Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཆི་བར་སྒུག་བཞིན་པའི་ང་དང་ངའི་གྲོགས་པོ་ཚོ།

Posted on 2010-12-222010-12-22 By ཡེ་ཤེས་ 4 Comments on འཆི་བར་སྒུག་བཞིན་པའི་ང་དང་ངའི་གྲོགས་པོ་ཚོ།

ཀླུ་སྨྱོན།
death1
འཆི་བ་ནི་ཁྱེད་ཀྱི་སྒེའུ་ཁུང་ཕྱི་ལོགས་སུ་འབབ་བཞིན་པའི་དབྱར་གཞུང་གི་ཆར་བ་དེ་དང་འདྲ་བས།
དེས་ཁྱེད་ཀྱི་སྐྱིད་ལ་སྡུག་པའི་མི་ཚེའི་ལོ་མ་ལྗང་ཁུ་དེ་ཚོ་གཙང་མར་བཀྲུ་ལ།
དེས་ཁྱེད་ཀྱི་བྱ་བ་གང་ཞིག་མ་འགྲུབ་པའི་སུན་སྣང་ཁྲོད་ཀྱི་ས་རྡུལ་དག་ཀྱང་སེལ་བར་བྱེད།
འཆི་བ་ནི་ཁྱེད་ཀྱི་རྐང་འོག་གི་ལམ་ཕྲན་གྱ་གྱུ་མ་དེ་དང་འདྲ་བས།
དེའི་གཡས་གཡོན་དུ་ཆེས་མཛེས་པའི་མེ་ཏོག་གི་སྐྱེལ་ཚལ་དང་དེ་ལས་འཐུལ་བའི་བསུང་ཞིམ་ཡོད་ལ།
དེའི་མཐའ་སྣེ་རུ་ཧ་ཅང་ལྷིང་འཇགས་ཡིན་པའི་གནའ་བོའི་གྲོང་གསེབ་སྐྱིད་པོ་ཞིག་ཀྱང་ཡོད།
འཆི་བ་ནི་ཁྱེད་ཀྱི་མགོ་ཐོག་གི་ནམ་མཁའ་སྔོན་པོ་དེ་དང་འདྲ་བས།
དེའི་དཀྱིལ་འཁོར་དུ་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་སྣ་ཚོགས་ཀྱི་ངོ་མཚར་བྱུར་བུར་སྤུངས་ཡོད་ལ།
དེའི་དབྱིངས་རུམ་དུ་གྲངས་མེད་པའི་རྣམ་ཤེས་ཀྱི་ཁ་བ་བུ་ཡུག་ཀྱང་འཚུབ་བཞིན་ཡོད།
འཆི་བ་ནི་ཁྱེད་ཀྱི་ལྕགས་ཐབ་ནང་གི་མེ་ལྕེ་དམར་པོ་དེ་དང་འདྲ་བས།
དེས་ཁྱེད་ལ་དགུན་དུས་སུ་དྲོད་ལམ་ལམ་གྱི་བདེ་སྐྱིད་རྫོགས་མེད་ཅིག་སྦྱིན་ཐུབ་ལ།
དེས་ཁྱེད་ལ་དབྱར་ཁར་དཀར་ལྷོག་ལྷོག་གི་འོ་ཇ་མངར་མོ་རེ་ཡང་སྐོལ་བར་བྱེད།
འཆི་བ་ནི་ཁྱེད་ཀྱི་ར་སྐོར་ནང་གི་ཁ་བ་དཀར་པོ་དེ་དང་འདྲ་བས།
དེས་ཁྱེད་ལ་ཆེས་མཛེས་སྡུག་ལྡན་པའི་སྙན་ངག་གི་བརྗོད་བྱ་ཟབ་མོ་ཡང་ངོ་སྤྲོད་བྱེད་སྲིད་ལ།
དེས་ཁྱེད་ལ་ཆེས་གཏིང་མཐའ་བྲལ་བའི་གཏམ་རྒྱུད་ཀྱི་མ་ཕྱི་གང་མང་ཞིག་ཀྱང་མཚམས་སྦྱོར་བྱེད་ནུས།
འཆི་བ་ནི་ཁྱེད་ཀྱིས་མདང་དགོང་བལྟས་པའི་ལྷོ་ཁོ་རེ་ཡའི་གློག་བརྙན་དེ་དང་འདྲ་བས།
དེས་ཁྱེད་ཀྱི་སེམས་ངོས་སུ་ཡལ་བ་མེད་པའི་བརྩེ་དུང་གི་ཐམ་ཀ་དམར་པོ་ཞིག་རྒྱག་སྲིད་ཅིང་།
དེས་ཁྱེད་ཀྱི་མིག་མཐའ་རུ་ཡང་ཕྱིས་ཡང་འབབ་དང་རློན་ཆབ་ཆབ་ཀྱི་མཆི་མ་དྲན་པོ་རེ་ཡང་བསྐྱིལ་ནུས།
འཆི་བ་ནི་ཁྱེད་ཀྱིས་ལོ་ཟླ་དུ་མའི་གོང་དུ་བསྐྱུར་ཟིན་པའི་སྙིང་སྡུག་མཛའ་མོ་དེ་དང་འདྲ་བས།
དེས་ཁྱེད་རང་སེམས་པ་མི་སྐྱིད་དུས་དྲན་ཤིང་གི་མཚོ་འཇིངས་སུ་ཐེངས་ཤིག་འཁྲིད་པར་བྱེད་ལ།
དེས་ཁྱེད་རང་ཁེར་རྐྱང་ཡིན་དུས་སུ་འཕུར་ཟིན་པའི་སྟོན་ལོ་སེར་པོ་ཞིག་གི་ཁུག་ཏུ་གཅུད་ན་ཡང་ཐང་།
འཆི་བ་ནི་ཁྱེད་ཀྱི་མདུན་ཅོག་སྟེང་གི་གློག་གཞུ་དམར་པོ་དེ་དང་འདྲ་བས།
དེས་ཁྱེད་ཀྱི་མཚན་ལྗོངས་སུ་ནམ་ཡིན་ཡང་ཁྱེད་ལ་རེ་སྒུག་བྱས་ནས་བསྡད་ཡོད་ལ།
དེས་ཁྱེད་ཀྱི་མི་ཚེའི་ཤོག་ལྷེ་རེ་རེ་བཞིན་འོད་ཀྱིས་བརྒྱན་བཞིན་འཆི་སྲིད།
འཆི་བ་ནི་ཁྱེད་ཀྱི་སྒེའུ་ཁུང་ལས་འཕྲོས་པའི་ཉི་འོད་བན་བུན་དེ་དང་འདྲ་བས།
དེས་ཁྱེད་ཀྱི་རྒྱབ་གཞུང་ལ་བརྗེད་དཀའ་བའི་དྲོད་འཇམ་རེག་བྱ་ཞིག་འཁྱེར་ཡོང་ལ།

དེས་ཁྱེད་ཀྱི་མུན་ཁྱིམ་ཧྲིལ་བོར་ཡང་འོད་གསལ་གྱི་སྙན་ངག་རིང་མོ་ཞིག་ཀྱང་འབྲི་བར་བྱེད།

འཆི་བ་ནི་ཁྱེད་ཀྱི་མདང་སྐྱེས་ཀྱི་བྱིས་པ་ཆུང་ཆུང་དེ་དང་འདྲ་བས།

དེས་ཁྱེད་ལ་མཚན་དཀྱིལ་རེ་རེ་བཞིན་ངུ་ངག་གི་དབྱངས་རྟ་སྙན་པོ་ཞིག་དཀྲོལ་བར་བྱེད་ལ།

དེས་ཁྱེད་ལ་ལོ་ཟླ་ཞག་གསུམ་ཇི་ལྟར་བཞུད་པ་ཡང་མི་ཤེས་པའི་སྒྱུ་འཕྲུལ་ཞིག་ཀྱང་སྟོན་པར་བྱེད།

འཆི་བ་ནི་ཁྱེད་ཀྱི་ཨམ་ཕྲག་ནང་དུ་ཡོད་པའི་ཟིན་ཐོ་རྙིང་ཧྲུལ་དེ་དང་འདྲ་བས།

དེས་ཁྱེད་ཀྱི་འདས་ཟིན་པའི་ལོ་ཟླ་གང་མང་ཞིག་གི་བྲོ་བ་མངར་སྐྱུར་ཁ་གསུམ་ཉར་བསྡད་ཡོད་ལ།

དེས་ཁྱེད་ཀྱིས་གཞན་ལ་སྤྲོད་དགོས་པ་དང་གཞན་གྱིས་ཁྱེད་ལ་སྤྲོད་དགོས་པའི་བུ་ལོན་གང་མང་ཞིག་གི་དཔང་རྟགས་ཀྱང་བྱེད་ཆོག་ཆོག་ཏུ་ཡོད།

འཆི་བ་ནི་ཁྱེད་ཀྱི་ཉལ་ས་དྲོན་མོའི་ནང་གི་མཛེས་སྡུག་གཞོན་ཤ་ཆགས་པའི་སྙིང་གི་མཛའ་མོ་དེ་དང་འདྲ་བས།

དེས་ཁྱེད་ཀྱི་ལུས་ཟུངས་ཡོད་ཚད་ནམ་གུང་གི་མུན་ཁྲོད་ནས་ལྷག་མ་མེད་པར་འཇིབས་ནས་འགྲོ་བར་བྱེད་ལ།

དེས་ཁྱེད་ཀྱི་དངུལ་ཁུག་ནང་གི་སྒོར་རྡོག་ཆ་བོ་མ་ཤེས་མ་ཚོར་བའི་ངང་ནས་བར་སྣང་སྟོང་བའི་དབྱིངས་སུ་འཐིམ་པར་ཡང་བྱེད།

འཆི་བ་ནི་ཁྱེད་ཀྱིས་ཕ་ཡུལ་གྱི་གྲོང་གསེབ་དེ་ནས་བཞག་པའི་ཨ་མ་རྒན་མོ་དེ་དང་འདྲ་བས།

དེས་ཉི་མ་རེ་རེ་བཞིན་ལག་པ་ཐོད་ལ་བཞག་སྟེ་ཁྱོད་ཨེ་ཡོང་གི་རེ་སྒུག་གྲངས་མེད་ཅིག་བྱེད་བཞིན་ཡོད་ལ།

དེས་དུས་ཚོད་རེ་རེ་བཞིན་ཁྱོད་དྲན་པའི་མཆི་མ་བཙན་གྱིས་མིད་ཞོར་ཁྱེད་རང་ཁོ་ནས་སེམས་ཁོང་དུ་ཉར་ནས་བསྡད་ཡོད།

འཆི་བ་ནི་མ་གཞི་ནས་ང་ཚོའི་གཡས་གཡོན་དང་མདུན་རྒྱབ་གང་ཞིག་ན་དུས་རྟག་ཏུ་ཡོད་པའི་གྲིབ་གཟུགས་རིང་མོ་དེ་དང་འདྲ་བས།

དེས་ཁྱེད་རང་སོང་ས་བསྡད་ས་ཐམས་ཅད་ན་གྲག་འགུལ་མེད་པར་ཉི་མ་རེ་རེ་ཟིན་ཐོ་རུ་འབྲི་བཞིན་ཡོད་ལ།

དེས་ཁྱེད་ཀྱིས་བསགས་པའི་དགེ་སྡིག་གི་འགུལ་སྐྱོད་ཐམས་ཅད་འཆི་བདག་གཤིན་རྗེ་ལ་རྩིས་སྤྲོད་བྱེད་རྒྱུར་བྲེལ་བ་ཁོལ་ནས་བསྡད་ཡོད།

སྙན་ངག Tags:ཨཨཨ

Post navigation

Previous Post: རྡ་ས་མདོ་སྨད་ས་རྒྱུན་ནས་དབུས་རྒྱུན་ལ་ཞུ་ཡིག
Next Post: སྩོལ། སྩལ། སྩལ། སྩོལ།

Comments (4) on “འཆི་བར་སྒུག་བཞིན་པའི་ང་དང་ངའི་གྲོགས་པོ་ཚོ།”

  1. ཀརྡོ་རབ་འབྱམས་པ་ says:
    2010-12-23 at 9:05 am

    འདུ་ཤེས་ཀྱི་མཆོག་ནི། འཆི་བའི་འདུ་ཤེས་སོ། ཞེས་པ་ལྟ་བུ་ཞིག་དྲན་ཡང་ཁུངས་བརྗེད་ཚར་འདུག

  2. ཇ་མ་ says:
    2010-12-23 at 10:11 am

    འཆི་བ་མགོར་མ་སླེབས་བར་དུ་འཇིགས་སུ་རུང་བའི་འཆི་ལམ་དེ་མི་དྲན། འཆི་བ་རང་གི་མགོར་སླེབས་དུས་གསོན་སྐབས་ཀྱི་ལོ་རྒྱུས་ལས་མི་དྲན། གང་ལྟར་གསོན་ལམ་ནས་འཆི་ལམ་རྒྱུད་དགོས་པ་ངེས་གཏན་ཡིན་དུས་གསོན་ངོགས་ན་ཡོད་དུས་ལས་རྒྱུ་འབྲས་ལ་དོ་སྣང་ཡག་པོ་བྱེད་དགོས་པ་གལ་ཆེ། ང་ཡང་འཆི་རྒྱུ་ཡིན།

  3. ཀླུ་སྨྱོན། says:
    2010-12-23 at 12:33 pm

    ལས་རྒྱུ་འབྲས་ལས་ལྷག་པའི་རྩི་ཁ་དཀའ་མོ་ཞིག་འཇིག་རྟེན་འདི་ན་མི་འདུག ལས་རྒྱུ་འབྲས་ལས་ཕྲ་ཞིང་ཞིབ་པ་ཞིག་ཀྱང་མི་འདུག ཨ་ལས་ངན་ཚོ། སྟོན་པ་ཞལ་བཞུགས་དུས་ཀྱང་ལས་རྒྱུ་འབྲས་ཀྱི་རྣམ་གཞག་འདི་ཁོང་གི་བུ་ཆེན་ཚོས་ཀྱང་སྟོན་པ་རང་ལ་བཀའ་འདྲི་ཞུ་གི་རེད་ཅེས་གསུངས་འདུག་ག དཔེར་ན་ཁྱིམ་བདག་རྒན་འཁོག་ཅིག་ལ་རབ་ཏུ་བྱུང་བའི་བསོད་ནམས་ཡོད་མེད་མཆོག་ཟུང་ལྟ་བུས་ཀྱང་མ་རྙེད་པར་སྟོན་པས་གཟིགས་པ་ལྟ་བུ་རེད། ལས་རྒྱུ་འབྲས་རྩི་མ་ཐུབ་ནས་ང་ཚོ་ད་ལྟ་བར་དུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདིའི་ནང་དུ་ལྷགས་སོང་བ་རེད་ཡ།

  4. དམག་ལོག་ says:
    2010-12-24 at 11:00 am

    གང་ལྟར་གང་ལ་ཡང་བསམ་བློ་གཏོང་གི་མེད། ནམ་ཤི་ན་ཤི ངས་འཆི་བ་དང་གཉིད་པ་གཅིག་འདྲ་རེད་བསམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme