Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འགྲན་རྩོད་ཀྱི་ཕག་ན།

Posted on 2011-09-05 By ཁ་བརྡ་ 5 Comments on འགྲན་རྩོད་ཀྱི་ཕག་ན།

(ཀླུ་སྨྱོན་རྩོམ་རིིག་བྱ་དགའི་འགྲན་རྩོམ།)

སྨྲ་སྲུང་།

དེ་རིང་ནམ་མཁའ་དྭངས་ཤིང་ཉི་འོད་གསེར་མདོག་ཏུ་གྱུར་འདུག ཞོགས་པའི་མཁའ་དབུགས་བསིལ་མོའི་བདེ་སྣང་ལ་རོལ་བའི་མི་ཚོགས་རྣམས་རང་རང་གི་ལས་ལ་བྲེལ་ཞིང་ཡོད། “ཚགས་པར་གཟིགས” “ཚགས་པར་གཟིགས”སྐད་འདིས་མི་རྣམས་ཅི་ཞིག་དྲན་གསོ་བྱས་པ་དང་འདྲ་བར་ཚང་མ་སྦག་སྦག་ཆུང་ཆུང་དེའི་མཐའ་ལ་བསྐོར་བྱུང་། ཁང་མིག་ཆུང་ཆུང་ཞིག་གི་རབ་གསལ་མདུན་ལ་རྐུབ་སྟེགས་རྒྱབ་སྙེས་ཅན་ཞིག་ཞིག་གི་ཐོག་ཏུ་༸གོང་ས་མཆོག་གི་བཀའ་སློབ་(ཤེས་ཡོན་ལམ་སྟོན)་གྱི་དཔེ་དེབ་ཀློག་བཞིན་པའི་ཆོས་དག་གྱིས་དེབ་དེ་མདུན་གྱི་ཅོག་རྩེ་གྲུ་བཞི་དེའི་སྟེང་དུ་བཞག་ནས་ད་ལྟ་རང་ཉོས་པའི་(བོད་ཀྱི་དུས་བབ)་ཀྱི་མདུན་ཤོག་བཀླགས།ཐེངས་འདིའི་སྒྲུང་རྩོམ་འགྲན་བསྡུར་གྱི་ཁྲོད་ནས་རྩོམ་པ་པོ་ཆོས་དར་ལགས་ཀྱིས་བྲིས་པའི་(སྒྲོལ་མའི་རྨི་ལམ)་ལ་འགྲན་བསྡུར་ཡོངས་ཀྱི་ཨང་དང་པོ་ཐོབ་འདུག་པས་གསལ་བསྒྲགས་ནང་གསལ་བཞིན་གཟེངས་རྟགས་དང་བྱ་དགའ་འབུལ་རྒྱུ། ཆོས་དར་གྱིས་བསྐྱར་ཀློག་ཐེངས་གཅིག་བྱས་རྗེས་མཆོང་མ་ལྡིང་གིས་རྒྱུགས་ནས་གྲོགས་མཆེད་བཀྲ་དོན་གྱི་ཁང་སྒོ་དྲག་བརྡུང་བྱས། རྡུང་སྟངས་འདི་ནམ་རྒྱུན་གྱི་རྡུང་སྟངས་དང་གཏན་ནས་མི་འདྲ། འདི་ནི་དགའ་དྲགས་པའི་ཚོར་འདུ་་ཞིག་གིས་བསྐྲུན་པའི་བདེ་བ་ཞིག་གིས་ཡིན་མོད་རྡུང་བཞིན་རྡུང་བཞིན་དོགས་པའི་སྙིག་རོ་འགའ་སྙིང་གི་ས་གཞི་ལ་འཚང་ཁ་བརྒྱབ་བྱུང་། “ཆོས་དར། ཁོད་ཀྱིས་བོད་ཡིག་སློབ་ཚན་ལ་འགོ་མ་འཁོར་བར་དབྱིན་ཇི་ཡག་པོ་ཞིག་སྦྱོང་དང་ནམ་ཞིག་ཨ་རིའི་རྒྱལ་ས་སྒྲོ་ལ་ས་ཡ་གཅིག་གི་བདག་པོ་བྱས་ནས་འདུག་ཐུབ། བོད་ཡིག་གིས་ང་ཚོར་ཉིན་རེའི་ཁ་ལགས་ཀྱང་རེག་མི་ཐུབ་པའི་གནས་སུ་གྱུར་འདུག་གཱ་་ ད་དུང་བོད་ཡིག་སློབ་ཚན་ལ་སྦྱང་ནས། གླེན་པ་རང་རེད། ད་དུང་འདི་ལྟར་བྱས་ནས་བསྡད་ན་ཕ་མ་གཉིས་ཀྱི་རེ་བ་ཡང་འགྲུབ་ཐུབ་བམ་” ཁ་སང་བཀྲ་དོན་གྱི་སྐད་ཆ་རྣམས་དྲན་པས་སེམས་འཚབ་ཆུང་ཟད་སྐྱེས་མོད། འོན་ཀྱང་གློ་བུར་དགའ་ཚོར་དེས་མུ་མཐུད་ནས་སྒོ་རྡུང་དུ་བཅུག མལ་ཁྲི་མཐོ་ཚད་རན་པ་ཞིག་གི་སྟེང་དུ་གན་རྐྱལ་དུ་ལོག་ནས་དབྱིན་ཡིག་གིས་བྲིས་པའི་དེབ་ཆུང་ཞིག་ཀློག་བཞིན་པའི་བཀྲ་དོན་གྱིས་དེབ་ཆུང་དེ་དབྱིན་ཡིག་དང་ཧིན་ཡིག་གི་དེབ་རྐྱང་རྐྱང་སྤུང་བའི་མདུན་འཇོག་གི་སྟེང་དུ་གཡུག་ནས་སྒོ་ཕྱེ་བར་འོང་། “ཨ་ལེ་ ཆོས་དར་ལགས་ཡིན་ནམ་ ཡ་་་ནང་དུ་ཕེབས” ཞི་འཇམ་གྱི་དབྱངས་རྟ་སྙན་མོ་འདིས་ཁོའི་སེམས་ཁམས་ལ་ཞི་བདེའི་འོད་སྣང་གསར་བ་ཞིག་སྐྱེ་རུ་བཅུག་པར་མ་ཟད་སྔར་གྱི་སེམས་འཚབ་ཀྱི་རླུང་དམར་དང་དོགས་མི་བདེ་བའི་ཐལ་རྡུལ་ཚོགས་ཀྱང་རིམ་གྱིས་ཉམས་བཞིན་པའི་སྣང་བ་སྐྱེས། ཅུང་དོགས་མི་བདེ་བའི་ངང་གསར་འགྱུར་དེ་བཀྲ་དོན་གྱི་ལག་ཏུ་བཞག་ནས་”ཁྱེད་ཀྱིས་འདིར་གཟིགས་དང་གནས་ཚུལ་གསར་བ་ཞིག་འདུག” “གནས་ཚུལ་གསར་བ་ག་རེ་འདུག་གམ” ལག་པ་ཚུལ་བསྲིངས་ནས་ཚགས་ཤོག་དེ་རང་གི་མདུན་དུ་ཁྱེར། བཀྲ་དོན་གྱིས་གསལ་བསྒྲགས་ཞེས་པའི་ལེ་ཚན་དེ་བཀླགས་རྗེས་མ་རངས་པའི་རྣམ་འགྱུར་ཞིག་དང་སྦྲགས་ “ཁྱོད་ཀྱིས་བོད་ཡིག་གི་ལམ་ནས་སྒྲུང་རྩོམ་རེ་ཟུང་འབྲི་ཐུབ་པ་ལ་ངོ་སོ་གང་ཡང་ཡོད་པ་མ་རེད། དེས་ཁྱོད་ཀྱི་འོང་འབར་བའི་འདུན་ལམ་ལ་དྲོད་ཁོལ་སྟེར་མི་ཐུབ་ལ་དེང་རབས་བོད་ཀྱི་གཞོན་ནུ་ཚོའི་གྲལ་དུ་ཡང་ཚུད་མི་ཐུབ། རིན་ཐང་ཆེ་ལ་ཅི་བསམ་ལག་ཏུ་འགྲུབ་པའི་ཨ་སྒོར་ཡང་རེག་མི་ཐུབ་ལ་སྒྱུ་སྩལ་གྱི་བྱང་ཆ་ལྡན་པའི་དབྱིན་མོ་མཛེས་མ་ཚོའང་འགུགས་མི་ཐུབ། དེ་ལས་ཁྱོད་ཀྱིས་དབྱིན་ཡིག་ལ་སྦྱང་བརྩོན་ཡག་པོ་ཞིག་བྱོས་དང་ཀྱོད་རང་དབེ་ལྡན་ཞིང་གི་སྤུན་ཟླ་ཚོའི་གྲལ་དུ་ཚུད་ཐུབ་པ་ཡིན། དེང་སྐབས་འཛམ་གླིང་དུ་སྐད་གྲགས་ཡོད་པའི་ནང་བའི་ཆོས་ལ་སློབ་པའི་གྲྭ་བ་ཚོ་ཡང་བདུད་རྩི་་ལྟ་བུའི་ནང་རིག་གི་དཔེ་དེབ་ཁ་བརྒྱབས་ནས་དབྱིན་ཡིག་སློབ་གྲྭ་ག་གེ་མོ་ལ་སྐྱོད་བཞིན་མི་འདུག་གམ། འདི་ཡང་རྒྱུ་མཚན་མེད་པ་ག་ལ་ཡིན” ཚིག་འདི་དག་གཟུགས་མེད་ཀྱི་རལ་གྲི་རྣོན་པོ་ཞིག་དང་འདྲ་བར་ཆོས་དར་གྱི་སྙིང་ཁ་ཚལ་བར་བཤགས་ཤིང་སྡུག་བསྔལ་དང་ཁོང་ཁྲོའི་ཆར་སྤྲིན་ནག་པོ་ཞིག་འཁོན་སེམས་དང་སྡང་སེམས་གྱི་རླུང་གིས་སྐྱོད་བཞིན་སྙིང་གི་མཁའ་ལམ་དུ་འཁྲིགས་བྱུང་། “གྲོགས་པོ། ཁྱོད་ཀྱིས་ང་ལ་ལྡོག་ཕྱོགས་ཀྱི་བསླབ་བྱ་བརྒྱབ་མི་དགོས། ང་ཚོ་དངངས་སྐྲག་གི་རི་ལུང་མྱུར་བཞིན་ཅི་ཞིག་འཚོལ་དུ་ཕྱིན་པ་ཡིན། གཤིན་རྗེའི་ལས་མཁན་དང་འདྲ་བའི་སྐོར་སྲུང་བའི་མདུན་་ནས་བཙན་གྱིས་བརྒལ་ཏེ་ཕ་མ་དང་སྤུན་ཉེ། སྦྲ་ནག་དང་ཡུལ་ལྗོངས། འདི་དག་ལ་འཁྲེང་ཞེན་གྱི་མིག་མདའ་འཕེན་ཞོར་རྒུས་མེད་ཀྱི་ལམ་ཁར་བསྙེགས་པ་ཡང་བོད་གངས་ཅན་གྱི་ཐུན་མོང་མིན་པའི་རིག་གཞུང་སླར་གསོའི་ཆེད་མ་ཡིན་ནམ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸གོང་ས་མཆོག་གིས། བོད་ཡིག་བོད་པས་མ་སྦྱངས་ན་སུས་སྦྱང་། བོད་ཡིག་བོད་པའི་བདག་པོ་མ་བརྒྱབ་ན་སུས་རྒྱག དེར་རྟེན་ང་ཚོས་བོད་ཡིག་གཙོ་བོར་གྱུར་བའི་ཤེས་ཡོན་ལ་དང་དོད་དོ་སྣང་བྱེད་རྒྱུ་ཞེ་དྲག་གལ་ཆེན་པོ་རེད། ཅེས་གསུང་བ་མ་ཡིན་ནམ། འདི་དག་ལ་ཅི་མི་སྙམ་པར་རང་ཉིད་ལ་རྒྱུ་ནོར་ཕྲན་བུ་ཞིག་ཐོབ་ཆེད་ཡོད་ཚད་བློས་བཏང་བའི་སྤོབས་པ་མི་འདུག” ཆོས་དར་གྱིས་ངག་འདར་འདར་ངང་འདི་དག་བརྗོད་རྗེས་རང་ཤག་ཏུ་འགྲོ་བའི་ལམ་ཕྲན་གྱ་གྱུ་མ་དེའི་ཐོག་ཏུ་ཕྱིན། ནམ་མཁའ་སྔོ་ཞིང་དྭངས་ལ་གསེར་འོད་ཀྱི་རྒྱན་ཆ་སྤྲས་པའི་རྟ་བདུན་དབང་པོ་ཤར་རིའི་རྩེ་ནས་དཔག་ཚད་ཙམ་འཕགས་འདུག ཆུ་འཛིན་ཚོམ་བུ་འགའ་ཞིག་ཤར་ནས་བྱང་དུ་སྐྱོད་བཞིན་འདུག་ལ་བྱིའུ་འགའ་ཞིག་གིས་སྙན་འགྱུར་ལྡན་པའི་གསུང་དབྱངས་སྣ་ཚོགས་སྒྲོག་བཞིན་འདུག བཀྲ་དོན་ཁ་པར་ཁང་ཞིག་གི་ནང་དུ་འཛུལ་ནས་ཨང་གྲངས་འགའ་ཞིག་གནན་པས་་་་ཏིར་་་ཏིར་་ཏིར་་ཏིར་་ ཡུད་ཙམ་ནས་ཧ་ལོ་ཞེས་པའི་སྒྲ་དེས་ཁོ་ཆོས་དར་གྱི་ཨ་ཕ་དོན་རྡོར་ཡིན་པ་ངོས་ཟིན། སྐར་མ་ལྔ་ཙམ་གྱི་རྗེས་སུ་བཀྲ་དོན་གྱི་གདོང་ལ་ཡིད་ཚིམ་པའི་མདངས་ཞིག་མངོན་ནས་ཁ་པར་ཁང་དེ་ལས་ཕྱིར་རང་ཁྱིམ་དུ་འོང་སའི་སྣུན་ནག་གི་ལམ་ཕྲན་བརྒྱུད་ནས་ཁ་སྣ་གཉིས་ལས་དུ་བ་སྔོ་ལྷོག་གེ་བ་ཞིག་འཕྱུར་བཞིན་འོང་། ་དམར་མདང་འཚེར་བའི་འོད་སྣང་ཞིག་གིས་གསེེར་ལྡན་ལ་གཟི་བརྗིད་གསར་བ་ཞིག་བསྣན་ཞིང་དལ་བུར་ལྡང་བའི་བསིལ་རླུང་འཇམ་པོ་ཞིག་གིས་ལུས་སེམས་ལ་བདེ་སྣང་ཁྱད་པར་བ་ཞིག་སྟེར། ཆོས་དར་གྱིས་ཤེས་ཡོན་ལམ་སྟོན་ཞེས་པའི་དཔེ་དེབ་དེ་ཚུལ་བླངས་ནས་ཁ་སང་གི་ཀློག་མཚམས་བཙལ། (གངས་གཞོན)རྩོམ་སྒྲིག་ཁང་ནས་མི་ཞིག་བྲེལ་ཚུབ་ཀྱིས་རྒྱུགས་འོང་ནས་ཆོས་དར་གྱི་སྡོད་ཁང་སྒོ་དལ་གྱིས་ཕྱེས། “ཆོས་དར། ཁྱོད་ན་ངེས་དོན་གྱི་རྩོམ་པ་པོ་ཞིག་རེད། ཁྱོད་ཀྱི་བརྩམས་ཆོས་ཕལ་མོ་ཆེར་སྒྱུ་རྩལ་གྱི་རོ་མངལ་ལྡན་པར་མ་ཟད་མི་རིགས་ཤིག་གི་བདེ་སྡུག་ལ་སེམས་ཁུར་བྱེད་པའི་ཚོར་བ་ཕྲ་མོ་རེ་ཡང་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་ཁྲོད་ནས་ཐོས་ཐུབ། དེ་དང་དེའི་ཕྱིར་ད་རེས་(གངས་གཞོན)་རྩོམ་སྒྲིག་ཁང་ནས་བཏོན་པའི་(གངས་གཞོན)་འདོན་ཐེངས་ལྔ་བའི་ནང་དུ་ཁྱོད་ཀྱི་སྒྲུང་རྩོམ་(སྒྲོལ་མའི་རྨི་ལམ)་ལ་ཨང་དང་པོའི་བྱ་དགའ་ཐོབ་འདུག ཁྱོད་ནི་བོད་གངས་ཅན་དུ་སྐྱེས་ཤིང་བོད་གངས་ཅན་ལ་དུང་བའི་གངས་རིའི་བུ་རྒོད་ཅིག ཁྱོད་ནི་ར་རྒྱུ་ནོར་གྱི་སླུ་བྲིད་ལ་མགོ་བོ་མ་འཁོར་བར་མི་རིགས་ཤིག་གི་ཆེད་དུ་ཡོད་ཚད་བློས་བཏང་ནས་ཐུན་མོང་མིན་པའི་སྐད་ཡིག་དང་རིག་གཞུང་ཡར་རྒྱས་ཀྱི་ཆེད་བརྩོན་འགྲུས་ཀྱི་སྦྱོར་བ་དྲག་པོས་སྒྱུ་རྩལ་གྱི་ལམ་དུ་སྐྱོད་པའི་སྨྱུག་ཐོགས་དཔའ་བོ་ཞིག་རེད། འབྱུང་འགྱུར་གྱི་ཆར་ཡང་ཁྱོད་ཀྱི་ལྷག་བསམ་དཀར་བོའི་རང་མདང་དང་བརྩོན་འགྲུས་ཀྱི་སྦྱོར་བ་ལས་དྲངས་པའི་སྙན་ངག་གི་གླུ་དབྱངས་སྙན་མོ་བོད་གངས་ཅན་གྱི་རིག་གཞུང་གི་སྐྱེད་ཚལ་རྒྱས་པའི་གསོའི་སུ་འགྱུར་བའི་སྨོན་འདུན་དང་རེ་བ་ཆེ།” སློབ་གྲོགས་དབྱངས་སྐྱིད་ཀྱིས་འདི་ལྟར་ཟེར་བཞིན་(སྒྲོལ་བའི་རྨི་ལམ)་བཀོད་པའི་དུས་དེབ་དེ་ཆོས་དར་གྱི་ལག་ཏུ་བཞག ཆོས་དར་གདོང་ཡོངས་འཛུམ་གྱིས་གང་སྟེ་དུས་དེབ་དེ་ཚུལ་ལེན་བཞིན་བོད་ཀྱི་རིག་གཞུང་ཡར་རྒྱས་དང་བོད་ཡིག་གི་སྲོག་དབུགས་ལ་གཟི་འདང་གསར་བ་ཞིག་བསྣན་ཆེད་རང་གི་བགོ་སྐལ་དུ་ཐོབ་པའི་རིག་གཞུང་བཟང་པོ་འདིར་ནང་བྱན་ཆུད་པ་ཞིག་བྱེད་དགོས་སྙམ་པའི་དམ་བཅའ་བརྟན་པོ་ཞིག་སྙིང་ལ་བྲིས་ནས་དབྱངས་སྐྱིད་ལ་ཐུགས་རྗེ་ཆེ་ཞུས། མུན་པ་སྟུག་པོ་ཞིག་གིས་འཇིག་རྟེན་བཀབ་ནས་ཡུན་རིང་མ་སོང་བར་དཀར་གསལ་གྱི་གློག་སྒྲོན་མང་པོས་རང་རང་གི་འོད་སྣང་ཡོད་ཚད་ཕྱི་ལ་བསྟན་ནས་མུན་པའི་འཇིག་རྟེན་འདི་ལ་ཕལ་རྒོལ་བྱེད་པའི་འགོ་བཙུགས། དཀར་ལ་ཕྲ་བའི་ལག་གཡོན་གྱིས་རྔུལ་ཆུས་བརླན་བའི་ཐོད་པ་བཏེགས་ཤིང་། བ་སྤུའི་ཁྲི་ཤིང་ཐར་ཐོར་གྱིས་མཛེས་པའི་ལག་གཡས་ཀྱིས་ཚོན་མདོག་དམར་ཁྲ་ཅན་གྱི་སྨྱུ་གུ་ཞིག་བཟུང་ནས་ཅི་ཞིག་འབྲི་རྩིས་བྱེད་བཞིན་པའི་ཕོ་སར་ཞིག་བསམ་གཞིག་གི་དྲ་རྒྱར་ཚུད་འདུག ཏིར་་ཏིར་་་”ཝེ་་སུ་ཡིན་ནམ” “ང་ཆོས་དར་གྱི་པ་བ་དོན་རྡོར་ཡིན་ཁྱོད་ཆོས་དར་ཡིན་ནམ་”ཡིན་ཡིན་ ” “ངས་ཨ་རི་ནས་ཁ་པར་གཏོང་བཞིན་ཡོད། ད་སྐབས་ཀྱི་དོན་དག་གལ་ཆེན་ཞིག་ལ་ཟླ་རྗེས་མའི་ཚེས་ཅོ་ལྔ་ཉིན་ཁྱོད་རང་ཨ་རི་ལ་གསུ་རྩིས་ཡོད་འདིར་སླེབས་ན་ཚོང་ཁང་ཆེན་པོ་ཞིག་ཏུ་ཚོང་བྱེད་མཁན་གྱི་ལས་དཀའ་ཞིག་ཀྱང་བཙལ་ཡོད་པས་ཁྱོད་ཀྱིས་མཁོ་མེད་ཀྱི་བོད་ཡིག་ལ་ཆོ་མེད་ཀྱི་སྦྱང་བརྩོན་དོར་ནས་དེའི་བར་དུ་དབྱིན་ཡིག་ཡག་པོ་ཞིག་སྦྱོང་ཤོགས་ཨ་” གཟུག་མེད་ཀྱི་གློག་སྐུད་ལས་བརྒྱུད་པའི་དུག་མདའ་འདིས་ལ་རྒྱ་དང་ལྷག་བསམ་དཀར་བའི་ན་གཞོན་འདིའི་སྙིང་ལ་བཟོད་མེད་ཀྱི་ན་ཚ་དྲག་པོ་ཞིག་སྟེར་བ་མ་ཟད་རང་ཉིད་བྱམས་བརྩེས་སྐྱོང་བའི་སྐྱེད་ཡབ་ལ་འཁོན་སེམས་ཞིག་ཀྱང་སྐྱེ་རུ་བཅུག སྐྱོ་གདུང་དང་བློ་ཕམ་དྲག་པོས་མནར་བའི་ཆོས་དར་གྱིས་དབུགས་རིང་ཞིག་བྱུང་ནས་སླར་ཡང་མགོ་བོ་སྐྱོར་སོང་།། །། ཀློག་མཁན་ལགས། ངས་སྒྲུང་ཐུང་འདིའི་མི་སྣ་གཙོ་བོ་ཆོས་དར་ལ་གདུང་སེམས་མཉམ་བསྐྱེད་བྱས་ནས་ཁོའི་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་ཤུགས་དྲག་བྱས་མོད་ད་བར་དུ་ཐབས་བཀོད་གསར་བ་གང་ཡང་མ་རྙེད། ཁྱེད་ཚོའི་ཐུགས་བསམ་བཞེས་དང་ཆོས་དར་གྱིས་པ་ལགས་དང་བཀྲ་དོན་གྱི་རེ་བ་བཞིན་དབྱིན་ཡིག་སྦྱངས་ནས་ཨ་སྒོར་བསག་དགོས་སམ་ཡང་ན་དབྱངས་སྐྱིད་ཀྱི་རེ་བ་དང་ཁོ་རང་གི་ཕུགས་བསམ་བཞིན་བོད་ཡིག་སྦྱངས་ནས་རིག་གཞུང་སྤེལ་དགོས།།
༢༠༠༤།༤།༢༠་ལ་བྲིས།
འབྲེལ་གཏུགས་ཁ་བྱང་།
གློག་འཕྲིན། Norbutenzin26@yahoo.com
ཁ་པར་ཨང་། 0091-8050271125

བརྩམས་སྒྲུང་།

Post navigation

Previous Post: ཕྱི་ལ་འཁྱམ་པའི་ཟིན་ཐོ།
Next Post: སྙིང་གི་གཅེས་ཕྲུག ད་དུང་ཁྱོད་ལ་མིང་མེད།

Comments (5) on “འགྲན་རྩོད་ཀྱི་ཕག་ན།”

  1. འོད་ལམ། says:
    2011-09-06 at 3:52 pm

    ཁྱོད་ཀྱི་རྩོམ་འདིས་བྱ་དགའ་ལ་སྒུག་ནས་འདུག

  2. སྟག་སྨྱོན། says:
    2011-09-06 at 8:46 pm

    སྐབས་སྐབས་ལ་མ་གཏོགས་དྲ་ཐོག་ཏུ་ཞུགས་མི་ཐུབ་པ་དང་ཡོང་དུས་ཀྱང་རྩོམ་ཡིག་ཞིབ་ཀློག་བྱེད་རྒྱུའི་གོམས་གཤིས་དང་དགའ་སྣང་། དུས་ཚོད་སོགས་མེད་པས། བསམ་ཚུལ་ཡང་མང་པོ་མེད། མདོ་དོན་བོད་ཡིག་གཅིག་པོས་ལྟོ་རག་གི་མེད་དེ་འདྲ་ཡིན་ས་མ་རེད། དབྱིན་ཡིག་གིས་ཀྱང་ལྟོ་རག་ཁག་པོ་ཆགས་ཀི་འདུག དེང་སྐབས་ཨ་རི་ན་ལས་མེད་ས་ཡ་མང་པོ་འདུག དེ་ཚོ་བོད་ཡིག་དང་འབྲེལ་བ་མི་འདུག མ་ཟད་རྒྱ་ཡིག་གིས་ཀྱང་ལྟོ་རག་གི་མི་འདུག རྒྱ་མི་རྒྱ་ཡིག་རྒྱ་སྐད་ལ་ཐོགས་པ་མེད་མཁན་མང་པོས་རྒྱ་ནག་ནས་ལྟ་མ་རག་པར། ཨ་རི་དང་ཡོ་རོབ་སོགས་སུ་ལྟོ་རག་ཆེད་དངུལ་སྒོར་འབུམ་མང་པོའི་བུ་ལོན་སྤྲད་ནས་འབྲོ་གི་འདུག བྱས་ཙང་ལྟོ་རག་མ་རག་སྐད་ཡིག་གི་གནད་དོན་ཞིག་ཡིན་མིན་བཤད་ཁག་པོ་རེད། ལྟོ་རག་སླ་སའི་ས་ཁུལ་མེད་དྲགས་པས་ཡིན་ཚོད་འདུག དཔྱོད།

  3. སྟག་སྨྱོན། says:
    2011-09-06 at 8:48 pm

    སྐབས་སྐབས་ལ་མ་གཏོགས་དྲ་ཐོག་ཏུ་ཞུགས་མི་ཐུབ་པ་དང་ཡོང་དུས་ཀྱང་རྩོམ་ཡིག་ཞིབ་ཀློག་བྱེད་རྒྱུའི་གོམས་གཤིས་དང་དགའ་སྣང་། དུས་ཚོད་སོགས་མེད་པས། བསམ་ཚུལ་ཡང་མང་པོ་མེད། མདོ་དོན་བོད་ཡིག་གཅིག་པོས་ལྟོ་རག་གི་མེད་པ་དེ་འདྲ་ཡིན་ས་མ་རེད། དབྱིན་ཡིག་གིས་ཀྱང་ལྟོ་རག་ཁག་པོ་ཆགས་ཀི་འདུག དེང་སྐབས་ཨ་རི་ན་ལས་མེད་ས་ཡ་མང་པོ་འདུག དེ་ཚོ་བོད་ཡིག་དང་འབྲེལ་བ་མི་འདུག མ་ཟད་རྒྱ་ཡིག་གིས་ཀྱང་ལྟོ་རག་གི་མི་འདུག རྒྱ་མི་རྒྱ་ཡིག་རྒྱ་སྐད་ལ་ཐོགས་པ་མེད་མཁན་མང་པོས་རྒྱ་ནག་ནས་ལྟོ་མ་རག་པར། ཨ་རི་དང་ཡོ་རོབ་སོགས་སུ་ལྟོ་རག་ཆེད་དངུལ་སྒོར་འབུམ་མང་པོའི་བུ་ལོན་སྤྲད་ནས་འབྲོ་གི་འདུག བྱས་ཙང་ལྟོ་རག་མ་རག་སྐད་ཡིག་གི་གནད་དོན་ཞིག་ཡིན་མིན་བཤད་ཁག་པོ་རེད། ལྟོ་རག་སླ་སའི་ས་ཁུལ་མེད་དྲགས་པས་ཡིན་ཚོད་འདུག དཔྱོད། གཅིག་བྱས་མི་བུ་སོ་སོའི་འཇོན་ཐང་ཡིན་སྲིད། བོད་ཡིག་ཤེས་མཁན་ལྟོ་ལ་བསམ་ཁྲལ་མེད་མང་པོ་འདུག

  4. ཀླུ་སྨྱོན། says:
    2011-09-07 at 12:20 am

    འཚོ་བ་ཞིག་གི་བསྡུས་གཟུགས་རེད། བྱ་དགའ་ཞིག་གི་འགྲན་རྩོམ་རེད།

  5. སྨྲ་སྲུང་། says:
    2011-09-07 at 5:31 am

    རྩོམ་པ་པོ་ཀླུ་སྨྱོན་ལགས། སྒྲུང་རྩོམ་འདིར་བཏག་ནོར་དང་ཡིག་ནོར་ཁ་ཤས་ཤོར་འདུག་པས་སྐུ་ཉིད་ཀྱིས་དག་བཅོས་གནང་རོགས་ཞུ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme