Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇིག་རྟེན་ལེབ་ལེབ་འདོད་པ་པོ་དགེ་ཆོས་ཀྱི་ལུགས།

Posted on 2013-02-202013-02-20 By ཁ་བརྡ་ 4 Comments on འཇིག་རྟེན་ལེབ་ལེབ་འདོད་པ་པོ་དགེ་ཆོས་ཀྱི་ལུགས།

ཧི་མ་ལ་ཡའི་འཕྲུལ་སྨྱུག

༼སྤྱིར་༽འཇིག་རྟེན་༼གྱི་སྒྲ་བཤད་ཀྱི་དབང་དུ་བྱས་ན། སྣོད་འཇིག་པའི་ཆོས་ཅན་ལ། བཅུད་ཀྱི་སེམས་ཅན་རྟེན་པས་ན་དེ་སྐད་ཅེས་བརྗོད་ལ།༽ འདིའི་དབྱིབས་ཀྱི་ཕྱོགས་ལ་མངོན་པ་བས། ༼མཛོད་རྩ་འགྲེལ་དུ་གོ་བ་གསལ་ཁ་ཞིག་མ་ལོན་ན་ཡང༌། གླིང་བཞི་དང་ནི་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན། །ཞེས་ལ་དཔག་ན། འོག་གཞི་རླུང་གི་དཀྱིལ་འཁོར་ནས། ཡ་ཐོད་ཚངས་པའི་འཇིག་རྟེན་གྱི་བར་ལ། འཇིག་རྟེན་གྱི་ཁམས་གཅིག་ཅེས་ངོས་འཛིན་བྱས་ན་འགྲིག་གམ་སྙམ།༽ ས་གཞི་ལེབ་ལེབ་ཞིག་གི་དབུས་ནས་རི་ཆེན་གྲུ་བཞི་ཞིག་ཡར་ལ་འབུར་ཡོད་པར་འདོད་པ་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ༼སྔོན་གྱི་གླིང་ཡོ་རོབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟག་པའི་སེམས་ཀྱི་འཆར་ཚུལ་བཞིན། འཇིག་རྟེན་འདི་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས། རིལ་བོ་ཡིན་ཞེས་སྨྲ་མཁན་གཅིག་ཀྱང་མེད། ཡུལ་སོ་སོའི་ཆོས་ལུགས་རྙིང་བ་ཐམས་ཅད་ནའང༌། འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས། རིལ་རིལ་ཡིན་བྱ་བ་ཡེ་ནས་མེད། དེའི་ཕྱིར་དང་པོར་རིག་པ་ཅན་འགའ་ཞིག་གིས་རིལ་རིལ་ཡིན་སྨྲས་ཚེ། གསོན་པོར་མེ་ལ་བསྲེགས་པ་སོགས་གཏམ་དེ་མི་འཕེལ་བའི་ཐབས་ཁོ་ན་བྱས།
འོན་ཀྱང་མཐར་རིག་པ་བདེན་པའི་གཟི་བརྗིད་མ་བཟོད་པར་ཐམས་ཅད་ཀྱིས་རིལ་རིལ་དུ་ཡིད་ཆེས་པ་འདི་བྱུང༌། ད་ལྟ་ནི་རིལ་རིལ་ཙམ་དུ་མ་ཟད་འཇིག་རྟེན་འདི་ནང་གི་དཔག་ཚད་བཞི་ལྔ་ཙམ་གྱི་གླིང་ཕྲན་ཙམ་ཡང་མ་ལུས་པར་རྒྱ་ཆེ་ཆུང་འདོམ་དང་ཁྲུའི་ཚད་ལ་བརྒྱབ་པ་ཡང་གཏན་ལ་ཕབ་པས། ཡུལ་ཆེན་དག་ན་མཁས་པ་སུ་ལ་དོགས་པ་ཙམ་ཡང་མེད། སིངྒ་ལ། འབར་མ། སེ་ལན། རི་པིན་སོགས་ཀྱི་ནང་བ་སངས་རྒྱས་པ་ཀུན་ཀྱང་རིལ་རིལ་མི་བདེན་ཟེར་མཁན་གཅིག་ཀྱང་མེད། འོན་ཀྱང་རང་རེ་བོད་དུ་ནི་ད་དུང་ཡང་མིན་པའི་ཕྱོགས་ལ་ཨུ་ཚུགས་བྱེད། ཁ་ཤས་ཕྱི་གླིང་པ་གྲུ་བཏང་ནས་རྒྱ་མཚོའི་ནང་དུ་མགོ་འཁོར་བ་ཡིན་སོགས་བྱིས་པ་སེམས་མེད་ཀྱི་གཏམ་སྨྲ། བློ་ལྡན་འགའ་རེས་ཁོང་དུ་ཆུད་ཀྱང་གཞན་གྱིས་ཁ་ཟེར་བ་ལ་འཇིགས་ནས་ཁ་ནས་བཤད་མི་ནུས་པར་སྡོད་པ་ཡང་མཐོང༌། ཡོ་རོབ་ཀྱི་མཁས་པ་རྒྱུ་མཚན་མངོན་སུམ་མ་མཐོང་བར་གང་ལ་ཡང་ཡིད་ཆེས་པའི་མགོ་མཁྲེགས་མཐར་ཐུག་དེ་དག་གིས་ཀྱང་མིན་པའི་ཕྱོགས་ལ་སྡོད་མ་ནུས་པར་ཁས་བླངས་ཚར་ན། རང་རེའི་ཨུ་ཚུགས་འདིས་མཐའ་མི་འཁྱོལ་བ་སྨྲ་མ་དགོས། སངས་རྒྱས་ཀྱིས་ལེབ་ལེབ་དུ་གསུངས་པའི་ཕྱིར་བྱ་བ་འདིས་ནི། གཞན་སྡེ་ལུང་ཁས་མི་ལེན་པ་ལ་གནོད་པ་ཁབ་རྩེ་ཙམ་ཡང་མི་འཁྱོལ་བར་མ་ཟད། རང་སྡེ་ལུང་ཁས་པ་ལ་ཡང༌། སངས་རྒྱས་ཀྱི་མདོ་ཕལ་ཆེར་སེམས་ཀྱི་བསམ་པ་དང་མཐུན་པར་གསུང་བས། འདི་ཡང་དྲང་དོན་ངེས་དོན་གང་ཡིན་མི་ཤེས། སྟོང་ཉིད་དང་ཐར་བའི་ལམ་རིམ་ལྟ་བུའི་དོན་ཆེན་པོ་དག་ཀྱང་སེམས་ཅན་གྱི་བསམ་པ་བཞིན་དྲང་དོན་གྱི་སྒོ་སྣ་ཚོགས་སུ་གསུངས་ན་ཡང་སྣོད་བཅུད་ཀྱི་རྣམ་བཞག་འདི་འདྲ་ལ་སྨྲས་ཅི་དགོས།
སངས་རྒྱས་ཞལ་བཞུགས་དུས་དགེ་སློང་རྣམས་ཀྱི་ཟས་ཟ་སྟངས་ཡུལ་དུས་དང་མི་མཐུན་པ་ཁྱིམ་པ་རྣམས་ཀྱི་སེམས་ལ་མི་འགྲོ་ཕྲན་བུ་རེ་བྱུང་བ་ལ་ཡང༌། དེ་འདྲ་མི་རུང་ཞེས་ཁྲིམས་བཅའ་བར་མཛད་ན། དེ་དུས་འཇིག་རྟེན་ཐམས་ཅད་ལས་ལེབ་ལེབ་ཡིན་ཞེས་རླུང་ལྟར་གྲགས་པས་སངས་རྒྱས་ཀྱིས་རིལ་རིལ་ཞེས་གསུངས་ཀྱང་སུའི་རྣ་བར་འགྲོ། ནན་གྱིས་གསུངས་ཀྱང་དོན་ཅི་ཡང་མེད། རྫུ་འཕྲུལ་གྱིས་དངོས་སུ་བསྟན་ན་ཡང༌། དེང་སང་སྐྱེ་བོ་ས་ཡ་ཁྲག་ཁྲིག་གིས་མངོན་སུམ་དུ་གྱུར་པའི་སྐབས་སུ་ཡང༌། ད་དུང་རང་རེས་ཁོང་ཚོ་མགོ་འཁོར་བ་ཡིན་ཞེས་སྨྲ་བ་ལྟར། གཽ་ཏ་མའི་མིག་འཕྲུལ་ཡིན་བྱ་བ་ལས་ཡིད་ཆེས་པ་མི་འོང་ངེས། དེའི་རང་རེ་ཀུན་གྱིས་ཡི་གེ་ལས་མཐོང་བའི་འཇིག་རྟེན་དེ་ལས་མིག་གིས་མཐོང་བའི་འཇིག་རྟེན་འདི་ལ་ཡིད་ཆེས་ན་ལེགས་སོ། །ཞེས་༽འཇིག་རྟེན་ལེབ་ལེབ་ཅེས་གསུངས་པ་དེ་༼སྟོན་པ་སངས་རྒྱས་བྱོན་པའི་ཡར་མར་གྱི་དུས་རབ་དེར་བརྩམས་པའི་ཕྱི་ནང་གི་བརྩམས་ཆོས་ཤིག་སྟོན་རྒྱུ་ཡོད་ན། ཆོས་ལུགས་རྙིང་པ་དག་གི་འདོད་པ་༽ཡིན་༼པ་སྲིད་ཀྱང༌། འཇིག་རྟེན་ལེབ་ལེབ་དང་ས་གཞི་ལེབ་ལེབ་གཉིས་ཀྱི་ཁྱད་པར་མ་ཕྱེ་བའི་སྐྱོན་ཆ་ཞིག་ཀྱང་གམ་ན་གནས་པར་སེམས་ལ། སྤྱིར་ས་གཞི་ལེབ་ལེབ་ཡིན་སྙམ་པ་ནི། ༼ཤིག་གི་ངོར་མིའི་མགོ་དེ་རིལ་བའི་རྣམ་པ་བློ་ལ་འཁོར་དཀའ་བ་བཞིན་དུ།༽ ང་ཚོ་ས་སྟེང་དུ་སྡོད་པའི་མི་ཀུན་གྱི་བློ་ངོར་༼ཡང་༽མ་བརྟགས་ཉམས་དགའི་སྣང་ཚུལ་དེ་རང་ཡིན་པས་གོ་བ་ལེན་མི་ཐུབ་པ་ཞིག་མིན།

རྩོམ་རིག

Post navigation

Previous Post: རྒྱལ་སྤྱིའི་ཡུམ་སྐད་ཉིན་མོའི་བྱུང་བ་རགས་བསྡུས། སྐལ་བཟང་ཉི་མས་ཕབ་བསྒྱུར་བྱས།
Next Post: མ་སྐད།

Comments (4) on “འཇིག་རྟེན་ལེབ་ལེབ་འདོད་པ་པོ་དགེ་ཆོས་ཀྱི་ལུགས།”

  1. ལྷོ་ཕྱོགས་རྒྱ་མཚོ། says:
    2013-02-21 at 8:50 am

    འཁྲུལ་སྨྱུག་འདིས་ཅི་བཤད་ཀྱིན་ཡོད་ཁྱོན་ནས་མི་ཤེས་འདུག་ཡ། བཅུག་རྟགས་ནང་དུ་ཡོད་པའི་ཡི་གེ་དག་སུའི་འདོད་པ་རེད། འཁྲུལ་སྨྱུག་ཁྱོད་ཀྱི་འདོད་པ་རེད་དམ། དགེ་ཆོས་ཀྱི་དགོངས་པ་རེད། གསལ་ཁ་དང་དབྱེར་མཚམས་མེད་པའི་རྩོམ་རྙོག་དེ་འདྲ་ཞིག་བཀོད་ཐུབ་པར་ངོ་མ་དགོད་བྲོ་ཡ།

  2. འཇམ་དཀར says:
    2013-02-21 at 2:35 pm

    མི་འདིས་གཞན་གྱི་འདོད་པ་དགེ་ཆོས་ཀྱི་ལུགས་སུ་བཤད་འདུག་པས་ཁོ་རང་མགོ་རྙོག་འདུག་བསམ་ཐ།

  3. གདོང་དམར་བ་ says:
    2013-02-21 at 9:20 pm

    འཕྲུལ་སྨྱུག་གི་ཅི་ཞིག་འབྲི་གི་ཡོད། ཅི་ཞིག་བརྗོད་ཀྱི་ཡོད་གསལ་པོ་ཧ་གོ་གི་མི་འདུག དགག་པ་ཡིན་ནམ། རྒྱབ་སྐྱོར་ཡིན་ནམ། ཚིག་འགྲེལ་ཡིན་ནམ། གང་ལྟར་ཁ་གསལ་པོ་ཁྱོན་ནས་མི་འདུག་རྗེས་ཕྱོགས་ཀློག་བྲོ་བོ་དང་། གོ་བདེ་བ། ཁ་གསལ་བ་བཅས་ལ་དམིགས་ཕུགས་ནས་འབྲི་རོགས། དེ་མ་གཏོགས་རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཆར་དུས་ཚོད་འཕྲོ་བརླག་རེད་འདུག

  4. གངས་སྨྱུག says:
    2013-02-22 at 12:54 am

    འཇིག་རྟེན་ལེབ་མོར་འདོད་མཁན་དགེ་ཆོས་ཙམ་དུ་མ་ཟད་སྔོན་གྱི་མཁས་པ་ཀུན་གྱིས་བཞེད་པ་མཐུན། འོན་ཀྱང་དེ་ནི་ཚན་རིག་མ་བྱུང་བའི་ཡར་སྔོན་གྱིས་སྐད་ཆ་ལས། ཚན་རིག་བྱུང་ནས་འཇིག་རྟེན་གོང་བུ་འདོད་པ་ལས་ལེབ་ལེབ་འདོད་མཁན་ཨ་ཡོད་ན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme