Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇའ་ལམ་ཁྲ་མོ་བཀླགས་པའི་མྱོང་བ་ཐུང་ཐུང་།

Posted on 2023-06-22 By ཁ་བརྡ 1 Comment on འཇའ་ལམ་ཁྲ་མོ་བཀླགས་པའི་མྱོང་བ་ཐུང་ཐུང་།

རྔ་བ་ཀུན་བཟང་།

< སྤྱི་བཤད། >

རྒན་པདྨ་འབུམ་གྱིས་བརྩམས་པའི་སྒྲུང་རིང་<< འཇའ་ལམ་ཁྲ་མོ>> ཞེས་པའི་གསར་ཐོན་གྱི་དེབ་འདི་ངའི་གྲོགས་པོ་ཞིག་གིས་རྡ་ས་ནས་ཉོས་ཏེ་ང་ལ་ལེགས་སྐྱེས་སུ་གནང་བྱུང་། མ་གཞི་ནས་ངས་རྒན་པད་མ་འབུམ་གྱི་གཏམ་བཤད་དང་། བརྩམས་ཆོས་གཞན་མང་བོ་ལ་བལྟས་མྱོང་ཡོད། ད་ལོ་ང་ཚོ་ཚང་མ་དགའ་དགོས་པ་ཞིག་ལ། འཇམ་ལམ་ཁྲ་མོ་ཟེར་བའི་སྒྲུང་རིང་ཞིག་གསར་ཐོན་བྱུང་འདུག དེའི་ཐོག་ནས་རྒན་ལགས་ཀྱིས་མི་རིགས་ཞིག་གི་ཤེས་རིག་དང་འབྲེལ་བའི་བརྩམས་སྒྲུང་རིག་པའི་ལས་དོན་ལ་ད་དུང་སྔར་བཞིན་དགའ་སྣང་དང་འབད་པ་གནང་བཞིན་ཡོད་པ་གསལ་བོ་རེད་ལ། ང་ཚོ་མི་རབས་གཞོན་པ་ཚོས་རྒན་ལགས་ལ་ཁ་དྲོ་བཀྲ་ཤིས་ཞེས་ཞུ་ན་འདོད།

<<སྒྲུང་གི་མི་སྣ་ཁག། >>

འཇའ་ལམ་ཁྲ་མོའི་ནང་ལ་མི་སྣ་མང་བོ་འདུག རེད་དེ། གཙོ་འཁྲབ་པ་རེ་འགའ་ཞིག་ལས་མེད། དེ་དག་ནི་སྟོབས་ལྡན་དང་། ཚེ་བརྟན། འཕགས་ཕྲུག་སྣ་ལེབ། རིན་ཆེན་སྒྲོལ་མ། ཨ་ཁུ་རབ་བརྟན། གཅེན་གཅུང་གི་ཨ་མ། ཚེ་སྐྱིད། ཚེ་རིང་བླ་མ། ཚོང་པ་རིན་ཁོ་བཅས་སྒྲུང་གི་མགོ་མཇུག་བར་གསུམ་ན་གསལ་བའི་མི་སྣ་གལ་ཆེན་ཏག་ཏག་ཡིན། ལྷག་པར་ཏུ་སྟོབས་ལྡན་ལ་མཚོན་ན་ཁྱིམ་ཚང་ནང་གི་ཞི་ལུ་རྒན་པ་དང་། ཨ་ཕ་འདས་པའི་རྗེས་སུ་གྲྭ་ས་ལ་སོང་ནས་གྲྭ་མིང་ལ་ལུང་རིགས་ཞེས་བཏགས། དགོན་པ་མ་སོང་གོང་ལ་རིན་ཆེན་སྒྲོལ་མ་དང་མཉམ་དུ་ལུས་འབྲེལ་བྱུང་བས་མོའི་ཁོག་ལ་མངལ་ཆགས་ཀྱང་ནང་ལ་གསང་བ་རེད། ལོ་འགའི་རྗེས་སུ་སྟོབས་ལྡན་གྱི་ནུ་བོ་ཚེ་བརྟན་གྱིས་རིན་ཆེན་སྒྲོལ་མ་དང་མཉམ་ཏུ་གཉེན་སྒྲིག་བྱས། རེད། རེད། ཆ་མི་མཉམ་པའི་འཁོར་བའི་ཟིང་ཟིང་ཁྲོད་ནས་ད་གཟོད་<<འཇའ་ལམ་ཁྲ་མོ>> ཞེས་པའི་སྒྲུང་ཡག་འདི་བྱུང་བ་རེད། ང་རང་ཉིད་ལ་མཚོན་ན། མི་སྣ་དེ་དག་གི་ནང་ནས་ཆེས་དགའ་ས་ཟིག་ཡོད་པ་དེ་ལུང་རིགས་གི་གྲོགས་པོ་འཕགས་ཕྲུག་སྣ་ལེབ་ཟེར་བ་དེ་ཡིན། རྒྱུ་མཚན། “ གློག་བརྙན་རིན་མེད་ཅིག་ཡོད་པ་མ་རེད” ཞེས་སྒོ་སྲུང་བའི་བཤད་དུས་” དྲིན་ཅན་པོ་ངའི་གཟན་འདི་གཏའ་མར་ལེན་རོགས། “ འཕགས་ཕྲུག་སྣ་ལེབ་ཀྱིས་རང་གི་གཟན་ཕུད་ནས་གློག་བརྙན་ལ་ལྟ་རིན་དུ་སྤྲད་པའི་སྣང་ཚུལ་གཅིག་པོར་ལས། མིའི་རྒྱུ་དག་གམ་རང་བཞིན་མངོན་ཐུབ་ལ། འཚོ་བའི་སྣང་བརྙན་འདིའི་རིགས་ང་ཚོའི་སློབ་གྲྭའི་མི་ཚེ་དང་། གྲྭ་བའི་མི་ཚེ། བྱིས་དུས་ཀྱི་མི་ཚེ། དབུལ་དུས་ཀྱི་མི་ཚེ་སོགས་མཚོན་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་འདོད།

<<སྒྲུང་ནང་གི་ཐ་སྙད་འགའ>>

ཀློག་པ་པོ་ཞིག་ལ་མཚོན་ན་དེབ་གང་ཞིག་ཀློག་སྐབས་ཐ་སྙད་ལ་དཔྱད་དགོས་པ་གལ་ཆེན་དུ་མཐོང་། བརྩམས་ཆོས་རེར་སྤྱི་ཁྱབ་གྱི་ཐ་སྙད་དང་འབྲེལ་བའི་མཚོན་བྱེད་རེ་ཡོད། འཇའ་ལམ་ཁྲ་མོའི་ནང་གི་ཐ་སྙད་དག་བརྒྱ་ཆ་བདུན་ཅུ་ཙམ་སྤྱི་ཡོངས་ཀྱི་ཁ་སྐད་དང་ཡིག་སྐད་ནང་གསལ་བའི་ཐ་སྙད་ཏག་ཏག་རེད། སུས་ཀློག་ཀྱང་མི་གོ་བ་དང་གོ་བ་ནོར་འགྲོ་བའི་རིགས་ཧ་ཅང་ཉུང་ཉུང་རེད། འོན་ཀྱང་། ལུང་སྐད་ཀྱི་བརྡ་འགའ་གོ་དཀའ་ཙམ་རེད་མཐོང་། དཔེར་ན། ཐབ་ཁུང་། མཆུ་ཏོ། གྱང་རྩ། ལྡེ་བ། སྣ་ལེབ། ཀྱལ་ཀ། གོ་བརྡ། དཀར་མེ། རྒྱ་སྒོ། སྣ་གླུ། སོ་མང་སོགས་ནམ་རྒྱུན་ནས་དཔེ་ཀློག་ཉུང་ཉུང་མཁན་དང་།ཡང་ན། ང་ལྟ་བུའི་བོད་ཡིག་གི་གནས་ཚད་མེད་མཁན་རིགས་ལ་གོ་བ་ལེན་དཀའ་ཙམ་མཐོང་། རེད་དེ། བྱིས་དུས་སུ་འབྲོག་ཕྱོགས་དང་ཕ་མ་མཉམ་ཏུ་འཚོ་བ་སྐྱེལ་ནས་རང་སྐད་གཙང་མ་བཤད་མཁན་རིགས་ཡིན་ན། སློབ་གྲྭར་མ་སོང་ཡང་གོང་གི་ཐ་སྙད་དེ་དག་ལ་གོ་བ་ལེན་ཐུབ། འཇའ་ལམ་ཁྲ་མོའི་ནང་གི་མཚོན་དོན་གཞན་ཞིག་ཡོད་པ་ནི་བོད་རང་གི་ཐ་སྙད་དུ་མ་ཞིག་སྒྲུང་གི་ནང་ལ་བཀོལ་ཐུབ་འདུག འདིའི་ཁྲོད་ནས་རྒན་པད་མ་འབུམ་ལགས་ཀྱི་བྱིས་དུས་འཚར་ལོངས་བྱེད་ས་དམངས་ཁྲོད་རིག་གནས་དར་བའི་ཁྱིམ་ཞིག་ནས་ཡིན་པ། ཡང་ན། ཕ་མེས་ཡང་མེས་ཀྱི་སྐད་དང་རིག་གཞུང་ལ་ཆེད་མཁས་ཡིན་པ་མཚོན་ཐུབ་སྙམ།

<<སྒྲུང་ནང་ལ་དྲི་བ་འགའ>>

ངས་འཇའ་ལམ་ཁྲ་མོ་བཀླགས་ནས་ཟླ་བ་གཅིག་ཙམ་འགོར་སོང་། ཉིན་གསུམ་ནང་ལ་ཧ་ལམ་བཀླགས་ཚར་སོང་། ལེའུ་རེ་འགའ་ནང་ནས་ངུས་མྱོང་། ཡང་ལེའུ་རེ་འགའ་ནང་ནས་དྲི་བ་མང་པོ་ཡོང་གི། དཔེར་ན། ངུ་ཤོར་བའི་ལེའུ་དེ་གློག་བརྙན་ཁང་ལ་འགྲོ་དུས་རིན་པ་མེད་པའི་སྐབས་དང་། རིན་ཆེན་སྒྲོལ་མའི་བག་སྟོན་སྐབས། ལྷ་སར་ཡོང་བའི་ལམ། མི་མེད་ལུང་སྟོང་ལ་ལུང་རིགས་གཅིག་པོ་འགྲོ་བའི་སྐབས་སོགས་ཧ་ཅང་ཡིད་གདུང་བའི་ལེའུ་ཏག་ཏག་ཡིན། ཡང་དྲི་བ་མང་བོའི་ལེའུ་འགའ་ཡོད།

སྒྲུང་གི་དཀྱིལ་མཚམས་ནས་འཕགས་ཕྲུག་སྣ་ལེབ་དང་རིན་ཆེན་སྒྲོལ་མ་གཉིས་མེད་པར་འགྱུར་བའི་མཚོན་དོན་ད་དུང་ཡ་མཚན་པར་འདུག་ལ། ལུང་རིགས་ལ་རང་གི་ཆུང་མ་དང་བྱིས་པ་ལས་གལ་ཆེ་བའི་ཨོའུ་རྒྱ་སྐུ་ཕྲེང་སྔོན་མའི་ཡང་སྲིད་ངོས་འཛིན་གནང་རྒྱུ་ཡིན་མིན་ལ་ཡང་ཡ་མཚན་འདུག། རྒྱ་གར་ཞྭ་མོ་གྱོན་པའི་ཕོ་གསར་ཉམས་ཅན་སྟོབས་ལྡན་དང་པོ་རིན་ཆེན་སྒྲོལ་མ་ལ་དགའ་ནས་མ་ཤི་ཙམ་ཡིན་ཡང་། སྒྲུང་གི་མཐའ་མ་མོའི་མིང་ཙམ་ཡང་གསལ་མེད་པ་ནི་བརྩམས་སྒྲུང་གི་ང་ཚོ་ཀློག་པ་པོ་ལ་སྙིང་རྗེ་མེད་པ་ཡིན་ན། ཡང་ན། ཀློག་པ་པོ་ཀུན་ནས་རིན་ཆེན་སྒྲོལ་མ་རྒྱ་གར་ལ་ལུང་རིགས་ཀྱི་འགྲམ་ལ་བསུ་དགོས་པ་འདྲ་གང་ཡིན་ནམ། གང་ལྟར་ཀྱང་། འཇའ་ལམ་ཁྲ་མོ་ཞེས་པའི་སྒྲུང་འདིའི་རྣམ་པ་དང་། མཚོན་ཐབས། བྱུང་རིམ་སོགས་ཕྱོགས་ཡོངས་ནས་མིང་དོན་ལྡན་པའི་དེབ་ཅིག་རེད་འདུག་བས། རྒན་ལགས་ལ་སླར་ཡང་བཀའ་དྲིན་ཆེ་ཞུ་ཞུ།།

རྔ་བ་ཀུན་བཟང་ནས།

2023/06/17

བསམ་ཚུལ།

Post navigation

Previous Post: ཡུལ་མིའི་རྒྱལ་ཁབ་དང་ཡུལ་མིའི་སྲིད་སྐྱོང་ལ་དཔྱད་པའི་གཏམ།
Next Post: ངའི་སེམས་ཁོང་གི་རྒན་པདྨ་ཚེ་བརྟན

Comments (1) on “འཇའ་ལམ་ཁྲ་མོ་བཀླགས་པའི་མྱོང་བ་ཐུང་ཐུང་།”

  1. ཇ་མ་ says:
    2023-08-28 at 9:24 am

    ངུས་ནས་མ་ཚར་བའི་སྒྲུང་ཞིབ་ཆ་མེད་མཁན་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme