Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འགོ་ནས་བཀྲ་མ་ཤིས་ན་མཇུག་ནས་བཀྲ་མི་ཤིས།

Posted on 2021-01-07 By ཁ་བརྡ 9 Comments on འགོ་ནས་བཀྲ་མ་ཤིས་ན་མཇུག་ནས་བཀྲ་མི་ཤིས།

བཞག་ལྡོམ་ལྗང་ལོ།
 
ཆེས་ཐོག་མ་ཁྲོ་ཐུང་དེ་རིང་གི་ནད་ཡམས་བཞིན་རྩོད་གླེང་སྣ་ཚོགས་དང་ལྷན་དུ་ཨ་རིའི་སྲིད་འཛིན་ལ་སླེབས་བྱུང་ཞིང་། སྲིད་འཛིན་བྱེད་ཀྱིན་པའི་སྐབས་སུ་རྫུན་དང་གཡོ་སྒྱུ་ལ་བརྟེན་ནས་ཆེ་ས་ནས་འཇིག་རྟེན་འདིའི་མང་གཙོ་ཁྲག་བཞིན་དཀྲུགས་སོང་། ཆུང་ས་ནས་ཨ་རིའི་ནང་ཁུལ་ཁྲག་བཞིན་དཀྲུགས་དང་དཀྲུག་གི་འདུག ཞིབ་མོ་བཤད་ན། ཁོ་བོ་ཞོགས་པ་ཉལ་ས་ལས་ལངས་ནས་མཚན་མོ་མ་ཉལ་བར་དུ་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབས་པ་ལས་རང་དོན་ཁོ་ན་དང་། བརྙན་འཕྲིན་ཁོ་ན་ལ་ལྟ་བ། བརྙན་འཕྲིན་ལ་ཅི་ལྟར་བལྟས་ན་དེ་ལྟར་ཁོའི་སྙིང་རླུང་འཕར་ཏེ་གྲངས་ལས་འདས་བའི་Twitter བེད་སྤྱོད་དེ་ཁོའི་ནོར་མ་ལུས་བ་གཞན་པའི་སྐྱོན་དུ་བསྒྲུབས་པ་རེད། དཔེར་ན། ད་ལོ་འོས་བསྡུའི་སྐབས་ཨ་རིའི་མངའ་སྡེ་Pennsylvania ཡི་ས་གནས་Delaware County་ནས་ཡིན་པའི་མིང་ལ་ Bruce Bartman་ཟེར་བ་ཞིག་གིས་ཁོའི་ཨ་མ་འདས་བོ་དང་། ཁོའི་བཟའ་ཟླའི་ཨ་མ་འདས་བོ་གཉིས་ཀྱི་མིང་བེད་སྤྱོད་བྱས་ནས་ཁྲོ་ཐུང་ལ་ (Absentee Ballots) སྦྲག་ཁང་ལས་འོས་འཕེན་ཏེ་ཁྲིམས་འགལ་བྱས་བ་ཡོངས་གྲགས་ཡིན་ཡང་། ཁོས་མང་གཙོ་ཚོགས་པས་འོས་བསྡུ་རྫུན་བཟོ་བྱས་ཚུལ་སོགས་གོ་སྐབས་ནམ་ཡོད་ལ་བཤད་དེ་དམངས་ཚོགས་མགོ་སྐོར་བྱས་དང་བྱེད་ཀྱིན་ཡོད་པ་རེད། མགོ་སྐོར་འོག་ཏུ་ཚུད་པའི་མི་མང་དང་། Nazi ལྟ་བ་འཛིན་མཁན། རིགས་རྒྱུད་དཀར་བོ་ལྟ་བ་འཛིན་མཁན་ Ku Klux་ཚོ་ཇག་ཚོགས་ལྟར། དེ་རིང་ཨ་རིའི་རྒྱལ་ས་ན་འཇིགས་སྐུལ་དང་། མི་དམངས་ཀྱི་གཞུང་གཏོར་བཅོམ་བྱས་དང་བྱེད་ཀྱིན་འདུག ཇག་དཔོན་ཁྲོ་ཐུང་དང་ཁོའི་ཇག་ཚོགས་ཀྱིས་མང་གཙོ་མ་ཡུམ་དུ་བརྩི་བའི་ཨ་རིའི་རྒྱལ་སར་འཇིགས་སྐུལ་བྱེད་པ་དེ་ནི་འཇིག་རྟེན་འདིའི་མང་གཙོར་འཇིགས་སྐུལ་བྱེད་པ་རེད་ལ། དེ་ལ་འགོ་ནས་བཀྲ་མ་ཤིས་ནས་མཇུག་ནས་བཀྲ་མི་ཟེར་བ་རེད།

Watch rioters smash Capitol building windows and crawl inside

https://www.cnn.com/videos/politics/2021/01/06/us-capitol-building-pro-trump-protestors-js-orig.cnn

Delco Man Accused of Illegally Voting for Trump Under Names of His Deceased Mother and Mother-in-Law – NBC10 Philadelphia

https://en.wikipedia.org/wiki/Ku_Klux_Klan

སྣ་ཚོགས།

Post navigation

Previous Post: རྒྱ་རྒན་ཚོ། ང་ཚོས་རྨི་ལམ་རྨི་རེས་བྱེད།
Next Post: བཀའ་ཟུར་བློ་བཟང་སྙན་གྲགས་དང་ཁོང་གི་རྒྱབ་སྐྱོར་བར་བལྟ་བ།

Comments (9) on “འགོ་ནས་བཀྲ་མ་ཤིས་ན་མཇུག་ནས་བཀྲ་མི་ཤིས།”

  1. བན་དེ་བ། says:
    2021-01-07 at 9:03 pm

    དྲྭ་གྲོགས་བཞག་ལྡོམ་ལགས་ཀྱིས་གསུངས་པ་ལྟར་དེ་ག་རང་རེད། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་སུ་གྲགས་པ་དང་། དཔལ་འབྱོར་དང་རང་དབང་ཆེ་ཤོས་སུ་གྲགས་པ་དང། ཀུན་གྱིས་ཡིད་སྨོན་བྱེད་སའི་རྒྱལ་ཁབ་ཨ་རི་དེ་བཞིན་ཁྲོམ་གྱིས་ཁ་རྗེ་དབང་ཐང་མཚན་སྙན་གྲགས་གནམ་ནས་ས་ལ་བརྡབ་སོང། ད་ལྟ་ཨ་རི་ལ་སྡང་ཟུག་བྱེད་མཁན་གྱི་རྒྱལ་ཁབ་དང་མི་དམངས་རྣམས་བགད་མོ་དགོད་བཞིན་འདུག ཁ་སང་ཁྲོམ་གྱིས་ཆེད་དུ་ཁོ་རང་གི་རྒྱབ་སྐྱོར་བ་ཚོར་གྲོས་ཚོགས་ཁང་དུ་སོང་ལ་དཔའ་བོའི་དཔའ་རྟགས་བཏོན། ང་ཁྱེད་ཚོ་ལ་དགའ། ང་ཚོ་ཕམ་མེད། ད་དུང་ཡང་གཞི་ནས་ཡོད། ཟེར་ནས་གཏམ་བཤད་བྱས་མ་ཐག་ཏུ། ཁྲོམ་གྱི་ཇག་ཚོགས་རྣམས་ཀྱིས་དམངས་གཙོའི་ཀ་བ་དང་པོ་མི་དམངས་ཀྱི་སྐུ་ཚབ་ཚོགས་སའི་གྲོས་ཚོགས་ཁང་གི་སྒོ་དང་སྒེ་ཁུང་སོགས་བཅག་པར་མ་ཟད། ཅ་དངོས་རྐུ་འཁྱེར། གཏོར་བཅོམ། གྲོས་ཚོགས་ཀྱི་ཚོགས་གཙོ་Nancy ཞབས་བསྐྱག་སྟེང་དུ་རྐང་བསྐྱང་ལག་བསྐྱང་གིས་ལས་ཁུང་ནང་དུ་བསྡད་དེ་ཁྱད་གསོད་བྱས། མི་རྣམས་ཧོན་འཐོར་དུ་བཅུག ད་ལྟ་གནས་ཚུལ་ཚ་བོ་གླེང་བཞིན་པ་ནི། སྲིད་འཛིན་ཁྲོམ་བུ་སྲིད་འཛིན་འཕོ་འགྱུར་ལ་ཉིན་གྲངས་བཅུ་གཉིས་ལས་མེད་ཀྱང། གནས་དབྱུང་གཏོང་དགོས་པའི་གྲོས་འཆར་གང་ག་ནས་འབྱོར་ནས་་་་་་་ཁོ་ལས་གནས་ནས་གནས་དབྱུང་གཏོང་རྒྱུའི་འཆར་གཞི་འཐེན་བཞིན་འདུག ད་དུང་དེར་མ་ཟད། ངོ་རྒོལ་དེར་རྒྱབ་སྐྱོར་དང་མཉམ་བཞུགས་བྱེད་མཁན་རྣམས་འཛིན་བཟུང་བྱེད་དགོས་པའི་བརྡ་ཁྱབ་བཏང་འདུག མི་དེ་དག་གི་ཁ་བྱང་དང་མིང་སོགས་ཐོ་འགོད་བྱེད་སའི་དྲ་རྒྱ་ཡང་སྒོ་ཽཕྱེ་འདུག་པས། ཁྲོམ་དང་ཁྲོམ་ལ་བསྟོད་བསྔགས་བྱེད་མཁན་རྣམས་ཀྱིས་གོ་དགོས་པ་འདུག

  2. བན་དེ་བ། says:
    2021-01-07 at 9:12 pm

    ང་ལའང་ངོ་ཤེས་ཁ་ཤས་ཞིག་ཡོད་ངོ་རྒོལ་དེར་འགྲོ་མཁན་གྱི་ནང་དུ། མ་འགྲོ་བཤད་ནས་ཉན་མ་སོང།

  3. བཞག་ལྡོམ་ལྗང་ལོ་། says:
    2021-01-08 at 7:41 am

    དྲ་གྲོགས་བན་དེ་ལགས་། ཁ་སང་ཇག་ཚོགས་ཚོས་དམངས་ཀྱི་སྐུ་ཚབ་ཚོར་འཇིགས་སྐུལ་དང་དམངས་ཀྱི་གཞུང་གཏོར་བཅོམ་བྱས་བ་ནི་ཨ་རིའི་མི་དམངས་ལ་མཐོང་ཆུང་དང་མང་གཙོའི་ཞབས་འདྲེན་རེད་། གལ་སྲིད་བོད་མི་རེ་འགའ་དེའི་ནང་དུ་ཞུགས་ནས་མང་གཙོ་གཏོར་གྲོགས་བྱས་ན་ཧ་ཅང་ཡིད་སྐྱོ་བ་ཞིག་མ་རེད་དམ་། རྒྱུ་མཚན་ནི་། བོད་མི་ཚོར་རང་གི་རིག་གཞུང་གི་སེམས་ཁམས་ཞིག་དང་། དེ་ལ་བརྟེན་པའི་ཆབ་སྲིད་ལྟ་བ་ཞིག་ཡོད་པ་རེད་། དེ་ནི་བདེན་པ་འཚོལ་ཀྱི་དེ་རེད་། ཁྲོ་ཐུང་ཇག་ཚོགས་ཚོས་Biden ལ་འོས་རྫུན་འཕེན་བྱས་བ་སུས་ཤེས་ཏེ་བཤད་ན་དེ་ལ་རྔན་པ་ཨ་སྒོར་ས་ཡ་གཅིག་སྦྱིན་ཟེར་ཡང་ད་དུང་Biden་ལ་འོས་རྫུན་འཕེན་བྱས་བའི་བདེན་པ་གཅིག་ཀྱང་མི་མང་གི་མིག་ལམ་ལ་སྟོན་གྱི་མེད་བཞིན་དུ་། བོད་མི་འགའ་ཁོས་གཡོ་སྒྱུ་བདེན་པར་འདོད་དེ་ཡིད་ཆས་བྱས་བ་ནི་མིག་ཡོད་བཞིན་དུ་གཡང་ལ་མཆོང་བ་དང་། ཁ་གསལ་བཤད་ན་སྲིད་དབང་སྒེར་སྤྱོད་པ་རྒྱ་ལ་མི་དགའ་ཟེར་བཞིན་དུ་རྒྱའི་འདོད་པ་བསྒྲུབས་པ་རེད་། བོད་ནས་ཡོང་བའི་བོད་མི་མང་ཆེ་བའི་རྒྱ་སྐད་ཅུང་ཙམ་ཤེས་ཀྱི་རེད་། རྒྱའི་མགྲིན་ཚབ་མ་དེས་ཧོང་གོང་མང་གཙོ་དོན་ཉེར་བ་ཨ་རིའི་ཇག་ཚོགས་གཉིས་བསྡུར་ནས་གང་འདྲ་བཤད་ཀྱི་འདུག་ཉོན་དང་ཧ་གོ་ཡོང་གི་རེད་།

  4. འཇོན says:
    2021-01-08 at 10:06 am

    ཁ་ཉིན་ཁྲོམ་ཇག་གིས་ཨ་རིའི་གྲོས་ཚོགས་གཏོར་བ་རེད། དེའི་ནང་ན་བོད་པའི་རྒྱལ་དར་འཁུར་མཁན་བོད་པ་ཁ་ཤས་ཡང་གཏོར་བཅོམ་གི་ལས་ལ་ཞུགས་ཡོད་ག འདི་རྒྱ་དགའ་གཉེན་སྡུག་གི་ལས་ཀ་རེད། སོ་སོ་སྒེར་ངོས་ནས་ག་རེ་བྱེད་མིན་སོ་སོའི་འདོད་པ་རེད། མི་རིགས་དང་རྒྱལ་ཁབ་གི་མཚོན་རྟགས་འཁྱེར་ནས་བཅག་བཅོམ་གིས་ལས་ལ་ཞུགས་པ་འདིའི་དམིགས་ཡུལ་ག་རེ་ཡིན་ནམ། འདི་ཚོས་སུའི་དོན་ལ་ལས་ཀ་བྱེད་གི་ཡོད་རེད། ཁོང་ཚོ་ལ་སྤྱི་བའི་མཚོན་རྟགས་འཁུར་ནས་ཁྲིམས་འགལ་བྱས་ཆོག་པའི་ཐོབ་ཐང་སུས་སྤྲད་པ་རེད། ཆག་སྒོ་འདི་སློང་མཁན་འཁོར་དང་བཅས་པ་ཁྲིམས་ཁ་ནས་ཐར་ས་ཡོད་ལེ་མ་རེད། ཨ་རི་འདི་ཁྲིམས་ཀྱིས་སྐྱོང་བའི་ལུང་པ་རེད། ཉེས་ཅན་རེ་རེ་བཞིན་ནག་འདེད་བྱས་ནས་ཁྲིམས་ལ་སྦྱོར་གི་རེད། ད་ང་ཚོས་བལྟས་ནས་འདུག་ཡ།

  5. བཞག་ལྡོམ་ལྗང་ལོ་། says:
    2021-01-08 at 12:41 pm

    གལ་སྲིད་བོད་མི་འགས་བོད་ཀྱི་རྒྱལ་དར་ཁྱེར་ནས་ཨ་རིའི་གཞུང་ལ་ངོ་རྒོལ་བྱས་ཡོད་པ་བདེན་ན་། བོད་མི་ཚོས་དཀར་ནག་དབྱེ་བ་འབྱེད་ཆེད་ཨ་རིའི་རྒྱལ་ཡོངས་ཉེན་རྟོག
    ཁང་ལ་མི་དེ་དག་གི་མིང་སོགས་སྦྱིན་ནས་དེ་དག་གི་རྒྱབ་ན་སུ་ཡོད་མེད་གསལ་བོ་ཤེས་ཀྱི་གལ་ཆེན་པོ་རེད་། དེ་བྱ་མ་ཐུབ་ན་བོད་མིའི་རིན་ཐང་དང་བོད་ཀྱི་ལས་དབང་ལ་སྐྱོན་བྱ་ཡོང་གི་རེད་།

  6. རྟ་བདུན་དབང་བོ says:
    2021-01-08 at 1:16 pm

    དེར་འགྲོ་མཁན་བོད་པ་དེ་ཚོ་རྒྱ་མིའི་གསང་མྱུལ་པ་ཡིན་སྲིད་པ་རེད།

  7. བན་དེ་བ། says:
    2021-01-08 at 8:49 pm

    དེར་འགྲོ་མཁན་གྱི་བོད་པ་ཚོ་རྒྱ་མིའི་སོ་པ་ད་མི་ཤེས། འོན་ཀྱང་བཅོལ་ཆུང་རི་བོང་ཅལ་འདྲོག་གི་གྲལ་ནི་ཏན་ཏན་རེད། གཏན་ཚིགས་ཁུངས་ལུང་གང་ཡང་མེད་པར་འོས་རྐུས་སོང་འོས་འདེམས་དྲང་པོ་བྱས་མ་སོང་ཞེས་ཁྲོམ་གྱིས་རྫུན་གཏམ་དང་ཧམ་བཤད་ལ་བདེན་པར་བཟུང་ནས་རི་བོང་ཅལ་འདྲོག་བྱས་པ་རེད། མི་སྒེར་ལ་དངུལ་ཕྲན་བུ་ཐོབ་ཡོད་སྲིད། འོན་ཀྱང་བོད་མི་སྤྱི་ལ་གནོད་པ་ཚབ་ཆེན་བཟོས་པ་གཏན་འཁེལ་རེད། ད་དུང་བོད་དར་ཁྱེར་ནས་མངོན་བློ་འཆར་བ་ནི་ངོ་མ་སྐྱོ་བོ་རེད། ཁ་སང་རྒྱ་གར་བ་འགའ་ཞིག་གིས་ཀྱང་ཧིན་དར་ཁྱེར་ནས་ཕྱིན་པ་འགའ་ཞིག་བྱུང་འདུག་ཅིང་དེ་དག་ཀྱང་འཛིན་བཟུང་བྱས་འདུག་ཟེར། མ་ཟད་རྒྱ་གར་གཞུང་གིས་དེ་ལྟར་བྱེད་མི་རུང་ཟེར་འདུག ངོ་རྒོལ་གྱི་མང་ཚོགས་ཀྱི་ནང་དུ་ཁྲོམ་ལ་མི་དགའ་མཁན་མང་པོ་སླེབས་ཏེ་སུ་དང་སུ་སླེབས་མིན་སོ་ལྟ་བྱས་ཡོད་པ་གཏན་ཁེལ་རེད། ད་དུང་ཁ་སང་འགོ་སྟོད་དུ་ཁ་བརྡའི་ནང་དུ་ཁྲོམ་གྱི་ཕྱོགས་གཏོགས་་འགའ་ཞིག་གིས་ཕྱི་ཟླ་དང་པོའི་ནང་དུ་ལྟད་མོ་མཐོང་གི་རེད་ཟེར་ནས་ཚོགས་གཏམ་དྲག་པོ་བཏང་སོང་བས། ད་ངོ་མ་ལྟད་མོ་ཆེན་པོ་མཐོང་ས་རེད། ཁྲོམ་གནས་དབྱུང་བཏང་ན་དེ་ལས་ལྟད་མོ་ཆེ་བ་ཞིག་ཧང་ནས་ཡོང། ད་དུང་ཁོས་གཞུང་གསར་པའི་མཛད་སྒོར་ཡོང་གི་མིན་ཟེར། ཨ་རིའི་ལོ་རྒྱུས་ཀྱི་ནང་དུ་ལོ་བརྒྱ་ཕྲག་རིང་ལ་དེ་ལྟར་བྱུང་མ་མྱོང་བའི་མངོན་བློའི་རྒྱལ་མཚན་འཕྱར་སོང།

  8. བཞག་ལྡོམ་ལྗང་ལོ་། says:
    2021-01-10 at 10:23 am

    འདས་བའི་ལོ་ངོ་གང་མང་ཞིག་ལ་༧གོང་ས་མཆོག་གི་མཀའ་དྲིན་ཀྱིས་ནུབ་ཕྱོགས་པས་བོད་པ་ཟེར་ན་། ཞི་བདེ་དང་། བདེན་པ་དོན་དུ་ཉེར་བའི་ཡ་རབས་སྤྱོད་བཟང་། འགྲོ་བ་མའི་གོང་ཐང་ལ་གུས་བཀུར་མཁན་ཀྱི་མི་རིགས་ཤིག་ཏུ་འདོད་དེ་བོད་དོན་ཆེད་དུ་ལས་དོན་འདྲ་མིན་ལ་རོགས་སྐྱོར་བྱས་བ་རེད་། དེ་རིང་བོད་པ་ཅོལ་ཆུང་དང་། གནས་ལུགས་བོར་བའི་འགས་བོད་མིའི་མཚོན་དོན་ཀྱི་བོད་དར་འཁུར་ནས་བོད་དོན་ལ་འབྲེལ་བ་ནམ་ཡང་མེད་པའི་ཨ་རིའི་འཇིགས་ཚོགས་ནང་དུ་སོང་ནས་མང་གཙོའི་གཞུང་ལ་དྲག་རྒོལ་བྱས་འབྲས་སུ་བོད་མི་རིན་ཐང་གད་སྙིགས་ཁྲོད་དུ་གཡུག་གི་འདུག་། མི་བདེན་འདི་ལ་ལྟོས་དང་ཤེས་ཡོང་། Polly Pallister-Wilkins on Twitter: “Staying with the possible anti-communist/freedom theme… Yes it’s a Tibetan flag. I’m kind of confused but it also seems to be part of some other trends with these flags. #CapitolInsurrection #CapitolHill #CapitolRiots https://t.co/ieaKi7UUsW” / Twitter

  9. བཞག་ལྡོམ་ལྗང་ལོ་། says:
    2021-01-10 at 10:24 am

    https://mobile.twitter.com/pollywilkins/status/1347155404623638530

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme