Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འགྲུལ་བསྐྱོད་ཤུགས་ཆེ་གནང་མཁན་ཚོ་ཤར་ཕྱོགས་གནམ་ཐང་ཁག་ཏུ་གཟབ་དགོས།

Posted on 2009-07-092009-07-09 By དགེ་རབ་ 6 Comments on འགྲུལ་བསྐྱོད་ཤུགས་ཆེ་གནང་མཁན་ཚོ་ཤར་ཕྱོགས་གནམ་ཐང་ཁག་ཏུ་གཟབ་དགོས།

པདྨ་ཚེ་དབང་ཤཱསྟྲི།

ཕྲན་གྱི་ངོ་ཤེས་གནམ་གྲུའི་ཞབས་ཞུ་བ་ཞིག་བརྒྱུད་གནས་ཚུལ་ཁུངས་ལྡན་ཐོས་གསལ་ལྟར་ན། ཉེ་ཆར་བྷེང་ཀོཀ་རྒྱལ་སྤྱིའི་གནམ་ཐང་གི་ཁྲལ་ཆག་ཚོང་ཁང་ཞིག་ནས་ཐ་མག་བརྐུས་པའི་ནག་ཉེས་ཕོག་སྟེ་རྒྱ་གར་བ་ཞིག་བཀག་ཉར་བྱས་འདུག རྒྱ་གར་བ་དེས་ཐ་མག་ཤོག་སྒམ་གཅིག་དང་། ཅོགལེཊི་སྒམ་གཅིག་ཉོས་ཏེ་རིན་པ་སྤྲད་ཡོད་ཀྱང་། དངུལ་ལེན་མཁན་གྱི་མི་དེས་ཐ་མག་སྒམ་ཤོག་ཐོལ་པ་ཞིག་འགྲུལ་པ་དེའི་ཉོ་ཆའི་མཉམ་དུ་བླུགས་པས་འགྲུལ་པ་དེའི་བསམ་པར་ཤོག་སྒམ་དེ་རིན་མེད་དུ་སྤྲད་པ་རེད་སྙམས། འོན་ཀྱང་སྟབས་ཉེས་པ་ཞིག་ལ། ཐའི་ལེཎཌའི་ཉེན་རྟོག་པས་ཁོ་པ་ཚོང་ཁང་ནས་རྐུན་མ་བརྐུས་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཏེ་མཚན་གཉིས་རིང་བཙོན་ཁང་དུ་ཉར་པ་མ་ཟད། ཐའི་སྒོར་ཆིག་ཁྲི་གསུམ་སྟོང་གློད་གྲོལ་གྱི་ཆེད་དུ་སྤྲོད་དགོས་པའང་བྱུང་འདུག ཐའི་སྒོར་༥༠༠ གྲང་གློག་ཅན་གྱི་ཁང་ཆུང་དུ་ཉར་གླ་དང་། ཐའི་སྒོར་༡༡༠༠༠ བཀག་ཉར་ཁང་ནས་གློད་གྲོལ་བཏང་གླ། དེའི་སྟེང་དུ་ཁོ་པ་ཁྲིམས་ཁང་དུ་འཁྲིད་པས་ཁྲིམས་དཔོན་གྱིས་ཉེས་ཅན་དུ་ངོས་འཛིན་བྱས་ཏེ་ཉེས་ཆད་ཐའི་སྒོར་༢༠༠༠ བསྒྲུབ་དགོས་པ་བྱུང་བའི་ཁར་ལག་ལྕགས་བརྒྱབ་སྟེ་གནམ་གྲུའི་ནང་དུ་བསྐྱལ། ཁོ་པའི་ཐོངས་མཆན་ལག་འཁྱེར་གྱི་སྟེང་དུ་རྐུན་མ་ཞེས་ཐེལ་རྩེ་བརྒྱབ་ཡོད། ཁོ་པའི་ཉེ་འབྲེལ་ཚོས་ཐའི་ལེཎཌ་རུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་དུ་བཅར་ཏེ་རོགས་སྐྱོར་ཞུས་ཀྱང་གཞུང་ཚབ་ཁང་ནས་རོགས་པ་གང་ཡང་བྱེད་ཐུབ་པ་མེད་ཚུལ་བརྗོད་འདུག
འགྲུལ་པ་དེའི་ལག་ནས་བླངས་པའི་དངུལ་འབོར་དེ་དག་འགྲུལ་པ་རང་ཉིད་ཀྱི་མདུན་དུ་ཉེན་རྟོག་པས་ནང་ཁུལ་བགོ་འགྲེམས་ཀྱང་བྱས་ཚུལ་འདུག
ཤར་ཕྱོགས་པའི་འགྲུལ་པ་དུ་མ་ཞིག་ལ་འདི་འདྲའི་དཀལ་ངལ་ཧ་ལམ་ཉིན་ལྟར་འཕྲད་ཀྱི་ཡོད་སྐོར་ཐའི་ལེཎཌའི་དཔོན་རིགས་ཚོར་སྙན་སེང་ཞུས་ཀྱང་སྣང་མེད་དུ་འཇོག་གི་ཡོད་ཚུལ་འདུག གོང་གསལ་རྒྱ་གར་བ་དེས་མཚན་གཅིག་སིང་གྷ་པུར་ནས་ཡིན་པའི་མི་ཞིག་དང་། མཚན་གཅིག་མཱལེ་ཤི་ཡ་ནས་ཡིན་པའི་མི་ཞིག་དང་མཉམ་དུ་བཀག་ཉར་ཁང་དུ་བསྡད། སིང་གྷ་པུར་ནས་ཡིན་པ་དེས་ཐའི་སྒོར་ཁྲི་དྲུག་དང་། མཱལེ་ཤི་ཡ་ནས་ཡིན་པ་དེས་ཐའི་སྒོར་ཁྲི་བདུན་རང་རང་གློད་གྲོལ་གྱི་ཆེད་དུ་སྤྲོད་དགོས་པ་བྱུང་འདུག གོང་གསལ་གནས་ཚུལ་འདི་དག་དངོས་འབྲེལ་ཡིན་པ་སྐུ་ཞབས་རཱཇན། ཁེརའི་ཚོང་ཤག་རྒྱ་གར་ནས་ཡིན་པ་ཞིག་ལའང་དཀའ་ངལ་དེ་དང་གཅིག་མཚུངས་བྷེང་ཀོཀ་གནམ་ཐང་དུ་འཕྲད་འདུག
ཡང་འགྲུལ་པ་གཞན་ཞིག་ལ་དཀའ་རྙོག་འདི་དང་འདྲ་མཚུངས་ཞིག་ཌུབྷཡི་གནམ་ཐང་དུ་བྱུང་འདུག་ འགྲུལ་པ་དེས་ཁྲལ་ཆག་དངོས་རྗས་འགའ་ཤས་ཉོས་སྐབས་དངུལ་ལེན་མཁན་གྱི་བུ་མོ་དེས་ཨ་རག་ཤེལ་དམ་གཅིག་འགྲུལ་པ་དེས་མ་ཚོར་བ་བྱས་ཏེ་ཁོ་པའི་ཤོག་ཕད་ཀྱི་ནང་དུ་བླུགས། ཁོ་པ་དེ་མ་ཐག་ཏུ་ཉེན་རྟོག་པས་རྐུན་པ་བརྐུས་པའི་ནག་ཉེས་འོག་འཇུ་བཟུང་བྱས་ཏེ་ཉིན་གང་པོར་ཁ་ལག་དང་ཆུ་མེད་པར་བཀག་ཉར་བྱས་འདུག འགྲུལ་པ་དེས་ཉེན་རྟོག་པར་ཨ་སྒོར་ལྔ་བརྒྱའི་ལྐོག་རྔན་སྤྲད་པས་གཞི་ནས་ཁོ་པ་གློད་གྲོལ་བཏང་པ་བྱུང་འདུག གནས་ཚུལ་འདི་རིགས་འཆར་གཞི་ལྡན་པའི་སྒོ་ནས་ངན་པ་ལག་སྦྲེལ་གྱིས་འགྲུལ་པ་བསླུ་ཐབས་དང་། མགོ་བསྐོར་གཏོང་གི་ཡོད་ཚོད་འདུག དེས་ན་རང་རིགས་འགྲུལ་སྐྱོད་མང་པོ་གནང་མཁན་ཚོས་ཤར་ཕྱོགས་རྒྱལ་སྤྱིའི་གནམ་ཐང་ཁག་ཏུ་ཁྲལ་ཆག་ཉོ་ཆ་སྐྱོན་སྐབས་གཟབ་གཟབ་གནང་དགོས་པ་གལ་ཆེར་མངོན།

རྩོམ་རིག

Post navigation

Previous Post: བཀའ་ཁྲིའི་འོས་གཞི་ཁག་ཅིག་འདོན་སྤེལ་གནང་འདུག་
Next Post: ཡེ་མེན་རྒྱལ་ཁབ་ཀྱི་ཡ་ང་བའི་སྲོག་ཁྲིམས་གཅོད་སྟངས་འདྲ་པར་ཁག་ཅིག་ལ་གཟིགས་དང་།

Comments (6) on “འགྲུལ་བསྐྱོད་ཤུགས་ཆེ་གནང་མཁན་ཚོ་ཤར་ཕྱོགས་གནམ་ཐང་ཁག་ཏུ་གཟབ་དགོས།”

  1. གཞོན་ནུ་ཟླ་མེད says:
    2009-07-09 at 6:28 pm

    དུས་ལྟར་གསར་འགྱུར་སྤེལ་བ་ཐུགས་རྗེ་ཆེ་པད་མ་ཚེ་དབང་ལ།།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-07-09 at 7:23 pm

    གནས་ཚུལ་དངོས་ནས་ཚབ་ཆེན་ཞིག་རེད། ལྷག་པར་ཏུ་འགྲུལ་བཞུད་ལ་དགའ་མཁན་དག་ལ་དངོས་ནས་ཕན་ངེས་ཤིག་རེད། ཡིན་ཡང་། དེའི་རིགས་ཀྱིས་ཕལ་ཆེར་བོད་ཡིག་གི་དྲ་རྒྱ་འདི་དག་ལ་རྒྱུས་མངའ་ཡོད་མེད་ནི་ཐེ་ཚོམ་རེད།

  3. འཇའ་མཚོན་ཆུ་མིག says:
    2009-07-10 at 6:04 am

    གནས་ཚུལ་སྤེལ་བ་ཐུགས་རྗེ་ཆེ། ཤར་ཕྱོགས་རྒྱལ་ཁབ་གཅིག་པུའི་ནང་ཡིན་མི་སྲིད། འགྲུལ་བཞུད་བྱ་སྐབས་གང་སར་ལེགས་ཉེས་གཉིས་ཀ་ཡོད་སྲིད་པས། དངོས་གནས་དེའི་ཐད་གཟབ་གཟབ་བྱ་རྒྱུ་གལ་ཆེན་པོ་རེད་འདུག

  4. དུང་སྙུག says:
    2009-07-12 at 9:47 am

    པདྨ་ཚེ་དབང་ལགས་ཀྱིས་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་ཁྱབ་སྤེལ་གནང་བ་ནི། བསམ་ཤེས་མཁན་ཞིག་གི་ངོས་ནས་བརྗོད་ན། དགའ་འོས་པ་ཞིག་རེད། ངས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་བ་དང་མུ་འཐུད་གནས་ཚུལ་དེ་རིགས་མུ་མཐུད་སྤེལ་བར་རེ་སྒུག་བྱེད་རྒྱུ་ཡིན།
    བཀྲ་ཤིས་བདེ་ལེགས།

  5. ཀླུ་སྨྱོན། says:
    2009-07-12 at 12:39 pm

    ཐེངས་ཤིག་ཨ་རིའི་གནམ་ཐང་ཞིག་ནས་ངའི་ངོ་ཤེས་པ་ཞིག་གི་ཤོག་དངུལ་བླུགས་ཡོད་པའི་ཀོ་སྒམ་ནག་པོ་ཞིག་ཞིབ་བཤེར་བྱེད་ས་ནས་བརླགས་སོང་བས། ངེད་ཅག་གི་བསམས་པར་ཞིབ་བཤེར་བྱེད་མཁན་དག་གིས་རྐུས་པ་ཡིན་ཁོ་ན་བསམས། འདི་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ། ལོ་ཤས་སྔོན་ཉིག་ཡོར་གནམ་ཐང་ཡིན་ནམ་ཞིག་ནས་གནམ་ཐང་ལས་བྱེད་ངན་པ་ལག་སྦྲེལ་བྱས་ཏེ་དུག་རྫས་ལྐོག་འདྲེན་གྱི་ཉེས་དོན་ཚབས་ཆེན་ཞིག་རྩད་གཅོད་བྱུང་འདུག

  6. བྱ་རྒོད་རྒྱལ་པོ། says:
    2009-07-12 at 4:35 pm

    ཀླུ་སྨྱོན་གྱིས་དེང་སང་ཁྲིམས་འགལ་གྱི་དངུལ་ཚོང་རྒྱག་མཁན་དང་གྲོགས་པོ་སྒྲིག་གི་མེད་དམ། ཨ་ཙི་ཀུ་རེ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme