Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འགན་དེ་གཞིས་ཆགས་སོ་སོའི་ས་གནས་མཉམ་འབྲེལ་ནས་བཞེས་དགོས།

Posted on 2023-09-052023-09-05 By ཁ་བརྡ No Comments on འགན་དེ་གཞིས་ཆགས་སོ་སོའི་ས་གནས་མཉམ་འབྲེལ་ནས་བཞེས་དགོས།

࿑ བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་དང་། རྒྱུན་གནས་། རང་ཁ་རང་གསོ་ཐུབ་པའི་འགན་དེ་གཞིས་ཆགས་སོ་སོའི་ས་གནས་མཉམ་འབྲེལ་ནས་བཞེས་དགོས་པའི་དུས་ལ་བབས་མི་འདུག་གམ།

གཞུང་པ་ཚེ་དབང་བསོད་ནམས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་འོག་བོད་མི་བཙན་བྱོལ་བ་རྣམས་རང་ཡུལ་དུ་ཕྱིར་ལོག་མ་ཐུབ་བར་འཚོ་བའི་མདུན་ལམ་ཆེད་གནས་ཡུལ་རྒྱ་གར་གཞུང་ནས་གཞིས་ཆགས་ཀྱི་ས་ཁང་དང་མི་མང་གི་འཚོ་བར་འགན་འཁུར་ལེན་མཁན་གནས་ཡུལ་ལུང་པའི་ཁྲིམས་སྒྲིག་འོག་ས་གནས་མཉམ་འབྲེལ་ཁག་ཆེད་དུ་བཙུགས་ནས་རང་ཁ་རང་གསོ་དང་། རང་མི་རང་ལས་བྱས་ནས་གཞན་ལ་བརྟེན་མི་དགོས་པར་མཉམ་འབྲེལ་གྱི་ཡོང་འབབས་ཐོག་ནས་ས་གནས་ཀྱི་སློབ་གྲ་དང་།

སྨན་ཁང་། གཞིས་ཆགས་ལས་ཁུངས། མཉམ་འབྲེལ་དང་བཅས་པའི་ས་གནས་ཀྱི་འགྲོ་སོང་ཆ་ཚང་ས་གནས་མཉམ་འབྲེལ་རང་ནས་འགན་བཞེས་ནས་མཉམ་འབྲེལ་དེ་དག་གཞིས་ཆགས་སོ་སོའི་གཞུང་གི་ངོ་བོར་ཐོག་མ་བཙུགས་དགོས་པའི་དམིགས་ཡུལ་ཡང་དེ་ཡིན་པ་ནས་ས་གནས་འགོ་འཛིན་རྣམས་མཉམ་འབྲེལ་གྱི་ཚོགས་གཙོའི་འགན་འཁུར་ནས་གཞིས་མཉམ་གཉིས་ཁྱིམ་ཚང་གཅིག་གི་ངོ་བོར་གནས་ཡོད་ན་ཡང་བཀའ་ཤག་སྐབས་བཅུ་གཉིས་ནས་ས་གནས་མཉམ་འབྲེལ་ཁག་རང་སྐྱོང་ལ་ཁ་རྒྱུར་ནས་ད་ལྟའི་ཆ་ལ་གཞིས་མཉམ་གཉིས་རྟ་རྒྱུགས་ན་མཉམ་རྒྱུགས་དང་གུར་རྒྱབ་ན་ཁ་སྤྲོད་ལྟབུ་མ་ཡིན་པ་མི་མང་སྤྱི་པའི་མཉམ་འབྲེལ་དེ་ས་གནས་གཞིས་ཆགས་མི་མང་གི་གཞུང་ཡིན་པ་དང་ས་གནས་འགོ་འཛིན་དེ་གཞིས་ཆགས་ཀྱི་གཞིས་འགོ་ཡིན་པའི་ཆ་ནས་ས་གནས་འགོ་འཛིན་མཉམ་འབྲེལ་གྱི་ཚོགས་གཙོ་གནང་ནས་གཞིས་མཉམ་གཉིས་ཁྱིམ་ཚང་གཅིག་གི་ངོ་བོར་གནས་ནས་ས་གནས་གཞིས་མིའི་འཚོ་བའི་མདུན་ལམ་ལ་དེ་སྔ་ལས་ལྷག་པའི་འགན་འཁུར་ནས་ས་གནས་འགོ་འཛིན་ལས་ཁངདང་། ས་གནས་འཐུས་མིའི་ཚོགས་འདུ། ས་གནས་ཀྱི་འཕྲོད་བསྟེན་སྨན་ཁང་། ས་གནས་ཀྱི་ཉིན་སློབ། ས་གནས་ཀྱི་རྒན་གསོ་ཁང་། སོགས་ས་གནས་གཞིས་ཆགས་ཀྱི་སྔོན་རྩིས་ནང་གསལ་བའི་འགྲོ་སོང་ཆ་ཚང་གཞན་བརྟེན་འཚོ་སྐྱེལ་ལ་སྐྱབས་བཅོལ་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་ཞུ་མ་དགོས་པ་ས་གནས་མཉམ་འབྲེལ་གྱི་ཚོང་མཁེ་ཡོང་འབབས་ནས་གཏོང་རྒྱུའི་ལམ་ལུགས་གསར་གཏོད་ཐུབ་ཚེ་དབུས་བོད་མིའི་སྒྲིག་འཛུགས་ལ་མཛད་དཀའ་ཉུང་དུ་འགྲོ་རྒྱུར་ཕན་ཐོག་ཆེན་པོ་ཡོང་རྒྱུ་དང་། ཐོག་མ་མཉམ་འབྲེལ་བཙུགས་སྐབས་ཀྱི་དམིགས་ཡུལ་དང་མཐུན་པ་བཅས་གཞིས་ཆགས་བསྲ་བརྟན་དང་། རྒྱུན་གནས་ཐུབ་པ། རང་ཁ་རང་གསོ་དང་། རང་མི་རང་ལས། གཞན་བརྟེན་འཚོ་སྐྱེལ་གྱི་ཀུན་སློང་ཉུང་དུ་དོར་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་ཡིན་པ་ནས་ད་ལྟའི་ས་གནས་མཉམ་འབྲེལ་ཁག་ནས་ས་གནས་གཞིས་ཆགས་མི་མང་གི་འཚོ་བ་ལ་འགན་འཁུར་ནས་གནས་ཡུལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་འོག་ཁྲིམས་མཐུན་གྱི་ཚོང་ལས་རྒྱ་ཆེ་ཙམ་སྤེལ་ནས་མཉམ་འབྲེལ་སོ་སོའི་ཡོང་འབབས་ལས་གཞི་ཤུགས་ཆེ་རུ་བཏང་ནས་གཞིས་ཆགས་སོ་སོའི་འགྲོ་སོང་རང་འགོ་རང་ཐོན་ཐུབ་ན་དབུས་བོད་མིའི་སྒྲིག་འཛུགས་ལ་མཛད་དཀའ་ཉུང་དུ་འགྲོ་རྒྱུ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློའི་གོམས་གཤིས་ངན་པ་རྒྱང་དུ་དོར་ཐུབ་པར་མིག་དཔེ་བཟང་པོ་འཇོག་ཐུབ་པ་བཅས་རེ་ཞིག་འདིར་འཇུག་བསྡུས་པའོ། གཞུང་པས། ༢༠༢༣/༠༩/༠༢

ལྷུག་རྩོམ།

Post navigation

Previous Post: ཡང་བསྐྱར་ལྷ་སར་བསྐྱོད་པ།
Next Post: ཐོ་རངས་སྐབས་ཀྱི་སེམས་འགྱུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme