Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཁྲུག་ཆ་དོད་པའི་ང་ཚོའི་སྤྱི་ཚོགས།

Posted on 2016-09-272016-09-27 By ཁ་བརྡ་ 14 Comments on འཁྲུག་ཆ་དོད་པའི་ང་ཚོའི་སྤྱི་ཚོགས།

སྐལ་བཟང་སྤེན་པ།

 
དེ་སྔོན་དང་མི་འདྲ་བར་ད་ལྟའི་དུས་འདིར་ཁ་ཐོར་གྱུར་པའི་བོད་པའི་སྤྱི་ཚོགས་ཆུང་ཆུང་དེ་ནི་ཉིན་རེ་བཞིན་མ་འདས་པར་ཧ་ཅང་གི་འཁྲུག་ཆ་དོད་པོ་ཞིག་ཆགས་ཡོང་གི་འདུག དེ་ལྟ་བུའི་ངན་ཕྱོགས་ཀྱི་འཁྲུག་ཆ་དོད་པོ་བཟོ་མཁན་གྱི་གང་ཟག་ནི། ང་ཚོའི་སྤྱི་ཚོགས་ཀྱི་གསེང་ནས་ཐོན་ཡོང་གི་འདུག་ལ། གྲོས་ཚོགས་ར་བའི་ཁྲོད་ནས་ཀྱང་སྐད་གསེང་མཐོན་པོའི་སྒོ་ནས་ཐོན་ཡོང་གི་འདུག
ལྷག་པར་དུ། འདས་པའི་ལོ་གཅིག་གཉིས་ཙམ་གྱི་ནང་༧གོང་ས་མཆོག་ལ་མངོན་སུམ་འཛེམས་མེད་ཀྱིས་སྐྱོན་བརྗོད་བྱེད་མཁན་ནི་མཐོ་སྲིད་སྐྱོང་གི་རྐུབ་སྟེགས་ལ་རྩོད་མཁན་གྱི་སྲིད་སྐྱོང་འོས་མི་ནས་ད་བར་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་གྱིས་བསྐྱངས་པའི་མི་ངན་ཐ་ཤལ་དེ་རིགས་རེད། མི་དེ་རིགས་ཀྱིས་བོད་མི་རིགས་འདིར་ཤ་ཚ་ཡོད་མདོག་དང་། བོད་པའི་སྤྱི་ཚོགས་ལ་དུང་སེམས་ཡོད་མདོག་གིས་བོད་པའི་བདེ་དོན་གླེང་ཁུལ་བྱས་ཀྱང་། མཐའ་མའི་དམིགས་ཡུལ་ནི། ༧གོང་ས་མཆོག་ལ་མཚན་ཤས་བཟོ་རྒྱུ་དང་བོད་མི་ནང་ཁུལ་གྱི་མཐུན་ལམ་ལ་གཏོར་བཤིག་གཏོང་རྒྱུ་དེ་རེད།

ད་དུང་བློ་ཕམ་པ་ཞིག་ལ། བཙན་བྱོལ་སྤྱི་ཚོགས་ཀྱི་གྲོས་ཚོགས་ར་བ་དེ་ནི། བོད་མིའི་སྟོབས་ཤུགས་ཀྱི་འབྱུང་རྩ་དང་། མཐུན་ལམ་གྱི་མདུད་པ་རྒྱག་མཁན་ཞིག་ཡིན་དགོས་ཀྱང་། ད་ལྟའི་སྒེར་འཐུས་རེ་ཟུང་གི་བྱེད་བབ་ལ་གཞིགས་ན། གྲོས་ཚོགས་ར་བ་དེ་ནི་ང་ཚོའི་མཐུན་ལམ་གྱི་མདུད་པ་གཅོད་མཁན་གྱི་སྟ་རེ་དང་། འཐབ་རྩོད་ཀྱི་ནུས་ཤུགས་མེད་པར་བཟོ་མཁན་གྱི་བྱུར་འདྲེན་ཞིག་ཏུ་མི་འགྱུར་པའི་ངེས་པ་གཏན་ནས་མི་འདུག
ཉེ་བའི་བྱུང་རབས་ནང་། སྤྱི་འཐུས་ར་བ་དེ་ཆོལ་ཁའི་འཐེན་འཁྱེར་རྩོད་ཡུལ་གྱི་དམག་ས་ཆགས་སོང་ལ། བོད་མིའི་སྙིང་ལ་ཟུག་གཟེར་སློང་མཁན་གྱི་སྟ་རེ་རང་ཆགས་སོང་། དེ་ནི་དུས་ཚོད་རིང་པོར་ལྟག་ལོག་རྒྱག་མི་དགོས་པར་འདས་པའི་ལོ་ཤས་གོང་ལ། སྤྱི་འཐུས་ཀྱི་མིང་འཁྱེར་བའི་སྒེར་འཐུས་དེ་ཚོས་སྒེར་འཁོན་ཁོ་ན་བརྩད་ནས་ཞབས་འདྲེན་ཚང་མ་འཛམ་གླིང་ཡོངས་ལ་ཞུས་སོང་། དེའི་དབང་གིས་༧གོང་ས་མཆོག་གི་ཐུགས་དཀྲུགས་སོང་ལ་བོད་ཕྱི་ནང་གཉིས་ཀྱི་སྤུན་ཟླའི་སེམས་སུ་ན་ཟུག་ཚད་མེད་ཅིག་བཟོས་པ་རེད།

ང་ནི་དུས་དེ་ནས་བཟུང་སྤྱི་འཐུས་ཀྱི་མིང་འཁྱེར་དོན་དུ་སྒེར་འཐུས་བྱེད་མཁན་དེ་ཚོར་ཡིད་ཆེས་དང་རེ་བ་ཡོངས་སུ་བརླགས་སོང་ལ། གུས་ཞབས་ནི་དེ་བས་ཀྱང་ག་ལ་ཡོད། ཉེ་དུས་སྤྱི་འཐུས་གྲོས་ཚོགས་ཚོགས་སྐབས་སུ་སྤྱི་འཐུས་གསར་པ་དེ་ཚོའི་རྔ་རྡུང་སྟངས་དང་ཞབས་བྲོ་འཁྲབ་སྟངས་ལ་བལྟས་པ་ཡིན། དེའི་ནང་སླར་ཡང་ཆོལ་ཁའི་འཐེན་ཁྱེར་གྱི་སྐྲན་ནད་ཕོོག་པའི་སྒེར་འཐུས་རེ་ཟུང་འདུག
མི་དེ་ཚོས་སླར་ཡང་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིར་ཞི་བདེ་བག་ཕེབས་དང་། མཐུན་ལམ་གྱི་ཚོར་བ་ཞིག་ནམ་ཡང་སྤྲོད་ས་མ་རེད། སྤྱི་འཐུས་སྙིང་པའི་ཁྲོད་ནས་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་གྱི་སྐྲན་ནད་ཕོག་ཟིན་པའི་སྒེར་འཐུས་བསྟན་པ་ཡར་འཕེལ་ཁོའི་ཤོད་སྟངས་དེར་ལྟོས་དང་། ཁོ་པས་སྤྱི་ཚོགས་ནང་སྤྱི་འཐུས་ཀྱི་མིང་སྤྱད་ནས་གསར་འགྱུར་བརྒྱུད་ལམ་ཁྲོད་༧གོང་ས་ཆོག་གི་བཀའ་ལ་ལོག་འགྲེལ་དང་། གྲོས་ཚོགས་ར་བའི་ནང་ཆོས་སྐྱོང་གི་མཚན་སྤྱད་ནས་ཆོས་ལུགས་འཐེན་འཁྱེར་གྱི་རལ་གྲི་གནམ་ལ་འཕྱར་བ་སོགས། མདོར་ན། གྲོས་ཚོགས་ར་བའི་ནང་བསྟན་པ་ཡར་འཕེལ་གྱི་ལས་འགན་གཙོ་བོ་ནི་སྤུན་ཟླ་ནང་ཁུལ་གྱི་མཐུན་ལམ་ལ་གཏོར་བཤིག་གཏོང་རྒྱུ་དེ་ཡིན་པ་འདྲ།

མདོར་བསྡུས་ནས་བཤད་ན། ངའི་ངོས་ནས་བརྗོད་ན། ད་ལྟའི་གྲོས་ཚོགས་ར་བ་དེ་ནི་སྐབས་འཚོལ་རིང་ལུགས་པ་དང་། འཐེན་ཁྱེར་རིང་ལུགས་པ་དེ་ཚོའི་དམག་ས་ཙམ་ལས། མི་རིགས་ཤིག་གི་ལས་དབང་ཆེད་འཐབ་རྩོད་ཀྱི་མདུན་མཆོང་བ་ཞིག་ལ་མཐོང་གི་མེད། གང་ཡིན་ཟེར་ན། གྲོས་ཚོགས་ར་བ་དེའི་ནང་ཡོད་པ་ནི་ཆོས་ལུགས་དང་ཆོལ་ཁའི་འཐེན་ཁྱེར་གྱི་སྒེར་འཐུས་དང་། མེད་པ་ནི། ཤེས་འཇོན་དང་ལྷག་བསམ་གྱིས་ཕྱུག་པའི་སྤྱི་འཐུས་སོ།
དེས་ན། འཐེན་ཁྱེར་གྱི་དུག་ཆུས་མྱོས་པའི་སྒེར་འཐུས་དེ་རིགས་གྲོས་ཚོགས་ར་བའི་དཀྱིལ་འཁོར་ནས་ཕྱིར་འབུད་གཏོང་དགོས་ཚེ། ང་ཚོས་སྤོ་དགོས་པའི་ཐོག་མའི་གོམ་པ་ནི་ཆོལ་ཁ་རེ་ནས་འཐུས་མི་བཅུ་པོ་དེ་དག་དང་ཆོས་རྒྱུད་སྤྱི་འཐུས་རྣམས་ཆོལ་ཁ་གསུམ་གྱི་བོད་མི་བྱིངས་ཀྱིས་འོས་འདེམས་བྱ་རྒྱུ་དེ་རེད། དེ་ལྟར་བྱ་ཐུབ་ཚེ། ང་ཚོས་གཞི་ནས་སྒེར་འཐུས་ཟ་འདྲེ་དེ་ཚོ་རིམ་པས་གྲོས་ཚོགས་ར་བའི་ནང་སླེབས་མི་སྲིད་པས། ད་ལྟའི་གྲོས་ཚོགས་ཀྱི་མཚན་མཐོང་ལའང་ཏོག་ཙམ་ཕན་ངེས་ཡིན། དེ་མིན་དེང་སང་གྲོས་ཚོགས་ཚོགས་འདུ་ལའང་བལྟ་འདོད་མེད་པ་ཆགས་ཀྱི་འདུག གང་ལྟར། ད་ནི་ང་ཚོས་བསམ་གཞིགས་ནན་པོ་བྱེད་དགོས་པའི་དུས་ལ་བབས་འདུག་གོ །

བསམ་ཚུལ།

Post navigation

Previous Post: སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་བདུན་པ།
Next Post: བོད་སྐད་ཀློག་དེབ་ཅིག་ལས་འཕྲོས་པའི་གཏམ།

Comments (14) on “འཁྲུག་ཆ་དོད་པའི་ང་ཚོའི་སྤྱི་ཚོགས།”

  1. ཅོ་རི་ཉི་མ། says:
    2016-09-27 at 1:16 pm

    སྤྱིའི་དོན་བཤད་མདོག་མདོག་བྱས་ནས་དྲང་བདེན་ཅན་དང་ལྐོག་ཟ་རུལ་སུངས་ཚོའི་ཁ་གཏོད་བཅགས་མཁན་གྱི་སྤྱི་འཐུས་བསྟན་པ་ཡ་འཕེལ་ལགས་ཀྱི་ཐོག་ཏུ་མདའ་ཁ་སྐོར་གྱི་ཡོད་པེ།་་་དགོད་བྲོ་བའི་སྐད་ཆ་རང་རེད་་་་ཧཧ

  2. གཡུ་ཐོག་རྒྱལ་པོ། says:
    2016-09-27 at 1:24 pm

    རེད་ཏ། དེང་སང་གི་ང་ཚོའི་སྤྱི་ཚོགས་ནང་གཅིག་རྐྱང་འཇོན་རྒྱུ་མེད་པའི། མིག་ལྤགས་གྱོན་པའི་སྤྱང་ཀི་མང་སེ་འདུག་ཀ ད་ཨོ་རྒྱན་གཉིས་པ་ཞིག་མ་ཕེབས་ན། སྲིན་པོའི་ཁ་གནོན་མཛད་རྒྱུ་དེ་ཁག་སེ་འདུག

  3. ཚེ་དབང་། says:
    2016-09-27 at 3:41 pm

    སྤྱི་དོན་བཤད་ཁུལ་བྱས་ནས་སྒེར་ནད་ཁོག་བཅང་གིས་བྱེ་བྲག་པ་ཞིག་ལ་བསྐྱོན་བརྗོད་བྱས་འདུག དང་པོ་རང་ཉིད་ནས་ཅི་ཞིག་དྲིས་འདུག་པ་བཟིགས་དང་རང་གི་མདོག་གསལ་པོ་ཕྱི་རུ་དོན་འདུག ༧གོང་ས་མཆོག་གི་བཀའ་ལ་ལོག་འགྲེལ་བྱས་ཡོད་ན་རེ་རེ་བཞིན་བྱེད་རོགས། ངོས་ལེན་གཙང་མ་ཡོད། དེ་མིན་རིག་པ་དང་རྒྱུ་མཚན་མེད་པོའི་གོ་ཁའི་ནག་མོའི་ཁ་ལྕེ་འདྲ་བ་དེ་འདྲ་ནི་ལམ་ཁའི་ཁྱི་སྐྱག་དང་གཅིག་མཚུངས་རེད་འདུག

  4. ནུབ་ཕྱོགས་གངས་ཕྲུག says:
    2016-09-27 at 6:32 pm

    བློ་བཟང་སེངྒེ་རྡ་རམ་ས་ལ་སླེབས་ནས་བཙན་བྱོལ་ནང་ལ་བདེ་སྐྱིད་བྱུང་མ་སོང་།

  5. ཀརྡོ་རབ་འབྱམས་པ་ says:
    2016-09-27 at 10:38 pm

    ་་་་་་་་ སྤྱི་འཐུས་སྙིང་པའི་ཁྲོད་ནས་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་གྱི་སྐྲན་ནད་ཕོག་ཟིན་པའི་སྒེར་འཐུས་བསྟན་པ་ཡར་འཕེལ་ཁོའི་ཤོད་སྟངས་དེར་ལྟོས་དང་། ་་་་་་་་ ཟེར།

  6. ནུབ་ཕྱོགས་གངས་ཕྲུག says:
    2016-09-27 at 10:54 pm

    བསྟན་པ་ཡར་འཕེལ་གྱི་ཆོས་ལུགས་འབྲུག་པ་བཀའ་བརྒྱུད་རེད་ཟེེར། ཁོའི་རྒྱབ་ལ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་ཡོད་རེད། ད་ག་ནང་བཞིན་ཨོ་རྒྱན་སྟོབས་རྒྱལ་སོགས་མང་ངོ།

  7. ཅང་ཤེས་རྟ་མཆོག says:
    2016-09-28 at 12:08 am

    བསྟན་པ་ཡར་འཕེལ་གྱི་རྒྱབ་ལ་ཀརྨ་པ་ཡོད་རེད་ཟེར་པ་དེར་མོས་མཐུན་བྱེད་ཐུབ་ས་མ་རེད། ཁོ་བའི་རྒྱབ་ལ་སྤྲུལ་སྐུ་དབུ་རྒྱན་སྟོབས་རྒྱལ་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཡོད་པ་ནི་བདེན་པ་རེད། དེར་མ་ཟད་ད་དུང་སྲིད་སྐྱོང་སློབ་བཟང་སངས་རྒྱས་ཀྱི་ལག་ཆ་ཆགས་ཡོད་པའང་ཁུངས་སྐྱེལ་བདེན་དཔང་ཡོད་པ་སྟེ་སྔ་ལོ་སྲིད་སྤྱི་འོས་བསྡུའི་ལས་རིམ་མགོ་འཛུགས་མ་བྱས་པའི་སྔོན་ཙམ་བསྟན་པ་ཡར་འཕེལ་དང་སྲིད་སྐྱོང་སློབ་བཟང་སངས་རྒྱས་གཉིས་New Delhi Corner Palace ནས་ཆང་རག་གི་ར་བཟི་རྗེས་སྲིད་སྐྱོང་གི་ཕྱིར་བསྐྱོད་ལག་འཁྱེར་བོར་བརླག་སོང་སྟེ་ལྡི་ལི་དོན་གཅོད་སྐུ་ངོ་བསྟན་པ་ཚེ་རིང་ནས་ཛ་དྲག་གི་ཕྱི་བསྐྱོད་ལག་འཁྱེར་ཤོག་ལྷེབ་གཅིག་ཅན་ཞིག་བཟོས་ཏེ་བསྐྱོད་དགོས་བྱུང་ཡོད།

  8. ནུབ་ཕྱོགས་གངས་ཕྲུག says:
    2016-09-28 at 2:20 am

    ཅང་ཤེས་རྟ་མཆོག བསྟན་པ་ཡར་འཕེལ་དང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་གཉིས་ཕ་ཡུལ་གཅིག་པ་རེད། རོགས་རམ་ཡང་གནང་གི་ཡོད་སྐད་འདུག འཇུ་ཆེན་འདས་པོའི་དེབ་ཀྱི་སྦྱིན་བདག་ཀརྨ་པ་རེད། ཞུས་དག་བྱེད་མཁན་བསྟན་པ་ཡར་འཕེལ་དང་བེ་རི་འཇིགས་མེད་སོགས་རེད།

  9. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-09-28 at 2:35 am

    ཧཧཧཧ་་་་མི་དམངས་ཀྱིས་བསྐོས་པའི་སྲིད་སྐྱོང་རྡ་སར་འབྱོར་རྗེས་སྐྱིད་པོ་བྱུང་མ་སོང་ཟེར། རེ་ཟུང་ སྐྱིད་པོ་མ་བྱུང་ན་སྡུག་གྱོང་རེད། སྤྱི་སེམས་མེད་ན་ཌོ་ལ་ལུང་པ་བཞག་ནས་རྡ་ལི་ལུང་ནང་སྡོད་ཀྱི་རེད་དམ། རེ་འགའ་མུན་ནག་ནང་ལྐོག་མདའ་འཕེན་རྒྱུ་དང་དཀྲུག་གཞི་ལས་ཀ་ལས་ཡོད་མ་རེད། བདེན་པ་བརྡར་རྒྱུ་ཡོད་ན་དངོས་སུ་ཐོན་ནས་ཤོད་དང་དགའ་བསྲུ་ཡོད་གདའ།

  10. ཀླུ་སྨྱོན། says:
    2016-09-28 at 10:33 am

    སུ་སུའི་རྒྱབ་ན་ཡོད་མེད་ཟེར་རྒྱུ་དེ་བརྟག་དཔྱད་ཞིབ་འཇུག་ཚད་ལྡན་བྱས་རྗེས་བཤད་དགོས་པ་ཞིག་རེད། ད་དུང་བསྟན་པ་ཡར་འཕེལ་གྱི་སྐད་ཆ་ལ་དགག་དགོས་བསམས་ན་ཁོས་བཤད་པའི་སྐད་ཆའི་ནང་གི་ཚིག་ཕྲེང་རེ་རེ་ལོ་རྒྱུས་དང་མི་མཐུན་དོན་དངོས་དང་མི་མཐུན་ཞེས་དགག་ཐུབ་ན་རེད་མ་གཏོགས། རྒྱུགས་པས་ལེབ་རྡུང་བྱས་ནས་ཁོ་ཅིག་རེད་མུག་རེད་ཅེས་མུག་སྐད་འདོན་བཞིན་བསྡད་ན་ཆོ་ག་རེ་འདུག

  11. གཡུ་ཐོག་རྒྱལ་པོ། says:
    2016-09-28 at 11:05 am

    ག་རེ་འདྲ་ཆགས་པོ་དང་རྫིག་པོ་བཤད་ཀྱང་རུང་མ་བཤད་ཀྱང་རུང་། བསྟན་པ་ཡར་འཕེལ་ཟེར་བ་དེ་མི་ཡག་ཀ་ཞིག་རྩ་བ་ཉིད་ནས་རེད་མི་འདུག ཁོས་ག་དུས་ཡིན་རུང་བོད་མིའི་སྒྲིག་འཛུགས་ལ་ཟུར་ཟ་དང་། སྲིད་སྐྱོང་གི་དབང་ཆ་དེ་༧གོང་ས་མཆོག་གིས་ཚད་བཀག་གནང་གི་ཡོད་ལུགས། ད་དུང་ཀརྨ་ཆོས་འཕེལ་ལ་གྲོས་ཚོགས་ནང་མནར་གཅོད་བཏང་ལུགས། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་གཞི་དེའི་དོན་གནད་གཙོ་བོ་༧གོང་ས་མཆོག་གིས་རྒྱ་མིར་དགོངས་བཞེས་གནང་ལུགས་སོགས། མདོར་ན། བན་རྒན་ཁྱི་སྨྱོན་དེས་ང་ཚོའི་སྤྱི་ཚོགས་འདི་མུ་མཐུད་ནས་དཀྲུག་གི་འདུག ཁོའི་རྒྱབ་ལགོས་སུ་སུ་ཡོད་མིན་ཤེས་ཀྱི་མེད། འོན་ཀྱང་། ཁོས་བཤད་པའི་གཏམ་འཆལ་དེ་ཚཽས་ང་ནི་འབད་དེ་ཞེན་པ་ལོག་སོང་།

  12. ནུབ་ཕྱོགས་གངས་ཕྲུག says:
    2016-09-28 at 11:37 am

    བློ་བཟང་སེངྒེས་གྲོས་ཚོགས་ནང་ལ་བཀའ་མོལ་གནང་སྟངས་ལ་བལྟས་ན་ལོ་རྒྱུས་བཤད་མཁན་འདྲ་བོ་འདུག ག་དུས་ཡིན་ནའང་ནུབ་ཕྱོགས་ཀྱི་ལོ་རྒྱུས་བཤད་ཀྱི་འདུག

  13. ནོར་བུ། says:
    2016-09-29 at 12:41 am

    གོང་དུ་ཅང་ཤེས་རྟ་མཆོག་ཟེར་བས། སྲིད་སྐྱོང་གི་ཕྱི་བསྐྱོད་ལག་དེབ་སེར་པོ་ལྡི་ལིར་འབོར་བརླགས་སོང་ནས་སྐབས་དེའི་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་ལགས་ཀྱིས་ཛ་དྲག་ཤོག་ལྷེ་གཅིག་ཅན་བཟོས་ནས་ཕྱི་རྒྱལ་ལ་བསྐྱོད་དགོས་བྱུང་བ་རེད་ཟེར་བ་བདེན་པ་ཡིན་ནམ།

    སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱི་དཔྱ་དེབ་འདི་ལོའི་འོས་བསྡུའི་སྐབས་སུ་རྫུན་རྐུབ་བརྟུལ་བ་བརྟེན་དཔལ་འབྱོར་ལས་ཁུངས་ནས་ཛ་དྲག་གིས་གསར་བཟོ་བྱས་ནས་བློ་བཟང་སེང་གེར་བཅོས་པ་བདེན་པ་རེད་ཅེས་དཔལ་འབྱོར་ལས་བྱེད་ཚོས་བརྗོད།

    འོ་ན། བློ་སེང་གི་དཔྱ་དེབ་དང་། ཕྱི་བསྐྱོད་ལག་དེབ་ཉིན་གཅིག་ལ་བཏོན་ཐུབ་པ་དང་། མི་མང་གི་ཕྱི་བསྐྱོད་ལག་དེབ་ལོ་གཉིས་གསུམ་འགོར་དགོས་པ་དེ་ནི་ཁྲིམས་ཀྱི་མདུན་སར་ཚང་མ་འདྲ་མཉམ་ཟེར་བ་རེད་དམ།

  14. རྣམ་རྒྱལ། says:
    2016-09-29 at 9:58 am

    ཧ་ཧ་ཧ་འདི་ཚོས་སྲིད་སྐྱོང་དང་སྤྱི་འཐུས་བསྟན་པ་ལ་སྐྱོན་བརྗོད་སྟངས་ལ་ལྟོས་དང་། རྒྱ་དམར་གྱི་རྒྱུག་ཁྱི་སྒོར་ཟུར་ལྔ་པ་ཅན་པོ་མིན་ན་ངོ་མ་ངོ་ཚ་ཡ་ཞིག་མི་འདུག གཞི་མེད་ཀྱི་སྐྱོན་བརྗོད་ཁྱི་ལུད་འདྲ་བ་རྐྱང་རྐྱང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme