་སྲིད་འཐུས་འོས་འདེམས་བྱེད་ཕྱོགས་སྐོར་ལ་རང་རང་སོ་སོའི་བསམ་ཚུལ་རེ་བཤད་ཅིང་། དེ་ནས་གོ་བས་”གཤོག་སྒྲོ་དེ་བརྡབ་ཙམ་ཐེངས་འགའ་ཤས་བྱས་ཏེ་མ་འོངས་པ་སྲིད་སྐྱོང་སུ་ཞིག་ལ་འོས་འབབ་འདུག་གམ་”ཞེས་དྲིས། སྐྱུང་ཀས་”མ་འོངས་པའི་སྲིད་སྐྱོང་དེ་ངས་ལྟས་ན་གནའ་དེང་ཤེས་ཡོན་ཡ་མ་བྲལ་བ་ཞིག་དགོས་ཀྱི་འདུག་”ཟེར།

ཡང་ངང་པས་”མཆུ་ཏོ་དེ་ཕྱེ་ཙམ་འགའ་བྱས་ཏེ་ངས་ལྟས་ན་མ་འོངས་པའི་སྲིད་སྐྱོང་དེ་གནའ་བོའི་ཤེས་རིག་ལ་ཁ་ཞེ་གཉིས་མེད་ཀྱི་གཅེས་འཛིན་དང་། དེང་རབས་ཀྱི་ཤེས་ཡོན་ལའང་དོ་སྣང་ཡོད་མཁན་དགོས་ཀྱི་འདུག་ལ། ང་ཚོ་སྡོད་གནས་ཁོར་ཡུག་སྲུང་སྐྱོབ་སྣང་ཡོད་མཁན་ཞིག་ཀྱང་དགོས་”ཟེར། ངུར་པས་”སླེབས་ལ་ཉེ་བའི་སྲིད་འཐུས་དེ་ཕྱོགས་རེས་ཀྱི་ཞེན་ཁོག་དྲི་ཙམ་མེད་མཁན་ཞིག་དང་། ང་ཚོའི་དཀའ་རྙོག་འདི་མགྱོགས་ནས་མྱུར་དུ་སེལ་ཐབས་ལ་འབད་བརྩོན་གནང་མཁན་ཞིག་དགོས་ཀྱི་འདུག་”སོགས་ཀྱི་རང་རང་སོ་སོའི་བསམ་ཚུལ་རེ་བཤད་རེས་བྱས་ཏེ་བསྡད།  དེ་ནས་རིམ་གྱིས་གནམ་ལ་སྤྲིན་ནག་མཁྲེགས་ཏེ་རླུང་བུ་གྲང་བསིལ་བསིལ་བརྒྱབ་པ་དང་བསྟུན་ཏེ་བྱ་ཚོགས་རྣམས་ཀྱི་བསིལ་བའི་རྣམ་པ་རེ་སྟོན་ཏེ་གཤོག་སྒྲོ་དེ་བརྒྱངས་ཙམ་རེ་བྱས་ཏེ་སྒུ་འབུ་འཐུ་རུ་འཕུར། དེ་ནས་རིམ་གྱིས་བྱ་ཚོགས་ཀྱི་སྲིད་སྐྱོང་དང་འཐུས་ཚབ་གཉིས་འོས་འདེམ་ལ་སླེབས་ལ་ཉེ་སྐབས་དེར་དྭང་བླངས་པ་དབྱར་ཀའི་ཤ་མོ་རྡོལ་པ་ཇི་བཞིན་བྱུང་དང་འབྱུང་བཞིན་ཡོད་པ་དང་། བྱ་ཚོགས་ཀྱི་སྲིད་སྐྱོང་འོས་མི་པུ་ཤུད་ཀྱིས་”ང་ནི་བྱ་ཡི་གཞུང་དམངས་གཉིས་ཀྱི་ནང་ལ་ལས་དོན་གནང་བའི་ཉམས་མྱོང་ཡོད་རབས་དང་། ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན་བཅས་ཀྱི་ཐོག་ལ་ནུས་ཤུགས་འདོན་དགོས་དྲན་ནས་འོས་མི་ལངས་པ་ཡིན་ཚུལ་དང་། ལྷག་དོན་འགྲིག་གི་མེད་ན་འོས་ཤོག་བླུགས་ནས་བཅོས་བསྒྱུར་གཏོང་དགོས་རེད་”ཅེས་བརྗོད།

ཡང་ཁྲུང་ཁྲུང་གིས་”ང་ནི་མི་ཚེའི་གང་མཚམས་ཀྱི་རིང་ལ་སྤྱི་ཚོགས་ཞབས་ཞུ་བསྒྲུབ་པའི་ཉམས་མྱོང་སོགས་གང་ཅི་ཐད་ནས་སོ་སོའི་བྱ་ཚོགས་ཀྱི་སྲིད་སྐྱོང་གི་འོས་མིར་ལངས་པ་ཡིན་ལ་སོ་སོ་རང་ཉིད་ཡིན་ན་འཇོན་བསམ་པའི་སྤོབས་པ་དང་། གདེང་ཚོད་ཡོད་པའི་ཐོག་ནས་ལངས་པ་ཡིན་ལ། སྲིད་སྐྱོང་འོས་འདེམ་བྱུང་བ་ཡིན་ན་སྤྱི་ཚོགས་ནང་བག་ལྷིང་བརྟན་གསུམ་གྱི་ཐོག་ནས་ལས་དོན་བྱ་རྒྱུ་ཡིན་”རབ་སོགས་ཟེར། ཡང་ནེ་ཙོས་”ང་ནི་བྱ་ཚོགས་ཕྱི་ནང་གཉིས་ཀའི་ཆབ་སྲིད་ལངས་ཕྱོགས་ཤེས་པ་ཙམ་དུ་མ་ཟད། ཁོར་ཡུག་དེ་འདྲ་གཉིས་ཀྱི་ནང་ལ་འཚར་ལོངས་བྱུང་ཞིང་། ལམ་ལུགས་དེའི་འོག་བརྒྱུད་མྱོང་མཁན་ཞིག་ཡིན་པ་དང་། དུས་རྒྱུན་ངས་ངོ་རྒོལ་བྱ་རྒྱུ་མ་གཏོགས་ནུས་པ་མེད་སོང་ན་ང་དེ་རིང་ཁྱོད་ཚོའི་མདུན་དུ་ལངས་ཀྱི་མ་རེད་ལ་སོགས་ཚོར་སྣང་ཆེན་པོའི་ཐོག་ནས་ཆབ་སྲིད་ལངས་ཕྱོགས་”སོགས་བཤད་ཡོད་པ་རེད།

དེར་བརྟེན་བྱ་ཚོགས་ཀྱི་སྲིད་སྐྱོང་བཞེངས་མཁན་དེ་དག་ནི་གཅིག་ལས་གཅིག་ཤེས་ཡོན་དང་། ཉམས་མྱོང་བཟང་བ་སོགས་ཀྱི་བྱ་མང་རྣམས་སུ་ཞིག་ལ་འོས་ལྡུག་དགོས་མིན་སོགས་ཀྱི་མགོ་བོ་འཐོམ་བཞིན་པའི་སྒང་ལ་ཡང་བསྐྱར་འཐོམ་དགོས་པ་བཟོས་ཏེ་བསམ་ཞིག་གི་གནས་སུ་ལྷུང་། ཡང་སྐབས་འཚོལ་རིང་ལུགས་པ་འགས་བྱའི་སྲིད་སྐྱོང་དང་འོས་མིར་ལངས་པའི་སྲིད་སྐྱོང་ལ་སྐྱོན་མེད་ནའང་སྐྱོན་ཡོད་ཚུལ་གྱི་སྐྱོན་འདོག་སྣ་ཚོགས་ཤིག་སྒྲོག་སྟེ་བྱ་རྐང་ནས་མར་འཐེན་ཐབས་བྱེད་ཀྱི་ཡོད།  དེ་ནི་ཡ་རབས་བཟང་སྤྱོད་དང་འགལ་བའི་བྱེད་སྟངས་ཤིག་རེད། ཡ་རབས་བཟང་སྤྱོད་ཀྱི་བྱའི་དམངས་གཙོ་དང་མཐུན་པར་བྱེད་དགོས་པ་ལས་ཕན་མེད་ཀྱི་སྐྱོན་བརྗོད་བྱས་ན་ཅི་ཞིག་ཕན།  དེ་བཞིན་བྱ་ཚོགས་ཚོགས་སྡེ་སོ་སོའི་ཁོང་ནས་བྱའི་སྲིད་སྐྱོང་ལ་འོས་མི་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དང་། ད་ལྟ་བྱ་ཚོགས་ཀྱི་སྲིད་སྐྱོང་གནང་བཞིན་པ་ལ་ཡར་བསྐྱར་ལོ་ལྔའི་སྲིད་སྐྱོང་ལ་གོ་སྐབས་སྤྲོད་དགོས་ཟེར་མཁན་ཡང་གང་མཚམས་ཡོད་པ་རེད།  རེ་སྐུལ་བྱེད་མཁན་ཚོས་སྲིད་སྐྱོང་ཁུ་བྱུག་གི་འབུར་དུ་ཐོན་པའི་གྲུབ་འབྲས་ཆེ་བ་བཅུ་དང་རྒྱུ་མཚན་ཁག་གཅིག་ལ་བརྟེན་བྱ་ཡི་སྲིད་སྐྱོང་ཁུ་བྱུག་བཞེངས་དགོས་པའི་རེ་བསྐུལ་ཞུ་གི་ཡོད་པ་རེད་དོ།

བརྩམས་སྒྲུང་།

Post navigation

Previous Post: ཨ་མ་དྲན་གླུ
Next Post: རྟེན་འབྲེལ་མ་འཕྱུག་པའི་ཆེད་དུ་སྲིད་སྐྱོང་ལ་ལངས་པ་ཡིན།

Comments (2) on “འདབ་ཆགས་ཀྱི་སྲིད་སྐྱོང་ལངས་པའི་གཏམ་རྒྱུད།”

  1. གངས་ཕྲུག། says:
    2015-08-20 at 1:25 pm

    བྱ་སྒྲུང་བྱིའུ་སྒྲུང་འདྲ࿒པོ་བཟོ་མ་སྡད་པ་མི་སྒྲུང་ཞིག་གི་གསལ་ཁ་སྟོན་ན་ཡག་པོ་ཡོང་ས་རེད། ཁ་གསང་ན࿒གོ་བདེ་ལམ་གསང་ན་འགྲོ་བདེ་ཟེར་ལེ་རེད། ཡིན་ཡང་ཡག་པོ་བྲིས་འདུག།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-08-21 at 4:03 am

    སྒྲུང་འདིས་དོན་དག་སྙིང་པོ་སྲིད་སྐྱོང་བློ་སེང་སྐྱོན་མེད་སྒྲུབ་ཀྱིན་འདུག་་་་་་་རེད་ད་་་་་་ང་ཚོས་བློ་སེང་ལ་སྐྱོན་མེད་ན་ཡག་ཤོས་རེད་ལ་སྐྱོན་མེད་པའི་རེ་བ་ཡོད། ཡིན་ནའང་ད་རེས་རྙོག་གླེང་འདི་བློ་སེང་རང་གིས་གདོང་ཐུག་ནས་གསལ་པོ་བཟོ་དགོས་རྒྱུ་གལ་ཆེ་བ་དང་མ་འོངས་པར་སྲིད་སྐྱོངས་ལངས་ཐུབ་མིན་ལ་མ་ལྟོས་པ་རྙོག་གླེང་འདི་གཙང་མ་བཟོ་མ་ཐུབ་ཚེ་རང་ཉིད་ནག་པོ་ཆགས་རྒྱུ་ཉག་ཅིག་རེད། དེར་བརྟེན་ཆབ་སྲིད་པར་མིང་གྲགས་དེ་གལ་ཆེན་རྩ་ཆེན་ཡིན་ཙང་བློ་སེང་རང་གིས་འདིའི་ཐད་ལ་བསམ་བློ་དྲུག་གསུམ་བཅོ་བརྒྱད་འཁོར་བཞིན་ཡོད་པ་བཤད་ཅི་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme