Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇམ་དབྱངས་ནོར་བུའི་ལོག་རྩོམ་ལ་དཔྱད་པ།

Posted on 2013-04-252013-04-25 By ཁ་བརྡ་ 88 Comments on འཇམ་དབྱངས་ནོར་བུའི་ལོག་རྩོམ་ལ་དཔྱད་པ།

ཐུབ་བསྟན་ལུང་རིགས།

༄༅།།བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དོན་དམ་གྱི་རང་དབང་དང་། འདྲ་མཉམ། དྲང་བདེན། ཆིག་བསྒྲིལ་ལྡན་པའི་མང་གཙོའི་ལམ་སྲོལ་ཚད་ལྡན་འདི་འདྲ་ཞིག་བྱུང་བ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་རྐྱང་གིས་ཐུགས་བརྩོན་ལྷོད་མེད་མུ་མཐུད་གནང་བ་ཁོ་ནའི་དྲིན་ལས་བྱུང་བ་མ་གཏོགས། ༧གོང་ས་མཆོག་གིས་ཐུགས་བརྩོན་དེ་ལྟ་བུ་ཞིག་གནང་མེད་ཚེ་མང་ཚོགས་རང་ངོས་ནས་གསར་བརྗེ་དང་ལེགས་བཅོས་ཐུབ་མིན་རང་རེའི་སྤྱི་སྒེར་གྱི་བསམ་སྤྱོད་ལ་དཔགས་ན་ཚེགས་མེད་དུ་རྟོགས་ནུས། ༧གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་བརྗོད་དང་མཚན་སྨོད་ཞུ་མཁན་གྱི་བོད་མི་རྣམས་ཀྱིས་ཀྱང་བདེན་རྫུན་ཁྱད་མེད་ཀྱི་གང་དྲན་སྨྲ་བརྗོད་བྱེད་པའི་ནུས་བ་དང་རང་དབང་དེ་ཡང་༧གོང་ས་མཆོག་གི་ཐུགས་རྗེ་ལས་བྱུང་བ་དཔྱོད་ལྡན་རྣམས་ཀྱིས་མི་ཤེས་པ་ཅི་ལ་སྲིད།

དེ་ཙམ་ལ་བསམས་ནའང་སེམས་ལྡན་ཞིག་ཡིན་ཕྱིན་༧གོང་ས་མཆོག་ལ་ཟུར་ཟ་དང་སྐྱོན་བརྗོད་ཞུ་བའི་གཞི་རྩ་བྲལ་བ་མ་ཟད།མཚན་སྨོད་ནི་དེ་བས་ཀྱང་ཞུ་ཐབས་ག་ལ་ཡོད། འོན་ཀྱང་སྙིགས་ལྔའི་རྒུད་ཚོགས་ལྷག་པར་བདོ་བའི་མཚོན་རྟགས་ལྟ་བུར་བོད་མིའི་ཁྲོད་དུའང་ལས་བསོད་དམན་པའི་སྐྱེ་བོ་ཧ་ཅང་ཉུང་ཤས་ཤིག་གིས། འཇམ་མགོན་ས་པཎ་གྱིས། “ཁྭ་ཏས་མི་གཙང་ཟོས་པའི་མཆུ།། ས་གཙང་དག་ལ་འབད་དེ་འཕྱིས།།” ཞེས་དང། རྗེ་གུང་ཐང་པས་ཀྱང་”སྐྱེས་བོ་དམ་པར་ཕྲག་དོག་གིས།། སྨོད་པ་རང་གི་དམའ་འབེབས་ཡིན།།” ཞེས་གསུངས་པ་ལྟར་རང་སྐྱོན་གཞན་འགེབས་ཀྱི་གནས་ཚུལ་ངོ་ཚ་བྲལ་བ་ཞིག་ཡིནཔས།  སློབ་དཔོན་ཆེན་པོས། “བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ།” ཞེས་པའི་ངང་ཚུལ་ཐོག་ཏུ་བབས་པར་སྣང་།

མང་གཙོའི་ལམ་སྲོལ་དང་ཁྲིམས་ཀྱི་དབང་སྒྱུར་གཉིས་ཁ་བྲལ་མི་རུང་བ་ཞིག་ཡིན་པ་དང་། ཡུལ་མི་མི་རེ་ངོ་རེས་རང་དབང་གི་ཐོག་ནས་ཐོབ་ཐང་དང་། དེས་ཟླས་དྲངས་པའི་ལས་འགན་གཉིས་ཀ་ལེགས་པར་ངོས་ཟིན་ཞིང་། ལག་ལེན་དུ་བསྟར་བ་ཞིག་མ་བྱུང་ན་ཁ་ཙམ་གྱི་མང་གཙོ་ལས་དོན་དམ་གྱི་མང་གཙོ་ཡོང་ཐབས་མེད། སྨྲ་བརྗོད་ཀྱི་རང་དབང་ཞེས་པ་གཞི་མེད་རྫུན་གཏམ་དང་། གང་ཟག་ལ་དམའ་འབེབས། སྤྱི་ཚོགས་ནང་ཅལ་འདྲོགས་ཡོང་གཞིའི་རིགས་སྨྲ་བརྗོད་ཀྱི་རང་དབང་ཡིན་པའི་དོན་དུ་མི་གོ  དེར་བརྟེན་མང་གཙོའི་རིང་ལུགས་ (Democracy) དང་། ཁྲིམས་མེད་རིང་ལུགས་ (Anarchy) གཉིས་ཀྱི་ཁྱད་པར་འབྱེད་ཤེས་པ་དགོས་རྒྱུ་ཤིན་ཏུ་གལ་ཆེ།

རང་གི་འདོད་བློ་མ་ཁེངས་པའི་འཁང་ར་མང་གཙོའི་སྨྲ་བརྗོད་ཀྱི་རང་དབང་དུ་བསྙད་དེ་༧གོང་ས་མཆོག་སྐུ་སྒེར་དང་ཁོང་གི་མཛད་བྱུས་གཉིས་ཀར་སྐྱོན་བརྗོད་དང་། ཟུར་ཟ། མཚན་སྨོད་བཅས་ཞུ་མཁན་ཆེས་ཉུང་ཤས་ཤིག་ཡོད་པའི་ནང་ནས་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུ་ལགས་ནི་འདས་པའི་ལོ་ངོ་ ༣༠ ཡས་མས་ཀྱི་རིང་༧གོང་ས་མཆོག་དང་ཁོང་གི་མཛད་བྱུས་གཉིས་ཀར་སྐྱོན་བརྗོད་མུ་མཐུད་གནང་མཁན་ཞིག་ཡིན་པ་དང་། ཁོང་གི་སྐྱོན་བརྗོད་ཁག་ལ་སྐབས་རེ་ཟུང་ཙམ་ལ་ལན་འདེབས་འགྲེལ་བརྗོད་ཐོན་པ་ལས། མང་ཆེ་ཤོས་རང་བཞིན་སྣང་མེད་དུ་ལུས་འདུག དཔྱོད་ལྡན་རྣམས་ཀྱིས་ལན་འདེབས་བགྲོ་གླེང་བྱ་འོས་སུ་མ་གཟིགས་པའམ། ཡང་ན་དོན་མེད་ཀྱི་ཁ་དམག་ཏུ་ཞུགས་འདོད་མེད་པ་ཅི་རིགས་ཡིན་སྲིད། 

འོན་ཀྱང་གལ་གནད་ཆེ་བའི་གནས་ཚུལ་རེ་ཟུང་ཙམ་ལ་སྤྱི་ཚོགས་ཀྱིས་ངོ་ཤེས་པ་དང དེབ་ཐེར་དུ་འཇོག་ཆེད་གསེད་བཀྲོལ་ཞིག་མ་བྱས་ན་གནའ་བོའི་བོད་ཀྱི་གཏམ་དཔེར། ”མི་གཅིག་བཤད་ན་བདེན་བདེན་འདྲ། རྟ་གཅིག་རྒྱུགས་ན་མགྱོགས་མགྱོགས་འདྲ།།” ཟེར་བ་ལྟར་ཐོས་བརྩོན་ཉུང་བའི་སྐྱེ་བོ་གཡམ་རྒྱུགས་པ་རེ་ཟུང་གིས་ཡ་མཚན་ཚད་མར་མི་འཛིན་པའི་ངེས་པ་མེད་པར་བརྟེན། འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་གནས་ཚུལ་རེ་ཟུང་མ་སྤེལ་ཐབས་མེད་བྱུང་། རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱི་གསུང་བཤད་དང་། རྩོམ་ཡིག བཅར་འདྲི་སོགས་ཤིན་ཏུ་མང་བས་ཡོངས་སུ་རྫོགས་པ་བརྗོད་ཀྱིས་མི་ལངས་མོད། དཔེ་མཚོན་རེ་ཟུང་ཟུར་འདོན་གྱིས་དཔྱད་གླེང་བྱ་རྒྱུ་ཡིན།

༡  ཕྱི་ལོ་ ༡༩༩༧ ལོར་འཇམ་དབྱངས་ནོར་བུ་ལགས་ཀྱིས་བཅར་འདྲི་ཞིག་གི་ནང་ “… Who is speaking for them? And I don’t think His Holiness is speaking for them. Neither is Richard Gere nor His Holiness, his friends out in the West. They are talking about a very specific Tibet; they’re talking about the monks and nuns. Yes, of course, we love the monks and nuns and we respect them. But, we are the ones who pay the taxes in the end. We are the ones who support the monasteries. You know, when the monasteries are attacked, we are ones who fight.”  ཞེས་༧གོང་ས་མཆོག་བོད་མིའི་མགྲིན་ཚབ་པ་མིན་པ་དང་། ༧གོང་ས་མཆོག་དང་། ༧གོང་ས་མཆོག་གི་ནུབ་ཕྱོགས་པའི་གྲོགས་པོ་ཚོས་གྲྭ་བཙུན་རྣམས་ཀྱི་ཆེད་མ་གཏོགས། བོད་རིགས་ཡོངས་རྫོགས་ཀྱི་སྐོར་བཀའ་མོལ་གནང་གི་མེད་ཚུལ་བཅར་འདྲིའི་ལན་དུ་བཀོད་འདུག དེ་ནི་མངོན་སུམ་ལ་བསྙོན་པ་ཞིག་ཡིན་སྟབས། རིགས་པས་དཔྱད་གླེང་བྱེད་འོས་སུ་མ་མཐོང་། བོད་རིགས་སྤྱི་དང་། ཁྱད་པར་གཞིས་བཞུགས་བོད་མི་ཡོངས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་ཉག་གཅིག་བོད་མིའི་མགྲིན་ཚབ་པ་ཡིན་པར་རྒྱུ་མཚན་གྱི་ལམ་ནས་ཡིད་ཆེས་བློ་གཏད་བྱེད་ཀྱི་ཡོད་ཅིང་། དེ་ནི་དངོས་དོན་དང་མཐུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ངོས་འཛིན་ཡང་ཐོབ་ཡོད། བཙན་བྱོལ་བོད་མིའི་བརྒྱ་ཆ་དྲུག་ཆ་བརྒལ་བ་ནས་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་༧གོང་ས་མཆོག་ནས་དུས་ནས་དུས་སུ་རྒྱལ་སྤྱིའི་ནང་དང། རྒྱ་ནག་གི་འགྱུར་འགྲོས་བཅས་ལ་གཟིགས་ཏེ་ཐུགས་ཐག་གཅོད་རྒྱུའི་གསོལ་འདེབས་དང་དེ་ལ་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་ཀྱིས་མང་མོས་ཐག་གཅོད་འོས་བསྡུ་དང་ཁྱད་མེད་ཡིན་པའི་གྲོས་ཆོད་གཏན་ལ་ཕབས་པ་དེས་ཀྱང་བཤད་ཐུབ་པ་ཡིན།
ད་ཆ་༧གོང་ས་ཆེན་པོས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་རྩིས་སྤྲོད་གནང་ཟིན་ནའང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་དང་པོ་གཞི་རྩའི་ལམ་སྟོན་གྱི་ནང་”༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན་”ཞེས་གསལ་བཀོད་ཡོད་པ་འདིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་སྐབས་ཙམ་དུ་མ་ཟད། ཆབ་སྲིད་ཀྱི་ཐུགས་འགན་བཤོལ་བའི་རྗེས་སུའང་བོད་མི་ཡོངས་ཀྱི་མགྲིན་ཚབ་པ་ཡིན་པའི་ངོ་བོ་ལ་འགྱུར་བ་མེད་པའི་གནས་བབ་བསྐྱར་ནན་གྱིས་གསལ་སྟོན་བྱས་ཡོད།

༢  ཕྱི་ལོ་ ༢༠༠༢ ལོར་ ““After the Dalai Lama”༧གོང་ས་མཆོག་གི་རྗེས་སུ་” ཞེས་པའི་རྩོམ་ཡིག་ནང་“Yet, in truth, the absence of the Dalai Lama would not altogether be a bad thing for the Tibetan struggle.

….. The Dalai Lama’s presence in Tibetan political life is somewhat like the giant Banyan tree, whose shade is pleasant but under which little grows. Tibetan ministers give the appearance of being no more than messenger boys, and members of Parliament fall over each other in their eagerness to agree with him. The Dalai Lama himself has remarked upon the dilemma of his omniscient leadership, but has done little to resolve it. His absence might be just the thing that allows mature democratic institutions to take root. To be sure, without His Holiness’s presence there is danger of dissension within refugee society. But exiled Tibetans already have a half-century of experience in the rough-and-tumble of India’s robust democracy. Surely they are ready for their own.

…… Tibetans genuinely love the Dalai Lama, but his lofty ideas on world peace and universal compassion probably find more enthusiastic subscribers in California than in Tibet.” “ཞེས་བདེན་དོན་དུ་༧གོང་ས་མཆོག་མ་བཞུགས་པའི་དུས་སྐབས་ནི་བོད་མིའི་འཐབ་རྩོད་ལ་ཁྱོན་ཡོངས་ནས་ཞན་ཆ་ཞིག་མིན་” ཞེས་དང་། “བོད་མི་མང་པོས་ཁོང་གིས་བསྟན་པའི་ལམ་ལ་དྲི་རྟགས་བཀོད་ཟིན་ཅིང་། འགའ་ཤས་ཀྱིས་ཁོང་མ་བཞུགས་ན་བོད་མིའི་སྤྱི་ཚོགས་ཟོས་བདེ་ལྷོད་དལ་གྱི་འཁྲུལ་སྣང་ལས་སད་པར་བྱེད་པའི་ཡིད་ཆེས་བྱེད་ཀྱི་ཡོད་” ཅེས་དང་། མུ་མཐུད་དེ་ “བོད་མིའི་ཆབ་སྲིད་ཀྱི་མི་ཚེའི་ནང་༧གོང་ས་མཆོག་ངོ་བཞུགས་ཡོད་ན་བྱང་ཆུབ་ལྗོན་ཤིང་ཆེན་པོ་ལྟ་བུ་ཞིག་ཡིན། དེའི་གྲིབ་བསིལ་ཡིད་དུ་འོང་བ་ཞིག་ཡོད་ཀྱང་། དེའི་འོག་གང་ཡང་སྐྱེ་འཚར་མི་ཐུབ་” སོགས་བཀོད་འདུག་པ་ནི་དངོས་ཡོད་གནས་ཚུལ་དང་གཏན་ནས་མི་མཐུན་པ་མ་ཟད། ལུང་འདྲེན་བསྐྱར་བརྗོད་བྱེད་རྒྱུའང་འཇིགས་སྣང་སྐྱེ་གཞིའི་བརྗོད་ཚིག་ཅིག་ཏུ་སྣང་། བོད་མི་དང་རྒྱལ་སྤྱིའི་བསམ་པར་༧གོང་ས་མཆོག་ངོ་བཞུགས་མེད་པའི་དུས་སྐབས་ལ་རེ་སྒུག་བྱེད་མཁན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་རེ་ཟུང་ཙམ་ལས། དེ་མིན་འགྲོ་བ་མིའི་སྤྱི་ཚོགས་ནང་དེ་འདྲའི་བསམ་བློ་ཡོད་མཁན་ཡོད་སྲིད་པའི་ཚོད་དཔག་བྱས་མེད་མོད། བོད་རིགས་མཁྱེན་ཡོན་ཅན་ཞིག་གིས་དགོངས་པར་དེ་ལྟར་འཁོར་བ་ནི་བསམ་བློའི་ཡིད་ལ་ཤོང་དཀའ་བ་ཞིག་རེད།

རྨོངས་ཞེན་དོར་ཏེ་རྒྱུ་མཚན་ཡང་དག་གི་ངོས་ནས་དཔྱད་ན་བོད་མི་རིགས་ཀྱི་མིང་དང་། ངོས་འཛིན། ཕུགས་འདུན་རེ་བའི་འབྱུང་ཁུངས་༧གོང་ས་མཆོག་ཉག་གཅིག་ཡིན་པ་བོད་མི་ཙམ་མ་ཟད། རྒྱ་མི་མང་པོ་ཐེ་བའི་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱིས་ངོས་འཛིན་དང་ཡིད་ཆེས་བྱེད་ཀྱི་ཡོད། འཇམ་ནོར་གྱི་གསུང་བབ་དེ་རིགས་ནི་གཞི་མེད་ཀྱི་རྟོག་བཟོ་འབའ་ཞིག་ཡིན་པ་མ་ཟད། གཞིས་བྱེས་བོད་མི་མང་ཚོགས་སྤྱི་དང་། ཁྱད་པར་བསྟན་སྲིད་ཀྱི་དོན་དུ་རང་སྲོག་མཆོད་སྦྱིན་དུ་འབུལ་མཁན་ཡོངས་ཀྱི་ལྷག་བསམ་དང་མངོན་འདོད་གཉིས་ཀར་རྩིས་མེད་རྡོག་རོལ་དང་། དམའ་འབེབས་གནང་བ་ཞིག་ལས་འོས་མེད་པ་ཡིན། རྒྱ་དམག་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་ད་ལྟའི་བར་འདས་ལོ་ ༦༠ བརྒལ་བའི་རིང་བོད་མི་རིགས་དང་། བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་སྤྱི་དང་། ཁྱད་པར་འདས་ལོ་ཁ་ཤས་ནང་རང་ལུས་མེ་མཆོད་དུ་འབུལ་མཁན་གྱི་དཔའ་བོ་དཔའ་མོ་ཡོངས་ཀྱི་ཕུགས་བསམ་དང་། མངོན་འདོད་ཅི་ཡིན་ཉི་ཤར་སྦར་མོས་ཁེབས་ཐབས་མེད་པ་ཡོངས་གྲགས་སུ་གྱུར་ཡོད། རྩོམ་པ་པོའི་དགོངས་ཚུལ་ལྟར་ན། འདས་ལོ་ ༥༠ བརྒལ་བའི་རིང་བཙན་བྱོལ་སྤྱི་ཚོགས་སུ་བོད་རིགས་ནུས་ལྡན་སུའང་སྐྱེད་སྲིང་མ་བྱུང་བ་ལྟ་བུར་སྣང་རུང་། དངོས་དོན་དུ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་གང་ཅིའི་ཐོག་གཞན་དྲིང་མི་འཇོག་པའི་ཁྱད་ལས་པ་དང་། མགོ་ཁྲིད་མི་ཉུང་བ་ཞིག་༧གོང་ས་མཆོག་གི་ཐུགས་རྗེའི་གྲིབ་བསིལ་འོག་འཚར་ལོངས་བྱུང་ཡོད་པ་ཀུན་གྱིས་མཁྱེན་གསལ་མ་ཟད། དེང་སྐབས་བཙན་བྱོལ་བོད་མིའི་གཞུང་མང་གཉིས་ཀའི་ནང་གི་དབུ་ཁྲིད་དང་སྣེ་མོ་ཕལ་ཆེར་འདས་ལོ་ ༥༠ ནང་འཚར་ལོངས་བྱུང་བ་རྣམས་ཡིན།

༧གོང་ས་མཆོག་བོད་མིའི་ཆབ་སྲིད་ཀྱི་འཚོ་བའི་ནང་ངོ་བཞུགས་མེད་པར་ད་ཆ་ལོ་གཉིས་ལ་ཉེ་བ་སོང་ཡོད་པ་དེའི་རིང་བོད་མི་རྣམས་ཟོས་བདེའི་འཁྲུལ་སྣང་ལས་ཇི་ཙམ་སད་ཡོད་མེད་ཀྱང་མངོན་ཐུབ་པ་དགོས་རྒྱུར་སྣང་། རྩོམ་པོ་པོ་འཇམ་ནོར་ལགས་ཀྱིས་ཡུན་རིང་ནས་རེ་སྒུག་གནང་བའི་ཐུགས་འདུན་༧གོང་ས་མཆོག་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་དུ་མ་བཞུགས་པའི་དུས་སྐབས་དངོས་སུ་ཤར་ཟིན་སྟབས། ད་ཆ་དམིགས་བསལ་རྩལ་འདོན་ཇི་འདྲ་ཞིག་གནང་རྒྱུ་ཡོད་རུང་གནང་རན་པའི་དུས་ལ་བབས་ཡོད། གོང་དུ་ཞིབ་བརྗོད་ཟིན་པ་ལྟར། མང་གཙོའི་སྤྱི་ཚོགས་ནང་ཡུལ་མི་མི་རེ་ངོ་རེས་རང་འཁྲིའི་འཁུར་འགན་བླངས་ཏེ་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་དགོས་པ་ལས། བོད་མི་དང་འབྲེལ་བ་མེད་སའི་ཁུག་ཀྱོག་ཅིག་ཏུ་འགན་ཁུར་མེད་པའི་སྨྲ་ལྕེ་ཚོད་མེད་གཡུག་པ་ཙམ་གྱིས་ཡུལ་མིའི་མཚན་ཉིད་ཚང་བ་དང་ལས་འགན་སྒྲུབ་པར་མི་བརྩི།

༣  ཡང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཕྱི་ལོ་ ༢༠༠༥ ལ་བཏོན་པའི་རྩོམ་ཡིག་ཅིག་གི་ནང་ Of course, people must be allowed their beliefs no matter how ridiculous or wrong we may perceive them. I believe people have the right to worship Shugden or any other deity they want, while the Dalai Lama as a spiritual leader certainly has the right to object to this on theological grounds and ask people to refrain from such practices. But that is not the problem. The trouble is that the Tibetan government has been inducted to implement the Dalai Lama’s proscription of Shugden worship. The Tibetan government claims it has not issued any orders or appeals to people to harass or fight Shugden worshippers. Yet it has produced and distributed literature and videos demonizing Shugden worshippers. It has furthermore made no effort to discourage or condemn attacks on Shugden groups.ཞེས་མི་རྣམས་ཀྱི་རང་རང་གི་ཡིད་ཆེས་རྣམས་ང་ཚོའི་ངོས་ནས་ཇི་ཙམ་ནོར་འཁྲུལ་དང་བཞད་གད་ཀྱི་གནས་སུ་མཐོང་ནའང་། ཁོང་ཚོར་དེ་འདྲའི་ཡིད་ཆེས་བྱེད་རྒྱུའི་ཐོབ་ཐང་སྤྲོད་དགོས། མི་ཚོར་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུའི་ཐོབ་ཐང་ཡོད་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད་ལ། མཉམ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལའང་ཆོས་ཀྱི་དབུ་ཁྲིད་ཡིན་པའི་ཆ་ནས་ཆོས་ཀྱི་རིག་པའི་གཞུང་ལུགས་ལ་བརྟེན་ནས་བསྟེན་གསོལ་མི་རུང་བའི་བཀའ་སློབ་གནང་རྒྱུའི་ཐོབ་ཐང་ངེས་པར་དུ་ཡོད།” ཅེས་སོགས་དང་། ཡང་མུ་མཐུད་དེ། Now more than ever, Tibetans absolutely need to move away from the world of superstition, oracles and magic into the real world of the 21st century.” ཞེས་ད་ཆ་ནི་བརྒྱ་ཕྲག་ཉེར་གཅིག་པའི་དངོས་དོན་གྱི་འཇིག་རྟེན་འདིའི་ནང་བོད་མི་རྣམས་རྨོངས་དད་དང་། ལྷ་ཁོག་ཞུགས། མིག་འཕྲུལ་སོགས་ལས་ངེས་པར་དུ་ཐག་རིང་དུ་བསྐྱོད་དགོས།” སོགས་ཇི་སྙེད་ཅིག་བྲིས་འདུག་པ་དེ་དག་རང་ཚིག་དངོས་ཤུགས་དང་། ཁས་བླངས་སྔ་ཕྱི་འགལ་བ་ཤ་སྟག་འདུག་པ་ནི། གནད་དོན་གང་ཞིག་གསལ་སྟོན་གནང་འདུན་ཡིན་པ་རྟོགས་དཀའ་བར་སྣང་། 
མི་ཚོར་བཞད་གད་བྱ་ཡུལ་གྱི་ནོར་འཁྲུལ་ལའང་ཡིད་ཆེས་བྱེད་རྒྱུའི་ཐོབ་ཐང་དགོས་ཚུལ་གསུངས་མ་ཐག་པའི་མཇུག་ཐོག་ཏུ། བརྒྱ་ཕྲག་ཉེར་གཅིག་པའི་དུས་ཀྱི་དངོས་དོན་དང་བསྟུན་ཏེ་རྨོངས་དད་སོགས་ལས་ཐག་བསྲིང་དགོས་པའི་འགལ་འདུའི་གནས་ཚུལ་གཉིས་ཀྱིས་རང་གི་དམ་བཅའ་རང་གིས་བཤིགས་པ་དང་། བཙན་བྱོལ་བོད་གཞུང་གི་ངོས་ནས་དོལ་རྒྱལ་རྗེས་འབྲང་པར་དྲང་བདེན་མིན་པའི་དབྱེ་འབྱེད་དང་། ཆད་གཅོད་སོགས་གང་ཡང་གནང་མེད་པ་ཁུངས་སྐྱེལ་རྭ་སྤྲོད་ཡོངས་ཁྱབ་ཏུ་གནང་ཟིན་ཡང་། ད་དུང་དེ་ལྟར་ཡོད་པའི་བསྙོན་འཛུགས་དང་། དོལ་རྒྱལ་རྗེས་འབྲང་བ་རྣམས་ཀྱིས་མི་གསོད་ཁྲག་སྦྱོར་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཇི་ཙམ་སྤེལ་བ་ཀུན་གྱིས་མངོན་སུམ་དུ་གྲུབ་པ་དེ་དག་སྣང་མེད་སྦས་བཀབ་གནང་ཕྱོགས་ལ་གཞིགས་ན་རྩོམ་ཡིག་འདི་དག་གཟུ་བོའི་བློས་རྒྱུ་མཚན་ལ་བརྟེན་པའི་དཔྱད་གཏམ་ཞིག་མ་ཡིན་པར། ༧གོང་ས་མཆོག་ལ་མཚན་སྨོད་སྐྱོན་བརྗོད་ཞུ་རྒྱུ་ཉག་གཅིག་དམིགས་ཡུལ་དུ་བཟུང་སྟེ། མཁྲིས་ནད་ཅན་གྱིས་དུང་སེར་པོར་མཐོང་བའི་ངང་ཚུལ་ལས་མ་འདས།

མཚམས་འདིར་བོད་གཞིས་བྱེས་གཉིས་ཀྱི་མགྲིན་ཚབ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་མུ་མཐའ་མེད་པ་ནས་ཆུ་ཐིགས་ཙམ་ཞིག་དགག་དགེའི་དབང་གིས་འགོད་པར་བྱེད་པ་ལ། འཇིག་རྟེན་སྤྱི་དང་། ཁྱད་པར་བོད་མི་ཡོངས་ལ་བཟོད་དཀའི་དཀའ་རྙོག་སེལ་ཐབས་དཀའ་བ་འདི་ལྟ་བུ་ཞིག་བྱུང་བའི་དུས་སྐབས་སུའང་། བཟང་ཕྱོགས་ནས་བལྟས་ན་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་བདག་གིར་བཞེས་ཏེ་བོད་རྒྱ་མི་རིགས་གཉིས་ཀྱིས་མཚོན་འཇིག་རྟེན་སྤྱིའི་བདེ་ཐབས་ལ་ཐུན་མོང་དང་ཐུན་མོང་མིན་པའི་རླབས་ཆེན་གྱི་མཛད་པ་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་སྐྱོང་གནང་མཛད་པ་ནི་སེམས་ཅན་སྤྱི་མཐུན་གྱི་ལས་བསོད་ཁྱད་པར་བ་ཞིག་གི་འབྲས་བུ་ཡིན་ངེས་ཀྱང་། བོད་མི་རེ་ཟུང་གིས་གནད་དོན་འདི་མ་རྟོགས་པར་གོ་བ་ལོག་སྒྲུབ་ཏུ་སོང་བ་དེ་ནི་ཞུ་མར་འོག་གི་གྲིབ་ནག་ལྟ་བུ་རང་ཉིད་ཀྱི་ལས་བསོད་དམན་པ་ཁོ་ན་ལས་མ་འདས།

འོན་ཀྱང་མ་རྟོགས་པ་དང་ལོག་པར་རྟོག་པའི་གཞན་དབང་དུ་སོང་བའི་བོད་མི་རེ་ཟུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཡོངས་ཁྱབ་ཀུན་ཕན་གྱི་མཛད་བཟང་ལ་རང་འདོད་དང་མ་མཐུན་པའམ། རང་དོན་མ་འགྲུབ་པ་ཁོ་ན་རྒྱུ་མཚན་དུ་བྱས་ཏེ་ཟུར་ཟ་སྐྱོན་བརྗོད་ཞུ་མཁན་དེ་དག་ནི་སྙིང་རྗེའི་ཡུལ་ལས་མ་འདས་མོད། གཟུར་གནས་མང་ཚོགས་ཀྱིས་དེ་དག་སྣང་མེད་དུ་བཞག་ན་ངན་པ་ལང་ཤོར་འགྲོ་གཞི་མ་ཟད། ཅང་མི་སྨྲ་བས་དང་དུ་ལེན་པ་ལྟ་བུའི་འཕྲལ་རྐང་འཁྱོག་བཤད་ཀྱི་གཞི་རྩ་དང་། དུས་ཡུན་རིང་པོའི་རྗེས་བྱུང་རབས་གསལ་ཆ་མེད་པའི་སྐྱོན་ཅན་བཅས་སུ་འགྱུར་ཉེན་ཡོད་སྟབས། སྐབས་མཚམས་སོ་སོར་འགྲེལ་བརྗོད་གསལ་བཤད་དགོས་གལ་ཆེ་ཡང་། རང་རེ་མང་ཚོགས་གསེར་བོང་མཉམ་གཟིགས་ཀྱིས་ཆགས་བྲལ་བ་ལྟ་བུར་བཞུགས་པ་ནི་ཞན་ཆ་ཞིག་ལས་བཟང་སྤྱོད་ག་ལ་ཡིན།
ཆགས་སྡང་མེད་པའི་གཟུ་བོའི་བློས་ལེགས་ཉེས་གནས་ལུགས་དངོས་དོན་རྣམས་འགྲེལ་བརྗོད་བྱེད་དགོས་པ་ནི་ཡུལ་མིའི་ལས་འགན་གལ་ཆེ་ཞིག་ཡིན་པས་བདག་གིས་འབད་པ་ཡིན། མཚམས་འདིར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཅི་ཙམ་བོད་བསྟན་སྲིད་མི་རིགས་དང་བཅས་པར་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཡིན་པ་རྩོམ་པ་པོའི་དགོངས་པར་མཁྱེན་བཞིན་མ་མཁྱེན་པའི་ཚུལ་གྱི་སྨག་རུམ་ལ་མཛད་པའི་འཕྲིན་ལས་ཀྱིས་འོད་སྣང་ཅུང་ཞིག་སྤྲོ་རྒྱུ་ཡིན།

༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རྒྱ་ཆེ་མུ་མེད་ཀྱི་འཕྲིན་ལས་ནམ་མཁའ་དང་མཉམ་པ་དེ་དག་ནི་སར་གནས་སེམས་དཔའ་རྣམས་ཀྱིས་ཀྱང་དཔོག་པར་དཀའ་ན་སོ་སྐྱེ་རང་ག་བ་རྣམས་ཀྱིས་ཆ་ཙམ་ཡང་དཔོག་མི་ནུས་མོད། ཐུན་མོང་གདུལ་བྱའི་སྣང་ངོར་གྲགས་ཤིང་གྲུབ་པའི་མཛད་འཕྲིན་རེ་ཟུང་རྒྱ་མཚོ་ནས་ཆུ་ཐིགས་བླངས་པ་ལྟ་བུ་ཟུར་ཙམ་སྨོས་ན། ཆབ་སྲིད་ཀྱི་མངའ་དབང་བཞེས་མ་ཐག་དབུས་གཙང་ཆོས་ཀྱི་ཞིང་སར་དྲག་གནོན་དམག་འཁྲུགས་མི་བཟད་པའི་འོག་སྐྱ་སེར་མང་ཚོགས་ཕལ་མོ་ཆེ་ལུས་སྲོག་འཇིག་པའི་ཉེན་ཁ་ལས་བསྐྱབས་ཏེ་ཞི་མཐུན་གྱི་འགྲིགས་ཆགས་དང་། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་འཕྲིན་གྱི་འཕྲོ་བསྐྱངས་ཏེ་བོད་མིའི་ཆབ་སྲིད་མང་གཙོའི་ལམ་དུ་སྒྱུར་ཐབས་སུ་བོད་ལྗོངས་ལེགས་བཅོས་ལྷན་ཚོགས་ཆེད་འཛུགས་ཀྱིས་ཆབ་སྲིད་ལེགས་བཅོས་དང་། ཆབ་འབངས་བདེ་བར་འཚོ་ཐབས་ཀྱི་ཐབས་ལམ་དུ་མ་ཕྱག་བཞེས་སུ་བསྟར་བ་དང་།
ཕྱི་ལོ་ ༡༩༥༤།༡༩༥༥ ལོར་རྒྱལ་ས་པེ་ཅིང་དུ་༧ཞབས་སོར་འཁོད་དེ་མའོ་ཙེ་ཏུང་གིས་གཙོས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་ཁག་དང་མཇལ་འཛོམས་བཀའ་བསྡུར་གྱིས་བོད་ལྗོངས་དམག་སྲིད་ལྷན་ཁང་འཛུགས་འཆར་དེ་དག་བོད་རང་སྐྱོང་ལྗོངས་གྲྭ་སྒྲིག་ཨུ་ཡོན་ལྷན་ཁང་གི་ངོ་བོར་བསྒྱུར་ཏེ་སྐབས་འཕྲལ་ཛ་དྲག་གི་ཉེན་ཁ་དུ་མ་ལས་གཡོལ་ཐུབ་པ་དང་། སྐབས་དེར་རྒྱ་གར་གྱི་སྲིད་བློན་ནེཧ་རུ་མཆོག་དང་མཇལ་འཕྲད་ཀྱིས་བོད་ལ་ནུས་ལྡན་གྱི་དབུ་ཁྲིད་མེད་པའི་ལོག་རྟོག་བསལ་ནས་བོད་མིའི་འབྱུང་འགྱུར་གྱི་མདུན་ལམ་ལ་རེ་བ་གསར་པ་ཞིག་གི་ས་བོན་རྒྱ་གར་གྱི་མགོ་ཁྲིད་རྣམས་ཀྱི་བསམ་བློར་ཐེབས་པ་དང་། ཕྱི་ལོ་ ༡༩༥༦།༡༩༥༧ ལོར་རྒྱ་གར་འཕགས་པའི་ཡུལ་དུ་༧ཞབས་སོར་འཁོད་དེ་རྒྱལ་སྤྱིའི་ནང་བོད་དང་བོད་མིའི་ངོ་སྤྲོད་གསར་བསྐྲུན་དང་། རྒྱ་གར་གྱི་ཆེས་མཐོའི་དབུ་ཁྲིད་རྣམ་པ་དང་ནང་མོལ་ཞིབ་ལྷུག་གི་ལམ་ནས་འབྱུང་འགྱུར་དགོས་གལ་སྐབས་ཐུགས་བློ་གཏད་ཡུལ་གསར་བསྐྲུན་མཛད་པ།
ཕྱི་ལོ་ ༡༩༥༩ གསུམ་བཅུའི་གྱེན་ལངས་རྗེས་༧གོང་ས་མཆོག་དང་བོད་གཞུང་བཀའ་ཤག་བཅས་འཕགས་ཡུལ་དུ་བཙན་བྱོལ་གྱི་བོད་མིའི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་རྒྱུན་ཉམས་ཆག་མེད་པར་བཙན་བྱོལ་གཞུང་གི་ངོ་བོར་འཛིན་སྐྱོང་མཛད་ཐུབ་པ། ༧གོང་ས་མཆོག་གི་ཕེབས་རྗེས་སུ་འབྲང་བའི་བོད་མི་སེར་སྐྱ་ཕོ་མོ་དྲག་ཞན་རྒན་བྱིས་འབུམ་ལ་ཉེ་བར་གནས་སྐབས་ཟས་གོས་གནས་མལ་གྱི་དཀའ་རྙོག་བསལ་ཅིང་། རིམ་བཞིན་ཕུགས་བརྟན་འཚོ་ཐབས་གཞིས་ཆགས་ཁག་མང་གསར་བསྐྲུན་གྱིས་བཙན་བྱོལ་བའི་གནས་བབ་གཞན་དང་མི་འདྲ་བར་བོད་རིགས་བཙན་བྱོལ་བ་སུ་ཡང་ཟས་གོས་གནས་མལ་འཕྲོད་བསྟེན་གྱིས་ཕོངས་པ་མེད་པར་རང་དབང་ལྡན་པའི་རྒྱལ་ཁབ་ཁག་གི་ཡུལ་མི་དང་འདྲ་མཚུངས་སུ་འཚོ་གནས་ཐུབ་པ་བྱུང་བ།
ལྷག་པར་བོད་རིགས་ན་གཞོན་ཡོངས་ལ་བོད་ཀྱི་གནའ་སྲོལ་དང་། དེང་རབས་ཀྱི་ཤེས་ཡོན་གཉིས་ལྡན་གྱི་སློབ་གྲྭ་ཁག་མང་གསར་འཛུགས་མཛད་དེ་བོད་མི་ན་གཞོན་གཅིག་ཀྱང་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་མེད་པར་མཛད་པ་དང་། ཆོས་དང་། རིག་གཞུང་། ལེགས་བྱང་། ལྷག་པར་ནང་དོན་རིག་པའི་གཞུང་ལུགས་སློབ་གཉེར་གྱི་ལམ་སྲོལ་ཁག་ཉམས་མེད་རྒྱུན་གནས་ཐུབ་ཆེད་རིས་མེད་ཆོས་ལུགས་ཆོས་བརྒྱུད་ཚང་མའི་བཤད་གྲྭ སྒྲུབ་གྲྭ དགོན་སྡེ་སོགས་རང་དབང་དུ་རང་འདོད་བཞིན་གསར་སྐྲུན་ཐུབ་པ་དེ་དག་ནི་ཡུལ་དུས་གནས་སྐབས་གང་ནས་གཞིགས་རུང་བསམ་ཡུལ་ལས་འདས་པའི་ངོ་མཚར་དངོས་བྱུང་ཞིག་ཡིན་པ་དང་། ཁྱད་པར་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་ལམ་སྲོལ་དུ་བཙན་ཐབས་སུ་བསྒྱུར་འཁྲིད་མཛད་རྒྱུའི་དགོངས་བཞེད་བླ་མེད་ཀྱིས་སྐབས་དེའི་བོད་མིའི་བསམ་སྤྱོད་དང་འཚམས་མིན་ལ་མ་ལྟོས་པར་ཕྱི་ལོ་ ༡༩༦༡ ལོར་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མང་ཚོགས་ནས་འོས་འདེམས་བྱས་པའི་སྐུ་ཚབ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་ཀྱིས་མང་གཙོའི་ལ་སྲོལ་དབུ་བརྙེས་པ་མ་ཟད། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་གོང་བུའི་ནུས་པ་སླར་གསོ་མཛད་དེ། བོད་མིའི་ཆབ་སྲིད་ཀྱི་བྱུང་རབས་ནང་ལེའུ་གསར་པ་ཞིག་གསར་གཏོད་དང་འབྲེལ།
དེ་ནས་བཟུང་མང་ཚོགས་ཀྱི་བསམ་སྤྱོད་དང་འཇོན་ཐང་གིས་ལྕོགས་མིན་ལ་མ་ལྟོས་པར་༧གོང་ས་ཆེན་པོ་སྐུ་ཉིད་ཀྱིས་བྱིས་པ་མཛུབ་ཁྲིད་ལྟ་བུས་ལོ་ནས་ལོ་བསྟུད་ཀྱིས་སྤྱི་འཐུས་ལྷན་ཚོགས་རིམ་པས་རྒྱ་བསྐྱེད་དང་འབྲེལ་ཕྱི་ལོ་ ༡༩༩༠ ལོར་སྲོལ་རྒྱུན་བཀའ་ཤག་ཕྱིར་བསྡུའི་ཐོག་བར་བརྒལ་བཀའ་ཤག་དམིགས་བསལ་ཚོགས་ཆེན་ནས་འོས་བསྡུ། ཕྱི་ལོ་ ༡༩༩༡ ལོར་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་སྤྱི་འཐུས་ ༤༦ བར་གྲངས་སྤར་གྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཁྲིམས་མཐུན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་བར་མཛད་པ། ཕྱི་ལོ་ ༢༠༠༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་ཐད་ཀར་མང་ཚོགས་ནས་འོས་འདེམས་བྱེད་སྲོལ་གཏོད་དེ་བོད་མིའི་མང་གཙོའི་འཕེལ་རིམ་གོང་མཐོར་གཏོང་བ་དང་། ༧གོང་ས་མཆོག་གསེར་ཞལ་འཚོ་གཞེས་སྐབས་སྲོལ་རྒྱུན་ཆབ་སྲིད་ཀྱི་མངའ་དབང་ཡོངས་རྫོགས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་རྒྱུའི་སྟ་གོན་ལེགས་པར་མཛད་དེ།

མཐའ་དོན་ ༢༠༡༡ ཕྱི་ཟླ་ ༥ ཚེས་ ༢༩ ཉིན་སྲིད་ཕྱོགས་ཀྱི་སྐུ་དབང་ཡོངས་རྫོགས་འོས་ཐོན་མགོ་ཁྲིད་ལ་རྩིས་སྤྲོད་ཀྱིས་རིང་ནས་ཐུགས་ལ་བརྣགས་པའི་བཞེད་དགོངས་ཡང་དག་པའི་མང་གཙོའི་ལམ་སྲོལ་ཡོངས་སུ་རྫོགས་པར་མཛད་པ་སོགས་ནི་ཀུན་གྱི་བློ་ཡུལ་དུ་ཤོང་དཀའ་བའི་ངོ་མཚར་རྨད་བྱུང་གི་མཛད་རྗེས་ཡིན་ཞིང་། ༧གོང་ས་མཆོག་གི་དབུ་ཁྲིད་མེད་ན་བོད་མིའི་ཆབ་སྲིད་ཀྱི་ལམ་སྲོལ་ཡང་དག་པའི་མང་གཙོའི་ལམ་དུ་ལོ་གྲངས་ ༥༠ ཙམ་གྱི་ནང་དཀའ་ཚེགས་མེད་པར་བསྒྱུར་རྒྱུའི་རེ་བ་གཏན་བྲལ་ཡིན་པ་ཀུན་གྱི་བློས་ཆོད་ཡིན། ལྷག་པར་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཆིག་བསྒྲིལ་དང་། ཆོས་ལུགས་ཆོས་བརྒྱུད་ཡོངས་རྫོགས་དམ་ཚིག་འོ་ཆུ་གཅིག་འདྲེས་འདི་ལྟ་བུ་བོད་ཀྱི་བྱུང་རབས་ནང་སྔར་མ་བྱུང་བ་ཞིག་ཡིན།

གཞན་ཡང་འཇིག་རྟེན་འདིའི་ཤར་ནུབ་ལྷོ་བྱང་གི་ཡུལ་གྲུ་ཀུན་ཏུ་བོད་བརྒྱུད་ནང་བསྟན་གྱིས་ཁྱབ་ཅིང་། བོད་ཀྱི་ཆོས་དང་ལེགས་བྱང་བོད་ཡུལ་དུ་རྩ་བརླགས་སོང་ཡང་། རྒྱལ་སྤྱིའི་ནང་རྒྱུན་གནས་ཐུབ་པའི་ལམ་ཆེན་གསར་པ་ཞིག་རྙེད་པ་དང་། དེ་ལ་བརྟེན་ནས་བོད་དང་བོད་མིའི་ངོས་འཛིན་དང་། བོད་མི་རིགས་ཀྱི་ཆེ་མཐོང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་ཁྲིམས་འགལ་གདུག་རྩུབ་མི་སྤྱོད་ལས་འདས་པ་ཇི་བྱས་དང་། ཁོང་ཚོའི་དབང་སྒྱུར་ཁྲིམས་མཐུན་མིན་པའི་གནས་བབ་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་བདེ་བླག་ཏུ་རྟོགས་ནུས་པ་བྱུང་བ་འདི་དག་ནི་བོད་མི་སྒེར་དང་། སྒྲིག་འཛུགས། གཞུང་སུས་ཀྱང་བསྒྲུབ་པར་དཀའ་བའི་གྲུབ་འབྲས་རླབས་ཆེན་ཞིག་འབད་མེད་རང་བྱུང་དུ་གྲུབ་པའང་༧གོང་ས་མཆོག་གི་མཚན་སྙན་དང་མཛད་འཕྲིན་གྱི་གཟི་བྱིན་ཉག་གཅིག་གི་དབང་ལས་བྱུང་བ་འཇིག་རྟེན་ཀུན་གསལ་དང་། ལྷག་པར་དུ་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་དང་། བྱམས་བརྩེའི་དགོས་དམིགས། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན། ཆོས་ལུགས་དང་མ་འདྲེས་པའི་ལེགས་སྤྱོད། ཆོས་ལུགས་ཁག་མཛའ་མཐུན་མཉམ་འབྲེལ་གནས་ཐབས་སོགས་འཇིག་རྟེན་ཡོངས་ཀྱི་ཕན་བདེ་སྒྲུབ་པའི་ཐབས་ལམ་གཞན་འགྲན་མ་མཆིས་པ་གསལ་སྟོན་མཛད་པ་འདིས་འཇིག་རྟེན་སྐྱེ་རྒུ་ཡོངས་ལ་འཕྲལ་ཕུགས་ཀྱི་ཁེ་ཕན་རླབས་ཆེན་བསྐྲུན་པའི་ཞོར་དུ་བོད་དང་བོད་མིའི་རྩ་དོན་ལའང་གོ་རྟོགས་དང་གདུང་སེམས་མཉམ་སྐྱེད་གནང་མཁན་གྲངས་ལས་འདས་པ་ཞིག་བྱུང་ཡོད།

དེ་བཞིན་ནང་ཆོས་དང་ཚན་རིག་དབར་གྱི་འབྲེལ་ལམ་དང་བགྲོ་གླེང་གི་སྒོ་ནས་ཕན་ཚུན་བློ་བསྐྱེད་སྤེལ་རེས་མཛད་པའི་རླབས་ཆེན་གྱི་མཛད་བཟང་ལ་བརྟེན་ནས་དེང་རབས་གོང་མའི་གནས་སྐབས་འདིར་ཡང་ཚན་རིག་པས་ཆོས་ལུགས་ལས་བློ་བསྐྱེད་ལེན་པའི་དུས་ཚིགས་གསར་པ་ཞིག་བསྐྲུན་གནང་མཛད་པ་འདི་ནི་ད་ཕན་འཇིག་རྟེན་འདིའི་ཆོས་དང་སྲིད་ཀྱི་དབུ་ཁྲིད་སུས་ཀྱང་སྒྲུབ་མ་ནུས་པ་ཞིག་༧གོང་ས་མཆོག་གིས་བདེ་བླག་ཏུ་འགྲུབ་པར་མཛད་པ་དེ་ནི་འབྱུང་འགྱུར་འགྲོ་བ་མིའི་བྱུང་རབས་ཀྱི་ནང་གཟི་བརྗིད་ལྡན་པའི་ལེའུ་ཞིག་ཏུ་གྱུར་ཡོད། དེ་དང་དེ་འདྲའི་རླབས་ཆེན་གྱི་མཛད་འཕྲིན་སྐྲ་གྲངས་ཆུ་གཉེར་ལྟ་བུ་མཐའ་ལས་འདས་པ་བརྗོད་ཀྱིས་མི་ལངས་མོད། གོང་སྨོས་དེ་དག་ནི་དཔེ་མཚོན་ཙམ་ཡིན་པ་དང་། མདོ་དོན་མཛད་བཟང་དེ་དག་སྤྱིར་སེམས་ཅན་ཐམས་ཅད་ལ་འཕྲལ་ཕུགས་གཉིས་སྨན་ཡིན་པ་མ་ཟད། ཡང་སྒོས་བོད་དང་བོད་མི་ཡོངས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་རླབས་ཆེན་བྱུང་དང་ཡོང་བཞིན་པ་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་དེ་ཡིན།

བྱས་པ་དྲིན་མེད་བྱེད་པའི་བག་བྲལ་གྱི།།

འཕྲལ་ཕུགས་གཉིས་མེད་རྣམ་རྟོག་འཕྱོན་མའི་གཟུགས།།

གཟུར་གནས་མཁས་པའི་བུ་ཡིས་མི་སྤྱོད་ཀྱང།།

བདེན་དོན་དེབ་ཐེར་འགོད་ཕྱིར་གཏམ་འདི་བྲིས།།

བར་སྐབས་ཀྱི་ཚིགས་སུ་བཅད་པས་བརྒྱན་ཏེ།། ༢༠༡༣། ༤། ༢༥། རེས་གཟའ་ཕུར་བུ་ལ།། 

དཔྱད་རྩོམ།

Post navigation

Previous Post: ག་ལེར་ཡིད་ལ་དྲན་པས་འཐུས།
Next Post: ཤ་སྦྲང་། གཅེས་ཉར་སྲོག་ཆགས་སུ་ཉར་མཁན་གྱི་བུ་མོ། ༼ཚན་པ་གཉིས་པ༽

Comments (88) on “འཇམ་དབྱངས་ནོར་བུའི་ལོག་རྩོམ་ལ་དཔྱད་པ།”

  1. རྡོ་རྗེ་བཀྲ་ཤིས་ says:
    2013-04-25 at 8:33 am

    རྩོམ་ཡིག་འདིའི་ཁ་བྱང་དུ་ “ལོག་རྩོམ་”ཞེས་བྲིས་པ་དེ་ཙམ་གྱིས་རྩོམ་ཡིག་རིན་ཐང་བརྒྱ་ཆ་ཆེན་པོ་ཞིག་ཆག་པར་བྱས་འདུག དཔྱད་ཞིབ་པ་ཞིག་གིས་རྩོམ་ཡིག་འབྲི་ན། ལོག་རྩོམ་ཡིན་མིན་དེ་རྩོམ་པ་པོའི་ལས་ཀ་མིན་པར་ཀློག་པ་པོའི་ཐོབ་ཐང་ཞིག་ཏུ་འཇོག་དགོས་པ་དང་། དཔྱད་ཞིབ་པས་ཕ་རོལ་པོའི་ཚིག་དངོས་མ་ལུང་འདྲེན་དང་འགྲེལ་བཤད། དེ་ནོར་ཡོད་པའི་གནས་ལུགས། དེའི་ཁུངས་སྐྱེལ་བཅས་གསལ་ཐིང་ངེར་བྲིས་པ་ཡིན་ན་ཀློག་མཁན་རྣམས་ལྐུགས་པ་མ་རེད། ཀློག་མཁན་ཚོས་ཤེས་ཐུབ་ཀྱི་རེད། དེ་མིན་རང་གིས་ཤེས་ཀྱི་ཡོད་པ་དེ་ཚོ་ཀློག་མཁན་གྱིས་ཤེས་ཀྱི་མེད་པ་ལ་ཆ་བཞག་ནས་བསླབ་བྱ་འདྲ་བོ་གནང་ན་དེ་ལུང་བསྟན་འདྲ་བོ་ཞིག་ལས་དཔྱད་ཞིབ་ཅིག་མིན་པར་སྣང་།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-04-25 at 9:11 am

    འཇམ་དབྱངས་ནོར་བུ་ནི།
    འཇམ་དཔལ་དབྱངས་ཀྱིས་སྐྱབས་མ་ཐུབ། །
    དབྱངས་ཅན་ལྷ་མོ་ཐུགས་ཕམ་ནས། །
    ནོར་བུ་རྡོ་རུ་ལུས་པ་དེ། །
    བུ་ཁྱོད་ཁྱོད་ཀྱི་རྣམ་ཐར་རོ། །

  3. གསེར་འབྲུག་སྡེར་ལྔ་ says:
    2013-04-25 at 9:39 am

    ལོག་རྩོམ། ལོག་ལྟ། ལོག་སྤྱོད་ཟེར་བའི་ཚིག་འདི་གླེང་མཁན་ཚང་མ་ཆོས་ལུགས་ལྟ་གྲུབ་དང་མི་རིགས་ཆེན་པོའི་རིང་ལུགས་ཀྱིས་ལྟ་བ་རང་ལྟ་ཕྱོགས་འཛིན་དང་གཞན་ལྟ་འབུར་བཙོམས་བྱེད་པའི་ལམ་ལུགས་ཀྱི་ཐ་སྙད་ཞིག་ལས། དོན་དམ་དཔྱད་གཞིའི་མཚན་ཉིད་རང་བཞིན་བརྗོད་པའི་གླེང་གཞི་ཐ་སྙད་ཞིག་མ་རེད། བྱས་ཙང་ཆོས་ལུགས་ལྟ་གྲུབ་དད་པ་ཆབ་སྲིད་ནང་འཁྱེར་ཡོང་བ་འདིས་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ནང་རྙོག་འཛིང་སྣ་མང་རང་བཞིན་ཅན་དུ་ཆགས་ནས་ག་ལེར་ཁ་འཐོར་དགུ་འཐོར་འགྲོ་རྒྱུའི་ངེས་པ་མེད་པ་རེད། འདི་ནི་དུས་རབས་དང་མི་རབས་ཀྱིས་ཁ་བསྒྲག་ཡོང་གི་རེད།
    མ་གཞི་འཇམ་ནོར་ལགས་ཀྱིས་ཐལ་ཆ་ཆེ་བའི་རྩོམ་རིགས་འགའ་སྤེལ་ཡོད་ཀྱང་དེ་ལས་མང་བ་མིང་གྲགས་ཡོད་པའི་ནུབ་ཕྱོགས་རྩོམ་པ་པོ་འགས་བོད་དོན་འཁྱོག་བརྗོད་རྩོམ་ཡིག་སྤེལ་བར་ལན་འདེབས་བྱེད་མཁན་འཇམ་ནོར་ལགས་མ་གཏོགས་ཅང་མཐོང་མ་སོང་། ལར་ནས་ཁོང་ཁ་རེ་ཁ་འཐུག་གི་མི་ཞིག་རེད་ལ་ལྐོགས་ལྐོགས་བསུལ་བསུལ་བྱེད་མཁན་དེ་འདྲ་རྩ་བ་ནས་མ་རེད། དེས་ན་སྤྱི་ཚོགས་ཀྱི་རང་བཞིན་བརྗོད་མཁན་དང་དམངས་དཀྱུས་རང་བཞིན་གྱི་བསམ་ཚུལ་བརྗོད་མཁན་མི་འདི་འདྲའི་རིགས་མཁས་དབང་ཟླ་བ་ནོར་བུ་ལྟ་བུ་རྡ་སའི་ཀླད་རྙིང་མཁྲེགས་འཛིན་ཅན་འགས་རྡོ་དང་དབྱུགས་པ་འཁྱེར་ནས་ཕུད་གྲབས་བྱས་པ་རེད།
    འོན་ཀྱང་ཡ་མཚན་པ་ཞིག་ལ་རང་དོན་ཁོག་བཅུགས་དང་སྤྲེལ་ལད་ལ་གོམས་པའི་སྲིད་དོན་ཚོང་པའི་ཤོག་ཁག་འདི་ཚོས་དད་པ་ཁ་འཁྱེར་གྱིས་མི་དམངས་མགོ་བོ་ཡོངས་སུ་འཐོམས་འཇུག་གི་ཡོད་པ་རེད།
    མི་དམངས་ཀྱིས་བོད་དོན་འཐབ་རྩོད་ལ་ཁ་ཞེ་གཉིས་མེད་ཀྱི་ལས་དོན་གྲུབ་མཁན་སུ་ཡིན་མིན་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་པ་རེད་ལ་དད་ལྡན་མང་ཚོགས་ཀྱི་སེམས་ཁམས་ལ་རྨ་ཁ་འཕར་མ་ཞིག་གཏོད་ཀྱིན་ཡོད་པ་རེད།

  4. དབང་འདུས། says:
    2013-04-25 at 11:08 am

    ཡོད་ཚད་བླ་མས་དྲིན་དུ་བརྩི་ཞིང་དེ་ལས་གཞན་དུ་མེད་པར་འདོད་པ་ནི་རྒྱ་གར་པས་ཡོད་ཚད་དབང་ཕྱུག་གི་བཀའ་དྲིན་དུ་བརྩི་བ་དང་མཚུངས། འཛམ་གླིང་ཡོངས་རྫོགས་དམང་གཙོ་དང་རང་དབང་གི་ལམ་དུ་བསྐྱོད་བཞིན་པ་སུའི་བཀའ་དྲིན་ཡིན། འཇོན་ཚད་བླ་མའི་དྲིན་ཡིན་ན་ཕམ་ཚད་སུས་བྱས་པ་ཡིན་ནམ། བསམ་བློ་ཞིབ་ཏུ་གཏོང་དང་བླ་མ་ལ་དད་པ་ལོས་དགོས། སྐྱབས་མགོན་རིན་པོ་ཡོན་ཏན་དང་བོད་མི་རིགས་ལ་འཆང་བའི་བྱམས་བརྩེ་ནི་གཞན་ལས་ཕལ་ལས་ཆེ་བ་སུས་ཀྱང་ཤེས་མོད། དེས་ཡོད་ཚད་ཁོང་གི་དྲིན་དུ་མ་རྩིས་ག་མེད་གང་འདུག་གམ། དོན་དམ་པའི་དམང་གཙོ་ལ་རོལ་འདོད་ཡོད་ན་མི་སུ་ལའང་སྐྱོན་ཡོན་བརྗོད་པའི་ཐོབ་ཐང་དགོས་ཤིང་། དེ་ལྟར་བྱས་ན་སྤྱི་ཚོགས་ཀྱི་ལེགས་ཉེས་གསལ་དུ་འགྲོ་ངེས་རེད། གཞན་དུ་ཡོད་ཚད་ལེགས་པར་མཐོང་བའི་མོས་གུས་བྱས་ན་སྔར་ལྟར་སྡོད་རྒྱུ་རེད།

  5. བསྟན་འཛིན་རྒྱལ་པོ། says:
    2013-04-25 at 11:19 am

    འཇམ་དབྱངས་ནོར་བུ་འདི་མི་ཁ་ཁོག་མེད་པར་བཤད་མཁན་ཞིག་རེད། ང་ཚོའི་སྤྱི་ཚོགས་ནང་མི་མང་པོ་ཞིག་གི་སེམས་ལ་ཤོད་འདོད་པ་མང་པོ་ཡོད་རྒྱུ་རེད་དེ། འཇམ་ནོར་ནང་བཞིན་སྐེ་ཕྱིར་བསྲིང་ནས་འབོད་སྒྲ་སྒྲོག་མཁན་ཕལ་ཆེར་མེད། རྒྱུ་མཚན་ནི་ང་ཚོའི་འཁོར་ཡུག་ཆུང་ཆུང་འདིར་ཆོས་དང་ཆབ་སྲིད་གཉིས་ཉ་ཉུང་བསྲེས་དྲགས་ནས་ཆབ་སྲིད་ཀྱི་ལྟ་ཚུལ་མི་འདྲ་བ་བཤད་ན་ཆོས་དང་སོ་སོའི་སྐྱབས་ཡུལ་གྱི་དམ་ཚིག་འགལ་འགྲོ་བ་འདི་རེད།
    འཇམ་ནོར་གྱིས་བཤད་ཚད་ལ་བདེན་པ་དང་མི་བདེན་པ་གཉིས་ཀའི་ཆ་འདུག་སྙམ། དཔེར་ན། དེང་རྡ་སའི་འཁོར་ཡུག་གིས་མཚོན་བོད་ཀྱི་སྤྱི་ཚོགས་ཁྲོད་རང་བཙན་གླེང་ན་༸རྒྱལ་བའི་དགོངས་པ་དཀྲུག་མཁན་ཞིག་ཡིན་ཤག་ཤག་དང་། གཞོན་ནུ་གཙོས་རང་བཙན་འཐབ་རྩོད་པ་རྣམས་ཀྱི་སྐོར་༸རྒྱལ་བའི་སྙན་དུ་ལོ་འགྲེལ་ཞུ་གང་ཐུབ་བྱེད་ཀྱིན་ཡོད་པའི་སྐོར་རྣམས་ནི་བདེན་པ་རེད།
    དེ་མིན་སྲིད་སྐྱོང་མཆོག་གིས་རང་ཉིད་བླ་མེད་ཀྱི་སྲིད་སྐྱོང་ཡིན་པ་དང་། ༸གོང་ས་མཆོག་གིས་རང་ཉིད་ལ་འགན་ཡོད་གསུངས་པ་དེར་ཆབ་སྲིད་ཀྱི་སྐུ་དབང་ལ་གོ་དགོས་པ་སོགས་བཤད་པ་ནི་ཅུང་ཐལ་དྲགས་པ་རེད།
    མཆན་པ་ཚོས་ཀྱང་འཇམ་ནོར་ཀྱི་རྩོམ་ཡིག་དང་བསམ་ཚུལ་ལ་དགག་སྒྲུབ་བྱེད་དགོས་པ་ལས། ༸རྒྱལ་བ་རིན་པོ་ཆེའི་སྐུ་གསུངས་ཐུགས་ཀྱི་མཛད་པ་ལ་དཔྱད་རྗོད་ཞུ་མཁན་དེ་ཚོ་བསྟན་པའི་དགྲ་བོ་དང་། གུང་བྲན་རྒྱུག་ཁྱི། དོལ་ཚོགས་འབྲེལ་ཡོད། སྤྱི་ཚོགས་དཀྲུག་མཁན་སོགས་བཤད་སྡད་ན་ཆོ་གང་ཡང་ཡོད་པ་མ་རེད། ལར་འཇམ་ནོར་ལ་༸གོང་ས་མཆོག་གཙོས་ནང་པ་སངས་རྒྱས་པའི་མཆོག་གསུམ་ལ་དད་དམ་མེད་ནའང་ཁོ་རང་རང་དབང་རེད། ༸གོང་ས་མཆོག་གིས་ནམ་ཡང་བོད་པ་ཡིན་ན་ང་ལ་དད་པ་དང་དམ་ཚིག་སྲུང་དགོས་གསུང་གི་མི་འདུག་ལ། ལྷག་དོན་འཛམ་བུ་གླིང་འདིར་མི་ཞིག་ཡིན་ན་ཆོས་པ་དང་བླ་མ་ལ་དད་པ་བྱེད་མི་བྱེད་རང་དབང་ཆ་ཚང་ཡོད་པ་རེད།

  6. བསྟན་འཛིན says:
    2013-04-25 at 11:26 am

    ཐུབ་བསྟན་ལུང་རིགས། ཐོན་དགོས་དུས་བུད་ཡོང་ཐལ། བཀའ་དྲིན་ཆེ།
    བོད་མིའི་སྤྱི་ཚོགས་ནང་དུ་རང་མི་ནག་པོ་བཟོ་མཁན་ཇེ་མང་རེད། སྐུ་དྲག་དང་བླ་མ་མིན་པའི་སྲིད་སྐྱོང་བར་ནག་པོ་བཟོ་ན་ལས་སླ་བོ་ཡིན་པར་བསམ་ནས། རྒྱ་ནག་པོས་ནག་པོ་མ་བཟོས་གོང་ལ། བོད་མི་ངན་རུལ་བ་ཁ་ཤས་ཀྱིས་དམངས་གཙོ་དང་ཐོབ་ཐང་ཁ་ལ་ཁྱེར་ནས་ནག་པོ་བཟོ་རྐྱང་བྱེད་ཀྱིན་འདུག དམངས་གཙོ་ལ་ངོས་ལེན་དང་དམངས་གཙོའི་ཁྱད་ཆོས་ཤེས་ན། མི་མང་གིས་འོས་འདེམས་ལས་བྱུང་བའི་མཇུག་འབྲས་ལ་སྲུང་གཙི་དང་ངོས་ལེན་བྱ་དགོས། སྲིད་སྐྱོང་བའི་མིང་འདི་ནི་བོད་ནང་གི་བོད་མི་ཤེས་ཡོན་ཅན་ཚོས་ཡང་ཡང་དུ་བཀོལ་མྱོང་ལ། གཞས་ཚིག་དང་སྙན་ངག་སོགས་ཀྱི་ནང་དུ་ཡང་མང་པོ་མཐོང་རྒྱུ་ཡོད། འཇམ་དབྱངས་ནོར་བུ་ཡིས། ད་ནི་ནང་ལོག་དཀྲུག་ཤིང་གི་སྐད་བྱ་སྤྱོད་མཚམས་བཞག་ན་རེད། རང་ཉིད་ཝ་ལྟར་ཨ་རིར་འཛུལ་ནས། བོད་མི་གཞོན་སྐྱེས་ཚོར་རང་བཙན་གྱི་ལྟ་བ་བཤད་ཁུལ་བྱེད་དེ། ལག་ལེན་བསྟར་ནས་ལས་རྒྱུ་གང་ཡང་མེད་ནོ་ཤེས་གསལ་རེད། རང་བཙན་རྩོད་མཁན་གྱིས་རང་བཙན་རྩོད་ནས་ལམ་ཀ་དང་ལས་འགུལ། ལྟ་གྲུབ་ཅིག་ལག་སྟར་བྱེད་དེ་སོང་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བཀག་འདུག་གམ། ༧གོང་ས་མཆོག་གིས་བཀག་འདུག་གམ། བོད་མི་རིགས་ཀྱིས་བཀག་འདུག་གམ། ལྟ་བ་གསར་བ་དང་ལས་འགུལ་གསར་བགང་ཡང་མེད་པར་ཁ་སྐམ་པོའི་ནང་ནས་མི་ལོ་མང་པོ་ཚིག་སྐམ་པོ་བཤད་དེ་བསྡད། ད་ལྟ་མཚོན་ཁ་དགྲ་ལ་མི་གཏོད་པར་བོད་མིའི་ནང་ཁུལ་ལ་གཏོད་པ་ཡ་ང་བ་ཞིག་རེད། བོད་ནང་དུ་བོད་མིའི་སྐུ་ལུས་མཆོད་མེར་སྒྲོན་གྱིན་ཡོད། ད་དུང་འཇམ་ནོར་ལྟ་བུའི་འུར་བསྒྲགས་པ་ཚོས་གོ་སྐབས་བཟུང་ནས་ནང་ཁུལ་དུ་ཀྲག་ཤིང་སློང་བ་ནི་ཡིད་སྐྱོ་དགོས་པ་ཞིག་རེད

  7. རང་དབང་ཨ་རྡུ་མན། says:
    2013-04-25 at 11:30 am

    ཐུབ་ལུང་ནས་་་་་བཤད་སྟངས་ལ་བལྟས་ན་་་་བོད་མི་ཚོ་རུབ་རུབ་བྱས་ནས་འཇམ་ནོར་སྤྱི་ཚོགས་ནང་ནས་ཕྱིར་ཕུད་གཏང་པའང་ཡང་ན་རྡོ་དང་གཡུག་པ་འཁྱེར་ནས་ཚ་ཐག་ཆོད་ཅིག་བརྡུང་དགོས་པའི་བསྐུལ་མ་གཏོང་མཁན་ཟོ་ར་ཅི་འདུག
    སོང་ཙང་དེང་སང་གི་སྤྱི་ཚོགས་ནང་ལོགས་ལ་རྒྱུ་མཚན་མེད་པའི་སྐད་ཆ་རྩ་བ་ནས་འགྲོ་ས་ཡོ་མ་རེད་་་
    སྐད་ཆ་དེ་ཚོ་སྒེར་བཅོད་རིང་ལུགས་ཚོས་བེད་སྤྱོད་གཏང་ཡག་སོང་ཙང་ངས་ཡག་པོ་མཐོང་གི་མི་འདུག་་་
    འཇམ་ནོར་ལགས་ནས་ད་བར་བོད་སྤྱི་ཚོགས་ལ་གནོད་པའི་ལས་ཀ་ག་རེ་བྱེད་ཤག་ཅི་ཤོད་དང་།
    བཤད་ཡག་མེད་པ་་་་་་རྣམ་པ་ཚོས་འཇམ་ནོར་ནས་ད་བར་སོ་སོའི་སྒེར་དོན་གློད་ནས་སྤྱི་པའི་དོན་དུ་
    ཉེས་ཁར་མ་འཛེམས་པར་གསུང་བཤད་གྲངས་ཀྱིས་མི་ལངས་པ་སྤེལ་ཡོད་པ་དེ་ཚོར་སྐྱུར་ཞིབ་ཅི་གནོང་དང་
    དེ་ནས་ཁོང་གི་ཕུག་བསམ་རིང་པོ་དེ་གསལ་རྟོགས་ཡོང་གི་རེད།

  8. འབྲས་ལྡན says:
    2013-04-25 at 11:50 am

    ཤེས་ལྡན་པ་ཐུབ་བསྟན་ལུང་རིགས་ལགས་ལ་སྙིང་ནས་གུས་པ་དང་བཀའ་དྲིན་ཆེ་ཞུས་པ་ཡིན། གཞན་གྱི་ཡོན་ཏན་ལ་ཕྲག་དོག་གི་མེ་ལྕེ་མཆེད་བཞིན་པའི་འཇམ་ནོར་གྱི་དུག་ལྕེ་དེ་རྩ་བ་ནས་གཅོད་རོགས་མཁྱེན།

  9. འཇིགས་མེད་བློ་གྲོས། says:
    2013-04-25 at 12:06 pm

    བཀའ་ཟུར་མཆོག་ནས་གོང་དུ་Banyan Treeལ་བྱང་ཆུབ་ལྗོན་ཤིང་ཞེས་བསྒྱུར་འདུག
    འདི་ནོར་བར་སྙམ། Banyan Treeལ་རྒྱ་གར་སྐད་དུ། ནེེགྲོདྷ་དང་། བོད་སྐད་དུ་རྐང་མང་ཞེས་འབོད་པ་ཡིན།
    དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ལས། ནེེགྲོདྷ་ནི་ཧ་ཅང་ཡ་མཚན། མདྷུརའི་ཤར་གྱི་མཚོ་ཁར་ནེེགྲོདྷ་གྲགས་ཅན་ཞིག་ཡོད་པའི་འཁོར་རྒྱང་ལ་རྒྱང་གྲགས་གཅིག་ཙམ་ཡང་ཡོད་ཟེར། ཡལ་ག་རྒྱང་རིང་བར་དུ་བརྐྱངས་པའི་བར་བར་ནས་ཤིང་རྩིད་ལྟ་བུ་ཞིག་ཐུར་དུ་དཔྱངས། རིམ་གྱིས་ས་གཞི་ལ་ཐུག་ཏེ་ས་ཕུག་ནས་ཐུར་དུ་འགྲོ། དེ་ནས་སྒོར་དུ་སོང་སྟེ་དེ་ཡང་ཤིང་གི་གཞུང་རྟ་གཉིས་པ་ལྟར་ཡོང་། དེ་འདྲ་མང་པོ་ཡལ་གའི་ཕྱོགས་ཕྱོགས་ནས་འོངས། རྒྱང་ནས་བལྟས་ན་སྡོང་པོ་མང་པོ་ཕྱོགས་གཅིག་ཏུ་སྐྱེས་པ་ལྟར་སྣང་། དོན་ལ་ཡལ་གའི་སྟེང་གི་རྩ་བ་རྣམས་རེད། དེ་འདྲ་མེད་ན་ཡལ་ག་ཐད་དུ་བརྐྱངས་དྲགས་པས་ཆགས་པ་ལས་འོས་མེད། འདིའི་མིང་ལ་རྐང་མང་ཞེས་བརྗོད་པ་ཡང་དེ་ལ་ཟེར་བ་རེད། ཉི་མ་སྦས་པའི་ཚིགས་བཅད་ཀྱི་མཛོད་དུ་ཡང་། ཤིང་འདིའི་རྩ་བ་རྣམས་ཕྱོགས་ཐམས་ཅད་ལ་བཙུགས་ནས་བརྟན་པོར་བྱེད་པ་བཞིན་རྒྱལ་པོས་ཀྱང་བུ་ཚ་རྣམས་སྤེལ་ནས་སྲིད་བརྟན་པར་བྱེད་དགོས་སོགས་སྦྱར་སྣང་། ཤིང་ཆེན་རེ་རེ་ལ་ཡང་རྩ་དེ་ལྟ་བུ་ཆེ་ཆུང་བསྡོམས་པ་སུམ་སྟོང་ལྷག་ཙམ་རེ་ཡོད་ཅིང་། མི་བདུན་སྟོང་ཙམ་རེ་ཤིང་གཅིག་གི་འོག་ཏུ་སྡོད་ནུས། ཞེས་དང་།
    ཨ་ཤྭ་ཐ་ནི་བྱང་ཆུབ་ཤིང་ལ་ཕོ་མོའི་ཤིང་གཉིས་ལས་ཕོ་ལ་པིཔལ་དང་མོ་ལ་ཨཤྭ་ཟེར། ཞེས་འབྱུང་ཞིང་དེང་དུས་བྱང་ཆུབ་ཤིང་དབྱིན་སྐད་དུ། Bodhi Treeཞེས་འབོད།

  10. མངའ་རིས་འཕྲིན་ལས། says:
    2013-04-25 at 12:11 pm

    ཐུབ་བསྟན་ལུང་རིག་ལགས་ནས་བོད་པ་ནང་ཁུལ་ལ་མདུང་རྩེ་ཡག་པོ་ཞིག་སྟོན་ཐུབ་འདུག རྒྱ་གཞུང་ལ་མགོ་འབུལ་ལུས་འབུལ་བྱེད་མཁན་སྐུ་ངོ་ཞིག་རེད། མཁས་དབང་འཇམ་དབྱངས་ནོར་བུ་ལ་དཔྱད་པ་དགོས་ཡག་མེད་དྲང་བདེན་དང་། དེང་དུས་ཤེས་ཡོན་ཅན་གྱི་གཞོན་སྐྱེས་རྣམས་ཀྱི་ཤེས་གསལ་རེད། མི་རྒན་ཆོལ་ཁ་དང་ཆོས་ལུགས་ཀྱི་དུག་ཆུས་ར་གཟི་བའི་སྐུ་དྲག་ཁ་ཤས་དང་། རྨོངས་དད་ཅན། ཡོད་ཚད་བྱས་ཚད་ལྷ་དང་བླ་མའི་བྱས་རྗེས་བརྩི་མཁན་གྱི་མི་བུ་རྣམས་ལ་ཡོད་པ་ནི་རྙིང་ཞེན་དང་། རྨོངས་དད་ཁོ་ན་ཡིན།

  11. ཐོ་རེངས་སྐར་ཆེན says:
    2013-04-25 at 12:27 pm

    འཇམ་དབྱངས་ནོར་བུ་འབོད་པའི་མཁས་མིང་གི་ཆོ་ལོ་ཡོད་ཀྱང་བསམ་བློ་ཆ་ནས་ལྐུགས་པ་ཞིག་དང་ཁྱད་མེད་ལ། མི་ལུས་ཞིག་ཕྱིར་ལ་མངོན་བཞིན་ཁྱི་སྐད་བརྒྱག་བཞིན་པའི་མྱི་གཞི་དང་སྒེར་ཚུགས་གང་གིས་ཆ་ནས་ཡང་དབེན་པས་མི་བུ་འདིས་སྔོན་ཆད་ཞིག་ལ་རྡ་སའི་རི་གྲོང་འདི་ན་རང་བཙན་གི་སྐོར་བགྲོ་གླེང་ཡོད་པའི་བརྡ་སྦྱོར་གང་སར་བཀྲམ་འདུག། སྐབས་དེར་བདག་གིས་གསལ་བསྒྲགས་ལ་ཁ་བྱང་ལ་བལྟས་དེ་ཁོང་གི་བགྲོད་གླེང་ཐོག་ལ་སོང་ཡིན། སྐབས་དེ་བདག་གི་འཇམ་ནོར་ཟེར་བའི་མྱི་ལུས་ཐོབ་ཀྱང་ཁྱུ་སྐད་རྒྱག་པའི་རྒྱ་ཁྱུ་ཞིག་ཡིན་པ་གཞི་ནས་རྟོགས། ཁོང་གིས་བགྲོད་གླེང་དུས་སྐབས་སུ་ཡང་བརྗོད་བྱ་བརྗོད་བྱེད་གཉིས་འབྲེལ་མེད་དོན་གཞི་གནས་པ་རྐྱང་ལས་ཅི་ཡང་འཆད་ཤེས་ཀྱིན་མི་འདུག། ཉིན་དེ་ནས་བཟུང་མྱི་དེ་ལ་དོན་སྣང་བྱས་ནས་ཁོང་གི་བྲིས་པའི་རྩོམ་འགའ་ཡང་ཀློག་རྒྱུ་བྱུང་། ཡིན་ཡང་ཁོང་གི་བྲིས་པའི་རྩོམ་དེ་དག་ནི་དངོས་གནས་ཤེས་ཅི་ཡང་མི་ཤེས་ལ་གང་ཡང་མི་འཇོན་པའི་གླེན་པ་ཁ་ནག་ཞིག་གི་བྲིས་པ་དང་ཁྱད་མི་འདུག། ད་དུང་མྱི་དེ་འདྲ་བའི་གོང་ས་མཆོག་དང་ལ་དམོད་ཚིག་འཕེན་པ་ནི་ཇི་འདྲའི་དགོད་བྲོ་བ་མ་རེད་དམ། དཔེར་ན། དེ་རིང་ཁོང་གི་རྩོམ་ཡིག་ནང་དུ་ཡང་བོད་ནང་གི་ཤེས་ལྡན་དག་དང་ལད་ཟློས་རང་བཞིན་ཀྱིས་འབྲི་རྩོམ་རྩལ་དོད་པོ་རེ་ཨེ་ཡོང་བལྟས་ཡོད་ཀྱང་། རང་རིགས་ཞེན་པ་མེད་ལ། ཀ་ཁ་སུམ་དང་ཁ་ཐག་གི་གྱེས་པའི་འཇམ་ནོར་ལྟ་བུ་ཞིག་གིས་ཇི་ཞིག་དམ། དེའི་རྐྱེན་ཀྱིས་འཇམ་ནོར་ཟེར་བའི་མྱི་རུལ་འདི་ལྟ་བུ་ནི་ཆོལ་གསུམ་བོད་མའི་དགྲ་ལས་གྲོགས་སུ་བསྟེན་མི་རུང་ལ། དེ་དག་གི་བཤད་པ་འམ་བྲིས་པ་ཅི་ཞིག་ཡིན་ཡང་བདེན་པར་རློམ་མི་རུང་། མྱི་བུ་དེ་ཚོ་ནི་སྐབས་འཚོལ་རིང་ལུགས་པ་ཡིན་པས་ན་ཁོང་ཚོ་ལ་ཁེ་གསེང་གང་དུ་ཡོད་ན་རང་གཞན་ཐམས་ཅན་ཙོང་ཟེར་ལ། རང་ཉིད་ལ་མིང་གྲགས་ཅུང་ཙམ་རྒྱས་ན་སངས་རྒྱས་ཡིན་ཡང་སྐྱོན་དུ་མཐོང་བས་ན་མྱི་འདི་དག་ནི་སྤྱི་ཚོགས་ཞིག་གི་གད་སྙིགས་ལས་མཁས་མིང་སྤྲད་དེ་བསྟོད་པའི་ངོ་སོ་སྟེར་མི་རུང་སོ།

  12. ལུང་རྟོགས། says:
    2013-04-25 at 12:32 pm

    ཡོད་ཚད་བླ་མའི་བཀའ་དྲིན་ཡིན་མིན་མི་ཤེས་ཀྱང་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བཀའ་དྲིན་ཡིན་པ་ནི་སུས་ཀྱང་སྙོན་དུ་མེད་པ་རེད།

  13. བདེ་ལྡན། says:
    2013-04-25 at 12:44 pm

    བོད་ཀྱི་བསྟན་པ་ཆབ་སྲིད་ཆེད་དུ་ཚང་མས་ཧུར་ཐག་གནང་དགོས།

  14. ཐོ་རེངས་སྐར་ཆེན says:
    2013-04-25 at 12:54 pm

    ནམ་ཟེར་བའི་མཆན་བུ་ལགས། འཇམ་ནོར་གི་ཁྱུ་ཕྲུག་གཅིག་ཡིན་པ་གསུངས་དགོས་ཀྱི་མི་འདུག། དེ་མ་གཏོགས་ཆོལ་ཁའི་ཕྱོགས་ཞེན་ཀྱི་ཕྱི་ནང་རུལ་བའི་ཀླད་པ་ཞིག་དང་སྐྱག་དྲི་དང་རུལ་དྲི་ཁོ་ན་ལས་ཐཽན་རྒྱུ་མེད་པའི་ཐ་སྙད་འདི་འདྲ་བེད་སྤྱོད་གཏོང་མི་སྲིད། ནམ་ལགས་མྱི་ཞིག་ཡིན་ན་ཁྱི་སྐད་མ་རྒྱག་ལགས། ཁྱི་སྐད་རྒྱབ་ནས་ཕན་ཐོགས་པོ་ཡོད་པ་མ་རེད་ལོ། དེ་ལས་སྐྱ་ཁ་དེ་གཙང་མ་ཞིག་བཀྲུས་ནས་མྱི་སྐད་གསུངས་པ་སློབ་སྦྱོང་བྱས་ན་ཡག་གི་རེད། དེ་མ་གཏོགས་སྐྱེ་བ་འདི་ལ་ཁྱོད་དང་འཇམ་ནོར་ལྟ་བུ་ཚོས་ཁྱི་སྐད་མ་གཏོགས་མྱི་སྐད་གསུངས་བདེ་བོ་ཡོད་ཀྱི་མ་རེད།

  15. སྡོང་ཆུ་མིག says:
    2013-04-25 at 1:20 pm

    འཇམ་དབྱངས་ནོར་བུ་ཟེར་བའི་རྒྱ་ཁྱི་འདིའི་བོད་མིའི་རང་ལུས་མེ་བསྲེགས་སྐོར་ལ་རྩོམ་ཡིག་གཅིག་ཀྱང་མཐོང་རྒྱུ་མི་འདུག ཁྱོད་རང་ལ་སེམས་ཤུགས་ཡོད་ན་ཁ་སྐམ་པོའི་ནང་ནས་རྙོག་གཏམ་མ་བཤད་པར་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་བརྩམས་ན་ཁྱེད་རང་རང་དཔང་རེད། བོད་མི་རིགས་ཀྱིས་བཀག་འདུག་གམ། ཡང་ན་བོད་མའི་སྲིད་སྐྱོང་གིས་བཀག་འདུག

  16. མེ་ཏོག་དཀར་པོ says:
    2013-04-25 at 1:24 pm

    ཤྭ་ཡུ་མོ་ཤེའུ། ཨ་ཁུ་ཁུ་བྱུག་གང་ན་བུད་ཐལ། ཤྭ་ཡུ་མོ་ཤེའུ། ་་་་་་་་་་ཨ་ཁུ་ཁུ་བྱུག་ནགས་ལ་བུད་ཐལ་ཤྭ་ཡུ་མོ་ཤེའུ།

  17. གསེར་འབྲུག་སྡེར་ལྔ་ says:
    2013-04-25 at 2:13 pm

    ཁྱི་དང་སྐྱག་པས་ཁེངས་པའི་མཆན་པ་འདི་ཚོ་ནི། རང་ཁྱི་རང་སྐྱག་ཟ་མཁན་ལས་གཞན་ཅི་ཡང་མ་རེད་དོ། ༧གོང་ས་མཆོག་གིས་གཟིགས་པ་ཡིན་ན་ཁོང་ཐུགས་འཕམས་འབྱུང་གཞི་གཙོ་བོ་ཡ་རབས་བཟང་སྤྱོད་ཀྱི་བཀའ་སློབ་གནང་གནང་བའི་འབྲས་བུ་འདི་ལས་མེད་ན་་འ་ནི་དཔེ་བསགས་པ་རེད་དོ། ལར་ནས་ཁོང་ལ་དད་པ་ཡོད་མདོག་བྱེད་མཁན་གྱི་མདོག་སྐྱ་ཐང་ལ་བུད་པ་མ་རེད་པས།

  18. བསྟན་འཛིན་རྒྱལ་པོ། says:
    2013-04-25 at 2:49 pm

    ཐུབ་བསྟན་ལུང་རིག་གི་རྩོམ་རེད་ཟེར་བ་ཞིག་དེ་སྔོན་ཞེ་དྲག་མཐོང་མ་མྱོང་ཡང་ད་ལན་གོ་སྐབས་ཞིག་རག་ཡོད་པ་འདྲ། མ་གཞི་སྐུ་ངོ་ཁོང་གི་མཛད་སྤྱོད་རྣམས་མི་མང་ལ་ཆ་རྒྱུས་ཡོད་རེད་མོད་ཀྱང་གོང་གི་གནམ་ཞེས་པའི་མཆན་པས་གང་བཤད་པ་རྣམས་ངས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། མ་གཞི་འཇམ་ནོར་དང་ཐུབ་ལུང་གཉིས་གདམས་བྱ་ཞིག་ཡིན་ཚེ་ཐེ་ཚོམ་མེད་པར་འཇམ་ནོར་གདམ་རྒྱུ་རེད། རྒྱུ་མཚན་ནི། མཐོ་དམན་ཅི་ཞིག་ལ་ཐུག་ཀྱང་ངོ་ལྐོག་དང་སྤྲེལ་ལད་མི་ཤེས་པའི་མི་བུ་དེ་དག་ལ་ཡིད་རངས་ཞུ་འོས་པས་སོ།།

  19. རྔ་བ་གཉན་རྒོད་ says:
    2013-04-25 at 5:33 pm

    འཇམ་ནོར་སྐུ་དྲག་ཁྱིམ་རྒྱུད་ཡིན་པས་་་དེ་ཡི་ཐོབ་ཐང་མ་རག་ནས་་གོང་ས་མཆོག་དང་བོད་གཞུང་ལ་ག་དུས་ཡིན་ན་ཅིག་ལབ་བསྡད་ཡོད་རེད་་་་་ད་ངོ་མ་ང་ཚོའི་མི་དགོས་པའི་རིགས་བཞག་ན་བཟང་་་་མཐུན་སྒྲིལ་བྱོས་་་བོད་ནང་གི་བོད་མའི་གནས་སྟངས་ལ་བསམ་ཤེས་རེ་བྱེད་རོགས་་་རྒྱ་གར་ནས་བོད་མི་དག་ནས་དོན་མེད་པའི་རྩོད་པ་བྱས་ནས་ཉི་མ་སྐྱེལ་ན་་་བོད་ནང་གི་བོད་མི་དག་་་རྒྱ་མི་ནས་ག་ལེར་བསད་ནས་འགྲོ་ཀི་འདུག་པ་་་་་་་ངོ་མ་སྙིང་པོ་མེད་པའི་རྩོམ་ཉོག་སྤེལ་ཀི་ཡ་་་་

  20. རང་བྱུང་རིག་པའི་རྡོ་རྗེ says:
    2013-04-25 at 6:08 pm

    དྲང་མོར་བཤད་ན་འཇམ་དབྱངས་ནོར་བུ་ནང་བཞིན་དྲང་མོ་དང་སྤོབས་པ་ཅན་སེམས་ནང་གི་གཏམ་ཁ་ནས་བཤད་ཕོད་པ་དཀོན་པོ་རེད། བོད་མི་ཡོངས་རྫོགས་འཇམ་ནོར་ལྟ་བུ་ཡིན་ན་བོད་ལ་རང་དབང་ཐོབ་རྒྱུ་ལས་སླ་བར་སྙམ། སེམས་ཤུགས་ཅན་འདི་ཚོར་རྒྱབ་སྐྱོར་བྱེད་མ་ཐུབ་ནའང་དགག་པ་མ་བྱེད་ན་དགེ་མཚན་ཆེ་བར་མངོན་། །

  21. བདེན་པ། says:
    2013-04-25 at 7:29 pm

    བཀའ་ཟུར་ཐུབ་བསྟན་ལུང་རིག་ནི་ནམ་རྒྱུན་ནས་དགོས་དུས་གདོང་མཆོང་ཐུབ་མཁན་ཞིག་མཐོང་གི་ཡོད། ཁོང་བཀའ་བློན་ཡིན་དུས་ཤིག་ལ་གྲོས་ཚོགས་ནང་ལ་སྤྱི་འཐུས་ཚོས་བཀའ་བློན་ཚོར་བདེ་སྡུག་གི་ཚོར་བ་མེད་པའི་ལྕག་གི་འཕྲུལ་འཁོར་ལྟ་བུ་བརྩི་གི་འདུག་ཟེར་ནས་གཏམ་བཤད་ཞིག་མཐོང་མྱོང་དེ་ནས་ཁོང་གི་སྐད་ཆ་ལ་དོ་སྣང་བྱེད་འདོད་ཡོད་པ་ཞིག་ཆགས་སོང་། ད་རེས་ཡང་འཇམ་ནོར་ལ་ཡ་ལན་ཚ་ཐག་ཆོད་ཞིག་སྤྲད་འདུག་དགའ་བསུ་ཞུ།

  22. རང་གྲོལ། says:
    2013-04-25 at 8:24 pm

    འཇམ་ནོར་ལ་སྔོན་མ་རྡ་ས་ན་ལས་ཀ་ཡག་པོ་ཞིག་མ་རག་པར་འཁོན་འཛིན་ཆེན་པོ་ཡོད་ས་རེད། བོད་པ་མི་མང་ཕལ་ཆེ་བས་དྲིན་ཆེན་དྲིན་ལོག་གིས་སྐད་ཆ་འདྲ་མིན་བཤད་པ་ལ་ཆ་འཇོག་གཏན་ནས་མི་བྱེད་པ་གསལ་བོ་རེད་མོད། ལོག་རྩོམ་དེས་འདྲ་འབུ་ཁ་ཤས་དང་བསམ་མེད་ཁ་ཤས་ཞིག་ལ་འདོད་རྒྱལ་གྱི་སྐད་ཆ་སྟོང་པ་ཙམ་བཤད་པའི་གོ་སྐབས་སྤྲད་པ་ཙམ་དུ་ཟད་དོ།།

  23. འཇིགས་མེད་ཐོས་པ་རང་གྲོལ། says:
    2013-04-25 at 8:35 pm

    སྤྱི་འཐུས་ལགས།

    འཇམ་ནོར་གྱི་རྩོམ་ཡིག་དམིགས་སུ་བཟུང་ནས་དཔྱད་བརྗོད་སྤེལ་བར་འབད་བརྩོན་བྱས་པར་དགའ་བསུ་ཡོད། འོན་ཀྱང་། དྲང་མོར་ཞུས་ན་ད་དུང་ཉིད་ཀྱི་རྩོམ་ཡིག་དེར་དཔྱད་བརྗོད་རྩོམ་ཡིག་ཞིག་གི་སྤུས་ཚད་ཟིན་མེད་པ་འདྲ། ཤེས་ཡོན་པའི་དཔྱད་བརྗོད་(Scholarly analysis)ཞིག་མ་མཐའ་ཡང་ཚང་དགོས་པའི་ཆ་རྐྱེན་མང་བོ་ཞིག་རྩོམ་ཡིག་འདི་ལ་ད་དུང་མི་འདུག

    ༡) མ་མཐའི་ཆ་རྐྱེན་དཔྱད་བྱའི་དབྱིན་ཡིག་གི་གོ་ན་ལེགས་པོ་ལེན་ཐུབ་མི་འདུག
    ༢) རྒྱུ་མཚན་དང་སེམས་ཚོར་མཉམ་དུ་བསྲེས་པ།
    ༣) རྒྱུ་མཚན་ཀྱི་ངོ་བོ་ཆོས་ལུགས་ཀྱི་དད་པས་བསྒྲིབས་པ།
    ༤) རྩོམ་ཡིག་སྤྱིའི་བརྗོད་བྱ་བརྗོད་གཞི་ལས་འཆོལ་བ།
    ( འཇམ་ནོར་གྱི་རྩོམ་ཡིག་ལ་དཔྱད་པས་སྤྱིའི་བརྒྱ་ཆ་སུམ་ཅུ་དང་༧གོང་ས་མཆོག་གི་རྣམ་ཐར་གྱིས་བརྒྱ་ཆ་༧༠ཟིན་པ།)
    ༥) རྩོམ་ཡིག་འདིས་འཇམ་ནོར་གྱི་རྩོམ་ཡིག་ཧྲིལ་བོར་མ་དཔྱད་པར་བྱ་རོག་སོ་རྟོག་གི་རྣམ་ཐར་བསྐྱངས་པ།
    ༦) རྩོམ་ཡིག་འདིའི་རྒྱབ་ཏུ་ཆབ་སྲིད་ཀྱི་སྐད་སྒྲ་མཐོ་བ་སོགས་གནད་དོན་མང་བོ་ཞིག་འདུག

    སྐུ་ཉིད་ལྷོད་པར་བཞུགས་དང་གནད་དོན་རྒྱས་པ་ངས་ཁྱེད་ལ་རྩོམ་ཡིག་ཅིག་ཆེད་དུ་འབྲི་བཞིན་ཡོད།

  24. ལུང་རྟོགས། says:
    2013-04-25 at 10:34 pm

    འཇམ་ནོར་ལ་ཕོད་པ་རྣམ་གསུམ་ཚང་ཡོད་ཀྱང་འདྲ་མེད་ཀྱང་འདྲ་ནམ་ཡིན་ཡང་མདུང་རྩེ་ནང་ལ་སྐོར་བའི་བྱེད་སྟངས་འདི་ནི་ཡིད་དུ་འོང་བ་ཞིག་མ་རེད་ལ། ལྷག་ཏུ་སྲིད་སྐྱོང་ལ་མང་པོ་ཞིག་བཤད་སྡད་པ་འདི་ནི་བཀྲས་མཐོང་ལ་རྒྱལ་ཁ་མ་ཐོབ་པའི་སྡུག་ནད་མ་ཁྱོག་པ་ལོས་ཡིན།

  25. རང་དབང་ཨ་རྡུ་མན། says:
    2013-04-25 at 11:41 pm

    མཆན་༢༣ལ་བརྒྱབ་སྐྱོར་ཡོད་་་་་་ཉིད་ཀྱི་རྩོམ་ཡིག་རེ་སྒུགས་བྱས་ནས་ཡོད

  26. འཇམ་གཅེས says:
    2013-04-25 at 11:46 pm

    བཀུར་འོས་བཀའ་ཟུར་མཆོག་གིས་གནད་ལ་ཁེལ་བ་ཞིག་བྲིས་འདུག །མི་ངན་འདི་ཚོས་དུས་རྟག་ཏུ་བཀའ་དྲིན་ལོག་མཇལ་བྱས་པ་ཉུང་ཉུང་གཏན་ནས་མིན། ད་དུང་དམིགས་ཡུལ་ངན་པ་ཞིག་འགྲུབ་ཆེད་དུ་གང་ཡང་བཤད་འདོད་ཡོད་པ་རེད། ཕོད་པ་གསུམ་ལྡན་རེད། བཀའ་དྲིན་ལོག་མཇལ་བྱེད་ཕོད་པ། ནང་ཁུལ་དཀྲུགས་ཤིང་རྒྱག་ཕོད་པ། མདུང་སོ་ནང་དུ་བསྐོར་ཕོད་པ་དང་གསུམ་སྟེ། ཕོད་པ་གསུམ་ལྡན་རེད་ངོ་མ་རེད།

  27. འཇམ་གཅེས says:
    2013-04-25 at 11:54 pm

    མ་རྟོགས་པ་དང་ལོག་པར་རྟོག་པའི་གཞན་དབང་དུ་སོང་བའི་བོད་མི་རེ་ཟུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཡོངས་ཁྱབ་ཀུན་ཕན་གྱི་མཛད་བཟང་ལ་རང་འདོད་དང་མ་མཐུན་པའམ། རང་དོན་མ་འགྲུབ་པ་ཁོ་ན་རྒྱུ་མཚན་དུ་བྱས་ཏེ་ཟུར་ཟ་སྐྱོན་བརྗོད་ཞུ་མཁན་དེ་དག་ནི་སྙིང་རྗེའི་ཡུལ་ལས་མ་འདས་མོད། གཟུར་གནས་མང་ཚོགས་ཀྱིས་དེ་དག་སྣང་མེད་དུ་བཞག་ན་ངན་པ་ལང་ཤོར་འགྲོ་གཞི་མ་ཟད། ཅང་མི་སྨྲ་བས་དང་དུ་ལེན་པ་ལྟ་བུའི་འཕྲལ་རྐང་འཁྱོག་བཤད་ཀྱི་གཞི་རྩ་དང་། དུས་ཡུན་རིང་པོའི་རྗེས་བྱུང་རབས་གསལ་ཆ་མེད་པའི་སྐྱོན་ཅན་བཅས་སུ་འགྱུར་ཉེན་ཡོད་སྟབས། སྐབས་མཚམས་སོ་སོར་འགྲེལ་བརྗོད་གསལ་བཤད་དགོས་གལ་ཆེ་ཡང་། རང་རེ་མང་ཚོགས་གསེར་བོང་མཉམ་གཟིགས་ཀྱིས་ཆགས་བྲལ་བ་ལྟ་བུར་བཞུགས་པ་ནི་ཞན་ཆ་ཞིག་ལས་བཟང་སྤྱོད་ག་ལ་ཡིན།

  28. བྱམས་པ་ལྷུན་གྲུབ། says:
    2013-04-25 at 11:57 pm

    གཞི་རྩ་མེད་པའི་བསྙོན་འཛུགས་དང་། སྤྱི་ཚོགས་ཕུངས་དཀྲུགས། རྒྱུ་མཚན་མེད་པའི་དཀྲོགས་གཏམ། དགོས་ཕན་མེད་པའི་དཔྱད་བརྗོད་སོགས་ནི་མང་གཙའི་རྒྱལ་ཁབ་ཀྱི་འགལ་ཟླ་ཡིན་པ་ལས། སྨྲ་བརྗོད་རང་དབང་གི་ནང་དུ་བཙུད་ག་ལ་འོས། མང་གཙོའི་སྤྱི་ཚོགས་རྣམས་ཀྱི་ནང་ལ་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་སོགས་ཡོད་མོད་ཀྱང་། ཕན་གནོད་དང་དགག་དགོས་ལ་མ་ལྟོས་པར་གང་དྲན་དྲན་བཤད་པ་དང་། གང་་འདོད་བྱས་ཆོག་པའི་ཐོབ་ཐང་ཡོད་ན། ད་གཟོད་རྒྱ་གར་ནང་དེང་སྐབས་འབྱུང་བཞིན་པའི་བུ་མོར་བཙན་གཡེམ་བྱེདཀྱིན་པ་དེ་དག་ཀྱང་ནག་ཉེས་མིན་པ་ལྟ་བུར་གོ་ལོག་ཐེབས་སྲིད། མང་གཙོའི་སྤྱི་ཚོགས་ཟེར་བ་དེའི་ནང་སྒྲིག་འཛུགས་དང་། གོ་རིམ། རྒྱུ་མཚན་ལྡན་པའི་སྨྲ་བརྗོད་རང་དབང་ཡོད་མོད་ཀྱང་། གང་བྱུང་གཞི་མེད་བསྙོན་འཛུགས་དང་། ཕུ་དཀྲུགས་མདའ་དཀྲུགས་བྱེད་པའི་སྨྲ་བརྗོད་རང་དབང་ཞིག་ཡོད་རབས་གོ་རྒྱ་མེད། མདོར་ན་མང་གཙོའི་ལམ་ལུགས་ཟེར་བ་དེ་གོ་་རིམ་ལྡན་པ་དང་སྒྲིག་ཁྲིམས་ཡོད་པ་གཅིག་ལས། ཁུག་མའི་ནང་ལ་ཤེལ་ཆག་དང་ར་ཅོ་བླུགས་བཞག་པ་ལྟ་བུའི་གང་བྱུང་མང་བྱུང་ཞིག་ག་ལ་ཡོད།

  29. བྱམས་པ་ལྷུན་གྲུབ། says:
    2013-04-26 at 12:00 am

    “མང་གཙོའི་ལམ་སྲོལ་དང་ཁྲིམས་ཀྱི་དབང་སྒྱུར་གཉིས་ཁ་བྲལ་མི་རུང་བ་ཞིག་ཡིན་པ་དང་། ཡུལ་མི་མི་རེ་ངོ་རེས་རང་དབང་གི་ཐོག་ནས་ཐོབ་ཐང་དང་། དེས་ཟླས་དྲངས་པའི་ལས་འགན་གཉིས་ཀ་ལེགས་པར་ངོས་ཟིན་ཞིང་། ལག་ལེན་དུ་བསྟར་བ་ཞིག་མ་བྱུང་ན་ཁ་ཙམ་གྱི་མང་གཙོ་ལས་དོན་དམ་གྱི་མང་གཙོ་ཡོང་ཐབས་མེད། སྨྲ་བརྗོད་ཀྱི་རང་དབང་ཞེས་པ་གཞི་མེད་རྫུན་གཏམ་དང་། གང་ཟག་ལ་དམའ་འབེབས། སྤྱི་ཚོགས་ནང་ཅལ་འདྲོགས་ཡོང་གཞིའི་རིགས་སྨྲ་བརྗོད་ཀྱི་རང་དབང་ཡིན་པའི་དོན་དུ་མི་གོ དེར་བརྟེན་མང་གཙོའི་རིང་ལུགས་ (Democracy) དང་། ཁྲིམས་མེད་རིང་ལུགས་ (Anarchy) གཉིས་ཀྱི་ཁྱད་པར་འབྱེད་ཤེས་པ་དགོས་རྒྱུ་ཤིན་ཏུ་གལ་ཆེ།”

  30. ཐུ་བ་རྒྱ་མཚོ། says:
    2013-04-26 at 2:41 am

    བཀའ་ཟུར་ཐུབ་ལུང་གི་དཔྱད་པ་འདི་ནི་ས་འོག་གི་བྲག་ཕུག་ལ་དཀར་མེ་ཡི་དཔལ་འབར་བཞིན་དུ་གྱུར་ཡོད་པ་རེད། ང་ཚོས་ནག་ཁུང་ནང་གི་རྣ་ལ་གཟན་པའི་བྲག་ཆའི་སྐད་ངན་དེ་ཚོ་གང་གི་སྒྲ་ཡིན་པ་ཤེས་པར་བྱེད་དགོས་གི་རེད། དེ་མ་ཤེས་ན་མི་ལ་ལ་འཁྲུལ་སྣང་སྐྱེ་སྲིད་པ་རེད།

    དུས་རྟག་ཏུ་དབུས་སྒྲིག་འཛུགས་ལ་ཁ་གཏད་ནས་བློ་ལོག་པ་དང་སེམས་ངན་པ། སྡང་མིག་གིས་བགྲད་པ་དང་འཕྱ་སྨོད་ཀྱིས་བརྗོད་པ། ཆུང་ཆུང་ཆེན་པོ་བཟོ་བ་དང་། ཆེན་པོ་ཆུང་ངུར་གཏོང་བའི་ཚོད་མེད་ལོག་བརྗོད་ཀྱི་གཏམ་གང་བྱུང་དུ་སྨྲ་ནི་འཇམ་དབྱངས་ནོར་བུའི་གཤིས་ཀ་ཡིན་ནམ་ལུགས་སྲོལ་ཡིན་ནམ། ཡང་ན་ཁོང་གི་དམ་བཅས་པའི་ལྟ་གྲུབ་ཞིག་ཡིན་ནམ།

  31. དྲན་དཀར་དཔལ་ཡོན་ says:
    2013-04-26 at 3:48 am

    སྙིང་ནས་བརྩེ་བའི་བུ་ཆུང་མངའ་རིས་ཕྲིན་ལས་གསེར་འབྲུག་སྡེ་ལྔ་དགེ་ལྡན་ཨ་རྡུ་མ་རིག་པའི་བུ་ཁྱེད་ཚོས་ང་ལ་སྲོག་གཏད་ཡོད་པ་བཞིན་ངས་གྱང་ཁྱེད་ཅག་གི་སྲོག་རྩ་མེད་ཅིག་རེད་མི་འདོད། ཁྱེད་ཅག་གི་སྤྱོད་ལམ་འགའ་ཤས་ཀྱི་ང་ཡིད་ཆད་པར་བྱས། ངས་ནི་སྤྱོད་ལམ་གང་གིས་གྱང་ཁྱེད་ཅག་ཡིད་ཆད་པར་མི་བྱེད་པར་དམ་བཅས་ཡོད། འོན་གྱང་ཁྱེད་ཚོས་འཇམ་ནོར་བཏེག་པ་ནི་སྐྱག་པས་རྐུབ་བཏེག་པ་མིན་གྱང་ཆུ་ཡི་མེ་བཏེག་པ་རང་རེད། འཇམ་ནོར་ནི་གཅིག་བསྐྱོད་པར་སེམས་རྡུང་པར་མ་ཟད་རིས་མེད་པར་ཡང་སེམས་སྡང་མཁན་ཞིག་རེད། དེ་ལས་གཅེས་ཕྲུག་ཚོས་ཡོན་ཏན་འོད་ཀྱི་ཆོས་དང་ཆོས་མ་ཡིན་པ་འབྱེད་པའི་ཚུལ་ཤིང་དེ་མེར་བསྲེགས་པའི་ཐབས་ལ་བརྩོན་ཤིག། དེ་མིན་ན་བཅོམ་ལྡན་འདས་ལ་དགོངས་དག་ཞུ་དགོས་ཐུག་གི་རེད་པ། ག་རེ་ཡིན་ན་གང་ཞེ་ན་ངའི་ངོ་ཚ་ནས་ད་བཟོད་ཐུབ་ཀྱིན་མི་འདུག བརྩེ་བས། ངོ་ཕུར་ནས།

  32. རོང་པོ་མཇོ་ན་ནས་ says:
    2013-04-26 at 4:10 am

    ང་ཚོ་མི་རིགས་ཀྱི་ལ་རྒྱ་དང་ཡུན་རིང་གི་མཐུན་བསྒྲིལ་ཞིག་དགོས་ན་རྡ་སའི་སྒྲིག་འཛུག་གི་དམིག་ཡུལ་དང་ཕུག་བསམ་ལོག་པར་ཡོངས་སུ་གཏོར་དགོས་ཏེ་འདི་ནི་བད་ཀན་གྱི་ནད་གཞི་ནང་བཞིན་མི་རིགས་ཀྱི་མཐུན་བསྒྲིལ་དང་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་རྣམ་པ་ཙམ་ལས་དོན་དངོས་ཡོངས་སུ་འགལ་བ་དང་ཐ་དད་རེད་དེ་ཡང་བཙན་བྱོལ་ཆག་ནས་མི་ལོ་དྲུག་བཅུ་ཙམ་ནང་ལ་ནང་ཁུལ་ཐབས་ཇུས་དང་ཞི་དྲག་གང་རུང་གིས་གསངས་བའི་རྙོགས་སྒྲ་ནི་དཔེ་ན་་་ཨ་འབྲུག་མགོན་པོ་བཀྲིས་ལ་རྙོག་སྒྲ་་་སྨ་ཁམས་ཐོས་བསམ་ལ་རྙོག་སྒྲ་་་་ཟུར་ཁང་ལ་རྙོག་སྒྲ་་་་བདུད་འཇོམས་རིན་པོ་ཆེ་ལ་རྙོག་སྒྲ་་་་ཀརྨ་པ་བཅུ་དྲུག་པ་ལ་རྙོག་སྒྲ་་་་གློ་དམག་སྒར་གྱི་རྙོག་སྒྲ་་་ཚོགས་ཁག་བཅུ་གསུམ་གྱི་རྙོགགཞི་་་་པཎ་ཆེན་བཅུ་ཆེན་པོ་ལ་རྙོག་གཞི་་་་་གུང་ཐང་ཚུལ་ཁྲིམས་ལྐོག་བསད་ཀྱི་རྙོག་གཞི་་་ཐེ་ཝན་བོད་སོག་དང་འབྲེལ་བའི་རྙོག་གཞི་་་་ཆུ་སྒང་གསར་རྙིང་གི་རྙོག་སྒྲ་་་ཀརྨ་པ་བཅུ་བདུན་པའི་རྙོག་་སྒྲ་་་ཤུགས་ལྡན་གྱི་རྙོག་སྒྲ་་་་་ཟླ་བ་ནོར་བུ་དང་འཇམ་ནོར་ལྷ་བཟང་ཚེ་རིང་སོགས་ཀྱི་རྙོག་གཞི་་་་ཀླུ་ཁར་བྱམས་ཀྱི་་རྙོག་གཞི་་་་གཞོན་ནུ་དང་རྙོག་གཞི་་་་བཅས་་་རེ་རེ་ནས་ཆེད་དུ་བཟོས་པ་མ་ཡིན་ནམ་་་་དེ་དག་གི་སྟེང་ལ་ཐབས་ཇུས་མཁས་པ་ཆགས་གཞི་དང་ལྡན་པ་ཤག་རྟག་རེད་་་་འོ་ན་དེ་འདྲ་བ་ཐབས་དང་ཇུས་དེ་བོད་དོན་ལ་ཅིའི་ཕྱིར་མེད་དམ།། ངེས་པར་དུ་དཔྱད་དགོས་ལ་་་གཞི་དེ་ལས་རྨོངས་པ་མ་གསལ་བར་དུ་ནམ་ཡང་རང་དབང་དང་དམངས་གཙོ་་་་མཐུན་བསྒྲིལ་་་བོད་དོན་བཅས་ནི་ནམ་མཁའི་མེ་ཏོག་བཞིན་ནོ།།

  33. gungri says:
    2013-04-26 at 4:29 am

    ཁ་ནས་གང་བཤད་མེད་པའི་མཆན་འདེབས་མཁན་རིགས་ཅིག་ལ་ངོ་མ་ཡ་མཚན་གི བརྡ་སྤྲོད་ཀྱི་སྦྱོར་བ་དང་དག་ཆ་སོགས་ལ་བལྟས་ན་ཕལ་ཆེ་བ་གྲ་ས་ཁག་གམ་དེ་ནས་ཁོངས་མ་འཁྱོལ་བར་སྐྱ་སའི་སྤྱི་ཚོགས་སུ་སླེབས་ཤིང་དེའི་རྗེས་ཀྱང་མ་ཟིན་པར་གཞན་གྱི་ལོངས་སྤྱོད་དང་བྱས་པ་ལ་མི་བཟོད་པའི་ཕྲག་དོག་གིས་མྱོས་པ་ཤ་སྟག་མི་ནམ་བསམ། དེ་ལས་ཀྱང་མང་ཆེ་བ་ཞིག་རྗེས་སུ་མདོ་སྨད་ཕྱོགས་ནས་ཡོང་མཁན་ཡིན་པ་བྱེད་བབ་ལས་ར་འཕྲོད་ཐུབ་པར་འདུག ཁོང་ཚོ་ནི་རྒྱ་དམར་ནག་གི་སོ་བ་སོགས་གང་ཡང་མིན་ཀྱང་གྲ་སར་བོད་ཡིག་དཔེ་ཀློག་དང་བློ་སྐྱོར་ཙམ་ལས་དེང་རབས་ཀྱི་སློབ་གསོ་ཐོབ་མ་མྱོང་བ་དང་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ཀྱི་རྗེས་མ་ཟིན་པ་ཞེ་ཅིག་ལ་སོང་།་སྙིང་རྗེ་ཞིག་ཀྱང་ངང་གིས་སྐྱེ་སོང་།

  34. དྲན་དཀར་དཔལ་ཡོན་ says:
    2013-04-26 at 4:48 am

    བྱང་རྩེ་མཁན་པོ་མེར་བསྲེགས་ཀྱི་དོན་རྐྱེན།
    རིག་སློབ་མཁས་དབང་བློ་བཟང་རྒྱ་མཚོ་དམར་གསོད་ཀྱི་དོན་རྐྱེན།
    གཞི་འགོ་ཉལ་རྡུང་གི་དོན་རྐྱེན་སོགས་བྱུང་ཟིན་མོད། སེམས་ཞུམ་མི་དགོས་པ་ནི་ཆུ་ཚོད་གཅིག་གི་ཡུན་ལ་སྐབས་གཅིག་ཏུ་མི་ས་བརྒྱ་ཤི་བ་དང་སྐྱེ་བ་གཉིས་ཀ་འབྱུང་པས་འཇིག་རྟེན་གོ་ལའི་སྟེང་གི་འཚོ་བ་ཟུར་རེ་ཡིན་པས་སོ།

  35. གསེར་འབྲུག་སྡེར་ལྔ་ says:
    2013-04-26 at 5:58 am

    སྙིང་ནས་བརྩེ་བའི་བཙུན་པ་དྲན་དཀར་ལགས།
    ང་ཚོས་འཇམ་ནོར་བཏེགས་དགོས་པའི་རྒྱུ་མཚན་ཆེར་མེད་ལ་ཁྱེད་ཀྱི་ཐུགས་ཡིད་ཆད་པར་བྱེད་དགོས་པའི་རྒྱུ་མཚན་དེ་བས་མེད། འོན་ཀྱང་ང་ཚོས་གནས་ལུགས་མི་འཇུས་པ་ལྷ་ཆོས་རིང་ལུགས་ཀྱི་ལྟ་གྲུབ་ཀྱི་དད་པ་ཆབ་སྲིད་ནང་འཁྱེར་ནས་སྐྱེ་བོ་སྒེར་པའི་བསམ་ཚུལ་རྨེག་མེད་བཅོམས་ནས། ༧རྒྱལ་བས་དམངས་གཙོ་དང་སྨྲ་བརྗོད་རང་དབང་མར་གནང་བཞག་པ་དེ་ཡར་བསྡུ་རྩིས་བྱེད་པའི་རྡ་སའི་སྲིད་དོན་ཚོང་པའི་ཤོག་ཁག་གི་ལམ་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། མ་གཞི་ཁྱོད་ཀྱིས་ཐུབ་ལུང་གིས་བཤད་པའི་སྐད་ཆ་དག་སྟོན་པའི་བཀའ་བཞིན་མཚན་མར་འཛིན་ནས་འཇམ་ནོར་གྱིས་དམངས་གཙོའི་བརྒྱུད་རིམ་ནང་གི་ཆབ་སྲིད་དཔྱད་རྩོམ་དེ་དག་ཕྱི་རོལ་མུ་སྟེགས་པའི་ཆོས་སུ་འཛིན་པའི་གཟིགས་ཚུལ་འདིའི་འོག་ནས་མི་མངོན་པའི་ལྷ་ཆོས་རིང་ལུགས་ཀྱི་ལྟོ་གོས་གཏམ་གསུམ་ཆེད་ས་འོག་དར་ཐག་ཞིག་འཐེན་གྱི་མེད་དམ་སྙམ།
    དེ་མིན་གནས་ལུགས་རྒྱུ་མཚན་ལ་འཇུས་ནས་བགྲོ་གླེང་བྱེད་ཀྱི་ཡོད་ན་འཇམ་ནོར་གྱིས་ཆབ་སྲིད་ཁེར་རྐྱང་གི་སྟེང་ནས་ཆབ་སྲིད་རང་བཞིན་བརྗོད་པའི་གཏམ་དག་ལ་རྒྱུ་མཚན་རྩ་བ་ནས་མེད་པ་མ་རེད་ལ། ཐུབ་ལུང་གིས་དགག་རྩོམ་དག་ཆ་ཚང་ཚད་མར་འཛིན་དགོས་པའི་རྒྱུ་མཚན་ཞིག་ཅང་མི་འདུག། དེ་གཉིས་བར་ན་ང་ཚོས་བསླབ་བྱ་ལེན་དགོས་པ་དེ་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་ཁ་ཞེ་གཉིས་མེད་བྱེད་མཁན་དང་། མགོ་བདེ་དྲན་འཕྲུལ་གྱིས་སྤྲེལ་ལད་ལ་གོམས་པའི་སྲིད་དོན་ཚོང་པའི་ཤོག་ཁག་གིས་མདུང་རྩེ་ནང་ཁུལ་ལ་གཏད་དེས་དམངས་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་རང་བཞིན་གྱི་དཔྱད་བརྗོད་པ་ནུས་མེད་དུ་བཏང་ནས་གཅིག་བསྡུས་རིང་ལུགས་ཀྱི་ལམ་ལུགས་ཞིག་སྔར་མེད་གསར་བསྐྲུན་བྱེད་པའི་ལམ་ལུགས་ལ་ང་ཚོས་གཟབ་ནན་བྱེད་དགོས་པ་དེ་རེད།

    དེས་ན་ཡོན་ཏན་འོད་ཀྱིས་ཆོས་དང་ཆོས་མ་ཡིན་པ་འབྱེད་པའི་ལྷ་ཆོས་རིང་ལུགས་ཀྱི་ཚུལ་ཤིང་དེ་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་ཆབ་སྲིད་རིག་པའི་གཞུང་ལུགས་ནང་འཁྱེར་ཡོང་ན་ཏག་ཏག་གཅིག་མ་རེད་ལ། ལར་ནས་ཆོས་དང་ཆོས་མ་ཡིན་པ་འབྱེད་པའི་གནས་ལུགས་ཀྱི་བདེན་རྫུན་ཚད་མའི་གཤན་འབྱེད་བྱེད་ཐུབ་མཁན་ཞིག་དཀོན་ཚོད་རེད། དེ་ལྟ་བས་ན་དགའ་བོས་བཅོམས་ལྡན་འདས་ལ། ཀྱཻ། བཅོམས་ལྡན་འདས་ཁྱེད་ཀྱིས་མུ་སྟེགས་པའི་ལམ་ལ་ཐར་པ་མེད་གསུངས་པ་བདེན་ནམ་ཞུས་པས། སྟོན་པས་ངས་དེེ་ལྟར་ནམ་ཡང་མ་སྨྲས་སོ་ཞེས་གསུངས་པ་འདིས་ཅི་ཞིག་མཚོན་ནམ། མ་ཟད་སྟོན་པས་གུ་ཡངས་པོའི་ཐོག་ནས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་གཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླངས་བར་བྱ་ཡིས་གུས་ཕྱིར་མིན།། ཞེས་གདུལ་བྱ་སོ་སོའི་ཁམས་དང་མོས་པ་དང་མཐུན་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་པ་རེད་ལ་མོས་བློ་ལ་མི་འཇུག་ན་ཡིན་ཅིག་ཨུ་ཚུགས་རྒྱགས་མི་དགོས་པའི་གནང་བ་དེས་ཁོང་ལ་དགོངས་དག་ཞུ་དགོས་རྒྱུ་མཚན་མེད་པ་རེད་ལ་གནང་བ་ཐོབ་ཟིན་པས་སོ།
    དེས་ན་སྐུ་ཉིད་ངོ་ཚ་ནས་བཟོད་མི་ཐུབ་པ་བྱུང་བ་དེ་ཡ་མཚན་རེད། ༧རྒྱལ་བས་གནང་ཟིན་པའི་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་་འོག་འཚོ་བཞིན་པའི་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་གཙིགས་སུ་འཛིན་ནས་ཆབ་སྲིད་རང་བཞིན་གྱི་དཔྱད་བརྗོད་སྤེལ་མཁན་དག་ལ་ལྟ་ལོག་དང་མུ་སྟེགས་པར་འཛིན་ནས་སྤྱི་ཚོགས་ནས་ཕུད་ཐབས་བྱེད་པའི་ལམ་ལུགས་འདི་ཅིའི་ཕྱིར་ངོ་མི་ཚའམ། འདི་༧རྒྱལ་བའི་དགོངས་པ་ནི་ཡིན་རྒྱུ་མ་རེད་པཱ། དེས་མ་ཟད་ཐུབ་ལུང་གཙོས་པའི་མི་འདི་དག་གིས་གུང་ཁྲན་གྱིས་མངོན་སུམ་འཛེམས་མེད་ཀྱིས་མཚན་སྨོད་ཞུ་དང་ཞུ་བཞིན་པ་དང་གཅིག། ལྷ་འདྲེ་གདོན་བགེགས་ཚོགས་པས་(དམངས་ཁྲོད་ཀྱི་ཁ་བརྡ་)ཞེས་པའི་དྲ་བརྙན་བརྒྱུད་ཧ་ཅང་ཧ་ཅང་གི་བློ་ཡུལ་ལས་འདས་པའི་མཚན་སྨོད་ཞུ་བཞིན་པ་འདི་ཚོ་མིག་གིས་མི་མཐོང་ཁུལ་རྣ་བས་མི་ཐོས་ཁུལ་གྱིས་དགག་རྩོམ་ཡི་གེ་ནག་རྡོག་གཅིག་མཐོང་རྒྱུ་མེད་པ་འདིས་ག་རེ་མཚོན་པ་རེད་ཟེར་ན། མགོ་གཏད་རིང་ལུགས་པའི་སྲིད་དོན་ཚོང་པའི་ཤོག་ཁག་འདི་ཚོས་རང་ལྟ་ཕྱོགས་འཛིན་དང་གཞན་ལྟ་འབུར་བཅོམས་ཆེད་མདུང་རྩེ་རང་བཙན་ལྟ་གྲུབ་པར་གཏད་དེས་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་བཀོད་མངགས་ལག་བསྟར་བྱེད་བཞིན་པ་མངོན་གསལ་དོད་དུ་དོད་དུ་འགྲོ་བཞིན་པ་འདི་ངོ་ཚའི་ནང་གི་ངོ་ཚ་མ་རེད་པས།

  36. ཐུབ་བསྟན says:
    2013-04-26 at 6:15 am

    གཉིས་སྨན་དབུ་མའི་ལམ་མཐའ་གཉིས་མ་ལྷུང་བ་ཞེས་པ་རྒྱ་དམར་ལ་མགོ་འབུལ་་ལུས་འབུལ་ཞུ་ཡག་འདི་མཐའ་གཉིས་མ་ལྷུང་རེདདམ། རྒྱ་དམར་འོག་བསྡོད་འདོད་ཡོད་ན་གྲོས་མཐུན་དོན་ཚན་བཅུ་བདུན་ངོས་ལེན་མ་བྱས་པ་གང་ཡིན་ནམ། ཡང་ན་བོད་མི་མང་ཙམ་ཚེ་སྲོག་ཤོར་ཡག་དང་བརྡུང་བརྡེག་ཕོག་ཡག་ཆེད་དུ་འཁྲབ་སྟོན་འདི་འདྲ་སྟོན་གྱི་ཡོད་རེད་དམ། དེ ་ག་འདྲ་རེད་ཐུབ་ལུང་མཆོག་གི་ལན་གཅིག་གནང་རོགས་ཞུ།

  37. དགེ་བཤེས་རིན་ཆེན། says:
    2013-04-26 at 6:18 am

    འོ་གཅིག་ལུས་ཤག རྒན་ཐུབ་བསྟན་ལུང་རིགས་ཀྱི་གསུང་རྩོམ་ཁྱད་དུ་འཕགས་པ་དེ་ལ་མངོན་པར་ཡི་རང་ངོ་། །འཇམ་ནོར་ང་རྒྱལ་ཅན་དེ་ས་འོག་རིམ་པ་དགུ་ཡི་འོག་ཏུ་སྦས་སོང་། འཇམ་ནོར་ལྐུགས་པ་གང་ཡང་མི་ཤེས་པ་ཧམ་པས་ལོག་འགྲེལ་བྱེད་མཁན་ལྟས་ངན་དེ་ལ་ད་འགྲིག་སོང་། བཟོ་ལྟ་སྤྲད་སོང་། ཧཧཧཧཧཧཧ

  38. ཐུབ་བསྟན says:
    2013-04-26 at 6:26 am

    རང་དབང་འཕྲོག་པའི་གཏེ་བོ་དགེ་བཤེས་རིན་ཆེན་རྒྱ་དམར་སོ་བ་ཡིན་ཐག་ཆོད་རེད་་ཁོ་པས་དམངས་བཙོ་ཁེ་དབང་བཙན་འཕྲོག་བྱེད་གི་འདུག་དམར་ཤོག་ལྟ་གྲུབ་ཡོད་པའི་མི་ངན་འདི་འདྲའི་གཡོ་འོག་མ་ཚུད་བོད་མི་་ཚང་མའི་་ཟབ་ཟབ་བྱེད་རོགས།

  39. ཐུ་བ་རྒྱ་མཚོ། says:
    2013-04-26 at 6:33 am

    ཀ་ལ་བང་ཀ་ལ་སོགས་སྐད་སྙན་པའི། །
    ཁ་བརྡའི་གླིང་ཀ་འདི་ནི་རབ་མཛེས་ཀྱང་། །
    ག་ས་གང་ནས་ཡོང་བའི་ཕོ་རོགས་འགས། །
    ང་ཡིས་བལྟས་ན་ཐན་སྐད་མ་སྒྲོགས་ཤིག །

  40. མེ་ཏོག་དཀར་པོ says:
    2013-04-26 at 6:48 am

    ཅ་ཅོལ་ཟེར་བའི་སྒྲ་ཞིག་ཐོས་མ་ཐག །
    ཆ་མིན་ཡ་ཐོའི་མཆན་བུའི་བང་སྒྲིག་ནས།།
    ཇ་ཚགས་གོབ་ཏོས་ཇ་རོ་བཏང་བ་ལྟར།།
    ཉ་ཉོག་ལུང་པ་གང་གིས་ཁ་བརྡ་བཀང་།།

  41. ཐུབ་བསྟན says:
    2013-04-26 at 6:52 am

    ཅ་ཅོ་དམར་ཤོག་འཆལ་གཏམ་སྨྲ་བའི་ཁ་ཏ་འགའ།ཆ་ཙམ་དམངས་བཙོ་་ལྟ་གྲུབ་མ་ཤེས་སྐད་ངན་སྒྲོག ཇ་རོ་གཞིན་དུ་བེད་མེད་མ་གྱུར་གོང་།ཉ་རྒྱའི་འཆིང་ལས་གྲོལ་བ་འབད་འཚལ་ལོ

  42. གཙན་ནག་པ། says:
    2013-04-26 at 7:26 am

    མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཞིག་ཡིན་ན་མདུང་རྩེ་ནང་ལ་མ་བལྟད་རོགས། དགྲ་བོ་ག་བར་ལ་ཡོད་མཁྱེན་པ་གནང་དགོས། ང་ཚོ་ཆབ་སྲིད་སྐྱབས་བཅོལ་བ་ཞིག་ཡིན་བསམ་པ་ཡོད་ན་བོད་རང་བཙན་ཀྱི་ལྟ་བ་བཟུང་བར་དགག་པ་མ་རྒྱགས་རོགས། ད་ལྟའི་རྒྱ་གཞུང་གི་འཁྲེགས་འཛིན་གྱི་སྲིད་ཇུས་འདི་ལ་གཞིས་ཏེ་བོད་ལ་ཕན་པའི་ལས་འགུལ་ག་འདྲ་ཞིག་ཡིན་ཀྱང་ངེས་པར་སྤེལ་དགོས་པ་ལས་ནང་ཁུལ་དགག་ལན་རྒྱགས་རྒྱའི་དགོས་པ་མིན་འདུག གཞོན་ནུ་ཚོགས་པས་བོད་ལ་ཕན་སེམས་བཅངས་ཤིང་ཡོད་པ་མ་ཟད་བོད་ཀྱི་མཁས་དབང་སོགས་བོད་པ་ཚང་མས་བོད་པ་ཕན་ཐབས་མཛད་བཞིན་ཡོད། འོན་ཀྱང་ངེད་ཀྱི་བོད་པར་ཕན་ཐབས་མཛད་བཞིན་ཡོད་ཁྱེད་ཀྱིས་བོད་པར་ཕན་ཐབས་མཛད་མི་དགོས་སུ་གང་གི་བཤད་ཐུབ་ཀྱི་མེད་ལགས། ངེད་ཀྱིས་བྱས་པ་འདིས་ཕན་ལགས་ཁྱེད་བྱས་པ་འདིས་མི་ཕན་ནོ་བཞེས་སུ་གང་གི་བཤད་ཐུབ་ཀྱིས་མ་རེད། དུས་རབ་ཉག་ཕྲན་འདི་འདྲའི་སྐབས་སུ་ནང་ཁུལ་མཐུན་ལམ་བྱེད་རྒྱ་དང་བློ་རྒྱ་ཆེན་པོ་དགོས་པ་ལས་སྐབས་འཚོལ་བའི་ལས་ཀ་མ་གནང་རོགས་ཞུ།།

  43. དྲན་དཀར་དཔལ་ཡོན་ says:
    2013-04-26 at 8:59 am

    གསེར་འབྲུག་སྡེ་ལྔ་ཐབས་ཡང་དག་འཚོལ། ཡིད་མུག་འདི་འདྲ་དཔེ་སྲིད་དོན་མེད།
    གསལ་གསལ་ཐང་ངང་དྲན་གསོ་དགོས་པའི་དངོས་པོ་གཅིག་ནི་འདུལ་བའི་སྡེ་སྣོད་ལས་ལྷག་པའི་མཆོག་གྱུར་པ་གང་ཡང་རབ་བྱུང་པར་མེད། སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་གནས་འདི་ལ་མཁས་པ་ཐོབ་པ་ནི་དགའ་འོས་པའི་གནས་རང་རེད།
    མཇུག་ཏུ་མདོར་བྱས་ན། ཁ་དང་ཁ་སྤུ་དབྱེ་བ་འབྱེད་པའི་ཐུར་ཤིང་ནི་འགྱོད་བཤགས་ལས་གཞན་གང་གིས་ཀྱང་མེར་བསྲེགས་མི་ནུས་པ་དེ་རེད། འཇིགས་སྐུལ་ནི་ཆབ་སྲིད་པ་བཟང་པོ་ཚོས་བེད་སྤྱོད་བྱེད་ཀྱི་མེད། ངོ་ཚ་དགོས་པ་རང་རེད།

  44. བཀྲ་ཤིས་ says:
    2013-04-26 at 10:14 am

    དྲ་གྲོགས་ཚོ་རིག་པའི་ཚུལ་དང་མཐུན་ཞིང་གནད་དང་ལྡན་པའི་ཐོག་ནས་མཆན་བཀོད་ན་མཁས་པའི་
    ལུགས། དེ་མིན་རྒྱ་ཡི་རྒྱུག་ཁྱི་དང་སོ་པ་སོགས་གང་ཟག་སྒེར་ལ་མིང་ངན་འདོགས་པ་ནི་ཡ་རབས་
    མཁས་པའི་ལུགས་ནི་མ་ཡིན་ནོ།

  45. བསྟན་རབ། says:
    2013-04-26 at 11:07 am

    ཁ་བཤད་བརྒྱ་ཡིས་ལག་ལེན་གསེར་གྱི་ཐེག་པ། རྩོམ་པ་པོ་ཁོང་མི་གང་འདྲ་ཞིག་ཡིན་མིན་ངས་ཞུ་མི་དགོས་པར་ཚང་མས་མཁྱེན་གསལ་རེད།་།།།

  46. རོང་པོ་མཇོ་ན་ནས་ says:
    2013-04-26 at 11:41 am

    བྲག་རི་ཤིང་ནག་འཐབ་པའི་རི་སྐད་དེར།
    སྨུག་པས་ནག་བུན་ཁྲིད་པའི་རི་གྲོང་དུ།
    ཁྱི་སྤྱང་ངན་པའི་ལག་སྦྲེལ་དུས་ཚང་འགས།
    མི་རིགས་མཐུན་བསྒྲིལ་ལ་བརྒྱའི་བླ་སྲོག་བཅད།

    རང་གི་མི་རིགས་རང་དབང་ཐབ་རྩོད་ཆད།
    རང་བཙན་གཏམ་དུ་སྨྲས་ན་སྲོག་ལ་ཉེས།
    རང་འཁོའི་ཏ་རེ་གནམ་ལ་ཕྱར་ཐེང་རེས།
    རང་དབང་གཏམ་གྱི་སྨྲ་སྒོ་མགོ་སྐེ་བྲེག།

    རང་དབང་དམངས་གཙོ་སྟོང་པའི་བྲག་ཅའི་སྒྲ།
    མི་རིགས་ལ་བརྒྱ་་ཟེར་བ་ཁ་གཡངས་ཙམ།
    ནང་ཁུལ་དབྱེ་འབྱེད་ཕྱི་ནང་གསངས་གསུམ་དེས།
    མི་རིགས་མཐུན་བསྒྲིལ་གཏོར་བའི་སྙིང་གི་མདའ།

    ཆོས་ལྡན་གངས་ཅན་ལྗོངས་ཀྱི་ལས་བསྐལ་དེ།
    ཆོས་མིན་ལས་ངན་བསགས་པའི་འབྲས་བུ་ཡིས།
    མཐའ་ཁབ་ཀླ་ཀློ་ཡུལ་གྲུར་གང་སར་དུ།
    ནང་ཁུལ་མི་མཐུན་ཁ་མཐོར་གནས་ལ་སྐྱོ།

    ལྷག་བསམས་དམ་དུ་གཅང་བའི་མདུན་པ་འདིས།
    ནམ་ཞིག་རྨོངས་གཉིད་སེལ་བའི་རེ་བ་ཆེ་།
    རང་དབང་གོ་སྐབས་འཕྲད་པའི་དུས་རབ་འདིར།
    རང་དབང་ལོངས་སུ་སྤྱོད་ན་མཁས་པ་ཡིན།

  47. ལུང་རྟོགས། says:
    2013-04-26 at 12:01 pm

    ཁ་ནས་རང་བཙན་ཁོ་ནའི་དཔའ་སྐད་སྒྲོག།
    དོན་ལ་ལག་ལེན་ཏིལ་འབྲུ་ཙམ་ཡང་མེད།།
    ཁ་གསོན་ལག་པ་ཤི་བའི་མི་འདི་དག།
    གདོན་གྱིས་ཟིན་ནམ་རྒྱ་ཡིས་བསླུས་པ་ཡིན།།

  48. མངའ་རིས་འཕྲིན་ལས། says:
    2013-04-26 at 12:25 pm

    དྲན་ཀ་དཔལ་ཡོན་ལགས། འཇམ་དབྱངས་ནོར་བུ་ལ་བསྟོད་དགོས་པ་ཞིག་དང་། སྐུ་ངོ་ཐུབ་བསྟན་ལ་སྨད་དགོས་པ་གང་ཡང་མེད། འཇམ་དབྱངས་ནོར་བུ་ལགས་ནི་དེང་དུས་ཤེས་ཡོན་གྱི་གནས་ཚད་ཧ་ཅང་མཐོ་བའི་ཐོག་བོད་མི་རིགས་ལ་ཁ་ཙམ་མིན་པའི་ལྷག་བསམ་དང་། ཆོལ་ཁའི་འཐེན་འཁྱེར་དང་ཆོས་ལུགས་ཀྱི་རྨོངས་ཞེན། བླ་དཔོན་གྱི་བཙན་བཀའ་དང་རྒྱུ་ཆེན་གྱི་གཡོ་འཕྲུལ་གང་ལའང་འཛེམ་ཟོན་མི་དགོས་པའི་མི་བུ་དྲང་ཚུགས་ཅན་ཞིག་ཡིན་པ་དང་། སྐུ་ངོ་ཐུབ་ལུང་ལགས་ནི་ལྷ་བླའི་ལུང་བསྟན་དང་དག་སྣང་ཡེ་ཤེས་དབྱིངས་དཔྱད་སོགས་ལ་ཐུགས་མོས་ཆེ་ལ། དགེ་བའི་བཤེས་གཉེན་གྱི་བཀའ་བྱུང་ན་བོད་མི་རིགས་རྩ་མེད་གཏང་དགོས་བྱུང་ཡང་བཀའ་བཞིན་གནང་མཁན་གྱི་ཆོས་པ་རྣམ་དག་གཅིག་ཡིན་པ་ལས། རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་དུས་དང་བསྟུན་ནས་སྲིད་དོན་གྱི་ཕྱག་ལས་གནང་ཐུབ་མཁན་ཞིག་མ་རེད།

  49. རང་དབང་ཨ་རྡུ་མན། says:
    2013-04-26 at 12:26 pm

    ངོ་ལྐོག་རྒྱབ་མདུན་མེད་པའི། །ཀླུ་བྱམས་འཇམ་ནོར་ལ་སོགས། །
    དམངས་ཁྲོད་ཁ་བརྡའི་ཚོགས་པས། སྨྲ་བརྗོད་རང་དབང་ལེན་ཏེ། །
    བརྡ་སའི་སྒྲིག་འཛུག་ཚོགས་པའི། །ལྐོག་གཡོ་ངན་ཇུས་ཡོད་ཚད། །
    ཁ་གསལ་གཏིང་གསལ་བྱས་ཏེ། །འཛམ་གླིང་ཀུན་ལ་སྒྲགས་དུས། །
    བརྡ་སའི་ལས་སྙེགས་རྣམ་པ། །སྙིང་རླུང་སྟོད་ལ་འཚང་སྟེ། །
    ག་བྱེད་འདི་བྱེད་མེད་ནས། །མི་དམངས་འཐོམས་གཤིས་གཡོག་ཆེད། །
    དོན་མེད་རྙོབ་གྲ་འཕར་མ། །དབུ་རང་གཉིས་སྒང་འགྲོ་སོང་། །
    དམངས་ཚོགས་རྒྱལ་ཁབ་ཡིན་ན། །མི་ཞིག་ལངས་ནས་སྲིད་འཛིན། །
    གདོང་ལ་འཛུབ་མོ་བཙུགས་ནས། །སྐྱོན་བརྗོད་བྱེད་ཀྱང་ཆོག་མོད། །
    བཙན་བྱོལ་བོད་མིའི་དམངས་ཚོགས། །དེ་ལས་ལྡོག་སྟེ་ལམ་ལུགས། །
    དམངས་ཚོགས་ཁ་འདོན་བྱེད་ནས། །ལག་ལེན་སྒེར་བཅོད་རིང་ལུགས། །

  50. བསྟན་རབ། says:
    2013-04-26 at 12:37 pm

    དེ་ཡང་སྤྱིར་སྟང་མ་བརྗོད་ཀྱི་རང་དབང་དང་མང་གཙོར་ཚང་མས་ཡིད་སྨོན་དང་རྒྱབ་བསྐྱོར་ཞུ་གི་ཡོད་པ་མ་ཟད་རྩོམ་པ་པོ་འཇམ་ནོར་ལགས་ལ་ཡང་མ་བརྗོད་ཀྱི་རང་དབང་ནི་ལོས་ཡོད། ཡིན་ནའང་ཐུགས་གནང་དགོས་པ་ནི་རྩོམ་པ་པོ་རང་ཉིད་ཀྱིས་མ་བརྗོད་རང་དབང་བེད་དཔྱད་ནས་རང་མི་རིགས་ཀྱི་རྩ་དོན་ལ་ཕན་མིན་ཇི་ལྟར་དང། གང་བཤད་པ་དེ་བཞིན་དངོས་ཡོད་གནས་ཚུལ་དང་མཐུན་མིན། ལྷག་པར་རང་ཅག་བོད་མི་རྣམས་ཀྱི་ཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོག་ཇི་ཙམ་ཡོད་མིན་ལ་བསམ་བློ་ངེས་པར་གཏང་དགོས་པ་ཞིག་ཡིན། དེ་མིན་གཞན་ལ་བསྐྱོན་བརྗོད་ཞུ་ཐུབས་ཙམ་དང། རང་རིའི་སྤྱི་ཚོགས་ནང་རྡ་དཀྲུག་ཕུགས་དཀྲུག་གཏང་ཐུབས་ཙམ། བཙན་བྱོལ་སྤྱི་ཚོགས་ནང་ཤོག་ཁག་གཉིས་ལྟ་བུར་དབྱེ་ཐུབས་ཙམ་གྱིས་བསྒྲིག་ཡོད་པ་ཞིག་ངས་རྩ་བ་ཉིད་ནས་མཐོང་གི་མིན་འདུག་པས་དེ་དོན་བློ་གཟུར་བོར་གནས་རྣམས་ཀྱིས་དགོངས་པར་མངའ་བ་ཞུ།།

  51. བཀྲ་ཤིས་རྒྱལ says:
    2013-04-26 at 12:38 pm

    དབུ་འཁྲིད་རྣམས་པས་འདི་ལྟར་མར་སྤྱི་ཚོགས་ནང་ལ་དཀྲུགས་ཤིང་རྒྱབ་ན་སྤྱི་ཚོགས་ནང་ཟིང་ཆ་ཅིའི་མི་མང་།

  52. བསྟན་རབ། says:
    2013-04-26 at 12:42 pm

    དགོངས་དག་ཞུ་རྒྱུར་གོང་གི་གུས་པའི་མཆན་གྱི་ནང་སྨྲ་བརྗོད་ཞུ་བའི་ཚབ་ལ་མ་བརྗོད་ཞེས་ནོར་ནས་བཀོད་འདུག

  53. གསེར་འབྲུག་སྡེར་ལྔ་ says:
    2013-04-26 at 1:08 pm

    བཙུན་པ་དྲན་དཀར་ལགས། སྐུ་ཉིད་ཀྱིས་ང་ལ་ཆོས་གསུངས་ཀྱི་ཡོད་པ་རེད་ཡང་ན་སྲིད་གསུངས་ཀྱི་ཡོད་པ་རེད།

  54. མངའ་རིས་འཕྲིན་ལས། says:
    2013-04-26 at 1:08 pm

    སྤྱིར་བཏང་དེང་སང་བཙན་བྱོལ་ནང་དགོད་བྲོ་བ་དང་སེམས་ཕམ་པའི་གནས་ཚུལ་ཞིག་ལ། བོད་རང་བཙན་སྐོར་བཤད་པ་ཙམ་གྱིས་བླ་དཔོན་མང་པོ་ཞིག་སྙིང་རླུང་ལངས་དགོས་དོན་གང་ཡིན་ནམ།
    ཆབ་སྲིད་མཁས་པ་ང་ཡིན་ཟེར་མཁན་ཚོས་སྲིད་དོན་ཐབ་རྩོད་ཀྱི་མདུང་ཁ་དེ་དགྲ་བོ་རྒྱ་དམར་ལ་མ་གཏད་པར་བཙན་བྱོལ་ནང་གི་ཤེས་ཡོན་ཅན་དང་། ལྷག་བསམ་ཅན། དྲང་བདེན་མང་གཙོ་ལ་དགའ་བ་རྣམས་ལ་ཁ་གཏད་དགོས་དོན་གང་ཡིན་ནམ།
    མང་གཙོ་མཚན་ཉིད་དང་ལྡན་པ་ཡིན་ཅེས་བཤད་བཞིན་པའི་བཙན་བྱོལ་གཞུང་ནང་ལ་ཆབ་སྲིད་ལྟ་གྲུབ་གཅིག་མ་གཏོགས་ཡོང་མི་ཆོག་པ་དེ། མང་གཙོའི་རྒྱལ་ཁབ་སུ་ཞིག་ལ་དཔེ་བླངས་ཡོད་དམ།

  55. ནུབ་ཕྱོགས་གངས་ཕྲུག་ says:
    2013-04-26 at 1:26 pm

    གོང་དུ་མཆན་༣༧ ནང་། འཇམ་ནོར་ས་འོག་རིམ་པ་དགུའི་འོག་ཏུ་སྦས་དགོས་ཟེར་བ་དེ། མིང་དགེ་བཤེས་ཡིན་པའི་ཆ་ནས་སྐད་ཆ་དེ་འདྲ་བཤད་ན་ཞབས་འདྲེན་རེད། འཇམ་ནོར་གྱི་རྩོམ་དེ་ཚོ་དངོས་གནས་གཟུ་བོར་གནས་གང་ཟག་ཡིན་ན་། ཡིད་དབང་འཕྲོག་པ་ཞིག་འདུག ཁོ་རང་ཆབ་སྲིད་ཐོག་ལ་བོད་པའི་ནང་མཁས་ཤོས་ཤིག་རེད། ལོ་མང་པོའི་ཉམས་མྱོང་ཡོད་རེད། ཐུབ་བསྟན་ལུང་རིག་དང་པདྨ་འབྱུང་གནས་དེ་ཚོ་ནི་ཟབ་གདོང་བླ་མའི་རྗེས་འབྲང་རེད། ང་ཚོ་དབང་ཞུས་པའི་སྐབས་སུ་། གཙོ་བོས་ཇི་ལྟར་བཀའ་རྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱིས་། ཞེས་པ་དེ་ཁོང་ཚོ་རེད།

  56. འཇམ་གཅེས says:
    2013-04-26 at 1:56 pm

    འཇམ་ནོར་འདི་བོད་པའི་སྤྱི་ཚོགས་ནང་ནར་སྨིན་ནས་ད་ལྟའི་བར་དུ་བྱས་རྗེས་འདི་ཡིན་མེད་པར། དུས་དང་གནས་སྐབས་ཀུན་ཏུ་ཁ་ཆག་སྣ་རལ་དང་། བྱས་ཉེས་སྒོ་ཀུན་འབྱུང་སའི་སྨད་ཚོང་ཁང་ནང་བཞིན་རེད་འདུག །

  57. ཐབས་མཁས་ says:
    2013-04-26 at 4:35 pm

    དྲང་པོར་ཞུས་ན། ངས་དེ་སྔོན་འཇམ་དབྱངས་ནོར་བུ་ནི་བོད་དོན་འཐབ་རྩོད་པ་བླ་མེད་ཞིག་རེད་སྙམ་ཀྱི་ཡོད། འོན་ཉིན་འགའི་སྔོན་ང་རང་ཁོང་གི་ནང་མི་སྤུན་མཆེད་ཆ་ཚང་འཇལ་བ་དང་གཏམ་གླེང་གི་གོ་སྐབས་ཐོབ། ཁོང་གི་ཟླ་བོ་ཡང་ཡ་རབ་དང་ལྡན་པའི་བོད་མི་རྒན་རབས་པ་ཞིག་རེད་འདུག ཁོང་གཉིས་ལ་ཕྲུ་གུ་བུ་མོ་གཉིས་འདུག་ལ་ཚོད་དཔག་བྱས་ན་གཉིས་ཀ་ཕལ་ཆེར་ལོ་བཅོ་ལྔའི་ཡན་མན་རེད་འདུག བློ་ཕམ་པ་ཞིག་ལ་ཕྲུ་གུ་གཉིས་ཀས་བོད་སྐད་ཚིག་འགའ་ཤས་ཀྱང་ཤེས་ཀྱི་མི་འདུག ཁོ་རང་གི་ང་ལ་འགྲེལ་བཤད་འདི་ལྟར་རྒྱག་གི་འདུག་་་་ཕྱི་རྒྱལ་ལ་སོང་ཙང་ངས་ཀྱང་ཕྲུ་གུར་རང་དབང་སྤྲད་པ་ཡིན་བྱས་ཙང་་་་འོན་ཀྱང་བོད་ལ་ཞེན་ཁོག་ཆེན་པོ་ཡོད་་་་་་ཟེར་གི་འདུག་ང་ནི་བློ་ཕམ་ཞེ་དྲག་བྱུང། གང་ཡིན་ཟེར་ན་ཕྱི་རྒྱལ་ལ་ཡོད་པའི་ཉི་ཧོང་པ་དང་རྗིའུ་མི་རིགས་ཚོས་ཕ་མའི་ཤུགས་རྐྱེན་ལས་རང་སྐད་ཐོག་མེད་སུ་བཤད་ཐུབ་ཀྱི་འདུག། ང་ཚོ་ཕྱི་རྒྱལ་ལ་བསྡད་པ་ཙམ་གྱི་ཡོད་ཚད་ཕྱི་རྒྱལ་གྱི་ལད་མོ་བྱེད་དགོས་ན་བོད་ནང་ཡོད་པའི་བོད་རིགས་ཚོས་ཅིའི་ཕྱིར་རྒྱ་ཡི་ལད་མི་མི་བྱེད་སྙམ་པ་དང། ཡང་ཕྱོགས་གཅིག་ནས་བོད་དོན་རྩོད་དགོས་ན་རང་གི་ནང་མི་ནས་འགོ་ཅིའི་ཕྱིར་མི་རྩོམ་སྙམ་པ་དང་སྦྲགས་དབུགས་རིང་ཞིག་ཀྱང་རང་བཞིན་གྱི་ཤོར་སོང། །

  58. ཐབས་ཇུས་ཅན says:
    2013-04-26 at 8:37 pm

    མཆན་པ་ཀླད་མེད་ཚོ། ཉོན་ཅིག
    འཇམ་དབྱངས་ནོར་བུའི་ཕྲུལ་གུ་ཚོས་བོད་སྐད་ཙམ་ཡང་བཤད་མི་ཤེས་པ་དང་གཅིག
    ཁོང་གི་ནང་མི་བོད་པའི་སྤྱི་ཚོགས་དང་ཁ་བྲལ་ནས་སྡོད་དགོས་པ་དང་གཉིས།
    བཙན་བྱོལ་བོད་མིའི་དབུ་ཁྲིད་ཚོར་དམའ་འབེབས་བྱེད་པ་དང་གསུམ།
    ཁོང་ལ་དད་པ་མེད་ཀྱང་མཚམས་མཚམས་ལ་དགོས་དབང་གི་ཡོད་ཁུལ་གྱིས་མི་ལ་སླུད་བྲིད་བྱེད་པ་དང་བཞི།
    བོད་ནང་གི་བོད་མི་ཚོའི་བསམ་ཚུལ་ཡེ་ནས་མ་ཤེས་པར་ཤེས་མདོག་གིས་ཁ་ལ་ཁྱེར་ནས་བཙན་བྱོལ་བོད་མི་ཚོར་མགོ་སྐོར་གཏོང་བ་དང་ལྔ།
    ད་དུང་མང་ནའང་ང་ལ་དུས་ཚོད་མ་བྱུང་།
    མདོར་ན་འཇམ་དབྱངས་ནོར་བུ་ནི་བོད་ཡིག་ལ་མི་དགའ། བོད་སྐད་ལ་མི་དགའ། བོད་ཆས་གོན་རྒྱུར་མི་དགའ། བོད་པའི་ནང་ཆོས་ལ་མི་དགའ། བོད་པའི་རིགས་གཞུང་ལ་མི་དགའ་བའི་ཁ་ནས་དེངས་དུས་དེངས་དུས་ཟེར་མཁན་གྱི་རང་ཚིགས་མེད་པའི་ཕྱི་རྒྱལ་བའི་རྒྱུག་ཁྱི་ཞིག་རེད།
    ༼ བོད་མི་དང་འབྲེལ་བ་མེད་སའི་ཁུག་ཀྱོག་ཅིག་ཏུ་འགན་ཁུར་མེད་པའི་སྨྲ་ལྕེ་ཚོད་མེད་གཡུག་པ་ཙམ་གྱིས་ཡུལ་མིའི་མཚན་ཉིད་ཚང་བ་དང་ལས་འགན་སྒྲུབ་པར་མི་བརྩི། ༽
    བཀའ་ཟུར་མཆོག་ནས་འདི་ལྟར་གསུངས་པ་དོན་ལ་གནས་འདུག

  59. བདེན་པ། says:
    2013-04-26 at 10:16 pm

    རང་བཙན་དགོས་ཟེར་མཁན་ནང་བཙན་བྱོལ་སྒྲིག་འཛུགས་ཀྱི་ལྷག་བསམ་དཀར་བའི་མི་ཚོར་ཕྲག་དོགས་ཀྱི་མ་བཟོད་ནས་ཁ་གཏད་གཅོག་ཆེད་དུ་རང་བཙན་དགོས་ལབ་མཁན་དང་ལང་ཕྱོགས་མི་མཐུན་པ་འཛིན་ནས་བཙན་བྱོལ་སྒྲིག་འཛུག་འཐོར་ཞིག་གཏོང་ཆེད་རྒྱ་ནག་གི་སྐོག་ངན་ཟ་མཁན་ཡང་ཡོད་རེད། དེ་མཚམས་ནས་མི་ངན་དེའི་ཚོའི་གཡོ་འོག་ཏུ་ཚུད་མཁན་མང་པོ་ཡོད། རྒྱ་བོད་བར་གནས་སྟངས་མི་ཤེས་ཧོར་རྒྱུག་བྱེད་མཁན་ཀྱང་མང་པོ་རེད། རང་བཙན་དགོས་ཟེར་མཁན་ནང་བོད་ལ་ཤ་ཚ་ཡོད་པ་དང་རྒྱ་བོད་བར་གྱི་ཆབ་སྲིད་ཀྱི་གནས་སྟངས་ཤེས་གཉིས་འཛོམས་མི་གཅིག་ཀྱང་མེད་ལབ་ནས་ཐག་གཅོད་ཐུབ།

  60. ལུང་རྟོགས། says:
    2013-04-26 at 10:33 pm

    ད་དུང་རང་བཙན་རང་བཙན་ཟེར་མཁན་ཁ་ཤས་ནི་གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ལ་དགྲ་རུ་འཛིན་མཁན་དེ་འདྲ་རེད། དཔེར་ན་ཨ་རྡུ་མན་ལྟ་བུ་དང་། སྤྲུལ་སྐུ་དབང་ཆེན་ལྟ་བུ་རེད།

  61. མེ་ཏོག་དཀར་པོ says:
    2013-04-26 at 10:46 pm

    ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་འདུག་གི་ཡིན་ཟེར་མཁན་ནང་ཡང་༧གོང་ས་མཆོག་དགྲ་ཨང་ཀི་དང་པོར་བལྟ་མཁན་ཡོད་དེ། བྱམའ་པ་ཕུན་ཚོགས་དང་རག་རྡི་ལ་སོགས་པ་བཞིན་ནོ།།

  62. དྲན་དཀར་དཔལ་ཡོན་ says:
    2013-04-26 at 11:11 pm

    སྔར་བྱས་ལ་རྩད་གཅོད་མེད་པའི་སྲིད་ཇུས་ཟེར་བ་འདི་རྒྱ་གཞུང་གིས་འུར་སྒྲོགས་བྱས་པ་བཞིན་དབུས་བོད་མའི་བསྒྲིགས་འཛུག་གིས་ཀྱང་བློ་རྩ་བརྟན་པོ་དང་གསལ་ཁ་དོད་པོའི་སྒོ་ནས་སྒྲོགས་དགོས་ཀྱི་འདུག འདི་ནི་དུས་ལ་བབ་པའི་ཆོས་ཀྱི་བྱ་བ་རླབས་པོ་ཆེ་ཞིག་གྱང་རེད། དེ་མིན་གཞི་བྱེས་ལྷན་འཛོམས་ཀྱི་དགའ་སྤྲོས་རྡོག་རྫིས་འོག་ངོ་ཤེས་ལ་མ་ཤེས་ཁད་ཀྱི་མཁས་དབང་དང་ནམ་ནམ་རྒྱུན་རྒྱུན་གྱི་ཞབས་འདྲེན་ཁོང་ཚོ་ཚར་ཤག་ཤག།
    འུ་ཐུག་ནས་ཅིག་དགའ་དུས་ཡིག་ཐོག་ཏུ་འགོད་མི་ཤེས་པའི་ཚོར་བ་དེ་འདྲ་ཡོང་ཨ། མ་གཞི་ནས་ཚོར་བ་དང་འབྱུང་འགྱུར་ཚོར་བ་ཅན་དང་རྟོག་པ་ཅན་ཚོས་མཁྱེན་ཡོད་ཡོད་པ་རེད།

  63. གཞོན་ནུ་ཟླ་མེད། says:
    2013-04-26 at 11:23 pm

    བོད་པ་ཚོ་ངོ་ནས་ཁ་བརྒྱ་འགོ་བརྒྱ་རེད།

  64. རྟ་བདུན་དབང་བོ says:
    2013-04-26 at 11:47 pm

    མི་རེ་ངོ་རེ་བསམ་ཚུལ་རེ་ཡོད་པ་ནི་འཇིག་རྟེན་འདིའི་ཆོས་ཉིད་རེད། སོ་སོའི་བསམ་ཚུལ་ནང་དུ་མ་སྦས་པར་བཤད་ཕོད་པ་ནི་སྐྱེ་བ་ཕོ་རབ་ཅིག་ཡིན་པའི་རྟགས་རེད། ཆོས་ཕྱོགས་ནས་སོ་སོའི་བླ་མར་ཅི་མཛད་ལེགས་མཐོང་གི་མོས་གུས་དགོས་པ་ཞུ་མ་དགོས་མོད། ཆབ་སྲིད་ཀྱི་ཕྱོགས་ནས་སོ་སོའི་འདོད་པ་དང་མ་མཐུན་པར་ཡོད་ཚེ་ངེས་པར་དུ་དགག་དགོས་པ་རེད། རང་བཙན་འདོད་མཁན་ཚོས་ངེས་པར་དུ་དབུ་མའི་ལམ་ལ་དགག་པ་རྒྱག་དགོས་པ་རེད། ༸གོང་ས་མཆོག་ཡིན་ཀྱང་དགག་དགོས་པ་རེད། དགག་ན་དགེ་མཚན་ཆེ་བར་མངོན། གང་ཡིན་ཞེ་ན་ཆབ་སྲིད་ཀྱི་ཕྱོགས་ནས་སོ་སོའི་བླ་མར་དག་སྣང་སྦྱངས་ནས་ཅི་གསུང་ལེགས་སྒྲུབ་བྱེད་ན་ཆབ་སྲིད་ཐུས་ཤོར་རུ་འགྲོ་རྒྱུ་ཡིན་པ་སྨོས་མ་དགོས་སོ། འདིར་དྲ་གྲོགས་ཁ་ཤས་ཀྱིས་འཇམ་དབྱངས་ནོར་བུར་ཟུར་ཟ་བྱས་འདུག་མོད། འཇམ་དབྱངས་ནོར་བུ་ནི་ཁོའི་བསམ་ཚུལ་བཤད་ཕོད་པའི་སྐྱེ་བུ་རབ་གཅིག་རེད། །

  65. སེམས་བཟང་། says:
    2013-04-27 at 1:05 am

    སྐབས་རེ་དབྱིན་ཡིག་ལ་ཚིག་གཅིག་གི་ནང་དོན་བཀྲལ་བར་ཚིག་གྲོིགས་དང་ཚིག་གྲུབ་ཀྱི་ནང་དོན་དགོས་ལ། དེ་བཞིན་ཚིག་དུམ་གྱི་ནང་དོན་བཀྲལ་བར་རྩོམ་ཡིག་ཆ་ཚང་གི་ནང་དོན་དགོས་ངེས་ཤིག་ཡིན་པས་འཇམ་ནོར་གྱི་དབྱིན་རྩོམ་ཚིག་དུམ་རེ་ཆེད་དྲངས་ཀྱིས་ཐ་གཅིག་ཏུ་ཁོང་གིས་༸རྒྱལ་བར་མཚན་སྨོད་བཤད་ཀྱི་འདུག་པར་འདོད་པ་ཐལ་ཆ་འདུག

  66. མཐོ་སྒང་པ says:
    2013-04-27 at 3:32 am

    གོང་གི་མཆན་བུ་བ་དག་ནི་དངོས་གནས་སེམས་སྐྱོ་དགོས་ཤེས་འདུ་ཤེས་སོགས་གང་ཐད་ནས་རྗེས་ལུས་སུ་ལྷག་འདུག་སྙམ་་་་ཅི་ཞིག་ལ་མང་གཙོ་འམ་དམངས་གཙོ་འབོད་དམ།་་་་ལྷག་པར་ཐུབ་ལུང་ལགས་ཀྱི་དཔྱད་ཞིབ་ལས་ལྟ་གྲུབ་ཆ་གང་ཡ་བཤད་མེད་པར་སྤྱི་སེམས་འཁྱེར་སྲོལ་ཆ་ནས་བཤད་འདུག་པས།་་་དེར་བསམ་གཞིགས་ཡང་དག་དགོས་གལ་མ་ཡིན་ནམ།་་་ལྷན་པར་སྤྱི་ལྷན་ཚོགས་དུས་སུ་ཀརྨ་ཆོས་འཕེལ་གྱི་བྱ་སྤྱོད་ལས་ཡོངས་སུ་དངོས་མཐོང་མ་རེད་དམ

  67. ཚེ་རིང་བསམ་གྲུབ། says:
    2013-04-27 at 3:33 am

    རྩོམ་པ་པོ་འཇམ་དབྱངས་ནོར་བུ་རང་ཉིད་ཀྱི་བསམ་ཚུལ་ཤོད་པ་ནི་རང་ཉིད་ཀྱི་ཐོབ་ཐང་རེད། དེ་བཞིན་རང་བཙན་ལྟ་གྲུབ་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་པ་དེ་ཡང་ཚུལ་དང་མཐུན་པ་ཞིག་རེད། དགག་བྱ་མེད། འོན་ཀྱང་རྩོམ་པ་པོ་འཇམ་ནོར་གྱི་རྩོམ་ཡིག་ནང་དུ་སྒེར་གྱི་ཆགས་སྡང་ཕྱོགས་ལྷུང་ཧ་ཅང་ཆེན་པོ་ཡོད། མ་ཟད་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་འབྲེལ་བའི་རྩོམ་ཡིག་དེ་ཚོའི་ནང་འཇམ་ནོར་གྱི་བྱེད་སྟངས་དེ་ཚོ་ཐ་ཤལ་རང་རེད། མིང་གྲགས་ཡོད་པའི་རྩོམ་པ་པོ་ཞིག་གི་བྱེད་སྟངས་རེད་བསམས་ཀྱི་མི་འདུག
    གཞན་ཡང་བཀའ་ཁྲི་འོས་འདེམས་སྐབས་སུ་ཁོ་རང་གི་གདམ་ཁ་བྱས་པ་ནི་ལོ་ན་བགྲེས་པའི་བཀའ་ཟུར་བཀྲིས་དབང་འདུས་ལགས་རེད། དངོས་གནས་བྱས་ན། འཇམ་ནོར་རང་ཉིད་ནས་རྒྱུན་དུ་བོད་གཞུང་གི་དྲང་པོ་བྱེད་ཀྱི་མེད་པ་དང་། རང་བཙན་ལྟ་གྲུབ་ལ་བཙན་གནོན་བྱེད་ཀྱི་ཡོད་ཚུལ་བརྒྱ་བཤད་སྟོང་བཤད་བྱེད་མཁན་ཞིག་ཡིན། སྐབས་དེ་དུས་རང་བཙན་ལྟ་གྲུབ་ཡོད་མཁན་ཞིག་བཀའ་ཁྲིའི་འོས་མིར་དགོས་ཚུལ་ཚིག་གཅིག་ཀྱང་བཤད་མེད། དེས་ན་འཇམ་ནོར་ཁ་ཞེ་མི་མཚུངས་མཁན་ཞིག་ཡིན་པ་ཐག་ཆོད་རེད་འདུག དེས་འཇམ་ནོར་གྱི་གང་བཤད་དང་གང་བྲིས་ཚད་ལ་མ་བརྟག་མ་དཔྱད་པར་ཆ་འཇོག་བྱ་རྒྱུ་མི་འདུག

  68. མཐོ་སྒང་པ says:
    2013-04-27 at 3:39 am

    ཁྱེད་རྣམ་པའི་གསུངས་བ་ལ་ངེས་ཤེས་རྙེད་པར་དཀའ་བར་གྱུར་འདུག་པས་དགོངས་གསོལ་ཞུ

  69. མཐོ་སྒང་པ says:
    2013-04-27 at 3:46 am

    དེང་སྐབས་བོད་པའི་སྐྱིད་ཚོགས་ངེས་དོན་གྱི་ཕྱག་ལས་གནང་མཁན་རྣམ་པར་ལྟ་ཚུལ་དང་མཐོང་ཚུལ་དང།་ལྷག་པར་མི་ལས་བཤད་མཁས་རྣམ་པར་རྒྱལ་ཐོབ་ལྟ་བུའི་སྣང་ཚུལ་ཞིག་ངང་གིས་ཤར་ཡོང་པས།་་་ཐུགས་སྣང་ཡོང་ཤར་མཆན་འདེབས་གནང་སྐབས་སུ་བསམ་ཞིབ་གནང་ནས་ཡོང་བར་ཞུ

  70. བདུད་འདུལ། says:
    2013-04-27 at 4:57 am

    དྲིན་ལན་ལོག་འཇལ་བྱེད་པོ་འཇམ་ནོར་སོགས་མི་ངན་ཁག་གཅིག་ཡོད་པ་འདི་ཚོས་༧གོང་ས་ཡིད་བཞིན་ནོར་བུ་ལ་སྐུར་འདེབས་ཞུས་ཏེ། རང་གི་འཚོ་བ་མ་བསྐྱལ་ཐབས་མེད་བྱུང་བ་རེད། སྙིང་རེ་རྗེ། ངོ་མ་མི་ངན་འདི་རིགས་ལ་ངོ་ཚ་ཞིག་མི་འདུག

  71. ཐུབ་བསྟན says:
    2013-04-27 at 5:09 am

    དྲང་པོར་བྱས་ན་ཕལ་ཆེར་དགྲ་རུ་ལྡང༌། །

    ཡོན་པོར་སྤྱད་ན་སེམས་ལ་རྣམ་སྨིན་ལྕི། །

    སྣ་ཚོགས་སྤྱད་ན་གཏད་སོ་མེད་པར་གླེང༌། །

    བྱས་པའི་འབྲས་བུ་ལྟོས་དང་སྙོམས་ལས་པ། །

  72. མངའ་རིས་འཕྲིན་ལས། says:
    2013-04-27 at 8:57 am

    ཚེ་རིང་བསམ་གྲུབ་ལགས། ༼གཞན་ཡང་བཀའ་ཁྲི་འོས་འདེམས་སྐབས་སུ་ཁོ་རང་གི་གདམ་ཁ་བྱས་པ་ནི་ལོ་ན་བགྲེས་པའི་བཀའ་ཟུར་བཀྲིས་དབང་འདུས་ལགས་རེད། དངོས་གནས་བྱས་ན། འཇམ་ནོར་རང་ཉིད་ནས་རྒྱུན་དུ་བོད་གཞུང་གི་དྲང་པོ་བྱེད་ཀྱི་མེད་པ་དང་། རང་བཙན་ལྟ་གྲུབ་ལ་བཙན་གནོན་བྱེད་ཀྱི་ཡོད་ཚུལ་བརྒྱ་བཤད་སྟོང་བཤད་བྱེད་མཁན་ཞིག་ཡིན། སྐབས་དེ་དུས་རང་བཙན་ལྟ་གྲུབ་ཡོད་མཁན་ཞིག་བཀའ་ཁྲིའི་འོས་མིར་དགོས་ཚུལ་ཚིག་གཅིག་ཀྱང་བཤད་མེད༽ དེ་ནི་འཇམ་ནོར་ཁག་མེད་ཐབས་ལམ་དེ་མ་གཏོགས་པ་གཉིས་པ་ཞིག་གང་ན་ཡོད། གལ་སྲིད་མང་གཙོ་མཚན་ལྡན་ཆབ་སྲིད་ལྟ་གྲུབ་སྣ་མང་ཡོད་པ། མི་མང་སོ་སོའི་ཆབ་སྲིད་ལངས་ཕྱོགས་ཀྱིས་འདོད་མོས་ལྟར་གཞུང་མི་ཞིག་འདེམས་རྒྱུ་ཡོད་པ། ཡོད་པ་ཙམ་དུ་མ་ཟད་གང་ཟག་དེ་འོས་ཐོབ་རྗེས་བླ་དཔོན་རྙིང་ཞེན་ཅན་དང་ཆོས་ལུགས་སོགས་ཀྱི་བཀག་རྒྱ་དང་གནོན་ཤུགས་གང་ཡང་མེད་པའི་ཐོག་ནས་ཆབ་སྲིད་ཀྱི་ལས་དོན་སྒྲུབ་པའི་འགན་དབང་ཉིས་ལྡན་ཞིག་མཆིས་ཚེ། ད་གཟོད་འཇམ་ནོར་གྱི་ངེས་པར་དུ་རང་བཙན་ལྟ་གྲུབ་ལྡན་པའི་སྤྱི་མི་དེ་ལ་འོས་འཕེན་རྒྱུར་ངེས་པ་རེད། ད་ལྟ་ང་ཚོའི་གཞུང་ནི་མཐུན་མིན་མང་གཙོའི་གཞུང་ཞེས་ལ་སྲིད་གང་ལྟར། ཆབ་སྲིད་ཀྱི་ལྟ་བ་གཅིག་མ་གཏོགས་གཉིས་པ་ཞིག་ཡོང་ས་མེད་པར་བརྟེན། མི་མང་སོ་སོའི་ཆབ་སྲིད་ལྟ་གྲུབ་ཀྱི་ལངས་ཕྱོགས་ལ་རེ་བ་མེད་པ་ཡིན་ཙང་། གང་ཟག་བློ་ཐག་ཉེ་བའི་དབུ་མ་པ་ཞིག་ལ་འོས་འཕེན་རྒྱུ་ལས་ཐབས་གཞན་མེད་སྟབས་དེ་ནི་སུ་ལ་འཕེན་ན་ཡང་ཁོ་བའི་ཐོབ་སྟངས་རེད་སྙམ།

  73. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    2013-04-27 at 9:08 am

    བཀུར་འོས་སྐུ་ངོས་བཀའ་ཟུར་མཆོག་གིས་འདི་ལྟར་སྤྱི་ཚོགས་ཀྱི་འགན་ཁུར་ཏེ། གནད་ལ་ཁེལ་བའི་གསལ་བཤད་གནང་འདུག་པར་སྙིང་ནས་བཀའ་དྲིན་དཔག་མེད་ཆེ་ཞུ་བཞིན་ཡོད།
    སྐུ་ངོ་མཆོག་གིས་རྩོམ་ཡིག་ནང་ “རང་གི་འདོད་བློ་མ་ཁེངས་པའི་འཁང་ར་དམངས་གཙོའི་སྨྲ་བརྗོད་རང་དབང་དུ་བསྙད་དེ་༧གོང་ས་མཆོག་སྐུ་སྒེར་དང་ཁོང་གི་མཛད་བྱུས་གཉིས་ཀར་སྐྱོན་བརྗོད་དང་། ཟུར་ཟ། མཚན་སྨོད་བཅས་ཞུ་མཁན་ཆེས་ཉུང་ཤས་ཤིག་ཡོད་པའི་ནང་ནས་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུ་ལགས་ནི་འདས་པའི་ལོ་ངོ་ ༣༠ཡས་མས་ཀྱི་རིང་༧གོང་ས་མཆོག་དང་ཁོང་གི་མཛད་བྱུས་གཉིས་ཀར་སྐྱོན་བརྗོད་མུ་མཐུད་གནང་མཁན་ཞིག་ཡིན་པ་དང་། །”
    ཞེས་གསུངས་འདུག་ཀྱང་༸གོང་ས་སྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུའི་འཛད་འཕྲིན་གྱིས་འཇམ་ནོར་གྱི་འདོད་བློ་བརྒྱ་ཆ་བརྒྱ་ཁེངས་ཡོད་པ་ལས། མ་ཁེངས་པའི་ཆ་རྩ་བ་ནས་ཡོད་པ་མ་རེད།
    འོ་ན་ཅིའི་ཕྱིར་སྐུར་འདེབས་ཞུས་སམ་ཞེ་ན། མི་འདིའི་རིགས་ཀྱིས་རང་ཉིད་ལ་མིང་གྲགས་དོན་དུ་གཉེར་བཞིན་ཡོད་ཀྱང་། རང་ངོ་ན་ཤེས་འཇོན་སོགས་མིང་གྲགས་ཐོབ་བྱེད་ཅི་ཡང་མེད་པ་དང་གཅིག ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཤེས་འཇོན་དང་རླབས་ཆེན་གྱི་མཛད་རྗེས། མཚན་སྙན་སོགས་ཀྱིས་རང་གི་ཡིད་དབང་འཕྲོག་པ་གཉིས་ཚོགས་ལ་བརྟེན། ༸གོང་ས་མཆོག་ལ་སྒྲོ་འདོགས་དང་སྐུར་འདེབས་སོགས་འདྲ་མིན་ཞུས་ཏེ་རང་ཉིད་ལ་༸གོང་ས་མཆོག་ལས་ཁྱད་དུ་འཕགས་པའི་ཤེས་འཇོན་ཁྱད་པར་བ་ཞིག་ཡོད་ཁུལ་གྱིས རྣམ་འགྱུར་རྫུན་མས་མང་ཚོགས་མགོ་སྐོར་གཏོང་ཞོར་དུ་རང་ཉིད་ལ་མིང་གྲགས་སྒྲུབ་བཞིན་པ་ཙམ་རེད།
    བོད་མི་རེ་ཟུང་གིས་ཨུ་ཐུག་པའི་བྱ་ངན་འདི་ལྟར་སྤེལ་བཞིན་པའི་གནས་ཚུལ་དེང་སྐབས་ཕྱི་རྒྱལ་མང་ཚོགས་ཀྱིས་ཀྱང་ཤེས་རྟོགས་རྒྱ་ཇེ་ཆེར་འགྲོ་བཞིན་འདུག་པ། དཔེར་ན་འདི་ལོའི་ཕྱི་ཟླ་༣པའི་ནང་ཕྲན་རྡ་རམ་ས་ལར་ཡོང་སྐབས་ཡོ་རོབས་ནས་ཡོང་བའི་ཕྱི་རྒྱལ་གྱི་ན་གཞོན་ཁག་གཅིག་གིས་ཀྱང་དེང་སང་བོད་པའི་སྤྱི་ཚོགས་ནང་རང་ངོ་ན་མིང་གྲགས་འབྱུང་བྱེད་ཀྱི་ཤེས་འཇོན་མེད་པར། ༸གོང་ས་མཆོག་ལ་སྒྲོ་སྐུར་ཞུས་ཏེ། རང་ལ་དེ་ལས་ལྷག་གི་རྣམ་དཔྱོད་ཡོད་མདོག་སྟོན་མཁན་གྱི་མི་རྫུན་མ་རེ་ཟུང་འདུག་ཅེས་འགྲེལ་བཤད་གནང་བྱུང་།
    དེ་བཞིན་འཇམ་ནོར་གྱིས་བཤད་པ་དེ་དག་སྐྱོན་བརྗོད་མ་རེད། གལ་ཏེ་སྐྱོན་བརྗོད་ཡིན་ན་སྐྱོན་ཐོག་ལ་མཛུབ་མོ་བཙུག་སྟེ། གཟུར་གནས་རྣམ་དཔྱོད་ལྡན་པ་སུས་བལྟས་ཀྱང་དངོས་གནས་བདེན་པ་རེད་སྙམ་པ་ཞིག་ཡིན་དགོས་ཀྱང་། གོང་དུ་འཇམ་ནོར་གྱིས་བཤད་པ་འདི་དག་བདེན་རྫུན་གཉིས་ལས་རྫུན་པ་ཆགས་ཏེ། སྐུ་ངོས་བཀའ་ཟུར་མཆོག་གིས་རྫུན་རྐུབ་བརྟོལ་འདུག་པ་དེ་རེད།
    འོ་ན་གོང་དུ་འཇམ་ནོར་གྱིས་བཤད་པ་དེ་དག་སྐྱོན་བརྗོད་མིན་ན་ག་རེ་རེད་དམ། ཞེ་ན་དེ་ནི་ཡོད་པ་ལ་མེད་པར་དང་། ཡིན་པ་ལ་མ་ཡིན་པར་སྐུར་བ་བཏབ། མེད་པ་ཡོད་པར་དང་། མིན་པ་ལ་ཡིན་པར་སྒྲོ་བཏགས་པའི་སྒྲོ་འདོགས་དང་སྐུར་འདེབས་ཞེས་པ་དེ་རེད།
    སྒྲོ་འདོགས་དང་སྐུར་འདེབས་ཞུས་ཏེ། མི་བདེན་རྫུན་བསྒྲིགས་བྱས་པར་བརྟེན་ཁོས་བྲིས་པ་དེ་དག་རང་བཞིན་གྱིས་ལོག་རྩོམ་མམ། ལོག་བཤད་ཆགས་པ་རེད།
    རྒྱུ་མཚན་དེ་ལ་བརྟེན་ཁོ་ལ་རྩོམ་པ་པོ་གྲགས་ཅན་ཞེས་པའི་མིང་འདི་རྩ་བ་ནས་ཡོང་ཐབས་མེད་པ་རེད། སྒྲོ་འདོགས་དང་སྐུར་འདེབས་ཀྱིས་མི་བདེན་རྫུན་བསྒྲིགས་ཀྱི་ཡི་གེ་འབྲི་མཁན་ཞིག་རྩོམ་པ་པོ་གྲགས་ཅན་ཞིག་ག་འདྲ་ཆགས་རྒྱུ་རེད་དམ།

  74. བསྟན་འཛིན་རྒྱལ་པོ། says:
    2013-04-27 at 9:30 am

    ཁ་བརྡའི་མཆན་པ་ནང་ནས་མངའ་རིས་འཕྲིན་ལས་འདི་མི་བུ་སྒལ་ཚིག་ལྡན་པ་ཞིག་རེད། དུས་རབས་ཉེར་གཅིག་པའི་མི་བུ་ཟེར་དུས་ནང་གི་མངོན་འདོད་ཕྱི་རུ་ཤོད་ཐུབ་མཁན་ཞིག་ཡིན་དགོས། .

  75. བསྟན་འཛིན་རྒྱལ་པོ། says:
    2013-04-27 at 9:31 am

    ཁ་བརྡའི་མཆན་པ་ནང་ནས་མངའ་རིས་འཕྲིན་ལས་འདི་མི་བུ་སྒལ་ཚིག་ལྡན་པ་ཞིག་རེད། དུས་རབས་ཉེར་གཅིག་པའི་མི་བུ་ཟེར་དུས་ནང་གི་མངོན་འདོད་ཕྱི་རུ་ཤོད་ཐུབ་མཁན་ཞིག་ཡིན་དགོས།།

  76. ཤར་ཕྱོགས་ཁུག་རྟ། says:
    2013-04-27 at 10:43 am

    གཤམ་གྱི་རྡོ་རྗེའི་བསམ་ཚུལ་དེའི་ནང་གི་བློ་བཟང་སེང་གེའི་གཤིས་བབ་དེ་དངོས་གནས་རང་རེད་འདུག ཡིན་ནའང། ཁོང་གིས་འཇམ་ནོར་ཆུ་བཞི་སྒང་དྲུག་དང་འབྲེལ་བ་མེད་ལྟ་བུ་བཤད་འདུག འོན་ཀྱང་དེ་སྔ་འཇམ་ནོར་ཡང་ཆུ་སྒང་གི་ལག་ཆ་མ་རེད་དམ།

    ༢༢༽ རྡོ་རྗེ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༥ གི་ཆུ་ཚོད་ ༩ སྐར་མ་ ༣༧
    འཇམ་དབྱངས་ནོར་བུས་བཤད་པ་འདི་རྣམས་ཕལ་ཆེ་བས་གསལ་བོར་གོ་ཁག་པོ་རེད། འགྱུར་རང་ཐད་ནས་ཀྱང་བྲེལ་ལ་ཏོག་ཙམ་ལངས་ཡོད་པའི་བཟོ་འདུག དེའི་ཆ་ནས་ཟོས་ཆོག་ཆོག་ཟོ་རྒྱབ་ཆོག་ཆོག་ཅིག་སྤྱན་བསྟར་གནང་མེད་པའི་ཚོར་བ་བྱུང།

    དེ་ནས། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང།
    བློ་སེང་གི་རྣམ་འགྱུར། བློ་སེང་ཕྱོགས་གཏོགས་ཀྱི་འགུལ་བསྐྱོད།
    དབུ་མའི་ལམ་པ་བ་དག་གི་དབུ་ལམ་འཛིན་ཕྱོགས།
    རང་བཙན་པ་འཇམ་ནོར་གཙོས་ཁོང་ཚོ་དག་གི་རྣམ་རྟོག་བཅས་ཕྱོགས་བཞི་ནས་རྩོམ་ཡིག་འདི་ལ་གོ་བ་རྒྱག་དགོས་པ་འདྲ།

    སྐབས་སུ་བབས་པ། བློ་སེང་གི་བྱ་སྤྱོད་སྐོར་ཅིག་བཤད་འདོད་པ་དེ་ཡིན།
    ༡ ཁོང་གིས་རང་སྲེག་ཤུགས་ཆེར་བྱུང་བ་དེ་ཁོང་གི་འོས་འདེམས་དང་འབྲེལ་བ་ཡོད་ཚུལ་བཤད་པ་ཐེངས་གཅིག་ཙམ་མ་རེད། རང་སྲེག་དང་འབྲེལ་ཏེ་སྤྱིའི་ཆ་ནས་བཤད་ན་ད་ལྟའི་བཀའ་ཤག་གསར་པར་ལོ་རྒྱུས་ཀྱི་ནག་ཉེས་ཕོག་རྒྱུ་མ་གཏོགས་གཞན་གང་ཡང་མེད། གང་ཡིན་ཞེ་ན། ལན་འདེབས་རྒྱུ་ཧ་ཅང་ལས་སླ་བོ་ཞིག་རེད། རང་སྲེག་བྱུང་སྐབས་གཞིས་ལུས་བོད་མི་ཚོར་སྐད་ཆ་དྲང་པོར་བཤད་མ་སོང། ད་དུང་དེའི་སྒང་ལ་རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་ནུས་ཤུགས་ཆེན་པོ་ཡོད་མདོག་ཡང་ནས་བསྐྱར་དུ་བཤད་ཡོད། ཁོང་གི་སྐད་ཆ་དེར་བོད་ནང་ཐད་ཀར་དམིགས་ཡོད། བོད་ནང་དུ་རྒྱ་ཆེར་འགྲོ་ཡང་ཐུབ་ཡོད། དོན་དམ་བོད་ནང་གི་བོད་མི་ཚོར་ཆོས་བེད་སྤྱོད་ཀྱིས་སྲིད་ཕྱོགས་སུ་བེད་སྤྱོད་གཏོང་གི་ཡོད་པ་ནི་གསལ་བོ་རེད།

    ༢ རྡོར་གདན་དུས་དབང་སྐབས་བློ་སེང་གིས་” རྒྱལ་བ་རིན་པོ་ཆེས་རང་ཉིད་བོད་ཀྱི་རྒྱལ་བོར་མངའ་གསོལ་བྱས་པ་”ལྟ་བུའི་གཏམ་བཤད་སྤེལ་ཡོད། བོད་ནས་ཕེབས་མཁན་ཚོར་བློ་སེང་རང་གི་ལུས་སྟོད་པར་བཏབས་པའི་སྟེང་ས་ཡིག་བསྐྱོན་སྟེ་བླ་མས་ཟོལ་དང་མ་འོངས་མངོན་གཟིགས་ཀྱི་ཟོལ་གྱིས་བྱམས་བརྩེ་ཆེན་པོས་རེ་རེ་བཞིན་སྩོལ་གནང་མཛད་ཡོད། འདི་ནི་ཆབ་སྲིད་ལས་ཀའི་སྟེང་གི་ཧ་ཅང་མགོ་བསྐོར་གྱི་བྱེད་ཐབས་ཤིག་དང། བོད་ནང་གི་བོད་མི་ཚོར་ངོས་འཛིན་བྱས་པའི་རྣམ་པའང་རེད།

    ༣ ཚོགས་མ་ཐག་པའི་གྲོས་ཚོགས་སྟེང་བློ་སེང་རང་གིས་དངོས་སུ་ཤུགས་བསྟན་དུ་བཅའ་ཁྲིམས་དོན་ཚན་དང་པོ་བརྗེ་བསྒྱུར་གནང་དགོས་པའི་བསམ་ཚུལ་བཏོན་ཡོད། བསམ་ཚུལ་དེའི་ཕྱི་པགས་ནི་ཧ་ཅང་མཛེས་ནའང། ཁོང་གིས་ཁོ་པ་བཀའ་བློན་ཁྲི་པ་ཙམ་ལ་གདམས་པ་ནི་རྦད་དེ་བརྗེད་ནས། ཁོ་པ་དང་ཁོའི་ཕྱོགས་གཏོགས་ཆུ་བཞི་སྒང་དྲུག་གིས་དངོས་གནས་རང་”བོད་ཀྱི་སྲིད་འཛིན་”དང་”བོད་ཀྱི་རྒྱལ་བོ་”ཞེས་པའི་དཀྲོགས་གཏམ་འགྲེམས་མགོ་བཙུགས་ཡོད་པ་རེད། དེའི་ནང་བློ་སེང་ལ་ཞབས་བརྟན་མཛད་ཡོད་ལ། རྒྱལ་བ་པཎ་ཆེན་གཉིས་ཀྱི་སྐུ་པར་མཉམ་དུའང་ཁོ་པའི་པར་མགོ་བཞག་ནས་འདྲ་མི་འདྲ་སྙིང་རྗེ་མེད་པ། བག་ཚ་མེད་པའི་ལས་དོན་སྣ་མང་བྱས་ཡོད་པ་མཐོང་རྒྱུ་ཡོད། ལས་ཀ་དེ་རྣམས་བོད་ནང་དུའང་ཁྱབ་འདུག

    ༤ བློ་སེང་རང་ངོས་ལ་གོ་གནས་གཙོ་བ་དང། ཕྱོགས་ཁག་སྒྲིལ་རྒྱུ་གཙོ་བ། རང་གི་ཨབ་ཕྲུག་སྐྱེད་སྲིང་བྱེད་པ་བཅས་གཙོ་བ་ལས། གཞུང་དང་གཞུང་གི་ལས་དོན། ཡང་ན་གཞུང་གི་དབུ་མའི་ལམ་གཙོ་བོ་མིན་པའང་ཧ་ཅང་གསལ་བོ་ཡིན་པ་རེད། དཔེར་ན། ཉེ་སྔོན་ཁོ་པའི་བཀའ་བློན་བདེ་སྲུང་འབྲོང་ཆུང་ཨ་རིར་ཕེབས་པའི་དུས་སྐབས་དང་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ཨ་རིར་སོང་བ་གཉིས་དུས་མཉམ་འཁེལ་ཡོད་ནའང། བཀའ་བློན་དང་ཚོགས་གཞོན་གཉིས་ཀྱི་བཀའ་མོལ་མང་པོ་ཞིག་རང་བཞིན་གྱིས་འགལ་བ་ལྟག་སྤྲོད་དུ་སོང་ཡོད་པས། རྡ་རམ་ས་ལར་ཚོགས་གཞོན་ཨ་རིར་བསྐྱོད་ཚུལ་ལ་བསྐྱར་ཞིབ་བྱེད་སྐབས། ཐོངས་མཆན་མ་རེག་པའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལ་སྲིད་སྐྱོང་རང་གི་མཚན་ཐོག་ནས་ལས་ཤོག་སྟེང་” བོད་ཀྱི་རྩ་དོན་དྲིལ་བསྒྲགས་སླད་ཨ་རིར་བསྐྱོད་དགོས་་”ཞེས་ཐམ་ཀ་དང་ས་ཡིག་ཟུང་ལྡན་ཡོད་པའི་རྒྱབ་གཉེར་གནང་འཕྲལ། ཨ་རིའི་གཞུང་ཚབ་ཐོངས་མཆན་མ་སྤྲད་པ་དེ་སླར་ཡང་ལོ་བཅུའི་ཐོངས་མཆན་རེག་པ་རེད། རྒྱུ་མཚན་དེས་བློ་སེང་ལ་རང་གི་གཞུང་དང་གཞུང་གི་ལངས་ཕྱོགས་སྟེང་སེམས་ཁྲལ་མེད་པ་ནི། བདེ་སྲུང་བཀའ་བློན་གྱི་བཀའ་སློབ་ལ་འགལ་ཟླ་གཏོང་བྱེད་དོན་ལྷ་གཏོང་དགོས་དོན་མེད་པ་ཁོང་གིས་གསལ་བོར་མཁྱེན་ཡང། ཁོང་གིས་བཀའ་ཤག་ལ་བཀའ་འདྲི་མེད་པར་ཁྲིམས་མཐུན་མིན་པའི་རྒྱབ་གཉེར་དེ་འདྲ་གནང་སྟབས། འཇམ་ནོར་གྱིས་བཤད་པའི་བློ་སེང་གི་གཏམ་དོད་ནི་མ་གཞི་ནས་ཕྱོགས་སྒྲིལ་ཆུ་སྒང་དང་བཅས་པའི་ངན་རུལ་ཕྱིར་ཐོན་པ་ཞིག་མིན་ན་ཅི་ཡིན།།

    མུ་མཐུད།།

  77. ཚེ་རིང་བསམ་གྲུབ། says:
    2013-04-27 at 1:01 pm

    མངའ་རིས་འཕྲིན་ལས་ལགས།
    འཇམ་ནོར་གྱིས་རང་བཙན་ལྟ་གྲུབ་ཡོད་མཁན་ཞིག་བཀའ་ཁྲིར་འོས་འདེམས་དགོས་ཚུལ་མ་བཤད་པ་རེད། རང་བཙན་ལྟ་གྲུབ་འཁྱེར་ནས་ང་བཀའ་ཁྲིར་འོས་ལང་གི་ཡིན་ཟེར་མཁན་ཡང་བྱུང་མེད། དངོས་གནས་བྱས་ན་མི་མང་གིས་བདམས་ཚར་ན་ཚར་བ་རེད། མང་གཙོ་རེད། དེ་ལ་བོད་གཞུང་ནང་ལྟ་ཚུལ་གཅིག་མ་གཏོགས་གཉིས་འགྲོ་ས་ཡོད་མ་རེད་ཅེས་ཁ་འཕེན་མཁན་ནི་ངོ་ཚ་མེད་པའི་སྐད་ཆ་རེད། གལ་ཏེ་རང་བཙན་ལྟ་གྲུབ་སྨྲ་མཁན་ཞིག་བཀའ་ཁྲིའི་འོས་གཞིར་ལངས་ནས་འོས་བསྡུ་ལས་ཁུངས་ཀྱིས་བཀག་འགོག་བྱས་ཡོད་ན་སྐད་ཆ་དེ་ལྟར་བཤད་ཆོག གང་ཡང་མ་བྱུང་བར་གཟུགས་མེད་གྲིབ་བཟོ་བྱེད་མཁན་ཚོ་དངོས་གནས་ཧ་ལས་དགོས་པའི་གནས་ཚུལ་རེད།

  78. ཚེ་རིང་བསམ་གྲུབ། says:
    2013-04-27 at 1:21 pm

    རང་བཙན་ཁ་རུ་འཁྱེར་ནས་ཐམས་ཅད་ལ།།
    རང་བདེན་གཞན་ནོར་ཟེར་བ་འཇམ་ནོར་ཡིན།།
    རང་དོན་སྨྱུ་གུའི་འཕྲུལ་ལ་བརྟེན་མཁན་དེར།།
    གཟབ་དགོས་བརྟག་དགོས་རྒྱལ་གཅེས་སྤུན་ཟླ་ཚོ།།
    ཁ་བཤད་ཆུ་ནང་ལྦུ་བ་ཡིན་པ་ལ།།
    དེ་ལས་ལག་ལེན་གསེར་གྱི་ཐིགས་པ་གཅེས།།
    སྨྱུ་གུར་བརྟེན་ནས་འཚོ་བ་སྐྱེལ་མཁན་དང་།།
    ཏང་ཡོན་བྱས་ནས་འཚོ་བ་སྐྱེལ་མཁན་གཉིས།།
    འཚོ་བ་དང་པོར་བརྩི་མཁན་འདྲ་འདྲ་རེད།།
    དེ་འདྲའི་མི་ལ་ཡིད་ཆེས་ཅང་ཡོད་དམ།།
    ལག་ལེན་དངོས་ཐོག་ཞིག་གིས་བདེན་སྤངས་བྱེད།།

  79. མངའ་རིས་འཕྲིན་ལས། says:
    2013-04-27 at 2:11 pm

    ཚེ་རིང་བསམ་གྲུབ་ལགས།
    ༼དེ་ལ་བོད་གཞུང་ནང་ལྟ་ཚུལ་གཅིག་མ་གཏོགས་གཉིས་འགྲོ་ས་ཡོད་མ་རེད་ཅེས་ཁ་འཕེན་མཁན་ནི་ངོ་ཚ་མེད་པའི་སྐད་ཆ་རེད། གལ་ཏེ་རང་བཙན་ལྟ་གྲུབ་སྨྲ་མཁན་ཞིག་བཀའ་ཁྲིའི་འོས་གཞིར་ལངས་ནས་འོས་བསྡུ་ལས་ཁུངས་ཀྱིས་བཀག་འགོག་བྱས་ཡོད་ན་སྐད་ཆ་དེ་ལྟར་བཤད་ཆོག གང་ཡང་མ་བྱུང་བར་གཟུགས་མེད་གྲིབ་བཟོ་བྱེད་མཁན་ཚོ་དངོས་གནས་ཧ་ལས་དགོས་པའི་གནས་ཚུལ་རེད།༽སྐུ་ཉིད་དྲང་པོར་མཉམ་འཇོག་གནང་ནས་གསུང་དང་། གནའ་ནས་ད་བར་གངས་ཅན་སྐྱིད་ཞུང་གི་ལས་བྱེད་ཕལ་ཆེ་བ་གཞོན་ནུའི་ཚོགས་མི་དང་གཞོན་ནུའི་ནང་ཕྱག་ལས་གནང་མྱོང་མཁན་རྐྱང་རེད། ལྷག་པར་ད་ལྟའི་དཔལ་ལྡན་སྲིད་སྐྱོང་མཆོག་ཀྱང་གཞོན་ནུའི་ཚོགས་མི་ཞིག་དང་རང་བཙན་ལྟ་གྲུབ་འཛིན་མཁན་ཞིག་ཡིན་ཡིན་རེད། འོན་ཀྱང་གངས་ཅན་སྐྱིད་ཞུང་གི་རྐུབ་བཏེགས་སྒང་ཕེབས་ཟིན་ནས་དབུ་མ་ལས་ལམ་གཞན་མེད། དེ་ནི་གཞུང་གི་ལྟ་གྲུབ་དབུ་མ་ཞེས་ཐག་བཅད་ཟིན་པས་རེད། འོས་བསྡུ་ལས་ཁུངས་ཀྱི་དགག་བྱ་གནང་དགོས་མེད་པར་གོང་གི་ཚིག་དེས་ལྟ་གྲུབ་གཞན་པ་མགོ་གནོན་ཚར་རེད། བྱས་ཙང་ལམ་ལུགས་དེ་རྒྱ་ནག་དང་ཁྱད་པར་ག་རེ་ཡོད་ཅེས་ཁ་ནས་སྨྲ་མ་ཕོད་ཀྱང་ཁོག་ནས་དྲི་རྟགས་མེད་པ་ཞིག་དག་སྣང་ཅན་ཉུང་ཤས་ལས་གཞན་ཚང་མ་ལ་ཡོད་ཡོད་རེད།

  80. ཚེ་རིང་བསམ་གྲུབ། says:
    2013-04-27 at 2:42 pm

    དེ་སྔོན་སྲིད་སྐྱོང་བློ་བཟང་སེང་གེ་གཞོན་ནུའི་ཚོགས་མི་ཡིན་གྱི་རེད། ཡིན་ནའང་འགྱུར་སྲིད་པ་ཞིག་རེད། ང་ཡང་དེ་སྔོན་རང་བཙན་ལ་འདོད་མོས་ཡོད་མཁན་ཞིག་ཡིན་ཀྱང་། ད་ལྟ་དབུ་མ་རང་ལ་བདམས་ཁ་བྱེད་ཀྱི་ཡོད། གཞན་ཡང་སྔར་དབུ་མ་ཡིན་མཁན་ད་ལྟ་རང་བཙན་འདོད་མཁན་ཡང་ཡོད་ཀྱི་རེད།
    བོད་གཞུང་ནས་རང་བཙན་འདོད་མཁན་ཡིན་ཕྱིན་བཀའ་ཁྲིའི་འོས་མིར་ལང་མི་ཆོག་ཚུལ་དངོས་ཤུགས་བརྒྱུད་གསུམ་གང་ནས་ཀྱང་བཤད་པ་གོ་མ་མྱོང་།
    དེ་སྔོན་དགུ་ཅུ་གོ་བདུན་སྐབས་གཞོན་ནུའི་རྒྱུན་ལས་ཚོགས་ཆེན་ཐེངས་བཅུ་པ་ཡིན་པ་ཡོད། དེ་དྷ་སྟེང་བོད་ཁྱིམ་གྱི་བདེ་སྐྱིད་ཚེ་རིང་ཚོགས་ཁང་ནང་དུ་འཚོགས་པ་རེད། ཚོགས་མགོན་དུ་༧གོང་ས་མཆོག་ཆིབས་བསྒྱུར་གནང་བ་དང་། སྐབས་དེ་དུས་༧གོང་ས་མཆོག་ནས་གལ་ཏེ་བོད་གཞུང་གཞོན་ནུར་རྩིས་སྤྲོད་ཆོག་ཆོག་ཡིན་ཞེས་དེ་དུས་ནས་བཀའ་ཕེབས་པ་རེད།
    ཁ་གཡར་ས་ཞེ་དྲག་མི་འདུག བཀའ་ཁྲིའི་འོས་འདེམས་སྐབས་སུ་ཚང་མ་ཁུ་སིམ་སིམ་བསྡད་སོང་། རྒྱལ་ཡོངས་མང་གཙོ་ཚོགས་པ་གཞོན་ནུའི་དང་འབྲེལ་བའི་ཆབ་སྲིད་ཚོགས་པ་ཞིག་ཡིན་ཁུལ་རེད། རང་བཙན་དང་འབྲེལ་བའི་འོས་འདེམས་ཀྱི་སྐད་ཆ་གང་ཡང་བཤད་མ་སོང་། བློ་སེང་ལགས་བཀའ་ཁྲིར་འོས་ཚུལ་དུ་ཤེས་འཇོན་ལྷག་བསམ་དང་གཞོན་སྐྱེས་མི་རབས་གསར་པ་ཡིན་ཚུལ་དང་ཡོད་ཚུལ་རྐྱང་རྐྱང་ལས། དངོས་ཤུགས་བརྒྱུད་གསུམ་ནས་རང་བཙན་གྱི་སྐད་ཆ་གང་ཡང་བཤད་མ་སོང་།

    དེ་བཞིན་དེ་སྔོན་ནས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་གཙོས་པ་མང་པོ་ཞིག་གིས་དབུ་མའི་ལམ་ལ་བསྐྱར་ཞིབ་དགོས་ཚུལ་གྲོས་ཚོགས་སུ་བགྲོ་གླེང་ཞེ་དྲག་བྱས་ཀྱང་། རྒྱལ་ཁབ་ཅིག་གི་འབྱུང་འགྱུར་ཆབ་སྲིད་ཀྱི་དཀྱོག་མཚམས་ཆེན་པོ་བཀའ་ཁྲི་འོས་འདེམས་སྐབས་སུ་ཚིག་གཅིག་ཀྱང་ཤོད་མཁན་བྱུང་མེད།
    དངོས་གནས་ཡ་མཚན་རེད། གནས་ཆུང་ཆོས་སྐྱོང་གིས་ཚང་མ་དྲན་པ་བརྗེད་དུ་བཅུག་པ་ཡིན་ས་རེད།

  81. གསེར་འབྲུག་སྡེར་ལྔ་ says:
    2013-04-27 at 6:37 pm

    ཚེ་བསམ་ལགས། གངས་སྐྱིད་སྒྲིག་འཛུགས་ཀྱི་དབུ་མའི་སྲིད་གཞུང་གི་གར་སྟེགས་འདིར་རང་བཙན་སྲིད་གཞུང་སླེབས་ནས་གནས་བཅའ་ས་ཞིག་རེད་མ་རེད། འཇམ་དབྱང་ནོར་བུས་ཀྱང་འདིའི་བསྐོར་བཤད་ཀྱི་ཡོད་པ་རེད། ད་ལྟའི་དུས་འདིར་རང་བཙན་དགྲ་རུ་ལངས་ནས་གུང་ཁྲན་ལས་ཀྱང་སྡང་བ་བྱེད་པའི་ལམ་ལུགས་ཞིག་དར་སྤེལ་གཏོང་བཞིན་པའི་སྒང་རེད། ད་དུང་དབུས་སྒྲིགས་འཛུགས་ཀྱི་དཀྱིལ་འཁོར་ཡང་སྟེང་དུ་སྐར་ལྔའི་དར་དམར་བསྒྲེང་རྒྱུར་མི་རིང་བ་རེད།
    ང་ནི་བློ་མི་བདེ་བ་ཞིག་དང་ཡ་ང་བ་ཞིག་ལ། ཁ་ནས་༼བོད་རང་བཙན་ཡིན་༽ཞེས་པའི་ཚིག་འབྲུ་འདི་གཉིས་ཀྱི་དོན་དུ་རང་སྲོག་ཤོར་བ་དང་བཙོན་དུ་ཚུད་པ། མི་ཆོས་ལས་འདས་པའི་མནར་གཅོད་ཀྱི་དབང་པོ་སྐྱོན་ཅན་དུ་གྱུར་པ་རྣམས་ལ་ཅི་ཞིག་བརྗོད་རྒྱུ་ཡིན་ནམ། ཡང་ན་ཁྱོད་རང་ཚོས་རང་སྡུག་རང་གིས་མྱོས་པ་རེད་ཞེས་བརྗོད་རྒྱུ་ཡིན་ནམ། ངས་ནི་ཅི་ཞིག་བརྗོད་དགོས་མིན་མགོ་ཡོར་འཁོར་བསྡད་ཡོད།

  82. ལུང་རྟོགས། says:
    2013-04-28 at 1:35 am

    རང་བཙན་ཞེས་ཁ་ནས་བཤད་ཤེས་པ་ཙམ་དང་སེམས་ནས་དྲན་ཤེས་པ་ཙམ་གྱིས་འགྲིག་འགྲོ་བ་ཞིག་མ་རེད། ང་ཚོ་ལ་རང་བཙན་སྒྲུབ་ཐུབ་པའི་ཆ་རྐྱེན་ཚང་འདུག་གམ་མི་འདུག གལ་ཏེ་རྒྱུན་རིང་པོ་ཞིག་ནས་སྒྲུབ་ཐུབ་པའི་དབང་དུ་བཏང་ན་ཡང་དེ་བར་དུ་ང་ཚོས་སོ་སོའི་རིག་གཞུང་དང་སྐད་ཡིག་ལ་བདག་པོ་རྒྱག་ཐུབ་ས་རེད་མ་རེད། བོད་ཀྱི་སྐད་ཡིག་དང་རིག་གཞུང་བརླག་ཟིན་ན་བོད་ལ་རང་བཙན་ཐོབ་ཀྱང་ཕན་ཐོག་ཇི་ཙམ་འདུག་འདི་ཚོ་ལ་བསམ་བློ་གཏོང་དགོས་པ་རེད། གོང་ས་མཆོག་གིས་དབུ་མའི་ལམ་སྟོན་གནང་བ་ཡང་དངོས་ཡོད་གནས་ཚུལ་ལ་དགོངས་པ་བཞེས་པ་ལས། ཁོང་རང་བཙན་ལ་ཐུགས་འདོད་མེད་པས་ཡིན་རྒྱུ་མ་རེད་ལ། རང་བཙན་རང་བཙན་ཞེས་གསུང་མཁན་དེ་དག་ཀྱང་གོང་ས་མཆོག་ལས་ལྷག་པའི་མི་རིགས་དང་རྒྱལ་ཁབ་ལ་གཅེས་སེམས་ཅན་དང་། ཕུག་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་པའི་རྣམ་དཔྱོད་ཅན་ཞིག་མིན་པར་སྙམ། དེ་བཞིན་དུ་དབུ་ལམ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ནས་ཀྱང་དངོས་ཡོད་ལ་བསམ་བློ་གཏོང་བ་ལས་རྨོངས་དད་དང་རྒྱལ་ཞེན་མེད་པ་གཅིག་པུ་ཡིན་རྒྱུ་མ་རེད་འདོད།

  83. ཚེ་རིང་བསམ་གྲུབ། says:
    2013-04-28 at 5:10 am

    གསེར་འབྲུག་སྡེ་ལྔ་ལགས། རྟ་ཕོ་ལ་རྒྱུགས་ཤེད་ཡོད་ན། བྱང་ཐང་སྟོང་པ་རེད། བོད་གཞུང་སུས་འཛིན་སྐྱོང་ཡང་དག་པ་བྱས་ཀྱང་། བོད་མི་དམངས་ཡོངས་ནས་བརྩི་བཀུར་དངས་ལེན་ཞུ་ཡི་རེད། བོད་གཞུང་གི་སྲིད་བྱུས་དབུ་མའི་ལམ་ཡིན་ནའང་འདྲ། བོད་གཞུང་གི་སྲིད་བྱུས་རང་བཙན་ཡིན་ནའང་འདྲ། གང་ལྟར་བོད་གཞུང་ལ་ང་ཚོས་བརྩི་བཀུར་དངས་ལེན་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་བྱེད་བཞིན་པའང་ཡིན།
    གཞོན་ལྷན་གཙོས་པའི་རང་བཙན་པ་ཚོས་བོད་གཞུང་འཛིན་སྐྱོང་འཐུས་ཙང་དང་། བོད་ཀྱི་བདེན་དོན་ཡང་དག་པ་སེལ་ཐུབ་ཀྱི་ཡོད་ན། དགག་བྱ་གང་ཡང་མེད། ད་ལྟའི་ཆར་རང་བཙན་ལྟ་བ་ཡོད་མཁན་གྱི་མི་སྣ་ཕལ་ཆེ་བ་ལ་ཞིག་ལྟོས་དང་། གཞོན་ནུ་ལྷན་ཚོགས་ནི་ཚོགས་གཙོ་ཚོགས་གཞོན་མ་འཆམས་ནས་སྔོ་ལོ་ལང་ནས་འཕྱར། སྤྱི་འཐུས་ཀརྨ་ཆོས་འཕེལ་ནི་ཆང་རག་གི་གནས་ཚུལ་ཡོད་མཁན་ཞིག འཇམ་ནོར་ནི་༧རྒྱལ་བ་རིན་པ་ཆེ་ལ་དུས་དང་རྣམ་པ་ཀུན་ཏུ་གཟུགས་མེད་གྲིབ་བཟོ་རྐྱང་རྐྱང་བྱས་ནས་མི་ཚེ་བསྐྱལ། ལྷ་བཟང་ཚེ་རིང་ནི་ན་སོ་རྒས་ཤིང་རླུང་ཁ་མཐོ་དྲགས། སྒོ་དྲུག་སྐལ་བཟང་ཅུང་ཟད་དྲག་པ་ཡོད་ཀྱང་དི་ལིའི་ངོ་རྒོལ་ཆེན་པོའི་སྐབས་སུ་ཁྱད་མཚར་ཞིག་ཆགས། ད་གཞོན་ནུ་ཚོགས་གཙོ་ཚེ་དབང་རིག་འཛིན་ཡང་ཚོགས་གཞོན་དང་མ་འཆམ་པའི་དཀའ་ངལ་སོགས་དངོས་གནས་ཐབས་རྡུགས་ཀྱི་གནས་ཚུལ་རྐྱང་རྐྱང་རེད།

    བོད་རྒྱབ་ཁབ་སྐྱོང་ཐུབ་མཁན་ཞིག་འདུག་གམ་མི་འདུག མཛུམ་མོ་རང་ལ་བཙུགས་ནས་ཐུགས་བསམ་བཞེས་དང་། ད་ལྟའི་བོད་གཞུང་ལ་མ་འདང་བའི་ཆ་ཡོད་ཀྱང་། ཞབས་འདྲེན་དེ་དང་དེ་ཞུས་སོང་ཟེར་རྒྱུའི་གནས་ཚུལ་མེད།

    ལར་ནས་༼ད་ལྟའི་དུས་འདིར་རང་བཙན་དགྲ་རུ་ལངས་ནས་གུང་ཁྲན་ལས་ཀྱང་སྡང་བ་བྱེད་པའི་ལམ་ལུགས་ཞིག་དར་སྤེལ་གཏོང་བཞིན་པའི་སྒང་རེད།༽ཟེར་བ་དེ་བརྒྱ་ཆ་བརྒྱ་ཐམ་པ་ཧམ་བཤད་འུར་བཤད་རེད།

  84. ཐུབ་བསྟན says:
    2013-04-28 at 6:47 am

    བསྟོད་ན་མཆོག་དམན་བར་མ་ཀུན་དགྱེས་ཀྱང༌། །

    སྨད་ན་ཁྲོ་བའི་གཏམ་དང་རྡེག་པར་གཟས། །

    གཟུ་བོར་བརྗོད་ན་རང་མཚང་མཐོང་བའི་རྒྱུ། །

    དེ་ཕྱིར་དྲང་པོར་བརྗོད་པའང་དཀའ་བའི་གནས། །

  85. བྱ་ལེ་མོ says:
    2013-04-28 at 10:55 am

    མི་གཙང་སྐྱེས་བོའི་སྐད་ཆའི་གྲིབ་ནག་གིས་་་་ཞི་བ་སྐྱ་ལོག་ཚང་ཡང་གྲིབ་ཀྱི་ཟིན་

  86. ཆབ་བྲག་ལྷ་མོ་སྐྱབས། says:
    2013-04-30 at 10:20 am

    སུ་ཞིག་དྲང་མིན་རང་རང་སེམས་སུ་གསལ། གང་ཞིག་བདེན་མིན་ཀུན་གྱིས་བརྟག་པས་ཤེས།
    བདེན་ལ་བདེན་ཁ་མ་བྱིན་དྲང་པོ་མིན། ནོར་ལ་ནོར་ཚུལ་མ་བཤད་དྲང་པོ་མིན།
    བདེན་ན་དྲང་བའི་ངེས་པ་ཡོད་མིན་ལ། དྲང་ན་བདེན་པའི་ངེས་པ་དེ་བས་མེད།
    བདེན་རྫུན་བླང་དོར་འབྱེད་ནུས་ལ་ལ་ཞིག གཟུར་གནས་ཡང་དག་སྨྲ་བ་དེ་བས་དཀོན།
    དམངས་གཙོའི་དམག་འཁྲུག་འདི་འདྲ་ཡིན་ངེས་ན། བོད་ལ་རེ་བ་ཆེའོ་མུ་མཐུད་རྩོད།

    མ་གོ་བ་དག་གོ་བ་དང་མ་ཤེས་པ་དག་ཤེས་སོང་ན། སྐད་ཆའི་ནུས་པ་ཐོན་པ་ཡིན། མང་མང་སྨྲ་ལ་དགོས་པ་ཆུང།

  87. བསྟན་འཛིན། says:
    2013-04-30 at 10:17 pm

    གོང་གི་མཆན་འགོད་པའི་ནང་ཁ་ཤས་ཀྱིས་ཤེས་བཞིན་ཁྱད་གསོད་ཀྱིས་༧གོང་ས་མཆོག་མཚན་སྨོད་ཞུ་བ་ནི་ཐོབ་ཐང་ལྟ་བུ་ཞིག་ལ་བསྒྲགས་བཞིན་འདུག ཡང་ཁ་ཤས་ཞིག་འཇམ་ནོར་གྱི་རྩོམ་ཡིག་ཕལ་ཆེ་བ་ཀློག་མྱོང་མེད་མཁན་དང་ཡོད་ནའང་བོད་བསྒྱུར་བྱས་བ་རེ་སོང་མ་གཏོགས་རྒྱུས་མངའ་མེད་མཁན་དག་རེད་འདུག འཇམ་ནོར་གྱིས་༧གོང་ས་དང་བཙན་བྱོལ་སྒྲིག་འཛུགས་ལ་ཟུར་ཟ་དང་དམའ་འབེབ་བྱས་བའི་རྩོམ་ཡིག་དང་བསྒྲགས་གཏམ་མང་ཆེ་བ་དབྱིན་ཡིག་ནང་ཡིན་ལ། ཐུབ་བསྟན་ལུང་རིག་གི་རྩོམ་ཡིག་འདི་མ་སྤེལ་བའི་ཉིན་གཅིག་གི་སྔོན་ལ་འཇམ་ནོར་གྱི་བོད་ཀྱི་ཡང་སྲིད་རྗེས་མ་ཨེ་ཞེས་བའི་རྩོམ་ཡིག་སྤེལ་བ་དེ་ཞིབ་ཀློག་བྱོས་དང་། རྩོམ་ཡིག་དེའི་མཇུག་ཏུ་ག་རེ་ལབ་འདུག ༧གོང་ས་མཆོག་གིའི་བོད་རྒྱ་ཆེ་མི་མང་གིས་ང་ལ་ཡིད་ཆེས་ཞིག་གནང་གི་ཡོད་དུས་ང་འགན་ཞིག་ཡོད་པ་རེད་ཞེས་བ་དེའི་ནང་དོན་༧གོང་ས་མཆོག་གིས་བོད་ཀྱི་སྲིད་དབང་རྩིས་སྤྲོད་གནང་བ་ཅེས་ཁ་ཙམ་ལས་དོན་གྱི་ཆབ་སྲིད་ཀྱི་བདག་དབང་བཟུང་ཡོད་ཚུལ་དང་༧གོང་ས་མཆོག་ཞེས་ས་མ་ཞུས་ན་ཁ་ཁོག་མི་མཚུངས་བའི་མི་ཞིག་རེད་ཅེས་བསྡོམས་རྒྱབ་འདུག འདི་ལས་ལྷག་པའི་སྐུར་འདེབས་རྒྱ་ནག་ལ་ཡང་བྱེད་རྒྱུ་མེད་ཚོད་ཡིན། སྐད་ཆ་འདིའི་རིགས་ལོ་ཤས་སྔོན་ནས་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་གྱིས་ང་ཚོ་༧གོང་ས་མཆོག་གི་གསུང་དང་འགལ་ཡོད་ནའང་ཐུགས་དང་འགལ་མེད་ཞེས་རྡ་ས་ནས་གསར་འགོད་གསལ་བསྒྲགས་ཞིག་ཏུ་བསྒྲགས་མྱོང་། སྐད་ཆ་འདི་དག་གིས་་ག་རེ་མཚོན་གྱི་ཡོད་པ་རེད། འདི་བོད་སྤྱི་ལ་ཕན་པའི་སྐད་ཆ་ཞིག་རེད་དམ། བོད་རང་བཙན་ལ་ཕན་པའི་སྐད་ཆ་ཞིག་རེད་དམ། གཞན་གོང་དུ་མཆན་འགོད་པ་མང་པོ་ཞིག་གིས་འཇམ་ནོར་གྱིས་བོད་རང་བཙན་ཆེད་དུ་བྱས་རྗེས་དང་དཀའ་ལས་མང་པོ་རྒྱབ་རབས་ཟེར། བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འགོ་བཙུགས་པ་ནས་ད་བར་འཇམ་ནོར་གྱིས་རྒྱ་ནག་ལ་བསྐྱོན་བརྗོད་ཀྱི་རྩོམ་ཡིག་ལས་བཙན་བྱོལ་གཞུང་ལ་བསྐྱོན་བརྗོད་བྱས་བའི་རྩོམ་ཡིག་མང་བ་སྤེལ་འདུག། བོད་དོན་ལས་འགུལ་ནང་མཁན་བོད་པ་ཕར་ཟད་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་དེ་འདྲ་ཡིན་ནའང་རྒྱ་གཞུང་གིས་ཐོངས་མཆན་མ་སྤྲད་པར་གེགས་འགོག་ཅི་ཙམ་བྱེད་བཞིན་འདུག སོ་སོས་བསམ་བློ་ཐོངས་དང་གོང་གི་མཆན་འགོད་པའི་ནང་བོད་ནང་དུ་ཕ་མ་སྤུན་མཆེད་ཡོད་མཁན་དག་ལོ་འདི་དག་ལ་ཕར་འགྲོ་ཚུར་ཡོང་བྱེད་ཅིག་གིན་འདུག་གམ། དེ་ན་འཇམ་ནོར་ལ་དངོས་གནས་རང་བཙན་གྱི་བྱས་རྗེས་རི་འདྲ་བ་ཡོད་ན་དེ་རྒྱ་ནག་གཞུང་གིས་མ་ཤེས་བ་རེད་དམ། ཁོ་ཇི་ལྟར་བྱས་ནས་རྒྱ་ནག་དང་དམིགས་གསལ་གྱིས་ལྷ་ས་ཕྱིན་པ་རེད། ཁོས་ད་བར་དུ་བོད་ནང་དུ་ཕྱིན་པའི་སྐོར་དང་སྐབས་དེའི་བོད་ནང་གི་གནས་ཚུལ་གྱི་རྩོམ་ཡིག་གཅིག་ཀྱང་མི་འབྲི་དོན་ཅི་རེད།

  88. བསྟན་འཛིན། says:
    2013-04-30 at 11:15 pm

    ཉེ་འཆར་གཞོན་ནུའི་ཚོགས་གཞོན་ང་ཚོའི་ས་ཆ་འདིར་སླེབས་ནས་གཏམ་བཤད་གནང་སོང་། འདས་བའི་ལོ་ལྔ་བཅུའི་ནང་འཛམ་བུ་གླིང་ལ་འགྱུར་བ་ཕྱིན་ནས་ཅིག་ཆགས་རབས་དང་རྒྱ་ནག་ལ་འགྱུར་བ་ཕྱིན་ནས་ཉིག་ཆགས་རབས་ཅེས་ལུང་བ་གང་བཤད་རྗེས་མཐར་བོད་གཞུང་དང་་གི་ལངས་ཕྱོགས་དང་༧གོང་ས་མཆོག་གི་དགོངས་གཞི་ལ་འགྱུར་བ་ཕྱིན་ནས་རང་བཙན་གཙང་མ་ནས་ལམ་དབུ་མ་དང་ད་རང་སྲིད་རང་སྐྱོང་སོགས་མང་པོ་བཤད་སོང་། འོན་ཀྱང་གཞོན་ནུ་ལངས་ཕྱོགས་འགྱུར་བ་སྤུ་ཙམ་ཡང་ཕྱིན་མེད་ལ་མ་འོངས་བར་ཡང་འགྲོ་ཡི་མ་རེད་ཟེར། འོན་ཀྱང་འདས་བའི་བདུན་ཕྲག་ནང་ཨ་རིའི་་ས་ཁུལ་ས་ཤས་སུ་གཞོན་ནུའི་ས་གནས་ཁག་གིས་༧པན་ཆེན་རིན་པོ་འི་འཁྲུངས་སྐར་ལ་མོག་མོག་བཙོངས་བ་མ་ཇང་རྩེད་ར་འཛུགས་པ་སོགས་བྲེལ་ཟིང་རེད་འདུག དོན་ངོ་མ་༧པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་བལ་ཡུལ་དུ་ཕེབས་དུས་གཞོན་ནུས་སྣེ་འཁྲིད་དེ་ངོ་རྒོལ་བྱས་བ་མ་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme