Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཁྲུངས་མ་ཐག་པའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ།

Posted on 2009-12-232009-12-23 By ཀླུ་ 12 Comments on འཁྲུངས་མ་ཐག་པའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ།
བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ
བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ

བཙན་བྱོལ་བོད་མིའི་མདོ་སྨད་ཆོལ་ཁ་དབུས་རྒྱུན་ལས་ཁང་ནས་www.dhomay.net ཞེས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ་ཞེས་བ་གསར་བཟོ་ལེགས་འགྲུབ་བྱུང་ཏེ། ཟླ་འདིའི་ཚེས་༢༣ བཟང་པོ་བཅུ་འཛོམས་ཉིན་བཙན་བྱོལ་བོད་མིའི་རྒྱལ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་མཛད་སྒོ་དང་མཉམ་དབུ་འབྱེད་བྱས་འདུག།
བར་སྣང་ལ་དྲ་འབྲེལ་བྱས་མ་ཐག་པའི་དྲ་རྒྱ་དེའི་ནང་རྒྱུན་ལས་ཁང་ངོ་སྤྲོད་བྱས་པ་ནས་མདོ་སྨད་ས་ཁྲ་དང་། ཡུལ་སྲོལ་གོམས་གཤིས། དགོན་སྡེ་ཁག་ངོ་སྤྲོད། མི་སྣ་གལ་ཆེན་ཁག་ངོ་སྤྲོད་མདོ་སྨད་ལོ་རྒྱུས་སམ་མདོ་སྨད་སྤྱི་བཤད་དང། དབུ་མའི་ལམ། རྒྱ་ནག་ངོ་སྤྲོད། ས་བྱི་ལོའི་ཞི་རྒོལ་ཆེན་མོ། བཙན་བྱོལ་བོད་གཞུང། ༧གོང་ས་མཆོག་གི་བཀའ་སློབ། དོལ་རྒྱལ་སྐོར་སོགས་ཡོད་པ་མ་ཟད་ད་དུང་རྒྱལ་སྤྱིའི་རྒྱལ་ནང་གི་གསར་འགྱུར་དང་། རྡུང་ལེན་རོལ་མོ། ཆ་འཕྲིན་ཤེས་བྱ་དང་གཉེན་ཆས་ཕབ་ལེན་སོགས་སྣ་མང་འཛོམས་འདུག་ལ་དྲ་བ་གཉེར་བ་ལ་གཙོ་བོ་མ་འོངས་བར་ཉིན་ལྟར་ཡིག་ཚགས་ཁ་གནོན་དང་གསར་སྤེལ་བྱེད་ཐུབ་ན་དྲ་བ་ཚད་ལྡན་ཞིག་ཡོང་བ་འདུག་གོ།

གསར་འགྱུར།

Post navigation

Previous Post: གུང་སེང་འདི་མེད་པ་བཟོ་དགོས།
Next Post: ང་ཕོད་ངག་དབང་འཇིགས་མེད་ལགས་སྐུ་གཤེགས་པའི་གནས་ཚུལ་ཐོན་འདུག

Comments (12) on “འཁྲུངས་མ་ཐག་པའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ།”

  1. མདོ་ལྷ་ཁམས་པ། says:
    2009-12-23 at 8:45 am

    གངས་ལྗོངས་མདོ་སྨད་དྲ་རྒྱ་གསར་དུ་དབུ་འབྱེད་གནང་བར་བཀྲ་ཤིས་བདེ་ལེགས་ཞུ།

  2. བློ་གྲོས་རྣམ་རྒྱལ says:
    2009-12-23 at 8:55 am

    གངས་ལྗོངས་མདོ་སྨད་དྲ་རྒྱ་དབུ་འབྱེད་གནང་ཐུབ་པར་བཀྲ་ཤིས་བདེ་ལེགས་ཞུ། མ་འོངས་པར་ཡར་རྒྱས་གོང་འཕེལ་གྱིས་དྲ་རྒྱ་ཚད་ལྡན་ཞིག་ཡོང་པའི་སྨོན་ལམ་ཡོད།

  3. གངས་དཀར། says:
    2009-12-23 at 9:31 am

    ངོ་མཚར་ཆེ་ལས་ཀྱི་ཁུར་འགན་བཞེས་མི་རྣམས་ལ་སྐུ་དྲིན་ཆེ། ཡར་རྒྱས་ཡར་དར་ཡོང་བའི་སྨོན་འདུན་ཞུ།

  4. གཅན་བཟོད་རྒྱམ། says:
    2009-12-23 at 11:25 am

    མདོ་སྨད་ཆོལ་ཁའི་དྲ་བ་གསར་པ་སྒོ་ཕྱེས་པར་སྙིང་ཐག་པ་ནས་དགའ་གུས་རྟེན་འབྲེལ་ཞུ། ཡང་རྒྱས་འཕེལ་དུ་འགྲོ་བར་སྨོན།

  5. རྩམ་དགའ་ says:
    2009-12-23 at 1:12 pm

    མདོ་སྨད་ཆོ་ཁའི་དྲ་བ་གསར་བ་སྒོ་ཕྱེས་པར་བཀའ་དྲིན་ཞུ།
    ད་ནས་ང་ཚོར་མདོ་སྨད་ཆོ་ཁའི་རྒྱུད་ལས་ཚོའི་ལེགས་ཉེས་ཐེར་འདོན་བྱེད་སའི་ཚོགས་ཁང་ཞིག་ཡོད་སོང་ནི་རེད་ལགས།

  6. བསམ་ཤེས། says:
    2009-12-23 at 1:50 pm

    བོད་ལྗོངས་མདོ་སྨད་རེད་དམ་གངས་ལྗོངས་མདོ་སྨད་རེད། ང་རང་འདིར་ཧ་དེ་ཙམ་ལས་མ་སོང་། བོད་ཆོལ་གསུམ་གྱི་དྲ་རྒྱ་ཞིག་བཟོས་ན། ལེགས་པོ་རེད། མདོ་སྨད་ཅེས་ཆོལ་ཁའི་ངོ་བོའི་ཐོག་ནས་བྱ་བ་སྤེལ་བ་འདི། ཕུགས་ལ་བོད་ཀྱི་རྩ་དོན་ལ་གནོད་པ་ལས་ཕན་པ་མེད། ཆོལ་ཁའི་ལྟ་བ་ཞིག་གི་གསོན་འདེབས་པ་དང་། དེ་བཞིན་ཤོག་ཁའི་འདུ་ཤེས་ཤིག་དུས་རབས་ཉེར་གཅིག་གི་དྲ་རྒྱའི་ཐོག་འཁུར་ཡོང་བ་ལས་དེ་མིན་གཞན་མིན་འདུག 

    ད་ཁམས་པས་དྲ་རྒྱ་གཅིག་བཟོས། དེ་ནས་དབུས་གཙང་གིས་དྲ་རྒྱ་གཅིག་བཟོས། མདོ་སྨད་ཅེས་བོད་འདི་ཕར་ཙམ་གཡུགས། ཁམས་པ་ཞེས་བོད་འདི་ཕར་གཡུགས། དབུས་གཙང་ཞེས་བོད་འདི་ཕར་གཡུགས། ད་དེ་བྱས་རྗེས་རེད་བསམས་ནས་བསྡོད་མཁན་གྱི་གླེན་པ་བོད་མི་ཉུང་ཤས་དེ་ཚོ་ངོ་མ་སྙིང་རེ་རྗེ།

    རྒྱ་ལ་ད་ལོའི་གཏམ་བཟང་ཆེ་ཤོས་ནི་འདི་ཡིན། ཁ་དུས་ཡིན་ནའི་བཙན་བྱོལ་ནང་གི་བོད་མི་གསར་འབྱོར་བ་ཚོ་དང་། ལྷག་པར་དུ། ཨ་མདོ་གསར་འབྱོར་བ་དེ་ཚོས་ཤེས་བཞིན་དུ་བོད་འདི་ལ་གནོད་པ་ཆེན་པོ་བྱེད་པ་འདི་ངོ་མ་ཡ་མཚན་ཆེ།

    ད་དེ་བསམ་བློ་གཏོང་དུས། བོད་ཀྱི་དུས་བབ་དང་། ཁ་བརྡ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་ཟེར་བའི་དྲ་རྒྱ་བཙུགས་མཁན་དེ་ཚོ་རླབས་ཆེན་རེད། ང་ཁོང་ཚོ་མགོའི་སྟེང་ལ་འཁུར་ནས་གུས་ཞབས་བྱེད།

  7. གཞོན་ནུ་ཟླ་མེད says:
    2009-12-23 at 2:07 pm

    ང་ཐོག་མར་བོད་ནས་གསར་དུ་རྡ་སར་འབྱོར་སྐབས་ང་ཚོ་མདོ་སྨན་གྱི་མི་ཁ་ཤས་ཡོད། དེ་དུས་ཨ་མདོ་མཆོད་རྟེན་ཟེར་མཁན་རྒྱག་པ་ཅིག་གིས་རྡ་སར་ཟ་ཁང་ཅིག་ཏུ་ང་ཚོ་ལ་གསོལ་ཚིགས་ཅིག་བཤམ་ནས་འདི་མདོ་སྨན་ཆོལ་ཁའི་ངོ་བོས་ཐོག་ནས་གསོལ་ཚིགས་དྲང་གི་ཡོད་གསུངས་སོང་། དེ་ནས་བཟུང་སྟེ་མདོ་སྨད་ཆོལ་ཁའི་རྒྱུན་ལས་འདྲ་བོ་ཅིག་ཡོད་ས་རེད་དྲན་སོང་མོད། རྗེས་སུ་༡༩༩༦ འདྲ་ཅིག་ལ། མདོ་སྨད་རྒྱུན་ལས་ཀྱི་མིང་ཐོག་ནས་དངུལ་ཅིག་བསྡུས་སོང་། དེ་མ་གཏོགས་མདོ་སྨན་རྒྱུན་ལས་ལ་གྲགས་འགུལ་ཅི་ཡང་མི་འདུག མ་གཞི་ང་རང་རྡ་ས་ནས་བསྡད་མེད་པས་རྡ་སའི་སྐོར་མང་པོ་ཤེས་རྒྱུ་མ་རེད།
    གང་ལྟར་ད་ཐེངས་དྲ་རྒྱ་ཅིག་བཙུགས་པ་འདིས་ཕན་ཚུན་ཤེས་རྟོགས་ལ་ཕན་ཐོག་ཆེན་པོ་ཡོད་ཀྱི་རེད་བསམ། རྒྱུན་ལས་ལྷག་བསམ་ཅན་མཆོད་རྟེན་ལྟ་བུ་ཡོང་ན་རབ་རེད། ད་དེང་སང་སྐབས་འཚོལ་རིང་ལུགས་པ་རྐྱང་རྐྱང་མིན་པའི་སྨོན་ལམ་འདེབས།

  8. ཀླུ་སྨྱོན། says:
    2009-12-23 at 2:34 pm

    དྲ་རྒྱ་འདིའི་ནང་དུ་སྒྱུ་རྩལ་རྩོམ་རིག་ཡོངས་རྫོགས་ཀྱི་ཚབ་དུ་གཞས་རྡུང་ལེན་རེ་མ་གཏོགས་མི་འདུག མདོ་སྨད་ཆོལ་ཁའི་ལོ་ལོན་ཚོར་བསམ་བློ་བཏང་འདུག་མ་གཏོགས་མདོ་སྨད་ཆོལ་ཁའི་རྩོམ་པ་པོ་ཚོར་བསམ་བློ་བཏང་མེད་པའི་ཚོར་སྣང་ཞིག་བྱུང་། གང་ལྟར་འདི་ལྟ་བུའི་དྲ་རྒྱ་ཞིག་གསར་བཟོ་བྱེད་པར་དཀའ་ངལ་མང་པོར་གདོང་ལེན་བྱས་ཡོད་ཀྱི་རེད། མི་འདངས་ས་དེ་ཚོར་དལ་བུར་སྒྱུར་བཅོས་་གཏོང་ཆོག་གི་རེད། དྲ་རྒྱ་འདི་གསར་རྩོམ་བྱེད་མཁན་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

  9. རྩམ་དགའ་ says:
    2009-12-23 at 11:20 pm

    བསམ་ཤེས་ལགས་ཁམས་བཟང་།
    ཉིད་ནས་མདོ་སྨད་ཆོལ་ཁའི་དྲ་བ་འདི་ལས་འཕྲོས་བའི་གཏམ་འདི་ལ་ང་རང་ཅུང་དགའ་མ་སོང་།
    མདོ་སྨད་ཅེས་ཆོལ་ཁའི་ངོ་བོའི་ཐོག་ནས་བྱ་བ་སྤེལ་བ་འདི། ཕུགས་ལ་བོད་ཀྱི་རྩ་དོན་ལ་གནོད་པ་ལས་ཕན་པ་མེད་ཅེས་པར་ངས་བསམ་ན་འདིས་ཕན་གིན་རེད་འདོད་ཀི རྒྱུ་མཚན་གང་ཡིན་ཟེར་ན་མདོ་སྨད་མི་དམངས་དང་རྒྱུན་ལས་བར་གྱི་དཀའ་ངལ་མི་ཉུང་བ་ཞིག་འདིས་བསལ་ཐུབ་པ་མ་ཟད། ད་དུང་རྩོམ་ཡིག་དང་བསམ་ཚུལ་སྤེལ་མཁན་འདྲ་ཡོད་ན་སྤེལ་ས་དང་། རང་རང་ལ་སྐྱིད་སྡུག་གང་ཡོད་དེ་མི་དམངས་ལ་བཤད་འདོད་ན་བཤད་སའི་ཚོགས་ཁང་འདྲ་མར་འདོད་ཀིན་ཡོད། གཞན་ཞིག་ནས་བཤད་ན་ཆོལ་ཁ་སོ་སོའི་ངོ་བོའི་ཐོག་ནས་ལས་དོན་གང་ཞིག་ཡིན་ནའང་ཆེ་ཆུང་དང་སྐུ་ངལ་ལ་མ་འཛེམ་པར་སྤེལ་ཐུབ་ན་ཡར་རྒྱས་ལ་འགྲོ་གིན་རེད། ཆོལ་ཁ་གང་ཞིག་ཡར་རྒྱས་ལ་སོང་བ་འདིས་མི་དམངས་དང་རྩ་དོན་ལ་ཕན་པ་ལས་གནོད་པ་ཨེ་ཡོད་ལགས། གཞན་ཡང་དུས་རབས་ཉེར་གཅིག་པ་ཡིན་ཡང་རང་ཉིད་གང་ལ་གཏོགས་པའི་ཆོལ་ཁའི་འདུ་ཤེས་བོར་ན་འགྲིག་གིན་ཡོད་མེད་མི་ཤེས། འདི་ནི་ངའི་བསམ་ཚུལ་ཙམ་ཡིན།

  10. ཁ་ཕྱོགས་མེད says:
    2009-12-24 at 12:08 am

    དྲ་བ་གསར་སྤེལ་བྱས་པར་རྟེན་འབེྲལ་ཞུ།་་་་འོན་ཀྱང་མུ་མཐུད་ནས་ཡར་རྒྱས་ལ་གཏོང་རྒྱུ་གལ་ཆེ།
    མིང་འདོགས་སྟངས་ལ་དེ་ཙམ་སྣང་བ་འགྲོ་མ་སོང།་་་་ནང་ལ་ད་དུང་གཞི་ནས་ལྟ་རྒྱུ་ཡིན།་
    ཅི་ཕྱིར་བོད་ལྗོངས་མདོ་སྨད་ཆོལ་ཁ་ཟེར་དགོས་ནི་རེད།
    མདོ་སྨད་ཆོལ་ཁའི་དྲ་རྒྱ་ཟེར་ན་མ་འགྲིག་པ་གང་ཡིན་ནམ་མིང་འདི་ལ་ཆབ་སྲིད་ཀྱི་དགོས་དོན་ཡོད་ཁུལ་ཡིན་རྒྱུ་རེད་འོན་ཀྱང་ངས་དེའི་སྙིང་བོ་མཐོང་སོང་དྲ་གྲོགས་ཚོའི་བལྟ་ཚུལ་རེ་ཤོད།

  11. བློ་སྨྱོན says:
    2009-12-25 at 2:38 am

    འདི་ན་ལྟན་མོ་ཡོད་གི http://wokar.net/index.php?option=com_content&view=article&id=767:2009-12-24-11-11-11&catid=61:2009-09-07-14-57-15&Itemid=126

  12. མདོ་ལྷ་ཁམས་པ། says:
    2009-12-28 at 2:23 pm

    བ་སལདབལས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme