Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འགྱུར་བཞིན་པའི་བོད་མི།

Posted on 2013-05-24 By ཁ་བརྡ་ No Comments on འགྱུར་བཞིན་པའི་བོད་མི།

རྡོ་རོང་ཕྲུག

བོད་ཀྱི་སྲོལ་རྒྱུན་ནམ་འཚོ་གནས་ཀྱི་གོམས་གཤིས་སུ་བླ་མར་མཇལ་ཟེར་དུས་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་གུས་པ་དང་དད་པ་ཕྱོགས་གཅིག་ཏུ་བསྡུས་ནས་ལག་པ་གཉིས་ཐལ་མོ་རྒྱག་རྒྱུ་ནི་བོད་དུ་ནང་པའི་ཆོས་དར་ནས་ད་ལྟའི་བར་དུ་འཚོ་གནས་ཀྱི་གོམས་གཤིས་སམ་ཡང་ན་རྩམ་གཟན་ཞིག་གི་ཐོད་ལ་བཀོད་པའི་འདུ་ཤེས་ཤིག་རེད། བླ་མ་དང་སྤྲུལ་སྐུ་ཟེར་བའི་མིང་ཐོབ་པ་ནས་བཟུང་དད་ལོག་དང་ཚིག་རྩུབ་སོགས་མི་བྱེད་པའི་བོད་རང་གི་སྲོལ་རྒྱུན་དེ་ལོ་ངོ་སྟོང་ཕྲག་ལྷག་ཅིག་གི་རིང་ལ་གསོན་གནས་ཐུབ་པ་མ་ཟད། འཚོ་གནས་ཀྱི་གོམས་གཤིས་བཟང་པོ་དེས་རང་མི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དང་མིའི་ཀུན་སྤྱོད། མི་བུའི་མཐུན་ལམ་སོགས་ཕྱོགས་གང་ཅིའི་ཐད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་སེམས།  དེ་བཞིན་བླ་མ་དང་སྤྲུལ་སྐུ་དག་གིས་ཀྱང་རང་གི་འཇོན་ཚད་ཀྱིས་སྤྱི་ཚོགས་སུ་དུས་རབས་དེ་དང་མཐུན་པའི་ཞབས་འདེགས་གང་ཐུབ་ཞུས་དང་ཞུ་བཞིན་ཡོད་པ་ཀུན་གྱིས་མཐོང་གསལ་དུ་སྣང་།

བོད་ཀྱི་སྤྱི་ཚོགས་གསར་རྙིང་གཉིས་སུ་གནས་བབ་ཆེན་པོ་བཟུང་ཡོད་པའི་བླ་སྤྲུལ་དག་གིས་བོད་ཀྱི་སྤྱི་ཚོགས་ཧྲིལ་བོར་འགན་ཞིག་ལེན་ཐུབ་ཀྱི་ཡོད་པ་སྨྲོས་མེད་རེད། བོད་སིལ་བུར་འཐོར་ནས་ལོ་ངོ་༤༡༡་སྔ་རྗེས་སུ་བོད་འདི་ཆབ་སྲིད་ཀྱི་ཐོག་ལ་དཀའ་ངལ་ཆེན་པོ་ཅི་འདྲ་ཞིག་འཕྲད་རུང་། རང་གི་སྐད་ཡིག་དང་ཡུལ་མིའི་གོམས་གཤིས་སོགས་རྩ་བརླག་ཏུ་སོང་མེད་པ་དེ་ནི་བོད་ཀྱི་བླ་སྤྲུལ་དང་ཆོས་ལུགས་མི་སྣ་དག་གིས་དགོན་སྡེ་ཁག་ནས་གཅེས་སྲུང་བྱས་ཐུབ་ཡོད་པ་ལས་ཤེས་ཐུབ་ལ། བོད་ཀྱི་སེར་མོ་བའི་སྡེ་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་སྲོག་ཤིང་རེད་ཅེས་ཁ་ཚོད་བཅད་ནས་བཤད་ཀྱང་མི་ཆོག་རྒྱུ་མེད་པར་སེམས།

དུས་ཀྱི་འགྱུར་བ་དང་བསྟུན་ནས་ཚན་རིག་གི་འཕྲུལ་ཆས་སམ་དྲ་རྒྱའི་རྒྱུད་ལམ་འཛམ་གླིང་གོ་ལ་འདིའི་སྐྱེས་སུ་འཁྲུངས་པ་ནས་བཟུང་བོད་ཕྱི་ནང་གཉིས་སུ་བོད་ལ་གསར་བརྗེ་དགོས་ཀྱི་འདུག་ཟེར། ད་རུང་རྙིང་གཏོར་ཟེར་བའི་ཚིག་ཅིག་བོད་ཕྱི་ནང་གི་སྤྱི་ཚོགས་ཁྱོན་ཡོངས་སུ་ཁྱབ་ཀྱིན་འདུག  ངས་གོ་བ་ལྟར་ན་རྙིང་གཏོར་ཟེར་བའི་དོན་ནི་བོད་ཀྱི་ཕ་མེས་ནས་དར་བའི་ནང་པའི་ཆོས་དེ་དང་བླ་སྤྲུལ་དག་གཏོར་དགོས་པར་གོ་བ་ལས་གཞན་གང་ཡང་མེད་པར་སེམས།  བོད་མི་རིགས་འདི་ནི་ལད་ཟློས་ལ་དགའ་བའི་མི་རིགས་ཤིག་ཡིན་པས་མི་བུ་ཁ་ཤས་ཤིག་ནས་རང་ཉིད་སྤྱི་ཚོགས་སུ་མིང་དུ་གྲགས་འདོད་པ་ཙམ་གྱིས་རྙིང་གཏོར་བྱེད་དགོས་ཚུལ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་བོད་སྤྱི་ཚོགས་ཁྱོན་ཡོངས་སུ་ཡར་རྒྱས་དང་དེང་རབས་ཅན་དུ་བསྐྱོད་པར་བགེག་བྱེད་ཚུལ་སོགས་མང་དུ་བཤད་པའི་སྐབས་འདིར། ལང་ཕྱོགས་དང་ལྟ་བ་གང་ཡང་མེད་པའི་ལད་ཟློས་ལ་དགའ་བའི་གར་མཁན་མང་པོ་ཞིག་གིས་ཀྱང་སྔ་ཕྱིའི་དོན་ལ་མི་དཔྱོད་པ་དང་། རང་ཉིད་ལ་འཚོ་བའི་ཁ་ཕྱོགས་ཙམ་ཡང་མེད་པ་དེ་དྲན་ཡུལ་དུ་གྱེས་ནས་རིག་གནས་ཤིག་དང་ཆོས་ལུགས་ཤིག་ལ་ཁག་དཀྲུ་གང་ཐུབ་བྱེད་བཞིན་ཡོད་པར་ཡིད་རེ་སྐྱོ།

དེ་བཞིན་ཕྱི་སྡོད་བོད་པའི་མི་རབས་གསར་རྙིང་རྣམས་ཀྱང་གཅིག་མཚུངས་སུ་མཆིས་ཏེ། ཁོང་ཚོར་ཆོས་ལུགས་དང་མི་རིགས་ཀྱི་བདེ་སྡུག་རྩོད་པའི་འགན་ལེན་གྱི་སྙིང་སྟོབས་དང་སེམས་ཤུགས་ཡོད་མེད་ཀྱང་ཐེ་ཚོམ་དུ་ཡོད།  ཁོང་ཚོས་བོད་ཀྱི་བརྡ་སྤྲོད་རིག་པར་བརྡལ་ཤ་མི་ཆོད་པ་དེ་ཡར་རྒྱས་དང་གོང་འཕེལ་སུ་ཅི་ལྟར་གཏོང་དགོས་རྒྱུར་མི་དཔྱོད་པར་བོད་དུ་འཛམ་གླིང་ཀུན་ལ་མེད་པའི་ཁྱད་ཆོས་ལྡན་པའི་ཆོས་དང་རིག་གཞུང་ཞིག་ཡོད་ཟེར་ནས་ང་རྒྱལ་སྟོང་བ་ཞིག་ནམ་རྒྱུན་སྐྱེས་བཞིནའདུག  དེ་ལས་ཡ་མཚན་དགོས་པ་ཞིག་ལ་ཁོང་ཚོས་ནམ་རྒྱུན་༧གོང་ས་མཆོག་ལ་དད་པ་ཡོད་ཚུལ་དང་ཁོང་གི་སྐུ་པར་མཐོང་ན་ཡང་དད་པའི་སྤུ་ལོངས་གཡོ་བར་བྱེད་ཀྱི་འདུག་པའི་རྣམ་པ་དེར་རྒྱུས་ལོན་མེད་པའི་མི་ཞིག་ཡིན་ཚེ་ཕྱི་སྡོད་བོད་མིའི་དད་པའི་ཀུན་སློང་དང་འཁྲབ་ཚན་གྱི་ལེའུ་དེ་དག་གིས་ཁྱེད་ལ་འཁྲུལ་སྣང་གི་ཟློས་གར་ཐེངས་ཤིག་སྟོན་ཁོ་ཐག་རེད།

སྐྱབས་མགོན་རིན་པོ་ཆེ་སུད་སིར་ཕེབས་ནས་གསུངས་ཆོས་དང་སྒྲོལ་དཀར་གྱི་དབང་སོགས་བསྐུར་བར་ཕྲན་ཡང་འགྲོ་རྒྱུའི་གོ་སྐབས་བྱུང་། སྐབས་དེར་ཕྲན་གྱིས་རྣམས་པ་མི་འདྲ་བའི་དེང་རབས་ཕྱི་སྡོད་བོད་མིས་བླ་མར་མཇལ་སྟངས་དང་། ཁོང་ཚོའི་སེམས་ཁམས་སུ་ཡོད་པའི་བླ་མའི་རིན་ཐང་ལ་རྒྱུས་ལོན་བྱས་རྒྱུའི་གོ་སྐབས་ཐོབ། གསུངས་ཆོས་ཉིན་དང་པོ་དང་གཉིས་པ་སོགས་སུ་བོད་པའི་མི་གྲངས་ཧ་ཅང་ཉུང་པ་ཡིན་ཙང་ཚོགས་ཁང་སོགས་སུ་སྐད་ཅོར་རྒྱག་མཁན་མེད་ལ་འཇམ་ཐང་ངེར་འདུག   ཆོས་ཞུ་བ་བརྒྱ་ཆའི་དགུ་བཅུ་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་ཕྱི་རྒྱལ་བ་ཁག་ཅིག་རེད་འདུག་ལ་ཁོང་ཚོས་༧གོང་ས་མཆོག་གིས་ཅི་གསུངས་ཀྱིན་པ་ཡིག་ཐོག་ཏུ་ཡི་གེར་འགོད་རྒྱུར་བྲེལ་ཞིང་འཚུབ།   རིན་པོ་ཆེ་ཆིབས་བསྒྱུར་གྱི་སྐབས་སུ་ཁོང་ཚོར་དད་པ་ཡོད་མེད་མི་ཤེས་ཀྱང་མི་རིགས་དེའི་སྲོལ་རྒྱུན་གྱི་ལུགས་སྲོལ་བཟང་པོ་དེར་བརྩི་འཇོག་གིས་ལག་ཏུ་ཁ་བཏགས་སོགས་བཟུང་ནས་ལག་གཉིས་ཐལ་མོ་སྦྱོར་བཞིན་པ་གློག་རྡུལ་དུས་རབས་ཀྱི་མཐོང་ཆོས་སུ་གྱུར་ཡོད་ན་འདིར་མང་དུ་མི་འགྲེལ་ལོ།

 

དེ་ལས་ལྡོག་སྟེ་དེར་འདུས་ཀྱི་བོད་མི་རྣམས་ནི་བོད་ཀྱི་སྲོལ་རྒྱུན་གྱི་ལུགས་སྲོལ་ལ་ཞེན་ལོག་ཅིང་ཐང་ཆད་པ་ཡིན་ནམ་ཡང་ན་ནུབ་ཀྱི་སྤྱི་ཚོགས་ཀྱི་སྙིང་བཅུད་ཅིག་རྙེད་པ་གང་ཡིན་ཆ་མ་འཚལ།  ཕྱི་ཕྱོགས་སུ་འཚར་ཞིང་ལོངས་པ་ཡིན་ནའང་འདྲ། བོད་དང་རྒྱ་གར་ནས་འབྱོར་བ་ཡིན་ན་ཡང་རུང་། གང་ལྟར་ནུབ་ཕྱོགས་སུ་སླེབས་རྗེས་རང་གི་ཡོད་ཚད་ནུབ་ཕྱོགས་སྤྱི་ཚོགས་ཀྱི་རྗེས་སུ་འགྲོ་གང་ཐུབ་བྱེད་ཀྱི་ཡོད་པར་ཡ་རེ་མཚན།  དེ་ལས་ཀྱང་ཧང་སངས་དགོས་པ་ཞིག་ལ་ནུབ་ཕྱོགས་ཀྱི་འབུར་ཏུ་ཐོན་པའི་རིག་གནས་དང་ཁོར་ཡུག་སོགས་མི་རིགས་གཞན་གྱི་དགེ་མཚན་ཆེ་བ་རྣམས་ལྷུར་ལེན་མི་བྱེད་དོན་ཅི་ཡིན་ནམ།

ད་ལྟའི་ཕྱི་སྡོད་བོད་མིས་བླ་མ་མཇལ་སྟངས་ནི་བོད་ཀྱི་སྲོལ་རྒྱུན་གྱི་གོམ་གཤིས་མེད་པའི་ཁར་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཆ་ཡང་མེད་པར་ཕོ་མོ་རྒན་གཞོན་དབྱེར་མེད་ཏུ་ཁ་པར་དང་པར་ཆས་སོགས་སུ་རང་མི་རིགས་ཀྱི་བླ་ན་མེད་པའི་རྩ་བའི་བླ་མ་དེ་པར་རྒྱག་རྒྱུ་ལས། བོད་པ་ཞིག་གི་ངོས་ནས་བླ་མར་མཇལ་བཞིན་པའི་ཀུན་སློང་དང་སྤྱོད་པ། དད་པ་སོགས་ནི་ཉིན་མོའི་སྐར་མའི་ཚུལ་དུ་སྣང་། འདི་ནི་ཡོ་རོབ་བོད་སྤྱི་ཚོགས་སུ་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་པོ་ཡིན་པར་སེམས།

ནང་པ་མིན་པའི་ཕྱིའི་རྒྱལ་ཁབ་ཀྱི་མི་རིགས་དག་ནི་༧རྒྱལ་བ་རིན་པོ་ཆེའི་ཆིབས་བསྒྱུར་གྱི་སྐབས་སུ་ཆོས་ལུགས་ཀྱི་དད་པ་མེད་རུང་འགྲོ་བ་མིའི་བཟང་སྤྱོད་སྤེལ་མཁན་ཞིག་ཡིན་པས་ཆ་ནས་གཞན་ལས་ལྷག་པའི་བརྩི་བཀུར་དང་བོད་མིའི་སྲོལ་རྒྱུན་གྱི་ལུགས་ལྟར་ལག་ཏུ་ཁ་བཏགས་བཟུང་ཞིང་ཐལ་མོ་སྦྱར་ནས་རིན་པོ་ཆེ་སྔུན་བསུ་ཞིང་བསྐྱེལ་མ་བྱེད། ཆེད་ལས་པ་དག་གིས་ཁོང་ཉིད་སྐུ་པར་སྒྲོམ་པ་སོགས་བྱེད་པ་ལས་སྤྱིར་བཏང་གི་གསུངས་ཆོས་ཞུ་མཁན་མང་ཆེ་བས་གུས་མེད་དེ་ལྟ་བུ་མི་བྱེད་པ་དེ་ནི་ཅི་འདྲིའི་ཡིད་དུ་འོང་པ་ཞིག་རེདའང་།

བོད་པ་དག་ནི་རྒྱལ་བ་རིན་པོ་ཆེར་དད་པ་བརྟན་དྲགས་པ་ཡིན་ནམ། ཡང་ན་རྒྱལ་བ་རིན་པོ་ཆེར་བརྩེ་བ་ཆེ་དྲགས་པ་གང་ཡིན་མི་ཤེས་མོད། ཁྱོད་དང་ང་མེད་པར་རྒྱལ་བ་རིན་པོ་ཆེར་ཕྱག་ནས་འཇུ་བ་དང་། གཟན་ཤམ་སོགས་སུ་འཐམས་པ། ཁོང་དང་མཉམ་དུ་སྐུ་པར་སྒྲོམ་པ། གཞན་རང་ཉིད་ཀྱི་པར་ཆས་དང་ཁ་པར་སོགས་སུ་རིན་པོ་ཆེ་པར་འཇུག་བྱེད་པ་སོགས་ཀྱི་རྣམ་པ་ལ་ལྟོས་ན་མི་རིགས་གཞན་གྱི་མཁས་པ་ཞིག་གམ་ཡང་ན་སྐད་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ་ཞིག་བོད་ཀྱི་སྤྱི་ཚོགས་སུ་གདན་འདྲེན་ཞུས་པ་དང་གཉིས་སུ་མ་མཆིས། རྒྱལ་བ་རིན་པོ་ཆེའི་གསུངས་མི་བརྩི་བར་སྐུ་ལ་འདི་འདྲིའི་བརྩི་དགོས་པའི་དགོས་པ་དེ་གང་ཡིན་པའི་དྲི་ཚིག་ཅིག་མ་ཡིན་ནམ། གཅིག་བྱས་ན་རྒྱལ་བ་རིན་པོ་ཆེའི་མཉམ་དུ་པར་སྒྲོན་ཐུབ་པ་ཡིན་ན་གཞན་མགོ་སེར་སྤྱི་ཚོགས་སུ་ཆེ་མཐོང་ཡོད་སྲིད་པ་མིན་ནམ།

ནང་པའི་ཆོགས་ལུགས་ཀྱི་དྲི་མ་ཡལ་མེད་ལ་བོད་སྲོལ་རྒྱུན་རིག་གནས་ཀྱི་རོ་བཅུད་འཐུང་མྱོང་པའི་བོད་པ་ཞིག་གི་ངོས་ནས་བཤད་ན་བྱེད་སྟངས་འདི་ནི་བླ་མར་འཇལ་བའི་རྣམ་པ་དང་གཏན་ནས་འགལ་བར་སེམས། སྤྱིར་བླ་མ་དང་དད་པ་སོགས་ཀྱི་ཕྱོགས་ནས་མི་གླེང་པར་༧རྒྱལ་བ་རིན་པོ་ཆེ་མིའི་རིགས་སུ་བྱོན་པའི་འགྲོ་བ་མིའི་ལུས་རྟེན་གྲུབ་ཡོད་པའི་དངོས་ཡོད་ལ་དཔྱོད་ཤེས་ཀྱི་མིག་ཟུང་ཆེར་ཕྱེ་དགོས་པར་བསམ། ཁྱེད་ཅག་ཁོང་དང་མཉམ་དུ་པར་རྒྱག་རྒྱུ་དང་སྐུའི་མདུན་དུ་བཅར་རྒྱུར་སྐོམ་པ་ཆུ་འདོད་ལྟར་ཡིན་པ་ཟློག་ཏུ་མེད་ན་ཡང་། མི་ལོ་བརྒྱ་བཅུར་ཕེབས་ལ་ཉེ་ཞིང་རྒས་ཞིང་ཁོག་པའི་རྣམ་པ་དེར་བོད་མི་ཙམ་མ་ཡིན་པར་འགྲོ་བ་མིའི་ཡོངས་ཀྱི་ཐུན་མོང་གིས་བསམ་ཤེས་བྱེད་དགོས་པ་ཞིག་པ་ཞིག་མ་རེད་དམ།

དཔྱད་རྩོམ།

Post navigation

Previous Post: ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་དྲུག་པ།
Next Post: བཅོས་མིན་ཡིད་ཀྱི་འཆར་སྒོ་གླུ་རུ་བླངས་པ་རབ་བསྔགས་སྙིམ་པའི་མེ་ཏོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme