Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇིགས་སྐུལ་འགུགས་འབོད་ཀྱིས་རྡུང་རྡེག་ཚ་ནན་ཚབས་ཆེན་དང་ཉེས་ཆད་ལྕི་མོ་གཅོད་བཞིན་པའི་བོད་གཞིས་ལུས་མང་ཚོགས།

Posted on 2012-05-302012-06-01 By ཁ་བརྡ་ No Comments on འཇིགས་སྐུལ་འགུགས་འབོད་ཀྱིས་རྡུང་རྡེག་ཚ་ནན་ཚབས་ཆེན་དང་ཉེས་ཆད་ལྕི་མོ་གཅོད་བཞིན་པའི་བོད་གཞིས་ལུས་མང་ཚོགས།

ཕྱི་ལོ་༢༠༡༢་ལོའི་ལོ་མགོར་བོད་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ས་ཁུལ་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རྒྱ་དམར་སྲིད་གཞུང་གི་གདུག་རྩུབ་གཉའ་གནོན་དང་བཙན་དབང་ཐུབ་ཚོད་སོགས་ཀྱི་སྲིད་ཅུས་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་བའི་སྐབས་ཞི་རྒོལ་ནང་སུ་ཞིག་ཞུགས་ཡོད་མེད་སོགས་རྒྱ་གཞུང་གིས་རྩད་གཅོད་ཀྱིས། གསེར་རྟ་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་རྫོང་དེའི་ཁྱབ་ཁོངས་ས་གནས་སོ་སོའི་འདི་ལོ་ཞི་རྒོལ་ནང་ཞུགས་པའི་མི་ཁག་གཅིག་གི་མིང་སོགས་ཁྱབ་བསྒྲགས་བྱས་ཏེ། ཁོང་ཚོ་ཕྱི་ཟླ་༥་བའི་ཚེས་མགོ་ནས་གསེར་རྟ་རྫོང་ཉེན་རྟོག་ཁང་དུ་འབྱོར་དགོས་པ་དང་། དེ་ནས་ཉིན་༡༠་ལ་ཁོང་ཚོར་ཞི་བའི་སློབ་གསོ་རྒྱག་གི་ཡིན། རྣམ་འགྱུར་སོགས་ལེགས་པོ་བསྟན་ན་འཛིང་རྡུང་རིགས་གང་ཡང་མེད། གལ་ཏེ་དུས་ཐོག་ཉེས་ཅན་པ་སུ་ཞིག་མ་ཡོང་ན། རྗེས་ནས་དེ་རིགས་གང་དུ་ཟིན་ཡང་བཙོན་བཅུག་བྱ་རྒྱུ་དང་། གང་དུ་སྟབས་འགྲིག་ན་དམར་གསོད་གཏང་ངེས་ཡིན་ཞེས་འཇིགས་སྐུལ་བྱས་པར་བརྟེན། གོང་ཚེས་ཉིན་གསེར་རྟ་ཡོངས་ཀྱི་ཁྱབ་ཁོངས་ཀྱི་མི་༥༠་༦༠་ཙམ་ཡོང་ཡོད་པ་དང་། རྒྱ་དམར་གྱིས་གོ་སྒྲིག་བྱས་པའི་ཁང་སྟོང་རེའི་ནང་ལ་བོད་མི་རྣམས་རུ་ཁག་སོ་སོར་བགོས་ཏེ། དེ་སྔོན་གསེར་རྟ་ས་ཁུལ་གྱི་མང་ཚོགས་ཡར་ལངས་སྐབས་བརྙན་འཕྲིན་དང་། པར་དུ་སུ་ཞིག་གིས་གང་ནས་བརྒྱབས་ཀྱང་མ་ཤེས་པའི་པར་དང་། བརྙན་འཕྲིན་སོགས་མི་རེ་རེ་བཞིན་དོ་བདག་སོ་སོར་བསྟན་ཏེ། འདི་ཁྱོད་མ་རེད་དམ། ཁྱོད་རྒྱལ་ཁབ་ཀྱི་ཐོག་ལ་འདི་འདྲའི་ངར་ལངས་དགོས་པ་གང་ཡིན་ཟེར་བ་སོགས་ཚིག་རྩུབ་འདྲི་གཅོད་སྣ་ཚོགས་དང་བཅས་ཉིན་གྲངས་༢༠་ཙམ་རེའི་རིང་རྡུང་རྡེག་མནར་གཅོད་ཚད་མེད་བཏང་བར་མ་ཟད། བཟའ་བཏུང་གང་ཡང་མ་སྤྲད་པར་བཀྲེས་སྐོམ་ཚད་མེད་མྱོང་བཅུག་རྗེས་མི་རེར་རྒྱ་སྒོར་༣༥༠༠་རེའི་ཉེས་ཆད་བཅད་རྗེས་ད་ལྟ་རིམ་གྱིས་གློད་བཞིན་ཡོད་འདུག
དཔེར་ན། གོང་གསལ་རྡུང་རྡེག་ཚ་ནན་དང་། ཉེས་ཆད་བཏང་རྗེས་གློད་བཀྲོལ་ཐོབ་པའི་གྲས་སུ་གསེར་རྟ་རྫོང་སྙི་སྟོད་ཤིང་གི་བླ་རྒྱ་ཚོ་བའི་ལོ་༣༠་ནང་ལ་སླེབས་པའི་སྨན་སྐྱབས་ཡོད་པ་དང་། སྨན་སྐྱབས་ནི་ཕྱི་ལོ་༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱང་རྒྱ་གཞུང་གིས་འཛིན་བཟུང་བཙོན་བཅུག་གིས་ལོ་ཤས་སུ་ཁྲིམས་ཆད་དང་། རྒྱ་སྒོར་འབུམ་ཁ་ཤས་ཀྱི་ཉེས་ཆད་བཅད་ཡོད་པ་དང་། སླར་ཡང་འདི་ལོ་ཁོང་རྒྱ་གཞུང་གིས་དོ་དམ་བཀག་ཉར་ཐེངས་གཉིས་པ་དེ་ཆགས་ཡོད། གཞན་ཁེས་སྐོར་ཡུལ་ཚོའི་མགོ་མཆོག་སྡེ་བའི་དགེ་འདུན། ལོ་༢༠་ནང་། ཁེེས་སྐོར་ཡུལ་ཚོའི་རྟ་ཤུལ་སྡེ་བའི་བུ་མོ་ཚེ་དབང་སྐྱིད། ལོ་༡༩། ཁེས་སྐོར་ཡུལ་ཚོའི་ཚེ་ཤུལ་སྡེ་བའི་འབྲུག་ལོ། ལོ་༢༠་ནང་། ཚེ་ཤུལ་སྡེ་བའི་ཆོས་དགའ། ཚེ་ཤུལ་སྡེ་བའི་ལོ་༢༠་ཅན་གྱི་བུ་མོ་འབོ་རིས་བཅས་རེད།
འོན་ཀྱང་གོང་ཚེས་ཉིན་རྒྱ་གཞུང་གིས་སྐད་གཏང་སར་འགྲོ་མི་ཕོད་མཁན་ཡང་གང་མང་ཞིག་ཡོད་འདུག་པ་དང་། ཁོང་ཚོ་འགྲོ་མི་ཕོད་དོན་ནི་རྒྱ་གཞུང་གིས་རྟག་ཏུ་མང་ཚོགས་མགོ་སྐོར་གཏོང་བཞིན་པར་བརྟེན། ཐེངས་འདིར་ཡང་ཞི་བའི་སློབ་གསོ་གཏང་གི་ཡིན་ཟེར་བ་ཁ་ཙམ་ལས། དོན་ལ་རྡུང་རྡེག་ཚ་ནན་དང་། ཁྲིམས་ཆད་འདྲ་མིན་གཅད་པར་དོགས་པས་ཡིན་པ་རེད།
དེར་བརྟེན་གསེར་རྟ་རྫོང་ཉེན་རྟོག་པ་སོགས་རྒྱ་གཞུང་འབྲེལ་ཡོད་ཀྱིས་ཐེངས་འདིར་ཁོང་ཚོས་སྐད་གཏང་སར་མི་ཡོང་མཁན་ཚོ་ལོག་སྤྱོད་པ་དང་། ཁ་བྲལ་བ་ཡིན་པ་དང་། དེ་ཚོ་རྩ་མེད་གཏང་དགོས་ཡོད་ཅེས་ཚ་ཚ་འུར་འུར་བྱེད་བཞིན་པར་བརྟེན། གོང་གསལ་རྒྱ་གཞུང་གིས་སྐད་གཏང་སར་དུས་ཐོག་མི་འགྲོ་མཁན་རྣམས་ཀྱང་དེང་སྐབས་རི་སྒང་སོགས་གང་སར་བྲོས་བྱོལ་ལ་འགྲོ་བཞིན་ཡོད་པ་རེད། །གནས་ཚུལ་མཁོ་སྤྲོད་པ་བོད་མི་མང་སྤྱི་འཐུས་ཟུར་བ་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་གུས་ཕུལ། །

གསར་འགྱུར།

Post navigation

Previous Post: བུ་གསུམ་གྱིས་ཨ་མས་རང་སྲེག་གནང་འདུག
Next Post: ན་གཞོན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་སམ། གངས་མེ་སྟག་ལགས་ད་ལྟ་གར་ཡོད་ཆ་མེད་དུ་གྱུར་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme