Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇིག་རྟེན་ཉེར་སྤྱོད་དང་མཐུན་པའི་ཆོས་ཤིག་སྒྲུབ་ན་གང་འདྲ་འདུག

Posted on 2012-09-18 By ཁ་བརྡ་ 12 Comments on འཇིག་རྟེན་ཉེར་སྤྱོད་དང་མཐུན་པའི་ཆོས་ཤིག་སྒྲུབ་ན་གང་འདྲ་འདུག

ཨོ་རྒྱན་ཉི་མ།

སྲོལ་རྒྱུན་གྱི་རིག་གཞུང་ཉམ་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་དེ་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་སློབ་གསོ་དང་། མི་ཚེའི་འཚོ་བའི་ཡོ་བྱད་དང་ཆེར་མ་འབྲེལ་བས་ཡིན་ན་བསམ། དེ་ཕྱིར་ནང་པའི་ཆོས་ཀྱང་ཚེ་འདི་བློས་བཏང་གི་ངེས་འབྱུང་བློ་ཅན་གཅིག་པུ་ངོར་མ་ཡིན་པར། འཚོ་བའི་ཁ་ཕྱོགས་དང་མཐུན་པའི་འཚོ་བའི་ཁ་ཕྱོགས་ལ་སྨན་པའི་སློབ་གསོ་ཞིག་ཏུ་བསྒྱུར་ན་ཕྱོགས་གཅིག་ནས་ལེགས་ཆ་ཞིག་ཀྱང་ཡོད་པར་འདོད། ངས་ཆོག་ཤེས་ཀྱི་དེབ་ཀྱི་ནང་དུ་དམ་པའི་ཆོས་འཚོ་བའི་རྟེན་རྩ་ཉིད་དུ་བཟུང་མི་རུང་བར་བཤད་ཡོད་མོད། དེ་ནི་འཁོར་བ་གཏན་དུ་སྤངས་འདོད་ཡོད་པའི་གང་ཟག་མཆོག་གྱུར་ལ་བསམས་ཏེ་བཤད་པ་ཡིན། དམ་པའི་ཆོས་ལ་ཚེ་འདི་ལ་ཕན་པ་དང་། ཚེ་ཕྱི་མར་ཕན་པའི་གདམ་ངག་གཉིས་སུ་མཆིས་པས། རྒྱལ་ཁབ་རིམ་པའི་སློབ་གྲྭའི་ལས་གཞི་དང་མཚུངས་པའི་མི་ཚེའི་འཚོ་བའི་གྲུབ་ཆ་ཞིག་ཏུ་བསྒྱུར་ན་ཡང་ཆོས་ལ་བརྟེན་ནས་རང་ཉིད་འཚོ་བ་དང་། གཞན་ལ་ཕན་ཐོགས་པ་ཞིག་ཀྱང་བྱ་ཆོག་པར་སེམས། ང་ཚོས་ཡོད་ཚད་ཚེ་ཕྱི་མ་དང་། འཇིག་རྟེན་གཞན་ཞིག་ལ་བསམ་བློ་བཏང་བསྡད་པ་ཡིན་ན། ཚེ་འདིའི་འཚོ་བ་དེ་སྐྱ་ཆད་སྔོ་རྡུག་ཅིག་ཏུ་མི་འགྱུར་བའི་གདེངས་ཚོད་སུ་ལ་ཡོད། དེ་ཕྱིར་རང་གཞན་གཉིས་ཀ་ཕན་པའི་དམ་པའི་ཆོས་ཀྱི་ལམ་སྣེ་རུ་འཛིན་འདོད་མཁན་ཡོད་ན་བསམ་བློ་ཞིག་གཏོང་ས་ལོས་ཡོད་བསྙམ། འཇིག་རྟེན་པའི་ཆབ་སྲིད་དང་། དཔལ་འབྱོར། ཚན་རིག་གང་སྦྱང་ན་ཡང་དེ་ལ་བསྒྲིགས་ཁྲིམས་དང་། ཆ་ལུགས། འགྲོ་སྟངས་མི་འདྲ་བ་ཡོད་པ་བཞིན། ཆོས་པའི་རྟེན་ལ་དགེ་འདུན་གྱི་སྡེ་གཉིས་དང་། གོས་ལ་ཡང་དམར་པོ། སེར་པོ། སྔོན་པོ། དཀར་པོ་སོགས་མདོག་དང་། དབྱིམས་འདྲ་མིན་ཡོད་པ་བཞིན་ཚང་མས་ཤེས་དགོས་པ་དང་། ལག་ལེན་བྱ་དགོས་ངེས་ཤིག་རེད། འཇིག་རྟེན་པའི་ཆ་ལུགས་དང་། ལྟ་གྲུབ་ཡོད་ཚད་བྱ་རུང་བ་ཞིག་དང་། བྱ་འོས་པ་ཞིག ཆོས་ལུགས་པའི་ཡོད་ཚད་རྗེས་ལུས་དང་། དམན་པ་ཞིག་ཏུ་འཛིན་པ་ནི་བླུན་པོའི་ནང་ནས་བླུན་པོའི་ཐ་མ་དང་། ཁྲེལ་མེད་ནང་ནས་ཁྲེལ་མེད་མཐར་ཐུག་པ་ཉིད་དུ་ངེས་སོ། །ཆོས་ལ་ཚེ་འདིའི་རིན་ཐང་ཙམ་ལས་འཛིན་མི་ཐུབ་པའི་གང་ཟག་ཚོས་གཏན་གྱི་བདེ་བ་བྱུང་ཆུབ་ཅེས་པ་དེ་འཐོབ་ཐུབ་པ་ཁག་པོ་རེད་དེ། རང་གི་འཚོ་བ་ཆོས་ལ་བརྟེན་ཞིང་། གཞན་ལ་ཡང་ལྷག་བསམ་བཟོལ་མེད་ཀྱིས་ཕན་བདེ་བསྒྲུབ་རྒྱུའི་དམ་བཅའ་དང་འབྲེལ་བའི་ཆོད་སེམས་ཀྱིས་ལས་ལ་ཞུགས་ཐུབ་ན་ཕན་འབྲས་ཀྱི་ཆ་ཤས་ཤིག་ལོས་ཡོད། འདི་དག་ཚེ་འདི་བློས་གཏོང་མི་འདོད་ཅིང་། འཇིག་རྟེན་འཁོར་བའི་ཆོས་ལ་ཞེན་པ་ཆེ་ཞིང་། དམ་པའི་ཆོས་ལ་བརྟེན་པའི་གང་ཟག་དམན་པ་རྣམས་ཀྱི་ཆེད་དུ་དམིགས་ཏེ་བྲིས་ པ་ཞིག་ལས། རབ་ཏུ་བྱུང་བ་དང་། ཚེ་འདི་བློ་བཏང་གི་ཆོས་པ་རྣལ་མ་དག་གིས་ནི་འཇིག་རྟེན་ཉེར་སྤྱོད་དང་བསྟུན་མི་ རུང་ཡང་། གཞན་ཕན་ཙམ་སྒྲུབ་ པ་དང་། གཞན་ཕན་ལ་སྨོན་པའམ་འདུན་པས་དྲངས་པའི་སྒོ་གསུམ་བྱ་བ་ཙམ་ནི་འཚོ་བས་བྲེལ་བའི་ གང་ཟག་ཚོས་ཀྱང་ནུས་པས།འཚོ་བ་དང་འབྲེལ་བའི་ཆོས་སྒྲུབ་ཚུལ་ཞིག་ཀྱང་ཡོད་དགོས་ པར་འདོད། དེ་ཕྱིར་ཐུགས་བསམ་ལེགས་པར་བཞེས་ཏེ། བསྟན་པ་ཡུན་དུ་གནས་པའི་ཐབས་ལ་འབད་དགོས་པར་སེམས་སོ། །

སྣ་ཚོགས།

Post navigation

Previous Post: དཔལ་ལྡན་བཀའ་ཤག་ལྷན་རྒྱས་ལ།
Next Post: རྒྱལ་གཅེས་བསམ་བློ་སྤེལ་བའི་ནུས་ཤུགས།

Comments (12) on “འཇིག་རྟེན་ཉེར་སྤྱོད་དང་མཐུན་པའི་ཆོས་ཤིག་སྒྲུབ་ན་གང་འདྲ་འདུག”

  1. བོད་འཁྱར་ says:
    2012-09-18 at 11:22 pm

    ལེགས་སོ། ལེགས་སོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-09-18 at 11:30 pm

    ་་་་་ དམ་པའི་ཆོས་ལ་ཚེ་འདི་ལ་ཕན་པ་དང་། ཚེ་ཕྱི་མར་ཕན་པའི་གདམ་ངག་གཉིས་སུ་མཆིས་པས། རྒྱལ་ཁབ་རིམ་པའི་སློབ་གྲྭའི་ལས་གཞི་དང་མཚུངས་པའི་མི་ཚེའི་འཚོ་བའི་གྲུབ་ཆ་ཞིག་ཏུ་བསྒྱུར་ན་ཡང་ཆོས་ལ་བརྟེན་ནས་རང་ཉིད་འཚོ་བ་དང་། གཞན་ལ་ཕན་ཐོགས་པ་ཞིག་ཀྱང་བྱ་ཆོག་པར་སེམས། ང་ཚོས་ཡོད་ཚད་ཚེ་ཕྱི་མ་དང་། འཇིག་རྟེན་གཞན་ཞིག་ལ་བསམ་བློ་བཏང་བསྡད་པ་ཡིན་ན། ཚེ་འདིའི་འཚོ་བ་དེ་སྐྱ་ཆད་སྔོ་རྡུག་ཅིག་ཏུ་མི་འགྱུར་བའི་གདེངས་ཚོད་སུ་ལ་ཡོད། ་་་་་ཟེར།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-09-18 at 11:34 pm

    ་་་་་ འཇིག་རྟེན་པའི་ཆབ་སྲིད་དང་། དཔལ་འབྱོར། ཚན་རིག་གང་སྦྱང་ན་ཡང་དེ་ལ་བསྒྲིགས་ཁྲིམས་དང་། ཆ་ལུགས། འགྲོ་སྟངས་མི་འདྲ་བ་ཡོད་པ་བཞིན། ཆོས་པའི་རྟེན་ལ་དགེ་འདུན་གྱི་སྡེ་གཉིས་དང་། གོས་ལ་ཡང་དམར་པོ། སེར་པོ། སྔོན་པོ། དཀར་པོ་སོགས་མདོག་དང་། དབྱིམས་འདྲ་མིན་ཡོད་པ་བཞིན་ཚང་མས་ཤེས་དགོས་པ་དང་། ལག་ལེན་བྱ་དགོས་ངེས་ཤིག་རེད། ་་་་་ཟེར།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-09-18 at 11:36 pm

    བསྟན་པ་ཡུན་དུ་གནས་པའི་ཐབས་ལ་འབད་དགོས་པར་སེམས་སོ། །ཞེས་གསུངས་པ་ལྟར་ངས་ཀྱང་དེ་དེ་བཞིན་དུ་སྨོན་ནོ།

  5. ཀརྡོ་གཉེར་ཕྱག་པ་ says:
    2012-09-19 at 12:51 am

    སྲོལ་རྒྱུན་ཡ་རབས་ཤེ་ཡོན་སྲུངས། །
    དེང་དར་ཡ་རབས་ཚན་རིག་སྤྱོད། །

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-19 at 1:55 am

    ང་ཚོས་ཡོད་ཚད་ཚེ་ཕྱི་མ་དང་། འཇིག་རྟེན་གཞན་ཞིག་ལ་བསམ་བློ་བཏང་བསྡད་པ་ཡིན་ན། ཚེ་འདིའི་འཚོ་བ་དེ་སྐྱ་ཆད་སྔོ་རྡུག་ཅིག་ཏུ་མི་འགྱུར་བའི་གདེངས་ཚོད་སུ་ལ་ཡོད། དེ་ཕྱིར་རང་གཞན་གཉིས་ཀ་ཕན་པའི་དམ་པའི་ཆོས་ཀྱི་ལམ་སྣེ་རུ་འཛིན་འདོད་མཁན་ཡོད་ན་བསམ་བློ་ཞིག་གཏོང་ས་ལོས་ཡོད་བསྙམ།
    ཚེ་ཕྱི་མ་ལ་ཕན་པའི་ཕྱིར་སྦྱིན་སྲེག་སོགས་ཆོ་ག་རྒྱས་པ་བྱེད་པ། སྔོན་གྱི་རྒྱ་གར་རྒྱལ་པོ་སོགས་འབྱོར་ལྡན་དག་གིས་ཆོས་མིན་གྱི་བྱ་བ་ཚེ་ཕྱི་མའི་དོན་དག་ལ་བྱེད་པར་མཐོང་ནས། དེའི་ངོ་རྒོལ་དུ་སྐྱེ་བ་ཕྱི་མ་ཁས་མི་ལེན་པའི་ཚུ་རོལ་མཛེས་པ་པ། carvakaཞེས་པའི་གྲུབ་མཐའ་བྱུང་། འདི་ལ་ཡང་ཆོས་ཤིག་ཡོད་དེ། འབུ་ལོན་ལེན་ལ་མར་ཟོ། ཟེར་བ་མ་གཏོགས། རྐུན་མ་རྐུས། ཤ་ཟོ། ཟེར་བ་མ་ཡིན། རྒྱ་གར་ལོ་རྒྱུས་ཧིནྡ་སྐད་དུ་བྲིས་པ་ཞིག་ན་བཀླགས་སོ།།
    ལམ་སྣ་མ་ཟིན་འཆི་བའི་དུས་བྱེད་ན། ཞེས་པ་སོགས་པ། ཁོ་བོས་དཔེ་ཆ་བློ་འཛིན་བྱེད་པ་ན། རྣམ་དཔྱོད་ཀྱི་མེ་ལོང་དུ་ཤར་ཏེ བོད་ཀྱི་དག་ཆ་སྲུང་བ་ལ་སྐལ་བ་བཟང་པོ་བྱུང་སྙམ་པ་པ་ལ་དགའ་བ་སྐྱེས་སོ།།

  7. གཡུ་འབྲུག་དཀར་པོ། says:
    2012-09-19 at 2:44 am

    ཆོས་ལུགས་གཞན་ལ་ཇི་ལྟར་ཡིན་མི་ཤེས། རྙིང་མ་པའི་ནང་ལ་སེམས་དེ་གང་ཡིན་ཞེས་པའི་བཀའ་ཆོས་གནང་དུས་བཀའ་ཆོས་དེ་ནི་ཤིན་ཏུ་ཚད་མཐོན་པོ་ཞིག་ལ་བརྩི་གནང་གི་འདུག། ང་ལྟ་བུ་ཞིག་ལ་མཚོན་ན་སེམས་གང་ཡིན་ཞེས་པའི་བཀའ་ཆོས་དེ་ལས་ཆོས་གང་ཡིན་ཞེས་པའི་བཀའ་ཆོས་ཤིག་ཞུ་རྒྱུ་ཡོད་ན་དངོས་ནས་ཕན་རླབས་ཆེ་བར་ངེས། རྒྱུ་མཚན་གང་ཡིན་ཟེར་ན་ངས་བཀའ་ཆོས་ཇི་ཙམ་ཉན་རུང་། གཞུང་གང་ཞིག་ཀློག་རུང་། ད་དུང་ཡང་དམ་པའི་ཆོས་ཞེས་པ་དེ་གང་ཡིན་གོ་ཚུགས་མ་སོང་།
    བླ་མ་དགེ་བའི་བཤེས་གཉེན་ཁ་ཤས་ཀྱིས་ནང་པའི་ཆོས་ཞེས་པ་དེ་ཕྱག་མཆོད་སྦྱིན་གཏོང་སོགས་བྱེད་རྒྱུ་མ་རེད་ཟེར། འོ་ན་གང་ཡིན་ཟེར་ན་དམ་པའི་ཆོས་རྣལ་མ་ཞིག་སྒྲུབ་པ་ཡིན་ན་སྒོམ་རྒྱག་དགོས་ཟེར། སྒོམ་རྒྱག་དགོས་ཟེར་དུས་སྒོམ་ལ་ཡང་རྣམ་པ་མང་པོ་འདུག་ག ཞི་གནས་སྒོམ་རྒྱུ། ལྷག་མཐོང་སྒོམ་རྒྱུ། བྱང་ཆུབ་སེམས་སྒོམ་རྒྱུ། ལྷ་སྒོམ་རྒྱུ། སྔགས་བཟླ་རྒྱུ། དེ་ཚོ་གང་སྒོམ་དགོས་པ་ཡིན་ཧ་གོ་གི་མི་འདུག།
    ཡང་ཁ་ཤས་ཀྱིས་ནི་ནང་པའི་ཆོས་བྱེད་དགོས་ན་འཇིག་རྟེན་གྱི་ཆ་བྱད་ཚང་མ་སྤང་དགོས་ལ། ཐ་ན་རེ་དོགས་གང་ག་སྤངས་ནས་རེ་དོགས་མེད་པའི་ངང་ལ་ཆོས་སྒྲུབ་དགོས་རེད་ཟེར། དེ་ལྟར་ན་སངས་རྒྱས་ཀྱི་གོ་འཕང་ལ་ཡང་རེ་བ་རྒྱག་མི་རུང་བ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པའི་རེ་བ་ཡང་རྒྱག་མི་རུང་བ་འདྲ་ཞིག་སྣང་། དེ་འདྲ་ཞིག་ཡིན་ནམ་སྙམ་ད་ད་དུང་བླ་མ་དགེ་བའི་བཤེས་གཉེན་སུ་ཞིག་གིས་བཀའ་ཆོས་གནང་རུང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་སྙམ་པའི་སེམས་བསྐྱེད་དང་བཅས་གསན་པར་ཞུ་ཞེས་གསུངས་ཀྱི་འདུག
    ཡང་ཁ་ཤས་ཀྱིས་ནི་ཕན་པ་ཐམས་ཅད་ཆོས་ཟེར་གྱི་རེད། དེ་ཡིན་དུས་དམ་པའི་ཆོས་ཤིག་བྱེད་དགོས་ན་གཞན་ལ་ཕན་པའི་བྱ་བ་སྒྲུབ་དགོས་རེད་ཟེར།
    ཡང་ཁ་ཤས་ཀྱིས་ནི་ནང་པའི་ཆོས་ཟེར་བ་དེ་བླང་དོར་གྱི་གནས་ཙམ་མ་རེད། མ་ཟད་ནང་ཆོས་སྒྲུབ་པ་ལ་བླང་དོར་གྱི་གནས་གཙོ་བོ་ཡང་མ་རེད། དེ་ཡིན་དུས་ཆང་འཐུང་ན་ཡང་འཐུང་ཆོག། ཐ་མ་ཟོས་ན་ཡང་ཟོས་ཆོག། འཇིག་རྟེན་གྱི་བྱ་བ་གང་བྱེད་ན་ཡང་བྱེད་ཆོག་གི་རེད། དེ་དག་གང་ག་བྱེད་བཞིན་དུ་དམ་པའི་ཆོས་སྒྲུབ་རྒྱུ་ཡོད་རེད་ཅེས་གསུངས་མཁན་ཡང་འདུག།
    ཡང་ཁ་ཤས་ཀྱིས་ནི་ནང་པའི་ཆོས་བྱེད་དགོས་ན་སོ་སོའི་ཤག་ཏུ་མཆོད་སྟེགས་ཤིག་དགོས། མཆོད་སྟེགས་དེ་ཡང་རྒྱན་གྱིས་མཛེས་པར་བརྒྱན་ཞིང་གཙང་དག་ཅིག་དགོས། དེ་ལ་སྟོན་པ་སོགས་ཀྱི་སྐུ་གསུང་ཐུགས་རྟེན་རྣམས་བཞག་ལ། དེར་ཐུན་བཞི་ལ་ཕྱག་མཆོད་སོགས་རྒྱུན་མ་ཆད་པར་འབུལ་དགོས་ཚུལ་གསུངས་ཀྱི་འདུག། ད་ང་དངོས་ནས་དྲང་ནས་ཆོས་ཟེར་བ་དེ་གང་འདྲ་ཞིག་ཡིན་ནམ་གཏན་ནས་གོ་ཚུགས་མ་སོང་། ཆོས་གང་ཡིན། ཆོས་གང་ཡིན། ཆོས་གང་ཡིན།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-09-19 at 6:39 am

    carvaka ཚུ་རོལ་མཛེས་པ་པ་ཡི་སྟོན་པའི་ཡང་སྤྲུལ་ལ་ཨཅརྱྰ རྰཇ ནྰེཥ ཨོ་ཤོ་ཞེས་པའོ་མཁས་དབང་དེ་འཁྲུངས་འདུག་སྙམ་པའི་དྭོགས་པ་ཡང་ཡང་ཟ་མྱོང་ཡང་།
    ཁོང་གིས། ང་ནི་འཛམ་འདི་ཡི་ནང་ལ་དེབ་གྲངས་མི་འདྲ་བ་གཅིག་སྟོང་ལྔ་བརྒྱ་ལྷག་བཀླགས་མྱོང་བའི་མི་མཁས་ཤོས་དེ་ཡིན་ཞེས་དམ་བཅའ་བྱས་པ་དང་།
    གཅེར་བུའི་སྟོན་པ་ཇྰེན་དང་སྟོན་པ་ཤཀྱྰ་ཐུབ་པའི་རྣམ་ཐར་དང་ལུང་འདྲེན་ཡང་བྱས་སྟབས། ཅར་ཝ་ཀའམ་རྒྱང་འཕེན་པའི་སྟོན་པའི་ཡང་སྤྲུལ་ཡིན་པ་ལ་ཡང་དྭོགས་པ་སེལ་ཐུབ་མ་སོང་། ང་དང་ང་འདྲ་བའི་གང་ཟག་གིས་གང་ཟག་ཚོད་བཟུང་གིས། གང་ཟག་གིས་ང་ཚོད་མི་བཟུང་སྟེ། གསུངས་པ་འདི་ནི། ཤིན་ཏུ་ནས་བདེན་པ་འདུག་ལགས།

  9. གསེར་འབྲུག་སྡེར་ལྔ་ says:
    2012-09-19 at 7:03 am

    རེད་ད། སྤྲུལ་ལོག་ལགས་ཀྱིས་དྲི་གཙང་སྤོས་ཀྱི་ལྡིང་ཁང་ན་ལྷ་སྐུའི་འཁྲོད་དུ་བཞུགས་ཏེས་ལྷ་ཆོས་རིང་ལུགས་ཀྱིས་ལྟ་གྲུབ་ཡང་དག་ལ་སྦྱངས་པ་མཐའ་མ་འཁྱོངས། ཡང་འཇིག་རྟེན་མི་ནག་གི་ཁྱིམ་དུ་བཞུགས་ཏེས་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་བྱ་གཞག་བསྒྲུབ་མི་ཐུབ་པར་སྐྱ་མིན་སེར་མིན་གྱི་ལྷ་སྐུར་བཞེངས་རྩིས་མ་རེད་ད།

  10. རང་དབང་། says:
    2012-09-19 at 5:39 pm

    ད་ཡིན་ན་སྤྲུལ་སྐུས་མགོ་ཨོ་ཙམ་ཚོས་ཡོད་པ་འདྲ། སྔོན་མའི་བཤད་སྟངས་དང་ལོག་ག་རེད་འདུག དེ་སྔོན་དགེ་ལུགས་པས་བཤད་པར་ཡིད་ཆེས་ཐག་ཆོད་ནས་མགོ་སྐོར་ཐེབས་ཡོད། དགེ་ལུགས་པ་དང་ཟམ་གདོང་བླ་མས་ཚན་རིག་མི་དགོས་པ་དང་། གྲྭ་པས་ཚན་རིག་སྦྱང་མི་རིགས་པ་བཤད་པ་ཡིད་ཆེས་འདུག དོན་ལ་དགེ་ལུགས་པས་སྔོན་དང་པོ་ཚན་རིག་སྦྱང་ཡོད་པ་དང་། གདན་ས་གསུམ་ཀ་ལ་ཚན་རིག་བསླབ་ནས་ལོ་མང་པོ་སོང་ཟིན། ད་དུང་ཨ་རི་ནང་དུ་དགེ་ལུགས་པའི་གྲྭ་པ་མང་པོ་བཏང་ནས་ཚན་རིག་སྦྱངས་ཏེ་ལོ་མང་ཕྱིན་ཟིན་པ་རེད། ད་ལོ་ཚན་རིག་དེ་གདན་སའི་སློབ་ཚན་དང་ལྷ་རམས་རྒྱུགས་སྤྲོད་ནང་དུ་ཡང་འཇོག་རྒྱུ་ཡིན་འདུག འོན་ཀྱང་མི་གཞན་ལ་ཚན་རིག་སྦྱང་མི་རིགས་ཚུལ་མང་པོ་བཤད་པའི་རྒྱུ་མཚན་གང་ཡིན་ཤེས་དཀའ། གང་ལྟར་ཨུ་རྒྱན་ཉི་མ་ནི་ལྐུག་པ་བཟོ་ཐུབ་ཀྱི་འདུག ཧཧཧཧཧ

  11. གངས་ཟླ says:
    2012-09-19 at 6:24 pm

    བདེ་སྐྱིད་ཀྱི་གཞི་མ་དམ་པའི་ཆོས་ཡུན་རིང་དུ་གནས་དང་མི་གནས་ནི་དགེ་འདུན་ལ་རག་ལུས་བས་དགེ་འདུན་པ་དབྱར་གྱི་ཆུ་བོ་བཞིན་འཕེལ་བའི་སྨོན་འདུན་ཞུ།

  12. འཇམ་གཅེས says:
    2012-09-22 at 12:24 am

    ཧ་ཧ་དེང་སང་གི་དྲ་འབུ་གསེར་འབྲུག་སྡེ་ལྔ་སོགས་ཁ་ཤས་ལ་ཟེར་གྱི་ཡོད། མ་ཤེས་ན་ཡང་ཤེས་མདོག་མ་བཟོ་ཤིག །སྲིད་བཤད་ན་ཆོས་ཤེས་མདོག །ཆོས་བཤད་ན་སྲིད་ཤེས་མདོག་བཟོ་བ་འདི་ནི་དེང་སང་དྲ་འབུ་དག་གི་གཤིས་སུ་གྲུབ་འདུག་ལབ་ན་མི་ཆོག་པ་མེད་པར་མངོན། སེམས་གཙོ་དང་དངོས་གཙོའི་སྐད་ཆ་འབྲེལ་མེད་དོན་གཞན་ཞིག་ངའི་དུས་ནང་ཡང་བཤད་མི་འདོད། རང་དང་ལྟ་གྲུབ་མི་མཐུན་པའི་མི་བུ་དག་གི་སྤྱོད་ཚུལ་ལ་་སྡུག་སྐད་རྒྱུན་མི་ཆད་པ་ངའི་དུས་ནམ་ཡང་འདོན་མི་འདོད། རང་གི་ནག་ཉེས་ཐེར་འདོན་བཟོ་མཁན་དག་ལ་དགྲ་བོའི་འདུས་ཤེས་ངའི་དུས་ནང་ཡང་འཛིན་མི་འདོད། རང་ལ་བྱས་པ་རྡུལ་ཙམ་མེད་པར་མི་ལ་སློབ་སྟོན་ངའི་དུས་ནམ་ཡང་བཟོ་་མི་འདོད། རང་ལ་ཤེས་ཡོན་རང་མགོ་ཐོན་ངེས་ཞིག་མེད་བཞིན་དུ་གཞན་གྱི་སྔོན་ནས་མཁས་དབང་ཡིན་མདོག་མདོག་གིས་བཅོས་མའི་རྣམ་འགྱུར་ངའི་དུས་ནམ་ཡང་སྟོན་མི་འདོད། རང་ལ་འཇོན་ཐང་ཏིལ་འབྲུལ་ཙམ་མེད་བཞིན་དུ་གཞན་གྱི་སྔོན་དུ་ཆེ་མདོག་དང་འཇོན་ཐང་ཅན་ཞིག་ཡིན་མདོག་གྱི་སྤོབས་པ་ངའི་དུས་ནམ་ཡང་ཁུར་མི་འདོད། རང་ལ་ནུས་པ་ཁབ་རྩེ་ཙམ་ཞིག་མེད་བཞིན་དུ་མིང་རྗུན་འོག་ནས་ཁ་ཕོར་འབྲུག་སྒྲ་ལྟ་བུར་ངའི་དུས་ནམ་ཡང་བསྒྲོགས་མི་འདོད། རང་ལ་སྤྱིར་སེམས་ནས་འབྲུ་ཙམ་ཞིག་མེད་ན་ཡང་གཞན་གྱི་སྔོན་ནས་ལ་རྒྱའི་གླུ་དབྱངས་གཞན་གྱི་ཨ་མཆོག་ཚ་ཚ་བར་དུ་ངའི་དུས་ནམ་ཡང་འཐེན་མི་འདོད། རང་ལ་བློ་ཁོག་ཐལ་རྡུལ་ཙམ་ཞིག་མེད་ན་ཡང་དཔའ་བོ་ཡིན་རབས་ཀྱི་སྟོང་གཏམ་ལུང་པའི་ནང་དུ་མི་ཤོང་བ་རེ་ངའི་དུས་ནམ་ཡང་བཤད་མི་འདོད། འདི་དག་ནི་ངའི་རང་གཤིས་སོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme