Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཆི་གསོན་གྱི་མཚམས་སུ་སླེབས་པའི་རྒྱལ་གཅེས་པ་གསུམ་ལགས།

Posted on 2011-05-19 By ཁ་བརྡ་ 23 Comments on འཆི་གསོན་གྱི་མཚམས་སུ་སླེབས་པའི་རྒྱལ་གཅེས་པ་གསུམ་ལགས།

བོད། ལྷ་ཀླུ་གཉན་གསུམ།

དོན་འགྲུབ་ལྷ་དར།

སྤྱི་དོན་ཆེད་དུ་སྲོག་གི་དམ་བཅའ་བཞག།
འགྲུབ་པའི་ལས་ཤིགས་བསམ་ནས་ལྟོགས་སྐོམ་མྱོང་།།
ལྷ་ཡི་བཀའ་ལུང་ཕེབས་ཀྱང་ལྡོག་མ་ནུས།།
དར་བའི་སྙིང་དེས་བོད་མི་ཀུན་ལ་བོས།།

དཀོན་མཆོག་ཡར་འཕེལ།

དཀོན་པའི་ནང་ན་སྤྱི་བའི་ལས་སྒྲུབ་མཁན།།
མཆོག་དུ་གྱུར་བའི་སྐྱེ་བུ་སྙིང་སྟོབས་ཅན།།
ཡར་ངོའི་ཟླ་བཞིན་རྒྱས་པའི་རྒྱལ་གཅེས་སེམས།།
འཕེལ་བཞིན་གོང་མཐོར་དགོས་ལ་བརྡ་ཞིག་བརྒྱབས།།

བསྟན་འཛིན་ནོར་བཟང་།

བསྟན་པའི་ཞིང་མཆོག་བོད་ཡུལ་ཁ་བ་ཅན།།
འཛིན་སྐྱོང་དར་སྤེལ་བྱེད་ལ་སྐུལ་བའི་སྟོབས།།
ནོར་བུ་དགོས་འདོད་ལྟ་བུའི་རིགས་ཀྱི་བུ།།
བཟང་བོའི་ལས་ལ་ཞིམ་མེད་དགོས་པར་བསྟན།།

ཁྱེད་གསུམ་བོད་ཀྱི་འདས་མ་ད་གསུམ་ཆེད།།
གཅེས་པའི་ལུས་སྲོག་འབེན་དུ་བཞག་གྱུར་ནས།།
ཁྲིམས་མེད་ལུགས་མེད་རྒྱ་ནག་སྲིད་གཞུང་ལ།།
འཚེ་མེད་ཞི་བའི་འབོད་པ་སྙིང་ནས་གུས།།

ཤི་བ་ལས་ཀྱང་གསོན་པ་ཐབས་རེ་ཡོད།།
ད་ནི་འཆི་བའི་སྒོ་མོ་ཕར་བརྒྱབས་དེ།།
རིགས་ཀྱི་མ་འོངས་ཆེད་དུ་སླར་འཁོར་ནས།།
ཚེ་བཀང་བོད་དོན་སྒྲུབ་པའི་ལམ་གཞན་སྙོགས།།

སྙན་ངག

Post navigation

Previous Post: ཁྱི མྱི་སྐད་གོ་དུས
Next Post: སྙན་ངག་གྱེར་འདོན

Comments (23) on “འཆི་གསོན་གྱི་མཚམས་སུ་སླེབས་པའི་རྒྱལ་གཅེས་པ་གསུམ་ལགས།”

  1. གཞིས་ཆགས་བུ། says:
    2011-05-19 at 4:24 am

    རྒྱལ་གཅེས་པ་གསུམ་གྱིས་ལྷག་བསམ་དང་སྙིང་སྟོབས་ཟུང་དུ་སྦྲེལ་ནས་བོད་མི་རིགས་ཀྱི་བདེ་དོན་དང་། ལྷག་པར་ཉེ་ལམ་རྔ་བ་ཀིརྟི་དགོན་པར་རྒྱ་གཞུང་གི་དྲག་གནོན་མཚམས་འཇོག་དགོས་པའི་འབོད་སྐུལ་དང་ངོ་རྒོལ་ཆེད་ཁྱེད་གསུམ་གྱིས་རང་ཉིད་ཀྱི་གཅེས་པར་འོས་པའི་ཚེ་སྲོག་འདི་བཞིན་བློས་བཏང་གནང་བར་སྙིང་ཁོངས་ནས་ཐུགས་རྗེ་བླ་མེད་ཞུ་རྒྱུ། ཡིན་ནའང། དེང་གི་ཆར་ང་ཚོ་བོད་མི་གཅིག་ཚེ་སྲོག་ནི་ཤིན་ཏུ་གལ་ཆེ་ཡིན་པས། ཁྱེད་རྣམས་གསུམ་གྱིས་དེ་འདྲའི་ཟས་བཅད་ངོ་རྒོལ་མཚམས་འཇོག་གིས་སྔར་བཞིན་རང་ཉིད་ཀྱི་སྤྱི་དོན་སྒྲུབ་པར་ཕེབས་པར་གནང་རོགས་ཞུ་རྒྱུ་ཡིན།

    མིའི་ཚེ་སྲོག་ནི་སྤྱིར་རྩ་ཆེན་ཡིན་པ་དང། ལྷག་པར་བོད་མི་རྣམས་ཀྱི་མི་འབོར་ཉུང་བས་ཁྱེད་རྣམས་དེ་ལྟར་འཆི་རུ་འཇུག་འདོད་མེད་པས་འཕྲལ་དུ་མཚམས་འཇོག་གནང་རོགས་ཞེས་ཞུ་རྒྱུ་ཡིན།

  2. པ་མགོ་ says:
    2011-05-19 at 5:06 am

    ངོ་མ་ཚང་མས་ཤེས་རྒྱུ་ཞིག་རེད། སྤྱི་དོན་དུ་རང་སྲོག་ཕུལ་ཐུབ་པ་ནི་ངོ་མ་ཡིད་སྨོན་འཆར་དགོས་བ་རེད།

  3. ཚེ་བསམ་ says:
    2011-05-19 at 6:40 am

    སྤྱི་པའི་དོན་དུ་རང་ཉིད་བློས་གཏོང་གིས།
    རྒྱལ་ས་ལྡི་ལིར་ཟས་བཅད་ངོ་རྒོལ་ཞུས།
    དེ་དག་ཚང་མ་རང་བཙན་ཆེད་ཡིན་པས།
    བོད་འབངས་ཡོངས་ནས་མ་བརྗེད་སེམས་ལ་ཞོག།

  4. ཀརྡོ་རབ་འབྱམས་པ་ says:
    2011-05-19 at 7:09 am

    གཞིས་ཆགས་བུའི་ཚིག་རིས་ཇི་མ་ཇི་བཞིན་རེ་བསྐུལ་དང་། རྣམས་པ་གསུམ་སྐུ་ཚེ་ཡུན་གནས་ཡོང་བའི་སྨོན་ལམ་ཡོད་ལགས།

  5. ཀརྡོ་རབ་འབྱམས་པ་ says:
    2011-05-19 at 7:13 am

    རང་སྲོག་མ་གཅོད།
    གཞན་སྲོག་མ་ལེན།
    ཞིང་བཅུ་བསྒྲལ་ན།
    སྡིག་མེད་དགེ་གསོག
    ཚེ་རིང་ཁྱེད་གསུམ།

  6. ཀརྡོ་རབ་འབྱམས་པ་ says:
    2011-05-19 at 7:24 am

    ཁྱེད་གསུམ་ཚེ་རིང་།

    ཁྱེད་གསུམ་ཚེ་རིང་།
    ཁྱེད་གསུམ་ནད་མེད།
    རང་བཙན་མ་རྩོད།
    དབུ་མར་འཇུག་ཤོག

    ཁྱེད་གསུམ་ནད་མེད།
    ཁྱེད་གསུམ་ཚེ་རིང་།
    ཁྱེད་གསུམ་བསམ་དོན།
    རྩ་གསུམ་གྲོགས་མཛོད།

    སྐྱབས་གསུམ་གསུམ་ལ།
    ཡིད་དད་བྱད་ན།
    བོད་ཀྱི་བདེན་དོན།
    མྱུར་དུ་བསྒྲུབས་ངེས།

    ཁྱེད་གསུམ་ལ་རྒྱར།
    རྗེས་སུ་ཡི་རང་།
    ཁྱེད་གསུམ་ནད་མེད།
    ཁྱེད་གསུམ་ཚེ་རིང་།

    ཁྱེ་གསུམ་ཚེ་རིང་། །

  7. བོད་པ་ཚང says:
    2011-05-19 at 8:01 am

    དངོས་མ་བཟང་གི་རྒྱབ་སྐྱོར་ཡོད། བོད་ཀྱི་བདེན་མཐའ་སེལ་བྱེད་ལས་ཀ་ཡིན་གཅིག་མིན་བོད་ནང་གི་ལས་ཀ་
    མིན་པ་འདིས་ཤེས། ལྷག་པར་ནུབ་ཕྱོགས་ཁག་ན་སྟབས་བདེ་བོ་ཡིན་ཀྱང་བོད་རིགས་འདི་འདྲ་མེད་་
    བོད་ཀྱི་རིག་གཞུང་གི་མིང་ཐོག་ནས་ལྟོ་རྒྱབ་དང་ཡོང་སྒོ་ལེན་མཁན་ག་རེ་ཡོད་ནུབ་ན་བཞུགས།

  8. ཀརྡོ་རབ་འབྱམས་པ་ says:
    2011-05-19 at 8:20 am

    བྱེད་དེ་བྱས་ན། དང་ ཁྱེ་ཁྱེད་ལ་བཅོས་རོགས། དགོངས་དག་ཡིག་ནོར་ལ།

  9. ཟུར་གནས་བློ་ལྡན་ says:
    2011-05-19 at 8:24 am

    སེམས་ཕྲལ་མེད་པའི་སེམས་ཕྲལ། རི་བོང་གནས་སྡིབ་ཀྱི་སེམས་ཕྲལ་རང་རེད། ཁོང་ཚོ་གསུམ་ནས་གཅིག་འཆོ་སོང་ངས་མགོ་མེད་པར་གོ་པ་དགུ་རྒྱག་དགོས། གཞོན་ནུས་ད་ལྟ་བར་དེ་འདྲ་རྐྱང་རྐྱང་འཁྲབ་བསྡད་པ་རེད། དེ་ལས་ལྷག་ཅིག་ཁོང་ཚོ་བསད་གོ་ལབ་ཀྱང་བྱེད་ཤེས་ཀྱི་ཡོད་པ་མ་རེད། ངོ་མ་སྙིང་རྗེ་ཡུལ་རང་རེད།

    ༸གོང་ས་མཆོག་གི་སྐུ་མདུན་དུ་ རང་བཙན་ང་ཚོས་ལེན་གོ རྒྱ་མི་བོད་ནས་ཐར་ཀྲོས་ང་ཚོས་གཏོང་དགོས་ཟེར་མཁན་ཁྱོད་ཚོ་མིན་པས།

    དེ་ཙམ་འཇོན་པོ་ཡོད་ན་སྔོན་ལ་རྔ་པའི་མི་མང་གི་ལུས་སེམས་ཀྱི་སྡུག་བསྔལ་དེ་སེལ་དང་དེ་རྗེས་ག་ལེར་བལྟ་ཆོག་གི་རེད།

  10. གངས་ཅན་པ། says:
    2011-05-19 at 9:38 am

    སྙིང་སྟོབས་བྲག་རི་ལས་ཀྱང་མཐོ་བ།
    རིག་རྩལ་མེ་ལྕེ་ལས་ཀྱང་འབར་བ།
    ལ་ཞེན་གངས་རི་ལས་ཀྱང་དཀར་བ།
    གངས་རིའི་ཆེད་དུ་རང་སྲོག་དོར་བ།
    གངས་ལྗོངས་དཔའ་བོ་གསུམ་ལ།
    སྙིང་གི་སྟེང་ནས་ཡིད་རིང་ཡོད།
    བོད་ཀྱི་བདེ་དོན་འགྲུབ་པའི་ཡིད་ཆེད་ཡོད།
    བོད་རིགས་སྤུན་ཟླ་རྣམས་ཀྱི་སྙིང་སྟོབས་སྔར་ལྷག་འཕར་བར་ཤོག
    དཀོན་མཆོག་གསུམ་གྱི་རྗེས་སུ་འཛིན་པར་ཤོག དོན་དང་ལྡན་པའི་ནོར་བཟང་ལོན་པར་ཤོག

  11. སྤོབས་པ་མཐའ་ཡས། says:
    2011-05-19 at 10:16 am

    ཤི་ཐུབ་མཁན་ཡོད་ན་ཤི་རན་པས་མ་ཚད་འཕྱི་བསྡད་ཡོད་པ་རེད། ཤི་ཐུབ་མཁན་ཡོད་ན་ཤི་རོགས་ཀྱིས། ཤི་ས་མ་ནོར་བ་རེད། འཛམ་གླིང་འདིའི་སྟེང་གི་རྒྱལགཅེས་དཔའ་བོ་ག་ཚོད་མང་པོ་ཞིག་རང་རང་ཡུལ་གྱི་རང་དབང་གི་ཆེད་དུ་ཤི་ཡོད་པ་རེད། ཐ་ན་རྒྱ་དམར་གུང་ཁྲན་གྱི་སྲིད་དབང་འཛུགས་པའི་ཆེད་དུ་རྒྱ་མི་དམར་པོའི་དམག་མི་ག་ཚོད་མང་པོ་ཞིག་ཤི་ཡོད་པ་རེད། ང་ཚོ་རང་ས་རང་ཡུལ་གྱི་ཆེད་དུ་ཤི་ཐུབ་མཁན་རེ་ཡོད་ན་ད་ཤི་ལོས་ཆོག ཕ་བཟང་གི་བུ་ཚོ། རང་ཡུལ་གྱི་ཆེད་དུ་ཤི་རོགས་ཀྱིས། རང་དབང་གི་ཆེད་དུ་ཤི་རོགས་ཀྱིས། རང་བཙན་གྱི་ཆེད་དུ་ཤི་རོགས་ཀྱིས། རང་དབང་མེད་བཞིན་དུ་གསོན་པ་ལས་རང་དབང་གི་ཆེད་དུ་ཤི་ན་དགའ། རང་ཡུལ་མེདབཞིན་དུ་གསོན་པ་ལས་རང་ཡུལ་གྱི་ཆེད་དུ་ཤི་བ་བཟང་། རང་བཙན་མེད་བཞིན་དུ་གསོན་པ་ལས་རང་བཙན་གྱི་ཆེད་དུ་ཤི་བ་ལེགས།

  12. ཅོ་རི་ཉི་མ། says:
    2011-05-19 at 11:45 am

    སྤོབས་པ་མཐའ་ཡས་ལགས་་་་་ཁོང་རྣམ་པ་གསུམ་ཤི་སོང་ན་དེའི་རྗེས་སུ་ཁྱེད་ཡིན་ནམ་ང་ཡིན། ཤི་ངོ་མ་ཐུབ་མྱངས་མཁན་དཔའ་པོ་ཐུབ་བསྟན་དངོས་གྲུབ་རེད།

  13. སྤོབས་པ་མཐའ་ཡས། says:
    2011-05-19 at 12:01 pm

    ད་ང་ཚོས་མ་ཤི་མ་ཤི་ཟེར་ནས་འབོད་སྐུལ་ཞུ་བ་ལས་ཤི་རོགས་ཤི་རོགས་ཟེར་ནས་འབོད་སྐུལ་ཞུ་དགོས་ཀྱིན་འདུག

  14. ལྷ་སྡེ་གནམ་ལོ་ཡག says:
    2011-05-19 at 12:58 pm

    རང་བཙན་མ་རེད་རྒྱལ་ཁབ་སླར་གསོ་རེད།
    དབུ་མ་མ་རེད་བདེན་པ་རྒྱལ་ཕྱིར་རེད།
    སླར་གསོ་དྲག་ཏུ་བསྐོལ་བའི་བསྒུལ་ཤུགས་འོག
    བདེན་པ་རྒྱལ་བར་སྲིད་པའང་འགྲོ་ལུགས་ཡིན།

    སླད་མར་དཔའ་བོ་གསུམ་ལ་གུས་འདུད་དང་འཚམས་འདྲི་ཡོད།

  15. རྒྱ་གྲམ་དམར་པོ། says:
    2011-05-19 at 2:04 pm

    རྒྱལ་གཅེས་ལྷག་བསམ་གི་ཕྱུག་པའི་ཟས་བཅད་ལས་འགུལ་བ་གསུམ་ལ་གུས་འདུད་དང་འཚམས་འདྲི་ཡོད།

  16. ལྷོ་མོན་འབྲུག་རིས says:
    2011-05-19 at 2:18 pm

    མིང་དོན་མཚུངས་པའི་གཞོན་ནུ།།
    ཚོགས་པ་ཚང་མའི་རྩེ་ཕུད།།
    ནམ་ཡང་འཛམ་བུའི་གླིང་འདིར།།
    མི་ནུབ་དར་རྒྱས་ཤོག་ཅིག།

    ཚོགས་པ་སྐྱིད་མང་ཡང་།།
    རང་ཁེ་དོན་གཉེར་མ་གཏོགས།།
    སྤྱི་དོན་ཞེ་ནས་འདོད་མཁན།།
    ཉི་མོའི་སྐར་མའི་མགྲན་ཟླ།།

    ལུས་པོས་དཀའ་སྡུག་མཉམ་མྱོང་།།
    དུས་འདིར་སྐལ་བ་མ་ཐོབ།།
    ཟོལ་མེད་སེམས་ཀྱི་དབུས་ནས།།
    གཡོ་མེད་བསྟོད་གླུ་ཕུལ་ཡོད།།

  17. ཨ་ནུ་ཐང་བསོད་ནམས says:
    2011-05-19 at 2:33 pm

    དཔའ་བོ་མཛད་རྗེས་དང་ཆོད་སེམས་ལ་ཡི་རང་ཡོད་ཅིང་གཅེས་བའི་ཚེ་སྲོག་ཉར་ནས་མ་འོངས་བར་བོད་དོན་ལ་བརྩོན་པ་ཤོག ད་ལྟར་དུས་ལ་བབ་མི་འདུག ལས་འགུལ་མཚམས་འཇོག་ཡོང་བ་ཤོག

  18. སྐྱུ་རྩི་ནས། says:
    2011-05-19 at 5:14 pm

    དེ་རིག་གསར་འགྱུར་གཞིར་བཟུང་བྱས་ན་ཟས་བཅད་ངོ་རྒོལ་མཇུག་བསྡུས་ཚར་འདུག

  19. ཟུར་གནས་བློ་ལྡན་ says:
    2011-05-20 at 4:09 am

    འཆན་དགུ་པ་བཀོད་ནས་ཚོུད་ཁ་ཤས་ལས་མ་སོང་གོང་ལས་འགུལ་མཚམས་འཇོག་བྱས་སོང་།
    ད་ང་ངོ་མ་གཞོན་ནུ་ལྷན་ཚོགས་ཀྱི་གནང་སྟངས་ལ་དགད་མོ་ཁྲ་ཁྲ་ཤོར་གྱི་འདུག་གོ།། ཧོ་ཧོ་་་་་་་་་་་་་ཧོ་ཧོ་་་་་་་་་ཧོ་ཧོ་ཧོ་་་་་་་་་་་་་་་་་

  20. ཚེ་བསམ་ says:
    2011-05-20 at 5:44 am

    བོད་མི་དམང་ཆེད་དུ་གཅིན་པ་ཐིགས་པ་གཅིགས་གཏང་ཡང་རྗེས་སུ་ཡིད་རང་ཡོད།

  21. ཀརྡོ་རབ་འབྱམས་པ་ says:
    2011-05-20 at 7:02 am

    ཁྱེད་གསུམ་གྱིས་སྤྱི་དོན་དུ་ཟས་བཅད་ངོ་རྒོལ་གནང་བར་བཀའ་དྲིན་ཆེ་ལགས། དུས་ཐོག་ཏུ་འཚམས་འཇོག་གནང་བ་ལ་ཡང་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་སོང་ལགས། དགེའོ། དགེའོ། དགེའོ། །

  22. རྩམ་དགའ། says:
    2011-05-20 at 7:58 am

    མ་གཞི་ངས་ལས་དོན་འདི་འདྲའི་རིགས་ལ་སྐྱོན་རྒྱག་གིན་ཡང་མེད་ལ་བསྟོད་པའང་བཤད་ཤེས་ཀྱིན་མེད།
    ཡིན་ནའང་དེ་རིང་འདིར་ཚིག་ཁ་ཤས་ཞུས་ན་འདོད། ཐོག་མར་ངས་ཁྱོད་ཚོར་དྲི་བ་ཞིག་འདྲི། ལས་དོན་ཆུང་ཚགས་འདི་རིགས་ཀྱིས། རྒྱ་ནང་གཞུང་ལ་གནོད་ཤུགས་སྤྲོད་ཐུབ་ཀྱིན་ཡོད་དམ་མེད། ཡོད་ཟེར་ན་་་ད་བར་དུ་བཙན་བྱོལ་གཞུང་དམངས་གཉིས་ནས་འཇིགས་མི་དགོས་པའི་ལས་དོན་མི་འདྲ་བར་མང་བོ་སྤེལ་ཡོད་ན་ཡང་། ད་ལྟ་ཡང་འགྲོ་འདུག་གི་རང་དབང་ཙམ་ཡང་སྤྲོད་ཀྱིན་མེད་པ་འདི་ཅི་ཡིན་ནམ། ཕན་གྱིན་མེད་ཟེར་ན་་་་་་འོ་ན་་ག་རེ་བྱས་ནས་རྒྱ་ནག་ལ་བཙན་བྱོལ་ནང་ནས་རང་སྲོག་བློས་བཏང་ཐུབ་མཁན་འགའ་རེ་ལས་མེད་ཟེར་བ་འདྲ་བོ་ཟླ་གཅིག་མ་ཟིན་ཙམ་ལ་མིག་ལ་བསྟན་ནས་འདུག་དོན་ཅི་རེད་དམ། མ་གཞི་དབུ་མའི་ལམ་གྱི་སྲིད་ཇུས་འདིས། རྒྱ་ནག་དབུས་གཞུང་དང་། མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་མི་གསོན་ཁྲག་སྦྱོར་ཡོང་དོགས་ཀྱི་སེམས་འཁྲལ་མི་དགོས་པའི་གུ་ཡངས་སུ་བཏང་ཡོད། རང་བཙན་གཙང་མའི་ཐོག་ནས་འགྲོ་བསྡད་པ་ཡིན་ན། ་དེ་སྔར་ཏིང་གིས་རང་བཙན་ལས་གཞན་པའི་གྲོས་མོལ་ཡོང་གི་རེད་ཟེར་བའི་གཞན་པའི་གྲོས་མོལ་དེ་ཡང་ད་སྐབས་ཡོང་སྲིད་པ་རེད། གྲུབ་འབྲས་ཆེར་མི་འབྱུང་བའི་ལས་འགུལ་ཁག་གིས་བཙན་བྱོལ་གཞུང་དམངས་གཉིས་ཀར་ཆེར་འཇིགས་མི་དགོས་པའི་བརྡ་བསྟན་པ་ལས་ཅང་དགེ་མཚན་ཡོད་ནོ་མཐོང་མ་སོང་། འདི་ངའི་མཐོང་ཚུལ་ཙམ་ཡིན།

  23. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2011-05-20 at 8:15 am

    རྣམ་པ་གསུམ་གྱི་སྐུ་ཚེ་ལ་བར་ཆད་མི་ཡོང་ཤོག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme