Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཆར་སྣང་གི་ལྷ་ཡུལ་སྤྱི་ཚོགས།

Posted on 2011-08-22 By ཁ་བརྡ་ 15 Comments on འཆར་སྣང་གི་ལྷ་ཡུལ་སྤྱི་ཚོགས།

སྲིད་སྐྱོང་བློ་བཟང་སེང་གེ
ལོ་ངོ་གསུམ་གྱི་ཡར་སྔོན་ལ་བོད་ཀྱི་རྒྱལ་ས་ལྷ་ས་ནས་མཐའ་མཚམས་ལི་ཐང་བར་གྱི་བོད་རིགས་ཡོངས་རྫོགས་ཀྱིས་བོད་ནང་དུ་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་ཡར་ལངས་བྱས་ཡོད། བདུན་ཕྲག་འདིའི་ཡར་སྔོན་ལ་བོད་མི་གྲ་བ་ཞིག་གིས་རང་ལུས་མེར་བསྲེགས་བྱས་ཡོད། འདི་ནི་ལོ་འདིའི་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ཐེངས་གཉིས་པ་དེ་ཆགས་ཡོད་ལ། རྒྱ་ནག་གི་དབང་བསྒྱུར་དང་བོད་རིགས་ཀྱི་གྱེན་ལངས་མུ་མཐུད་བྱེད་པའི་མཚོན་བྱེད་ཞིག་ཀྱང་ཡིན། སྤྱིར་ང་ཚོས་ངོ་རྒོལ་ལ་སྐུལ་མ་བྱེད་ཀྱིན་མེད་ཀྱང་། ང་ཚོའི་བོད་རིགས་རྒྱལ་ཞེན་དཔའ་བོ་དེ་དག་ལ་རྒྱབ་སྐྱོར་བྱེད་དགོས་པ་ནི་རྩ་ཆེའི་ལས་འགན་ཡིན།
ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་དམག་མི་རྣམས་བོད་ནང་དུ་ཐོག་མར་འབྱོར་སྐབས་བོད་མི་རྣམས་ལ་ལྷ་ཡུལ་ལྟ་བུའི་སྤྱི་ཚོགས་ཞིག་བསྐྲུན་རྒྱུར་ཁས་ལེན་བྱས་ཡོད། ལོ་རབས་དྲུག་ཅུ་ལྷག་འདས་པ་ན་བོད་དེ་ད་དུང་ཡང་དག་ཞིང་སྤྱི་ཚོགས་ལྟ་བུར་གྱུར་མེད་པར་མ་ཟད། བོད་ནང་དུ་སྤྱི་ཚོགས་རིང་ལུགས་ཀྱིས་སྟོང་པའི་ཚབ་ཏུ་དབང་བསྒྱུར་རིང་ལུགས་དང་། ཡང་། དག་ཞིང་གི་ཚབ་ཏུ་ཆག་སྒོ་ཁོ་ནས་ཁེངས་ཡོད།
བོད་མི་འགའ་ཤས་ཀྱིས་རྒྱ་ནག་ནས་བོད་བར་དུ་ལམ་བཟོ་ལ་རོགས་པ་བྱས་ཡོད་ཅིང་། རྒྱ་ནག་དམག་མི་གུས་ཞབས་ཅན་དང་ཡ་རབས་ཚུལ་མཐུན་ཅན་དེ་དག་གིས་བོད་རིགས་དེ་དག་ལ་དངུལ་ཊམ་ཡང་སྤྲད་ཡོད། འོན་ཀྱང་། ཕྱི་ལོ་ ༡༩༥༠ ཡི་འགོ་སྟོད་ལ་ལམ་བཟོ་ལེགས་གྲུབ་ཟིན་པ་ན་ལྕགས་ཁྲབ་འཁོར་ལོས་གྲོང་ཁྱེར་ལྟེ་གནས་ས་ཁུལ་ཁག་ལ་མཐའ་སྐོར་ཅིང་། དོས་སྐྱེལ་རླངས་འཁོར་གྱིས་གཏེར་ཁ་ཕྱུག་པའི་རི་བོའི་ཕྱོགས་ལ་ཤར་བསྐྱོད་བྱེད་པ་དང་། དེ་རྗེས་རྒྱ་རིགས་ལས་བྱེད་རྣམས་སྒྲོ་ལོར་ཐེར་འབུམ་གྱི་རིན་ཐང་ཅན་གྱི་གཏེར་རྫས་གསེར་དང་ཟངས། ཡུ་རི་ནི་ཡམ་བཅས་བསྔོག་འདོན་བྱེད་དུ་འབྱོར། མཚན་ཐོག་ཐག་གཅིག་ལ་འགྱུར་བ་ཆེན་པོ་ཕྱིན། དེ་ཡང་ཡ་རབས་ཚུལ་མཐུན་གྱི་རྒྱ་རིགས་དེ་དག་གཉའ་གནོན་ལ་དགའ་བ་དང་དྲག་རྩུབ་ཅན་ཞིག་ཏུ་གྱུར། ཁོང་ཚོས་མེ་མདའ་བེད་སྤྱོད་བྱེད་སོང་། དེ་ནས་འཁྲུགས་པ་ལང་སོང་། འཆི་རྐྱེན་དང་ཉམས་ཆག་བྱུང་སོང་།
བོད་ནང་དུ་མུ་མཐུད་སྤེལ་བཞིན་པའི་ཆབ་སྲིད་གཉའ་གནོན་དང་། རིག་གཞུང་མཉམ་སྲེས། དཔལ་འབྱོར་ཧེ་བག ཁོར་ཡུག་གཏོར་བཤིག་གི་ལས་འགུལ་བཅས་ལ་ངོས་ལེན་བྱ་ཐབས་མེད། རྒྱ་ནག་གི་རྒྱལ་ས་སྦེ་ཅིང་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་བསྐྲུན་པའི་མེ་འཁོར་ལྕགས་ལམ་གསར་པ་དེས་ང་ཚོའི་རང་བྱུང་གཏེར་རྫས་ཁག་བསྔོག་འདོན་བྱེད་ཆས་འཕྲུལ་ཆ་མང་དག་ཅིག་འཁྱེར་ཡོང་བ་མ་ཟད། རྒྱ་རིགས་ལས་བཟོ་བ་མང་དག་ཅིག་འདྲེན་པའི་རྐྱེན་གྱིས་བོད་ཀྱི་ས་ཁུལ་ཁག་རྒྱ་ཡུལ་དུ་འགྱུར་བའི་འགོ་ཚུགས་བཞིན་འདུག དེང་དུས་བོད་ནང་དུ་སྒེར་གཉེར་ཚོང་ལས་ཁག་བརྒྱ་ཆ་བདུན་ཅུ་ནི་རྒྱ་རིགས་ལ་དབང་བའམ་ཁོང་ཚོས་བཟུང་ཡོད་ཅིང་། གཞུང་གི་ལས་བྱེད་བརྒྱ་ཆ་ལྔ་བཅུ་བརྒལ་བ་ནི་རྒྱ་རིགས་ཡིན་པ་དང་། བོད་རིགས་མཐོ་སློབ་དང་འབྲིང་རིམ་སློབ་ཐོན་པ་ཆ་སྙོམས་བརྒྱ་ཆ་བཞི་བཅུ་བརྒལ་བ་ནི་ལས་མེད་ཡིན། བོད་འདི་ཁོང་ཚོའི་ཕ་གཞིས་རུ་ངོས་འཛིན་བྱེད་བཞིན་པའི་རྒྱ་རིགས་ལས་བྱེད་དེ་དག་གི་དུས་ཕྱིས་ཀྱི་ཞིང་བྲན་གྱི་བྱ་སྤྱོད་ལྟ་བུ་དེས་གོང་གི་དཀའ་ངལ་དེ་དག་ཉེན་ཚབས་ཇེ་ཆེར་གཏོང་བཞིན་འདུག
ལོ་འདིའི་འགོ་སྟོད་ལ་རྒྱ་རིགས་ལས་བྱེད་འགའ་ཤས་རྒྱལ་ས་ལྷ་ས་ནང་དུ་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བའི་མཛད་སྒོར་སླེབས་ཡོད། འོན་ཀྱང་། དོན་དངོས་བཤད་ན། མཛད་སྒོ་འདི་ནི་དྲག་གནོན་ཁྲིམས་ཀྱི་འོག་ནས་སྤེལ་བ་ཞིག་ཡིན། དམག་མི་རྣམས་ཀྱིས་ལྷ་སའི་སྲང་ལམ་དུ་རང་འབར་མེ་མདའ་འཕྲུལ་འཁོར་འཁྱེར་ནས་རུ་སྒྲིག་གིས་ཡར་མར་བསྐྱོད་པ་མ་ཟད། བྱང་ཆུབ་པའི་མདའ་འཕེན་པ་རྣམས་ནི་ཁང་པའི་ཡང་ཐོག་གང་སར་སྡོད་ཡོད། མཛད་སྒོ་འདིའི་སྐབས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་འཛུལ་ཞུགས་བཀག་འགོག་བྱེད་ཡོད།
བོད་མིའི་ཆབ་སྲིད་དབུ་ཁྲིད་ཀྱིས་འཚེ་མེད་ལས་འགུལ་དང་གྲོས་མོལ་གྱི་ལམ་ནས་ཞི་འགྲིག་ཡོང་རྒྱུར་མུ་མཐུད་འགྱུར་མེད་ངང་གནས་ཡོད། ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་པའི་ལམ་དབུ་མའི་སྲིད་བྱུས་ལ་མུ་མཐུད་རྒྱུ་ཡིན། འདི་ནི་བོད་རིགས་དང་རྒྱ་རིགས་གཉིས་ཀ་ལ་རྒྱལ་ཁ་འབྱུང་བའི་གྲོས་གཞི་ཞིག་ཡིན།
སྤྱིར་རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་འགྱུར་འདོད་ཡོད། དེར་དམག་གི་སྟོབས་ཤུགས་ཀྱི་རྒྱབ་རྟེན་འོག་དཔལ་འབྱོར་ཡར་རྒྱས་མྱུར་པོར་བསྐྱོད་བཞིན་ཡོད། འོན་ཀྱང་། བློ་ཕམ་པ་ཞིག་ལ། དེར་ལུགས་མཐུན་གྱི་སྟོབས་ཤུགས་སམ། བཟང་སྤྱོད་ཀྱི་སྟོབས་ཤུགས་རྗེས་ལུས་སུ་གྱུར་ཡོད། བཟང་སྤྱོད་ཀྱི་སྟོབས་ཤུགས་ནི་ཁྲོམ་ནས་ཉོ་ཐུབ་རྒྱུ་མེད་ལ་དམག་གི་ནུས་པས་བཙན་དབང་འགེལ་མི་ཐུབ། དེ་ནི་དྲང་བདེན་གྱི་རྩོལ་བ་ལ་བརྟེན་ནས་ཐོབ་དགོས་པ་ཡིན།
ཇི་སྲིད་དུ་བོད་རིགས་རྣམས་རང་ཉིད་ཀྱི་ལུང་པའི་ནང་དུ་མི་རིགས་གཉིས་པ་ཞིག་ཏུ་འཇོག་པ་དེ་སྲིད་དུ་རྒྱ་ནག་གི་དབང་བསྒྱུར་ལ་ཡར་ལངས་འབྱུང་རྒྱུ་རེད། ཕྱོགས་གཞན་ནས་བཤད་ན། བོད་ཀྱི་གནད་དོན་སྐོར་ལ་རྒྱུན་གནས་ཀྱི་ཐག་གཅོད་ཞིག་འཚོལ་ཐུབ་ན་འཛམ་གླིང་མི་མང་གི་སྤྱན་སྔར་རྒྱ་ནག་གི་སྣང་བརྙན་ཡར་རྒྱས་ཡོང་རྒྱུ་མ་ཟད་དེའི་ས་ཁུལ་སྒང་པོ་སྲུང་སྐྱོབ་དང་དེའི་རང་སྐྱོང་དབང་ཚད་ལ་ཡང་རམ་འདེགས་འབྱུང་རྒྱུ་རེད།
ཞི་བའི་གྲོས་མོལ་ལ་བརྟེན་ནས་རྒྱ་ནག་ནང་ཁུལ་དུ་བོད་མིའི་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་ཐུབ། ཐབས་ལམ་འདིས་བོད་དང་རྒྱ་རིགས་གཉིས་ཀའི་འདོད་མོས་སྐོང་ཐུབ། འདི་ནི་བོད་མི་ཙམ་དུ་མ་ཟད་འཛམ་གླིང་མཐའ་འཁོར་གྱི་གྲངས་མང་མི་མང་ཡོངས་ཀྱི་རྒྱལ་ཁ་ཞིག་ཏུ་འགྱུར་རྒྱུ་རེད།
ནིའུ་ཡོག་དུས་བབས་དྲ་རྒྱ་ནང་དུ་ ༢༠༡༡་༠༨་༡༦ ཉིན་སྤེལ།
ཕབ་བསྒྱུར་བ་བྱམས་པ་ཆོས་དབང་གིས་ ༢༠༡༡་༠༨་༢༢ ཉིན་བསྒྱུར།
ཕབ་བསྒྱུར་བས། ཁོ་བོས་གོང་གི་རྩོམ་ཡིག་དེ་ཕ་ཡུལ་དྲ་རྒྱ་སྟེང་མཐོང་མ་ཐག་ཆུ་ཚོད་གཅིག་ནང་ཚུད་ལ་བྲེལ་བའི་ངང་ཕབ་བསྒྱུར་བྱེད་པ་ཡིན་པས་སྒྱུར་ནོར་བྱུང་ཡོད་ཚེ་དགོངས་བསལ་ཞུ།

འགྱུར་རྩོམ།

Post navigation

Previous Post: ལ་དྭགས་བློ་བཟང་འཇམ་དཔལ་གྱི་གསུང་ལན།
Next Post: མཛེས་མ་སྒྲོལ་མ་འདྲ་བོ་ཁྱེད་ཡིན། དུམ་བུ་བཞི་བ།

Comments (15) on “འཆར་སྣང་གི་ལྷ་ཡུལ་སྤྱི་ཚོགས།”

  1. སྟག་གསོད་འབྲོང་འདུལ་ says:
    2011-08-22 at 3:57 am

    བློ་གྲོས་དང་སྤོབས་པ་ལང་ཚོ་ཀུན་འཛོམས་ཀྱི་སྲིད་སྐྱོང་མཆོག་རྒྱལ་གྱུར་ཅིག   བོད་མི་རིགས་ཀྱིས་ངོམ་རིན་ཡོད་པའི་སྲིད་སྐྱོང་བ་མཆོག་གི་བཞེད་དོན་ལྷུན་གྲུབ་ཡོང་བར་སྨོན།   གུས་འབངས་རྣམས་ཀྱིས་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གུས་བརྩི་ཞུ།   ཅི་གསུང་བཀའ་བཞིན་བསྒྲུབ་ངེས་ལགས།

  2. བཀྲ་ཤིས། says:
    2011-08-22 at 4:00 am

    ཕབ་བསྒྱུར་པ་དེས་འོས་ཤོབ་བཤད་པ་མིན་ན་དུས་ཡུན་ཚོད་གཅིག་ནང་སྒྱུར་བ་དེས་དོ་བདག་རྩོམ་པ་པོར་བཀའ་འཁྲོལ་མ་ཞུས་པར་བར་རང་འགར་བསྒྱུར་བ་ཞིག་རེད་འདུག ད་ལན་གྱི་རྩོམ་པ་པོ་ནི་ཁྲིམས་ཐོག་མཁས་དབང་མིང་འཛིན་པ་ཞིག་ཡིན་པས་རྩོམ་པ་པོའི་བཀའ་འཁྲོལ་མེད་པར་གཞན་གྱིས་བསྒྱུར་བཟོ་བྱས་པ་ནི་ཁྲིམས་འགལ་ཞིག་མ་ཡིན་ནམ། བྱམས་པ་ཆོས་དབང་ལ་ཁྲིམས་ཐོག་ནས་ཉེས་པ་ཕོག་རྒྱུ་མེད་དམ།

    བཀའ་ཁྲི་ལགས། ང་ཚོའི་སྤྱི་ཚཽགས་ནང་རྩོམ་པ་པོའི་བཀའ་འཁྲོལ་མེད་པར་རྩོམ་ཡིག་བསྒྱུར་མཁན་མི་ཉུང་བ་ཞིག་འདུག་པ་དེ་ཚོའི་སྤྱོད་ཚུལ་འགྲིག་པ་ཞིག་རེད་དམ། དེ་ལ་ཁྲིམས་ལུགས་བཞིན་བསྐྱོད་དགོས་གལ་ཆེར་མི་མཐོང་ངམ།

  3. བཀྲ་ཤིས། says:
    2011-08-22 at 4:00 am

    ཕབ་བསྒྱུར་པ་དེས་འོས་ཤོབ་བཤད་པ་མིན་ན་དུས་ཡུན་ཚོད་གཅིག་ནང་སྒྱུར་བ་དེས་དོ་བདག་རྩོམ་པ་པོར་བཀའ་འཁྲོལ་མ་ཞུས་པར་བར་རང་འགར་བསྒྱུར་བ་ཞིག་རེད་འདུག ད་ལན་གྱི་རྩོམ་པ་པོ་ནི་ཁྲིམས་ཐོག་མཁས་དབང་མིང་འཛིན་པ་ཞིག་ཡིན་པས་རྩོམ་པ་པོའི་བཀའ་འཁྲོལ་མེད་པར་གཞན་གྱིས་བསྒྱུར་བཟོ་བྱས་པ་ནི་ཁྲིམས་འགལ་ཞིག་མ་ཡིན་ནམ། བྱམས་པ་ཆོས་དབང་ལ་ཁྲིམས་ཐོག་ནས་ཉེས་པ་ཕོག་རྒྱུ་མེད་དམ།

    བཀའ་ཁྲི་ལགས། ང་ཚོའི་སྤྱི་ཚཽགས་ནང་རྩོམ་པ་པོའི་བཀའ་འཁྲོལ་མེད་པར་རྩོམ་ཡིག་བསྒྱུར་མཁན་མི་ཉུང་བ་ཞིག་འདུག་པ་དེ་ཚོའི་སྤྱོད་ཚུལ་འགྲིག་པ་ཞིག་རེད་དམ། དེ་ལ་ཁྲིམས་ལུགས་བཞིན་བསྐྱོད་དགོས་གལ་ཆེར་མི་མཐོང་ངམ།

  4. འདྲེ་མགོ་རྡོ། says:
    2011-08-22 at 4:03 am

    སྐུ་ཞབས་བློ་སེང་ལགས། ད་ནི་ཁྱེད་རང་བོད་ཀྱི་སྲིད་སྐྱོང་བ་ཡིན་པས། རྩོམ་ཡིག་ཅིག་འབྲི་ནའང་། བོད་ཀྱི་གཟི་ཉམས་མཚོན་ཐུབ་པ་ཞིག་འབྲི་རྒྱུར་ཐུགས་བསམ་བཞེས་དགོས་ཀྱི་རེད།

    གོང་གི་རྩོམ་ཡིག་འདིའི་ནང་དུའང། འགོ་བཙུགས་མ་ཐག༼ ལོ་ངོ་གསུམ་གྱི་ཡར་སྔོན་ལ་བོད་ཀྱི་རྒྱལ་ས་ལྷ་ས་ནས་མཐའ་མཚམས་ལི་ཐང་བར་གྱི་བོད་རིགས་ཡོངས་རྫོགས་ཀྱིས་བོད་ནང་དུ་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་ཡར་ལངས་བྱས་ཡོད།༽ཞེས་བྲིས་འདུག གལ་སྲིད་ཁྱེད་ཀྱིས་ངོ་རྒོལ་འདི་ས་བྱི་ཞི་རྒོལ་ཆེན་མོ་ཟེར་གྱི་ཡོད་ན། དེའི་ས་མཚམས་གཅོད་ཕྱོགས་དང་། ཞི་རྒོལ་མཆེད་སྟངས་དེ་འདྲ་ཞིག་ཡིན་མིན་བསྐྱར་དུ་ཞིབ་འཇུག་བྱེད་དགོས་ཀྱི་འདུག

    ངས་ནི་རེ་བ་ཆེན་པོས་རྩོམ་འདིའི་འགོ་ལྟོས་མ་ཐག འདི་འདྲའི་འགལ་འདུ་དང་རབ་རིབ་མང་དག་ཅིག་མཐོང་སོང་བས། རྩོམ་ཡིག་གི་དངོས་གཞི་༧གོང་ས་མཆོག་གི་དགོངས་གཞི་དམར་དྲངས་བྱས་འདུག་པ་རྣམས་ཀྱང་མིག་བཤེར་ཙམ་གྱིས་བཀླགས་པ་ཡིན། ད་དུང་བོད་ནང་དུ་རྒྱ་དམག་སླེབས་དུས་དེའང་བསྐྱར་ལྟ་ཞིག་བྱེད་དགོས་ཀྱི་མེད་འགྲོ།

    གང་ལྟར་ཁྱེད་ཀྱི་རྩོམ་ཡིག་འདི་ལས་ཁྱེད་ཀྱི་རྩ་དོན་གསུམ་གྱི་མདངས་འདྲ་ཅང་མཐོང་མ་སོང་ལགས། དེ་སུས་གཟིགས་ན་ཁོང་ལ་སྙན་གསེང་ཞུ་རོགས་གནོང་།

  5. བཙན་བྱོལ་བ་ says:
    2011-08-22 at 6:24 am

    སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་མ་འོངས་ལས་འཆར་ལམ་ལྷོང་ཡོང་བར་དུས་རྟག་ཏུ་སྨོན་བཞིན་ཡོད། ཁོང་གིས་རྩོམ་ཡིག་འདིའི་ནང་དུ་མ་འོངས་བོད་གཞུང་གི་རྩོ་དོན་ཐབས་ལམ་དེ་ཡང་ཞི་བའི་གྲོས་མོལ་དང་འཚེ་བ་མེད་པ། དེ་བཞིན་དབུ་མའི་ལམ་བཅས་ཡིན་པ་གསལ་སྟོན་བྱེད་འདུག འདིས་མང་པོ་ཞིག་གི་དོགས་པ་རྣམ་རྟོག་དེ་ཡང་བསལ་འདུག་སྙམ། རྩོམ་ཡིག་འདི་ནི་གཙོ་བོ་ཨ་རི་གནས་སྡོད་ཀྱི་ཡུལ་མི་ཁག་ལ་དམིགས་པ་ཞིག་ཡིན་འདུག་ཅིང་། དམིགས་བསལ་གྱི་ནང་དོན་ཁྱད་པར་ཆེར་མིན་འདུག ཨ་རིའི་རྒྱབ་སྐྱོར་འཐོབ་བྱེད་ཅིག་ཀྱང་ཡིན་འདུག

    དེ་བཞིན་དུ། རྩོམ་ཡིག་འདི་ནི་གཙོ་བོ་ཉེ་འཆར་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་དེ་འཛམ་གླིང་མི་མང་ལ་འགྲེལ་བཤད་རྒྱག་རྒྱུའི་ཆེད་དུ་ཡང་རེད་འདུག་པས་ངོ་མ་སྐབས་དང་མཚམས་པ་ཞིག་ཏུ་མཐོང་། ཡག་པོ་རེད། བོད་ཀྱི་དངོས་ཡོད་གནས་སྟངས་དང་འབྲེལ་བའི་རྩོམ་ཡིག་མང་ཙམ་རྒྱལ་སྤྱིའི་གསར་འགྱུར་དྲ་རྒྱ་ཁག་ལ་སྤེལ་ཐུབ་ན་དགེ་མཚན་ཆེ། སྲིད་སྐྱོང་ཁྱེད་ནི་སྔར་གྱི་བློ་བཟང་སེང་གེ་དེ་མ་ཡིན་པར་ད་ནི་བོད་ཀྱི་དབུ་ཁྲིད་གྱུར་ཟིན་པས་རང་བཞིན་གྱིས་དོ་སྣང་ཆེ་རུ་སླེབས་ངེས་རེད།

    དམངས་གཙོའི་རྒྱལ་ཁབ་ཀྱི་འགྲོ་སྟངས་ལྟར་འགའ་ཞིག་གིས་སྐྱོན་བརྗོད་བྱེད་ཀྱི་རེད་ལ། ཡང་འགའ་ཞིག་གིས་བསྟོད་ར་ཡང་གཏོང་ངེས་རེད། འདི་ནི་རང་དབང་དང་དམངས་གཙོ་ཡོད་པའི་ཁེ་ཕན་དང་རྟགས་མཚན་རེད།

  6. རྨ says:
    2011-08-22 at 8:45 am

    ་ལི་ཐང་མཐའ་མཚམས་མ་རེད །

  7. ལྷ་མོ་སྐྱབས says:
    2011-08-22 at 8:58 am

    ཆར་བ་ཆུ་གྲོགས་སུ་འགྱུར་མིན་ཇི་ལྟར་ཡང་ ཆར་ལྷ་་ཞིག་གི་ཚུལ་དུ་དུས་ཐོག་ཆར་བ་འབེབས་དགོས། རབ་ཡིན་ན་སྲིད་སྐྱོང་ཁྲི་པ་རང་གི་ལྗགས་རྩོམ་རིགས་དུས་ལྟར་སྒྱུར་ན་ཆོག་པའམ་སྒྱུར་མཁན་གྱི་ལོ་ཙཱ་བ་གཅིག་གཉིས་ཤིག་ཆེད་འཛུགས་གནང་ན་བཟང།
    རྩོམ་ཡིག་འདི་དང་ཉེ་ཆར་གྱི་གསུང་བཤད་དག་གི་གཞི་རྩའི་དགོངས་ཕྱོགས་དབུ་མའི་ལམ་རང་ཡིན་པས་དགའ་བོ་བྱུང། རྒྱབ་སྐྱོར་ཡོད།

  8. གཙང་པོ། says:
    2011-08-22 at 10:22 am

    སྲིད་སྐྱོང་ལགས་ལ་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག། རྩོམ་ཡིག་འདི་ཕབས་སྒྱུར་མཁན་དང་རྩོམ་པ་པོ་སུའི་སྐྱོན་ཡིན་མི་ཤེས། གང་ལྟར་ཀློག་སྤྲོ་བ་ཞིག་གཏན་ནས་མི་འདུག།
    (ལྷ་ས་ནང་དུ་རེད་དམ། ལྷ་སའི་ནང་དུ་རེད་་་་་་་དེ་འདྲ་མང་པོ་འདུག།
    རྗེས་སུ་ཐུགས་གཟབ་གནང་རོགས། གལ་ཏེ་ཡག་པོ་ཤེས་ཀྱི་མེད་ན་མཚོན་ངན་ཤུབས་ནས་མ་བཏོན་རོགས།

  9. རུ་ཤུལ‚ཆོས་འགྲུབ་ says:
    2011-08-22 at 11:26 am

    སྐུ་ཞབས་ལྷ་མོ་སྐྱབས་ཀྱི་གསུངས་པ་ཤིན་ཏུ་མད། ཕྱིན་ཆད་རྩོམ་ཡིག་ཅི་ཞིག་སྤེལ་ཀྱང་སྒྱུར་མཁན་གྱི་ལོ་ཙཱ་བ་གཏན་ཁེལ་བྱུང་ན་ཧ་ཅང་བཟང་བར་སེམས།

  10. བཙན་བྱོལ་བ་ says:
    2011-08-22 at 12:09 pm

    ཁོ་བོས་བསམ་ན་བཀའ་ཁྲི་ཞིག་ལ་མཚོན་ན་ཁོང་གི་རྩོམ་ཡིན་ཚད་ལ་ངེས་པར་དུ་བོད་ཡིག་ལ་འགྱུར་མཁན་གྱི་ལོ་ཙཱ་བ་ཞིག་དགོས་པའི་ངེས་པ་མེད། གང་ཡིན་ཟེར་ན། སྤྱིར་ད་ལྟ་རྩོམ་ཡིག་འདི་ནི་ཨ་རི་ནིའུ་ཡོག་དྲ་ཚིག་ཏུ་སྤེལ་བ་ཞིག་ཡིན་པས་སྐབས་དང་དུས་མི་འདྲ་ཤེས་དགོས་པ་ཡིན། ཨ་རི་བ་རྣམས་བོད་སྐད་ཤེས་ཀྱི་ཡོད་ན་གནས་ཚུལ་ཐ་དད་རེད།

  11. མིག་བརྒྱད་པ། says:
    2011-08-22 at 1:55 pm

    སྲིད་སྐྱོང་བ་མཆོག་གིས་སྤྱི་བྱེའི་གནས་ཚུལ་ལ་གཟིགས་རྒྱ་ཡངས་བ་དང་ད་དུང་དབུ་མའི་ལམ་གྱི་ཐོག་ལ་སྔར་ལས་རྣམ་པ་གསར་བ་དང་ཐབས་ཇུས་གང་མང་འདོན་དགོས་པ་ནི་གལ་ཆེ། ནམ་ཞིག་གོང་ས་མཆོག་བོད་ལ་ཕེབས་ཐུབ་པ་བྱུང་བ་ཡིན་ན་བོད་རྒྱའི་བར་གྱི་དཀའ་རྙོག་མང་པོ་ཞིག་རང་ཤུགས་ཀྱིས་སེལ་ཐུབ་པར་སྙམ། དེའི་ཐོག་ལ་རིགས་པ་གསར་བ་དང་ནུས་པ་འདོན་ཐུབ་མིན་སྐུ་ཉིད་ཀྱི་བཀའ་མོལ་གནང་སྟངས་ལ་རག་ལས།

  12. གངས་སྦལ། says:
    2011-08-22 at 3:35 pm

    བསྒྱུར་ནོ་དངོས་གནས་མི་བཟང་གི རྗེས་མ་ཡིག་བསྒྱུར་གྱི་ལས་ཀར་འཇུག་དུས་དང་ལྷག་པར་དུ་བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལྟ་བུའི་ཆེན་པོར་འོས་པའི་མི་སྣ་དག་གི་རྩོམ་ཡིག་བསྒྱུར་དུས་སྤྱི་ཚོགས་ཀྱི་རྒྱུན་ཤེས་ཅུང་ཙམ་ཡོད་པར་བྱོས་ཨང། དེ་མིན་དངོས་གནས་རྫོབ་པོ་ཞིག་རེད།

  13. སྟོབས་ says:
    2011-08-23 at 11:51 am

    དེ་རིང་ནས་འདྲེ་མགོ་རྡོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་མ་འོངས་ཆབ་སྲིད་སློབ་བསྟོན་པ་བྱས་ན་་་ལགས་ལེན་མ་ཡིན་པར་ཁ་བཤད་ཆེད་ ་་་་་་་་་

  14. བཙན་བྱོལ་བ་ says:
    2011-08-23 at 3:28 pm

    ཁོ་བོ་ནི་ད་དུང་གོ་རྟོགས་མ་ཐུབ་པར་ལུས་པ་ནི་བློ་བཟང་སེང་གེ་དང་འབྲེལ་བའི་རྩོམ་གང་ཐོན་པ་ཡིན་ན་ཡང་། ཡང་མིན་ན་བོད་རྩོམ་གྱི་ཉམས་མིན་འདུག་ཟེར་བ་དང་། ཡང་མིན་ན་དམིགས་ཆེན་པོ་གསུམ་དང་འབྲེལ་བ་མིན་འདུག་ཟེར་བ་དང་། ཡང་མིན་ན་བོད་ཡིག་རྩོམ་ཤེས་ཀྱི་མིན་འདུག་ཟེར་བ་དང་། ཡང་མིན་ན་དེའི་བསྒྱུར་སྟངས་འགྲིག་མིན་འདུག་ཟེར་བ་དང་། ཡང་མིན་ན་དམིགས་བསལ་གྱི་ལོ་ཙཱ་བ་དགོས་ཀྱི་འདུག་ཟེར་བ་སོགས་མདོར་ན་ལག་པ་འཆང་ས་གང་རག་གིས་ཁོང་ལ་སྐྱོན་བརྗོད་མཁན་ཤ་སྟག་རེད་འདུག རྒྱུ་མཚན་གང་ཡིན་ད་དུང་ཡང་ཆ་མ་རྟོགས་མ་ཐུབ་པར་ལུས་ཡོད། གཅིག་བྱས་ན་ཁོང་ལ་འགྲམ་ཆུ་ལྡང་བ་ཡིན་གྱི་རེད། གཅིག་བྱས་ན་ཁོའི་ཤེས་ཚད་དང་ལྡན་མཁན་གཅིག་མཆན་འདེབས་མཁན་དེ་དག་གི་ཁྲོད་ན་མེད་པས་ཡིན་གྱི་རེད། གང་ལྟར་གང་ཡིན་མི་ཤེས། སྤྱིར་བཏང་སྐྱོན་བརྗོད་བརྗོད་པ་ནི་དམངས་གཙོའི་ཁེ་ཕན་དང་ཐོབ་ཐང་རེད། འོན་ཀྱང་། ལག་པ་འཆང་ས་གང་རག་ལ་སྐྱོན་བརྗོད་བྱེད་ན་ཨེ་འགྲིག་ན།

  15. བོད་པ། says:
    2011-08-24 at 1:20 pm

    རྒན་ལྷ་མོ་སྐྱབས་ཀྱིས་གསུངས་པ་ལྟར་མཁས་དབང་སྲིད་སྐྱོངས་བློ་བཟང་སེངྒེ་མཆོག་ལ་ཞུ་རྒྱུ་ཁྱེད་དབྱིན་ཇིའི་ཐོག་ལ་བྲིས་པའི་རྩོམ་ཡིག་རྣམས་བོད་བསྒྱུར་བྱ་མཁན་གྱི་ཆེད་ལས་པ་གཉིས་ཙམ་ཟུར་འཛུགས་གནང་ན་གང་འདྲ་འདུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་མ་གཞི་ཁྱེད་ལ་བོད་ཡིག་གནས་ཚད་མཐོ་བའི་བོད་དྲུང་ཚད་ལྡན་ཞིག་དགོས་བར་སྙམ་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme