Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཐེན་རྟགས་ཀྱིས་བསླུས་པའི་མི་འབོར།

Posted on 2013-10-092013-10-09 By ཁ་བརྡ་ 3 Comments on འཐེན་རྟགས་ཀྱིས་བསླུས་པའི་མི་འབོར།

ཨ་དམར་པོ།

མང་བ་རྒྱལ་ཞིང་ཉུང་པ་ཕམ་པའི་དུས་རབས་དང་། མང་བར་མོས་ཤིང་ཉུང་བར་ལོག་པའི་འདུ་ཤེས་གྱིས་འཇིག་རྟེན་དུ་སྡོམ་ཚིག་སྲ་མོ་ཞིག་བཀོད་ཡོད་པ་ནི་མང་ཉུང་གི་རྩིས་གཞི་ལ་མཆོག་དམན་དང་། རྒྱལ་ཕམ། གྲལ་རིམ་དབྱེ་འབྱེད་ཀྱི་ནུས་སྟོབས་ཡོད་པ་དེའོ།།
འུ་ཚང་གི་གསར་བརྗེ་བློ་འབྱེད་པ་ཐོག་མ་དགེ་ཆོས་ཀྱིས་བཅུ་ཡི་བདེན་པ་བརྒྱ་ཡིས་བསུབ་ཏེ་མང་གྲངས་ལ་རྒྱལ་ཁ་ཐོབ་པ་དང་། ཉུང་གྲངས་ཕམ་པའི་བསམ་བློའི་འདུ་ཤེས་དེ་རྨོངས་བློར་ཤེས་ཏེ་ཐ་སྙད་ཚད་གྲུབ་འཇོག་ལ་བློ་བདེ་མྱོང་མེད། ཡིན་ནའང་། ལོ་ངོ་སྟོང་ཕྲག་ཁྲི་ཕྲག་ཏུ་མཁྲེགས་གཟུགས་སུ་ཆགསཤིང་། སྲ་བརྟན་གྱི་རི་བོ་མི་གཅིག་གི་ཤེད་སྟོབས་ཀྱིས་བསྙེལ་མ་ཐུབ་པར་ད་ལྟའང་མང་གྲངས་ལ་ཡིད་ཆེས་དང་རེ་བ་བྱས་ཏེ། ཉུང་གྲངས་ལ་བློ་ཕམ་ཡིད་ཆད་ཀྱི་མཇུག་འབྲས་སྨིན་གྱི་ཡོད། དེའི་ཕྱིར་ཉུང་གྲངས་མང་གྲངས་སུ་བསྒྱུར་རྒྱུ་ནི་རླབས་ཆེན་གྱི་བྱ་བཞག་ཏུ་འཁུམས། གནས་སྟངས་དེའི་རྐྱེན་པས་གྲངས་ཉུང་མི་རིགས་ཞེས་ཐ་སྙད་འདིས་ཉམས་ཆུང་ནུས་ཞན་གྱི་རང་གཤིས་མཚོན་ཀྱིན་ཡོད། མང་གྲངས་རྒྱལ་ཞིང་ཉུང་གྲངས་ཕམ་པའི་དབང་གིས་མདོ་དབུས་མཐོ་སྒང་གི་སྲིད་གཞུང་གི་ཐོབ་ཐང་། མི་རིགས་ཀྱི་རང་དབང་ལྔ་བརྒྱད་ལོར་ཤོར་སོང་བ་རེད། འདི་ནི་ཉུང་གྲངས་གི་ལས་དབང་དུ་བསྒོམ་ན་འོས་ཤིང་འཚམ།

དེ་ལྟར་ལོ་རྒྱུས་ཀྱི་ཉུང་གྲངས་ལ་ད་དུང་འཐེན་རྟགས་བཀོད་ན་མཐའ་མར་ཅི་ཙམ་ལྷག་འོང་སྙམ་པའི་རྩིས་འབྲས་ལ་བློ་ཁ་མི་ཕྱོགས་རང་ཕྱོགས་རེད། མཚམས་མཚམས་ལ་ཅི་ཡང་མེད་པའམ་སྟོང་པ་མཚོན་པའི་གོར་ཐིག་རེ་མིག་ལམ་དུ་གསལ་ལེར་ཤར་ཚེ་འཇིགས་སྐྲག་ཆེན་པོས་བ་སྤུ་བསྐུལ་ཏེ། རང་ཉིད་སྟོང་གི་ཡོད་པ་རང་འཕྲོད་འོང། དེ་དུས་སྡོམ་གྱི་ཚུལ་དུ་ལེགས་ཉེས་དང་དགེ་སྐྱོན་གསལ་བོ་རྟོགས་ཡོད་ཀྱང་འཆི་ལྟས་མཐོང་ནས་ཤི་བར་འཇིགས་པ་ལྟ་བུ་ལས་གཞན་ཅི། ལྷ་རྗེ་མེད་པའི་ནད་པ་ཞིག་དང་འདྲ། སྐྱོབ་ཐབས་རྩ་ནས་དབེན་པའི་འཕྲང་ལ་བཅར་ཡོད། དེ་དག་ནི་ད་ལྟའི་གནས་ཚུལ་ཀྱི་ཤུགས་བསྟན་རེད། ཤུགས་བསྟན་དེའི་འཇིགས་དངངས་འོག་ནས་མ་འོངས་པའི་གོད་ཆག་ཟློག་པའི་སྟ་གོན་ལ་བྲེལ་བ་ནི་མིའི་ཆོས་ཉིད་དུ་འཁུམས་པས། འུ་ཚང་གི་མི་འབོར་ཉུང་ནས་ཉུང་དུ་ཕྱིན་པར་བློ་ཚབས་ཆེན་པོས་བསམ་གཞིག་གྲོས་འགོ་འདོན་བཞིན་ཡོད་དེ། བོད་གཞུང་དམངས་འདུ་འཛོམས་ཆེན་མོ་བྷེ་གོབ་ཏུ་ཚོགས་པའི་གྲལ་དབུས་སུ་སམ་གདོང་བླ་མས་མི་འབོར་ཐད་ནས་བཀའ་སློབ་གསུང་བཤད་གནང་སོང་། དེ་ནི་བསམ་གཞིག་གི་འཇིགས་སྣང་ཡིད་མོད། ཉིན་ཞིག་ད་ལྟ་བའི་གོད་ཆག་གཅིག་ཡིན་ངེས། རྒྱུ་མཚན་དེའི་ཕྱིར་འུ་ཚང་གིས་རང་ཉིད་ཀྱི་ཉུང་གྲངས་མི་འབོར་ལ་འཐེན་རྟགས་མུ་ནས་མུ་མཐུད་དེ་འགོད་པར་བསམ་གཞིག་མི་བྱེད་ག་མེད་རེད།

འདི་ལྟར་གཞིགས་ན། འུ་ཚང་གི་གྲངས་ཉུང་མི་འབོར་ལ་འཐེན་རྟགས་འགོད་སྟངས་རིགས་མི་འདྲ་བ་བཞི་ཡོད་དེ།
གཅིག དེང་རབས་རྫས་སྦྱོར་ནུས་པར་བསྟེན་ནས་རིགས་རྒྱུད་གཏན་འགོག་བྱེད་པ་དང།
གཉིས་པ། ཀོ་ཀོ་གཡག་གི་བུ་རབས་ཚ་རྒྱུད་གཞན་རིགས་སུ་བསྟིམས་པ།
གསུམ་པ། མི་རབས་རེ་གཉིས་ཀྱིས་རྗེས་སུ་རིགས་ཀྱི་ཁྱད་ཆོས་མེད་པར་གྱུར་བའི་མི་རབས་བྱུང་བ།
བཞི་བ། ཨ་མ་ལག་དམར་དུ་སྤྲུལ་ནས་མངལ་གྱི་བུ་ཕྲུག་གསོད་པའི་སྦྱོར་བ་བཤམས་པ་བཅས་སོ།།

འཐེན་རྟགས་རྒྱག་པ་དེ་དག་ནི་རང་ཉིད་ཀྱི་འཚོ་བའི་དགོས་མཁོ་དང་། དེང་དུས་ཀྱི་མི་ཚུལ་རིག་པའི་ཆོས་ཉིད་ཡིན་ལ། འཛམ་གླིང་མི་དམངས་སྤྱི་མཐུན་གྱི་གནས་བབ་ལས་མ་འདས། འུ་ཚང་གི་ཁེར་རྐྱང་གི་བྱེད་སྟངས་གཏན་ནས་མིན། ཡིན་ནའང་། ཆ་མི་སྙོམས་པའི་འཇིག་རྟེན་འདིར་ཐམས་ཅད་འདྲ་མཉམ་མིན་པས་ཕན་གནོད་ཀྱི་ནུས་པ་ཐ་དད་དུ་འགྱུར་སྲིད། འུ་ཚང་ལ་རིགས་ཀྱི་གྲངས་འབོར་ལོ་རྒྱུས་ཀྱི་ས་ན་ཉུང་བ་མ་ཟད། ད་ལྟའི་གནས་བབས་ལ་ཡང་ཉུང་གྲངས་ལས་ཉུང་གྲངས་སུ་ལྷུང་ཡོད་པས་གཞན་རིགས་ཚོའི་བསམ་བློའི་ལྡོག་ཕྱོགས་སུ་ལྟ་དགོས། འཐེན་རྟགས་བརྒྱབ་པའི་མཇུག་འབྲས་ལ་དཔག་ཏེ་འཐེན་རྟགས་ནི་བསྣོན་རྟགས་སུ་བཅོས་བསྒྱུར་བྱེད་དགོས། གྲངས་ཉུང་གྲངས་མང་དུ་འཕར་ལྡིང་བྱེད་དགོས།

དུས་རབས་བཅུ་གསུམ་པའི་སྐབས་ཙམ་ལ་སོག་པོས་བོད་ཀྱི་མི་འབོར་ཞིབ་གཤེར་སྐབས་ས་ཡ་དྲུག་ལོན་པའི་དབང་གིས་དེང་སང་བོད་མི་ས་ཡ་དྲུག་ཅེས་ཁ་བྱང་ལག་བྱང་དུ་སོང་ཡོད་ནའང། རྒྱ་གཞུང་གིས་བོད་མི་ས་ཡ་ལྔ་དང་ལྷག་ཙམ་ཡོད་པ་གསལ་བསྒྲགས་བྱས་ཡོད་པས་ལོ་ངོ་འདི་དག་གི་རིང་ཡར་རྒྱས་ལས་ཉམས་རྒུད་དུ་གྱུར་བ་གསལ་བོར་ཆགས་ཡོད། ལྷག་པར་དུ་རྒྱ་གཞུང་གིས་འཆར་ལྡན་བུ་སྐྱེས་ཀྱི་ལས་གཞི་ལག་བསྟར་བགྱིས་པས་ཉུང་ནས་ཉུང་དུ་བཏང་བ་སྨྲ་མི་དགོས། དེ་ནི་གཞན་དབང་དུ་གྱུར་བའི་འཇུག་འབྲས་ཡིན་ལ། དེང་དུས་གྱི་འཚོ་བའི་བྱས་ཉེས་ཤིག་ཀྱང་རེད་སྙམ། གྲངས་མང་མི་རིགས་སྲིད་ཇུས་ནི་གྲངས་ཉུང་མི་རིགས་སྟེང་ལ་ལག་བསྟར་གནང་བས་འུ་ཚང་གི་མི་འབོར་གྱོང་གུད་ཐེབས་པར་སེམས་ཆོག དེའི་ཕྱིར་གྱོང་གུས་ཁ་བསབ་ནི་ལྡོག་ཏུ་མེད་པའི་འུ་ཚང་གི་འགན་འཁྲི་རེད། བཙན་བྱོལ་དུ་བུ་མང་སྐྱེས་པའི་ཁྱིམ་བདག་ཨ་ཕ་དང་ཨ་མར་གཞུང་ངོས་ནས་གཟེངས་བསྟོད་ལེགས་སྐྱེས་འབུལ་བའི་ཕྱག་སྲོལ་ཡོད་པའང་། བོད་ཀྱི་ཨ་མ་རྣམས་ལ་བུ་མང་སྐྱེས་ན་ཕན་རླབས་ཆེ་བའི་སློབ་གསོ་དང་བསླབ་བྱ་གནང་བ་ལོས་ཡིན།

ཡིན་ནའང་། རིགས་ཀྱི་རྩ་དོན་ལ་རྒྱང་མིག་མེད་མཁན་གཅིག་ཡིན་ན་རང་ཉིད་ཀྱི་འཚོ་བ་ཁོ་ནའི་མགོ་རྔར་གཟིགས་ཏེ། སྟབས་བདེ། སླ་ཆོས་ལ་ཞེན་ནས་བུ་ཉུང་ལས་བུ་མང་སྐྱེས་པར་དང་དོད་ཆུང་བ་མ་ཟད། ཕྲུག་གུ་གཅིག་རེ་སྐྱེས་ནས་འདོད་འདུན་ཡོངས་སུ་འགྲུབ་བར་ཐག་བཅད་དང་གཅོད་ཀྱི་ཡོད། རྒྱ་གཞུང་སྲིད་ཇུས་དང་། བོད་གཞུང་གི་ཕྱག་སྲོལ་གཉིས་ཚ་གྲང་ལྟ་བུའི་འགལ་ཟླར་ལངས་བས་ཀྱང་གལ་ཆེན་གནད་དོན་ཅི་ཞིག་གསལ་བཤད་བགྱིས་ཡོད་དམ། འུ་ཚང་གི་གྲངས་ཉུང་གྲངས་མང་དུ་བཅོས་བསྒྱུར་བྱེད་རྒྱུ་བོད་ཀྱི་དགོས་མཁོ་དང་། རྒྱ་ནག་ལ་འགལ་རྐྱེན་འབའ་ཞིག་གོ འདི་འདྲའི་འགལ་ཟླར་གྱུར་བ་ནི་མི་རིགས་སོ་སོ་རྩ་བའི་ལངས་ཕྱོགས་འགལ་ཟླར་གྱུར་བས་ཡིན། འདིས་ང་ཚོར་གསལ་ཁ་འདོན་ཀྱིན་པ་ནི་གྲངས་ཉུང་དུ་ཟག་པ་བོད་ཀྱི་ཉམས་རྒུད་དང་། གྲངས་མང་དུ་འགྱུར་བ་འཕེལ་རྒྱས་ཡིན་པ་དེ་མཚོན།

དེས་ན་གྲངས་ཉུང་ལ་འཐེན་རྟགས་རྒྱག་སྟངས་ག་གེ་མོ་དེ་དག་བཀག་འགོག་དང་། གཏོར་ཞིག་བཏང་སྟེ། བསྣོན་རྟགས་ཀྱི་བྱེད་ཐབས་བསྐྱེད་དེ་གྲངས་མང་དུ་བཅོས་བསྒྱུར་བྱེད་རྒྱུ་ནི་བོད་ཀྱི་ཕ་མ་དག་གི་སྤྱི་དོན་གྱི་འགན་འཁྲིའོ།། བྱོལ་དང་གཡོལ་མི་ཆོག་པའི་རིགས་ཞེན་གྱི་ཁྱད་ཆོས་ཡིན། རིགས་ཀྱི་རུས་སྒྲོམ་འཐོར་བའི་རིགས་འཚོང་བ་དང་། བར་དོ་བ་ཞིག་ཡིན་པ་མ་གཏོགས་རིགས་ཀྱི་སྤྱི་དོན་ལ་དད་པའི་རུས་ཚིགས་ཅན་ཡོངས་ཀྱི་ལས་འགན་ནོ།། ཅིས་ཀྱང་འཐུས་ཤོར་དང་། བྱས་ཉེས་ཀྱིས་མཐའ་རིག་མི་ཉན། དེ་ནི་མི་ཆོས་ལས་འདས་པའི་དུས་འགྲོའི་ཁྱད་ཆོས་དང་གཉིས་སུ་མེད་དོ།།

རྩོམ་རིག

Post navigation

Previous Post: ཨ་དཀོན་རིན་པོ་ཆེར་བསྔགས་པའི་ཀ་རྩོམ།
Next Post: རྒྱ་རིགས་བོད་རིག་པ་ཞིབ་འཇུག་པ་ཞུའུ་ནས་དབུ་མའི་ལམ་གྱི་སྐོར་བཅར་འདྲི་བྱས་པ།

Comments (3) on “འཐེན་རྟགས་ཀྱིས་བསླུས་པའི་མི་འབོར།”

  1. བསེ་རུ། says:
    2013-10-09 at 2:44 pm

    དེང་སྐབས་ཕྱོགས་མང་པོ་ཞིག་ཇེ་ཉུང་ཇེ་ཉུང་དུ་འགྲོ་བ་འདི་ནི་ཟློག་ཏུ་མེད་པའི་ཉེན་ཁ་ཞིག་རེད།
    བོད་མི་ས་ཡ་དྲུག་དེ་ས་ཡ་གསུམ་དུ་འགྱུར།
    ས་ཡ་གསུམ་དུ་འབུམ་གསུམ་དུ་འགྱུར།
    འབུམ་གསུམ་དེ་་་་་་་་་་་
    གཟིགས་དང་། དཔྱོད་དང་། སོམས་དང་།

  2. བསེ་རུ། says:
    2013-10-09 at 2:45 pm

    བཅོས།
    ས་ཡ་གསུམ་དེ་འབུམ་གསུམ་དུ་འགྱུར།

  3. ཉི་ནུབ says:
    2013-10-10 at 3:20 am

    རྩོམ་འདི་འདྲ་ན་བྲོ་བ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme