Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འགན་འཁྲི་དང་ནོངས་འགྱོད།

Posted on 2010-12-152010-12-15 By ཁ་བརྡ་ 3 Comments on འགན་འཁྲི་དང་ནོངས་འགྱོད།

གཡུ་དྲུག་དཀར། རྡ་ས།
ས་སྨུག་འདྲ་ལ། དུ་སྨུག་འདྲ་ཞིང་། སྨུག་སྤྲིན་དང་ཡང་འདྲ་བའི་སྨུག་ལོང་བན་བུན་རེ་རི་ཁུག་དང་ཐང་གཞོངས་གང་སར་ལྷམ་མེར་འཐིབས་ཤིང་། གྲང་ཤུར་ཤུར་གྱི་སེར་ཁ་འཁྱག་སོབ་སོབ་ཤག་གསེང་ལ་འཛུལ་ཡོང་བའི་དགུན་ཁའི་དགུང་ཁར། ཉི་མ་ཐོག་ཐག་གི་ལས་ཀའི་ངལ་དུབ་ཀྱིས་ལུས་པོ་ལྕི་བ་མ་ཟད། སུན་སྣང་དང་དྲན་གདུང་ལྷག་མ་ཞིག་གིས་བྲང་ཁོག་ཀྱང་འཇོམ་ལ། ལྷག་པར་དུ་སློབ་ཕྲུག་ཅིག་གིས་ཉིན་རེའི་རྩོམ་འབྲིའི་ནང་སྦྱོང་དུ་བཀོད་བྲིས་ཀྱི་ཉིན་ཐོ་དེ་ཡིད་ལ་དྲན་ན། ད་དུང་འདང་རེ་བརྒྱབས་ནས་ཤ་མཆིན་པའི་སྟེང་འོག་བརྗེ་འགྲོ།
ལོས་ཡིན། སློབ་ཐུན་དང་པོའི་སློབ་ཁྲིད་གྲོལ་བརྡ་བཏང་མ་ཐག་ཁོ་མོའི་ངོ་གདོང་གནག་ནས་ཡོང་སྟེ་འབྲི་དེབ་ཅིག་བདག་ལ་སྤྲད་པ་ད་ལྟའང་ཡིད་ལ་ལྷང་ངེར་འཁོར་ལ། སྐབས་དེར་བདག་གི་སེམས་སུ་ཁོ་མོས་ཉིན་ལྟར་རྩོམ་འབྲིའི་ནང་སྦྱོང་གཅིག་རེ་བདག་ལ་འཕྲོད་ཐབས་བྱེད་པར་དགའ་སྣང་ཞིག་ལས། གཞན་མཚར་འཛིན་དང་ཐེ་ཚོམ་གྱི་སྣང་བ་ཅི་ཡང་མ་འཁོར་ལ། དེ་ནི་ཕྱོགས་གཅིག་ནས་དགེ་རྒན་ཞིག་གིས་རང་གི་སློབ་མ་ལ་དོ་སྣང་བྱས་པ་མ་འདང་བའི་སྐྱོན་དུ་བགྲང་ཆོག་པ་ཞིག་ཀྱང་བདོ་བས། ས་སྲོད་ཀྱི་སྣང་བ་བན་བུན་དེས་རང་གི་གཤིས་ལུགས་ཤིག་འགྲེལ་བརྗོད་བྱེད་པ་ལྟར་ཚོར།
དགེ་རྒན་ཚོས་སྡོད་ཁང་དུ་སླེབས་མ་ཐག་ངས་བྲང་ཁའི་ཁུག་མའི་ནང་གི་མྱུ་གུ་དམར་པོ་དེ་ལག་ཏུ་བླངས་ཏེ་ནམ་རྒྱུན་ལྟར་ཁོ་མོའི་འབྲི་དེབ་བཟུང་ནས་ནོར་བཅོས་བྱེད་འགོ་བརྩམས། ཐེངས་འདིར་ཁོ་མོས་འབྲི་དེབ་ཀྱི་ཤོག་ངོས་གཉིས་ཡོད་པའི་ཉིན་ཐོ་ཞིག་བྲིས་འདུག་ལ། དེ་ཡང་ཐོག་མར་ཁོ་མོས་རེས་གཟའ་ལྷག་པའི་ཉིན་གུང་ནས་སློབ་མ་ཚང་མ་ལ་གུང་གསེང་བཏང་སོང་། ང་དང་ངའི་གྲོགས་མོ་ངེད་གཉིས་ཀྱང་དེ་ཉིན་གངས་སྐྱིད་ལ་ཕྱིན་ནས་ཕ་ཡུལ་གཅིག་པ་ཞིག་ག་ིནང་དུ་བསྡད། ཕྱི་ཉིན་ཞོགས་པ་ཆུ་ཚོད་བརྒྱད་པ་ལ་གཙུག་ལག་ཁང་དུ་འབྱོར། དེ་ནས་ཆུ་ཚོད་དགུ་བའི་ཐོག་ལ་༸གོང་ས་མཆོག་ཕེབས་སོང་། ང་རང་ལ་ཞལ་མཇལ་དཔེ་ཡག་པོ་རེག་བྱུང་བས་སེམས་ཧ་ཅང་སྐྱིད་པོ་བྱུང་། ཞེས་རང་གི་རྩ་བའི་བླ་མ་མཇལ་བའི་དགའ་སྣང་དང་སྤྲོ་སྣང་གི་ཚོར་འདུ་དྲག་པོ་དེ་བྱུང་རིམ་ཐུང་ངུ་ཞིག་གི་མཇུག་ཏུ་བསྡུས་བརྗོད་འདུག་ལ། འདི་ནི་བདག་གི་སེམས་གཏིང་ལའང་བརྗོད་ལས་འདས་པའི་དགའ་སྤྲོའི་མཉམ་འུར་སློང་བའི་ནང་དོན་ཞིག་ཅིས་ཀྱང་རེད་མོད། སྐབས་དེར་བདག་གི་རིག་རིག་གི་མིག་ཟུང་གིས་ཡི་གེ་རེ་རེའི་དག་ཆ་ལ་ཞིབ་བཤེར་བྱེད་པ་མ་གཏོགས་བརྗོད་བྱ་ལ་མཉམ་འཇོག་བྱེད་ཀྱིན་མེད་པས། ཉི་འོད་ཀྱི་དྲོད་ཐིགས་ལུས་ལ་གྱོན་ནས་ཡིད་རབ་བེ་རུབ་བེར་ཡིག་ཕྲེང་འགའ་འདེད་པ་ཙམ་ལགས།
ཡིན་ཡང་ཁོ་མོས་མུ་མཐུད་ནས་རྡ་ཤོད་དུ་སླེབས་ནས་ནང་ལ་ཁ་པར་བཏང་བས། རྨོ་བོ་ལགས་གྲོངས་སོང་ཞེས་པའི་སྐད་ཆ་དེ་ཐོས་དུས་གཟུགས་པོ་ཡོངས་རྫོགས་འདར་སིག་བརྒྱབས་པ་དང་མིག་ནང་ནས་མིག་ཆུ་ཆར་བ་འབབ་པ་ལྟར་འབབ་ཡོང་དུས། ངའི་གྲོགས་མོས་ག་རེ་བྱས་སོང་ཞེས་སྐད་ཆ་དྲིས་བྱུང་། ང་མོ་རང་ལ་འཐམ་ནས་ང་རང་གི་སྐད་ཆ་རྣམས་བཤད་པ་ཡིན། ཁོ་མོ་ཡང་ངུ་བཞིན་དུ་ང་ལ་སེམས་གསོ་བྱས། ང་རང་གི་སེམས་སྐྱིད་པོ་ཡོད་པ་དེ་གློ་བུར་དུ་སེམས་སྡུག་ཏུ་གྱུར་ལ། དེ་ནས་ཕྱིར་སློབ་གྲྭའི་ནང་སླེབས་རྗེས་ང་རང་གིས་ཉིན་ཐོ་འདི་བྲིས། ཞེས་བཀོད་དེ་མཇུག་བསྡུས་འདུག་ལ། སྐབས་དེར་བདག་གི་འདྲེན་བྱེད་ཀྱི་རྣོ་ངར་ཡང་ཁོ་མོའི་ཉིན་ཐོའི་ཡིག་ངོས་ནས་རང་བཞིན་གྱིས་ནང་དོན་གྱི་སྟེང་ལ་མཆོང་འདུག་པ་མ་ཟད། སེམས་འཚབ་བེ་འཚུབ་བེར་བྲང་ཁོག་སྡུག་སྣང་ཞིག་གིས་ངང་གིས་གཅུན་ཡོང་བས། ཡུན་ཙམ་ཞིག་ལ་ཅི་དྲན་འདི་དྲན་དང་ཅི་བྱེད་འདི་བྱེད་མེད་པར་སྡུག་སྣང་གིས་ཁོལ་གྱིན་པའི་ཁོ་མོའི་ཉིན་ཐོ་ཡང་བསྐྱར་འགོ་ནས་མཇུག་བར་ཞིབ་ཏུ་བྐླགས།
ངོ་མ་བཤད་ན་རང་ཉིད་ཕ་ཡུལ་དང་ཁ་བྲལ་ནས་མི་ལོ་བཅུ་ཕྲག་གཅིག་ལྷག་འགོར་བའི་ལོ་ཟླའི་རླབས་འགྲོས་སུ་སྐད་ཆ་འདི་ལྟ་བུ་གོ་བ་མང་མེད་ན་གཏན་ནས་ཉུང་མེད་པས། འདི་ནི་ས་མཐའ་རུ་ཅིས་ཀྱང་རོལ་མྱོང་བྱེད་དགོས་པའི་མི་ཚེའི་བྲོ་བ་སྐྱུར་དྲི་ཅན་དེ་ཡིན་པའི་གདེང་འཁེལ་ན་ཆོག་མོད། ཉན་མི་བཟོད་པའི་གཏམ་ངན་འདི་འདྲ་མི་འདོད་བཞིན་དུ་ཐོས་འཛིན་གྱི་དབྱིངས་སུ་འཁྱིལ་ཡོང་བའི་མོད་ལ། ཤ་འདར་དང་ཁོག་འདར་ཐམས་ཅད་ལངས་ཤིང་། ལྷག་པར་དུ་དེ་རིང་ཁོ་མོའི་ཉིན་ཐོ་ལས་གནད་དོན་འདི་འདྲ་ཞིག་ཤེས་རྟོགས་བྱུང་བ་ནི་ཟླ་འདིའི་ནང་ངས་རང་གི་སློབ་ཕྲུག་ཚོའི་ཁྲོད་ནས་ཤེས་རྟོགས་བྱུང་བའི་གནད་དོན་གཉིས་པ་དེ་ཡིན་པས། ངའི་བྲང་ཁོག་ན་མི་སེམས་ཞིག་ཡོད་ཕྱིན། ད་ནི་སྔར་བཞིན་མ་ཐོས་མ་ཚོར་ཁུལ་གྱིས་སྡོད་ཐབས་མེད་པར། སེམས་དང་སེམས་ཀྱི་བར་ནས་རང་གི་སྙིང་ཁྲག་ཁ་ནས་ལུད་པ་ལྟ་བུའི་སྐད་ཆ་ཞིག་གིས་ཁོང་ཚོར་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་དགོས་ལ། འགན་འཁུར་གྱི་ཐད་ནས་བཤད་ནའང་འཚོ་བའི་གོད་ཆགས་ཀྱིས་འདི་ལྟར་སློབ་མའི་སེམས་ཁམས་ལ་ཕོག་ཐུག་གཏོང་བཞིན་པ་སྙོམ་སྒྲིག་གིས་སློབ་མའི་སེམས་ལ་དཔའ་ངར་དང་སྙིང་སྟོབས་བསྐྱེད་དེ་འཚོ་བ་ལ་དགེང་འཁེལ་བའི་མི་གཞི་ཞིག་སློང་ཐབས་བྱེད་དགོས་ཤིང་། བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་སྟེང་དུ་ང་ལ་དེ་བས་ཀྱང་རང་གི་སློབ་ཕྲུག་ཚོའི་སྐྱོ་སྡུག་ལ་སྣང་འཇོག་མི་བྱེད་པར་འདི་ལྟར་རྫིགས་ཉམས་ཀྱིས་འགྱིང་ཆོག་པའི་རྐུབ་སྟེགས་ཤིག་ཡེ་ནས་མེད།
འོན་ཀྱང་། འཆི་བ་མི་རྟག་ཚུལ་དང་ཚེ་སྔོན་མའི་ལས་ཟེར་བ་སོགས་ཀྱི་ཁ་ཕོ་ཆེན་པོ་དེ་དག་ནི་ཐ་སྙད་ཙམ་མིན་པར། མཚན་ཉིད་ཀྱི་དགོངས་པ་རྒྱ་ཆེན་པོ་དང་གཏིང་ཟབ་མོ་དག་ཡིན་ཅིང་། ང་རང་ཉིད་ལའང་དེ་དག་གིས་གཞན་ལ་བསླབ་བྱ་རྒྱག་པ་དང་སེམས་གསོ་བྱེད་པའི་སྨྲ་ལྕེའི་སྦྱོང་བ་གང་ཡང་མེད་པས། རང་གི་ནེ་ཙོའི་ྐློག་གི་བརྟུལ་ཞུགས་དེ་ཡིས་སུ་ཞིག་གི་སེམས་ཀྱི་སྡུག་འདེགས་ཀ་བ་བྱེད་ཐུབ་སྙམ་ལ། ང་ཚོ་ལྟ་བུའི་འཇིག་རྟེན་འདིའི་མི་བུ་ཕལ་བ་ཞིག་ལ་མཚོན་ན་རང་གི་ཕ་མ་གཙོ་བྱས་པའི་ཤ་ཉེ་སྤུན་མཆེད་ཅིག་འཆི་བདག་གི་ཁ་རུ་ཚུད་དེ་རང་དང་གཏན་དུ་ཁ་གྱེས་པའི་སྡུག་བསྔལ་ནི་སྡུག་བསྔལ་ཐམས་ཅད་གཅིག་ཏུ་སྤོང་བ་ལས་ཀྱང་ལྷག་པའི་སྡུག་བསྔལ་དེ་ཁོ་ན་ཡིན་ཆོག་ན། ངས་རང་ཉིད་དེ་འདྲའི་སྡུག་བསྔལ་དེ་ཡང་གནས་ལུགས་སུ་མངོན་རྟོགས་ཐུབ་པའི་སེམས་དཔའ་ཆེན་པོ་ཞིག་ཡིན་མདོག་གིས་ཁོང་ཚོར་སྐད་ཆ་རྫིག་པོ་དང་ལས་སླ་བོ་ཞིག་བཤད་པས་ཀྱང་ག་ལ་འགྲིག
དེ་བས། དེ་རིང་ཡང་བདག་གི་ངག་ལས་ཁོ་མོའི་ཡིད་ཀྱི་སྨྲེང་སྐྱོ་དག་ཐབས་ཀྱི་སྨྲ་བ་ཅི་ཡང་མ་ཐོན་པར། ཁོ་མོའི་མདུན་དུ་སླེབས་མ་ཐག་བདག་གིས་ངོ་མདངས་ཤིག་གིས་ཁོ་མོར་སྐྱོ་སྡུག་མཉམ་འཁུར་བྱེད་ཀྱིན་པའི་ཉམས་སྣང་ཞིག་སྟོན་ཁུལ་བྱས་པའང་དོན་གྱིས་རང་གི་སེམས་བདེ་ལ་འབབ་ཐབས་ཤིག་དང་རང་གི་སེམས་འགྱུ་དྲག་པོ་དེ་ལྷོད་ཐབས་ཤིག་ལས། སྡུག་སྣང་གི་རྦ་རླབས་བྲང་ཁོག་ཏུ་མ་ནོན་པར་ངོ་གདོང་ཡོངས་སུ་འགྱུར་ཟིན་པའི་ཁོ་མོའི་བློ་གཏད་དང་ཡིད་ཆེས་ཀྱི་གཏད་སོ་རུ་འགྱུར་ག་ལ་སྲིད་ཅིང་། སྐྱོ་སྡུག་གི་སྨུག་ལོང་ཁྲོད་ཡན་པའི་ཁོ་མོས་སུ་ཞིག་གི་ངོ་མདངས་དང་ཉམས་སྣང་ཞིབ་ཏུ་ྐློག་མི་བཏུབ་པའི་བདེན་ལུགས་ལ་བསམ་ན། ད་ནི་བློ་འགྱོད་ཅིང་ཁ་སྐྱེངས་པའི་ཡུལ་དུ་མཐོང་ན། གཡོལ་ཐབས་མེད་པའི་གནད་དོན་གྱི་མདུན་དུ་ང་ནི་ཇི་འདྲའི་ཉམས་རེ་ཆུང་ཨང་། འགན་འཁྲི་ཞེས་པའི་ངེས་དོན་གྱི་ཁུར་བོ་ལྕི་མོ་འདིའི་མདུན་ན་བདག་གི་རྣམ་ཤེས་ཀྱི་ཀ་བ་ཇི་འདྲའི་ཕྲ་ཨང་།
འདི་ལྟར་བསམ་ན་སློབ་ཁྲིད་དམ་སློབ་མ་སྐྱོང་བ་ཞེས་པ་ཡི་གེ་སློབ་པ་ཙམ་མིན་པར། སློབ་མའི་མི་གཞིའི་ཟབ་ས་དང་བསམ་བློའི་གཏིང་རིམ་ལ་དཔུང་འཇུག་གིས་མི་བུའི་བླ་སྲོག་བཟོ་སྐྲུན་གྱི་གོ་རིམ་ཞིག་ཡིན་པའང་གསལ་བོར་རྟོགས་ཡོང་ལ། ངེས་པ་དོན་གྱི་གལ་གནད་འདི་འདྲའི་མདུན་དུ་རང་གི་ངོ་ཤུན་དམར་བཤུ་བྱས་ཏེ་སྙིང་ལ་ཚ་འདྲི་བྱེད་དུས། མུན་རུབ་ནས་སྨུག་ཇེ་ནག་ཏུ་སོང་སྟེ་ཁང་པའི་སྒེའུ་ཁུང་ལས་ཕྱི་རོལ་ལ་བལྟས་ཀྱང་ཅི་ཡང་མཐོང་དཀའ་མོད། སེམས་ཀྱི་སྒེའུ་ཁུང་ལས་མཐོང་བའི་རང་གི་སྣང་བ་ཇེ་གསལ་ནས་ཇེ་གསལ་རེད་པས། ངས་ཀྱང་ལས་ཀ་གྲོལ་ནས་ནང་ལ་བསླེབས་རྗེས་ཁོ་མོའི་ཉིན་ཐོ་དེ་ལ་འདི་ལྟར་ཟིན་ཐོ་ཞིག་མི་འདེབས་ཀ་མེད་བྱུང་།།

རྩོམ་རིག

Post navigation

Previous Post: ཧ་ཆི་ཀོ། Hachiko (ཁྱི་ཞིག་གི་ལོ་རྒྱུས།)
Next Post: བཀའ་བློན་ཁྲི་བའི་འོས་མི་གཉིས་དང་བགྲོ་གླེང་།

Comments (3) on “འགན་འཁྲི་དང་ནོངས་འགྱོད།”

  1. ཀླུ་སྨྱོན། says:
    2010-12-15 at 11:03 pm

    དགེ་རྒན་གྱི་འགན་འཁྲི་རྟོགས་པའི་དགེ་རྒན་ཞིག་རེད་ཨང་།

  2. རྟ་ནག་སྐལ་བཟང་ལུང་རིགས། says:
    2010-12-15 at 11:25 pm

    བྲིས་པ་བཟང་གི། དགེ་རྒན་ཟེར་ན་དེ་འདྲ་ཞིག་དགོས་གི་པ། དངོས་གནས་དེ་འདྲ་རེད།

  3. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-12-16 at 10:09 am

    བཀྲ་ཤིས་བདེ་ལེགས་ཞུ།
    ས་མཐའ་འདི་ནས་དགེ་རྒན་ལབ་དུས་ཁྱེད་ཀྱིས་གསུངས་བ་འདྲ་ཞིག་དགོས་པ་རེད། བྱེས་འབྱོར་གྱི་སློབ་ཕྲུག་འགའ་ལ་མཚོན་ན་དགེ་རྒན་ནི་དགེ་རྒན་ཡིན་ལ་ཕ་མ་ལྟ་བུ་ཡང་ཡིན།
    ཁྱེད་ཀྱིས་མཚན་ཉིད་ཚང་ཞིང་དངོས་དོན་གྱི་དགེ་རྒན་ཞིག་གི་འགན་འཁྲི་རྣལ་མ་དེ་རྟོགས་པར་རྟེན་འབྲེལ་ཡོད། ཁྱེད་ལ་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme