Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཁྲུངས་སྐར་བསུ་བའི་སྙན་རྩོམ།

Posted on 2010-07-062010-07-06 By ཁ་བརྡ་ 18 Comments on འཁྲུངས་སྐར་བསུ་བའི་སྙན་རྩོམ།

lhadhon1

༧གོང་ས་ཆེན་པོ་དགུང་གྲངས་དོན་ལྔར་སོན་པའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།

ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།

སྙན་ངག

Post navigation

Previous Post: རིན་ཆེན་བསམ་འགྲུབ་ལགས་ཀྱི་འདྲ་པར་འགའ།
Next Post: ཞབས་བརྟན་གསོལ་འདེབས་ལྷ་མི་ངོ་ཐུག

Comments (18) on “འཁྲུངས་སྐར་བསུ་བའི་སྙན་རྩོམ།”

  1. དཔལ་དགྱེས་པ་རྡོ་རྗེ says:
    2010-07-06 at 2:49 am

    གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ། །
    ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །
    ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །
    in the heavenly realm of tibet, Surrounded by a chain of snow mountains, The source of all happiness and help for beings is Tenzin Gyaltso–Chenrezig in person–may his life besecure for hundreds of kalpas!

  2. དཔལ་དགྱེས་པ་རྡོ་རྗེ says:
    2010-07-06 at 2:52 am

    གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ། །
    ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །
    ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །
    in the heavenly realm of tibet,
    Surrounded by a chain of snow mountains,
    The source of all happiness and help for beings
    Is Tenzin Gyaltso–Chenrezig in person–
    may his life besecure for hundreds of kalpas!

  3. ཀརྡོ་རབ་འབྱམས་པ་ says:
    2010-07-06 at 3:10 am

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་འགྲོ་བའི་མགོན། །
    ཕྱག་ན་པད་མོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག །

  4. ཀརྡོ་རབ་འབྱམས་པ་ says:
    2010-07-06 at 3:21 am

    དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །
    མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །
    བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་བྱང་ནས། །
    མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །

  5. ཀརྡོ་རབ་འབྱམས་པ་ says:
    2010-07-06 at 3:24 am

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་འགྲོ་བའི་མགོན། །
    ཕྱག་ན་པད་མོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག །
    ཅེས་པ་འདི་བཞིན་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ནས་གསོལ་འདེབས་ཞུ་བསྐུལ་མཛད་ངོར་༧རྒྱལ་དབང་རྡོ་རྗེ་ འཆང་གང་ཉིད་ཀྱི་ཞལ་གསུང་མ་བྱིན་རླབས་ཤིན་ཏུ་ཆེ་བ་ལགས་ན། དད་ལྡན་སེར་སྐྱ་ཚང་མས་ཞལ་འདོན་དུ་མཛད་གལ་ཆེའོ། །

  6. ཀརྡོ་རབ་འབྱམས་པ་ says:
    2010-07-06 at 3:26 am

    གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ། །
    ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །
    ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །

    ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །
    ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །
    ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །
    ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །

  7. tsok chen says:
    2010-07-06 at 5:26 am

    ༄། །བསིལ་ལྡན་ལྗོངས་འདིར་ཕན་བདེ་མ་ལུས་པ། །གང་ལས་བྱུང་བའི་བསམ་འཕེལ་ཡིད་བཞིན་ནོར། །རྗེ་བཙུན་བློ་བཟངབསྟན་འཛིན་རྒྱ་མཚོ་ཡི། །སྒུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །

  8. དཀོན་མཆོག་ནོར་བུ says:
    2010-07-06 at 8:25 am

    ༄༅།། འཛམ་གླིང་ས་ཆེན་ཡངས་པའི་དཀྱིལ་འཁོར་འདིར ། ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས ། ། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི ། ། ཞབས་པད་བསྐལ་བརྒྱའི་བར་དུབརྟན་གྱུར་ཅིག །

  9. གཙང་ཁ་བསོད་ནམས་རྡོ་རྗེ། says:
    2010-07-06 at 11:26 am

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག །

    མགོན་མེད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས། །ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པར། །
    དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས། །སྡེབ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས། །

  10. མདོ་ལྷ་ཁམས་པ། says:
    2010-07-06 at 11:54 am

    ཇི་སྲིད་ནམ་མཁའ་གནས་པ་དང་། །
    འགྲོ་བ་ཇི་སྲིད་གནས་གྱུར་པ། །
    དེ་སྲིད་ཁྱོད་ནི་གནས་གྱུར་ནས། །
    འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །

  11. རྡོ་རྗེ། says:
    2010-07-06 at 12:45 pm

    གངས་རིའི་ར་བས་བསྐོར་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་གནས།།
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།
    དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།།
    ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག།

  12. བསྟན་འཛིན་ཤེས་རབ། says:
    2010-07-06 at 5:27 pm

    ༸གོང་ས་ལྷ་མའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། མགོན་པོ་གང་ཉིད་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་རྒུ་མཐའ་དག་ལྷུན་གྱིས་འགྲུབ་པའི་སྐྱབས་འཇུག་ཞུ།

  13. lala says:
    2010-07-06 at 10:49 pm

    མུན་ལྭ་བཀླུབས་པའི་འཇིག་རྟེན་འདིར།
    བྱང་སེམས་འོད་ཀྱི་བླ་གོས་ཅན།
    འགྲོ་བའི་བདེ་ལ་བསམས་བཞེས་ནས།
    སྐུ་ཚེ་ཡུན་རིང་བརྟན་གྱུར་ཅིག
    ས་དང་བར་སྣང་རི་དང་ཆུ།
    གཏེར་དང་ལྗོན་ཤིང་ཇི་ཡོད་ཀྱི།
    འབྲས་བུ་དྭངས་མའི་ནུས་པ་ཡིས།
    གང་གི་སྐུ་ཚེ་བསྲིངས་གྱུར་ཅིག
    འཇིག་རྟེན་འདི་དང་འདི་ལས་འདས།
    གང་ལ་དད་པའི་སྟོབས་བརྟན་པའི།
    ངོ་མཚར་ནུས་པ་འདུས་གྱུར་ནས།
    མགོན་པོའི་སྐུ་ཚེ་འཕེལ་གྱུར་ཤོག

  14. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-07-07 at 12:10 am

    སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།

  15. ཀརྡོ་རབ་འབྱམས་པ་ says:
    2010-07-07 at 4:19 am

    ལ་ལས།
    མུན་ལྭ་བཀླུབས་པའི་འཇིག་རྟེན་འདིར།
    བྱང་སེམས་འོད་ཀྱི་བླ་གོས་ཅན།
    འགྲོ་བའི་བདེ་ལ་བསམས་བཞེས་ནས།
    སྐུ་ཚེ་ཡུན་རིང་བརྟན་གྱུར་ཅིག
    ས་དང་བར་སྣང་རི་དང་ཆུ།
    གཏེར་དང་ལྗོན་ཤིང་ཇི་ཡོད་ཀྱི།
    འབྲས་བུ་དྭངས་མའི་ནུས་པ་ཡིས།
    གང་གི་སྐུ་ཚེ་བསྲིངས་གྱུར་ཅིག
    འཇིག་རྟེན་འདི་དང་འདི་ལས་འདས།
    གང་ལ་དད་པའི་སྟོབས་བརྟན་པའི།
    ངོ་མཚར་ནུས་པ་འདུས་གྱུར་ནས།
    མགོན་པོའི་སྐུ་ཚེ་འཕེལ་གྱུར་ཤོག
    མུ་མཐུད་ནས་བདག་གིས།
    འདས་དང་ད་ལྟ་འབྱུང་འགྱུར་གྱི། །
    བདག་གཞན་དགེ་ཚོགས་ཅི་མཆིས་པ། །
    མཎཌལ་ཕུང་པོར་འབུལ་བ་ཡིས། །
    ༧མགོན་པོའི་སྐུ་ཚེ་ཡུན་བརྟན་ཤོག །

  16. མེ་ཏོག་དཀར་པོ། says:
    2010-07-07 at 11:32 am

    ༧སྐུ་ཚེ་བརྟན་གྱུར་ཅིག

  17. གངས་བུ་བསམ་འགྲུབ། says:
    2010-07-08 at 7:28 pm

    ༈ ཕྱིའི་དགྲ་བོ་བྱམས་པའི་མཚོན་ཆས་བཏུལ། །ནང་མ་ནུས་འགྲོ་ཀུན་བུ་ལྟར་བརྩེ། །དཔལ་སངས་རྒྱས་སྟོང་གི་རང་གཟུགས་མཆོག །རྗེ་འགྲན་མེད་བསྟན་འཛིན་རྒྱ་མཚོར་འདུད། །དུས་བསྐལ་པ་ཇི་སྲིད་མ་སྟོང་པར། །མགོན་ཁྱེད་སྐུ་གཡོ་མེད་རྟག་བཞུགས་ཏེ། །འབངས་སྐྱབས་མེད་འཁོར་བའི་ཞིང་ས་རུ། །ཆོས་ཟབ་མོའི་སྦྲང་ཆར་འབེབས་པར་གསོལ།

  18. ཤར་ཕྱོགས་པ། says:
    2010-07-09 at 3:07 am

    ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ
    འཁོན་འཛིན་དྲེགས་པའི་དགྲ་པོའི་དཔུང་ཚོགས་རྣམས་ལ།།
    བྱམས་བརྩེའི་མཚོན་གྱི་རྣོ་དབལ་ཤུགས་ཀྱིས་བསྣུན་ཏེ།།
    སྡང་སེམས་སྲོག་གི་རྩ་བ་རྩད་ནས་གཅོད་པའི།།
    ངེས་དོན་ཟླ་མེད་དཔའ་བོར་གུས་པ་འདུད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme