Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཁྲིག་ཐབས་སློབ་ཁྲིད།

Posted on 2016-06-292016-06-29 By ཁ་བརྡ 29 Comments on འཁྲིག་ཐབས་སློབ་ཁྲིད།

སྐྱོ་བྲག་དགའ་དབང་།

 
འཛམ་བུའི་གླིང་གི་སྐྱེ་བའི་དངོས་པོ་ཐམས་ཅད་ཕོ་མོའི་རྡུལ་འདུས་པ་ལས་བྱུང་ཞིང་། འགྲོ་བ་མི་ཡང་ཕོ་མོའི་ཁམས་འདུས་པ་ལས་འབྱུང་གིན་ཡོད་ལ། ཕོ་མོའི་ཁམས་འདུས་པའི་ཐབས་རང་བྱུང་ལྷན་སྐྱེས་ཀྱིས་གྲུབ་པ་ནི་འཁྲིག་པ་སྤྱོད་པ་ཡིན། གལ་སྲིད་འགྲོ་བ་མི་སྤྱིའམ་མི་རིགས་བྱེ་བྲག་པ་ཞིག་གི་ཕོ་མོས་འཁྲིག་པ་གཏན་ནས་མི་སྤྱོད་པའི་དུས་སྐབས་ཤིག་ཤར་བ་ཡིན་ན། འགྲོ་བ་མི་སྤྱིའམ་མི་རིགས་བྱེ་བྲག་པ་དེ་འཇིག་རྟེན་འདི་ནས་ཡལ་འགྲོ་བ་ལས་འཚོ་གནས་ཡོང་གི་མ་རེད། དེས་ན་འཁྲིག་པ་སྤྱོད་པ་ནི་རང་གི་རིགས་རྒྱུན་སྤེལ་བའི་རྩ་བ་རང་བྱུང་ལྷན་སྐྱེས་སུ་གྲུབ་པའི་གནས་ཚུལ་ཞིག་ལས་བཙོག་བལྟ་དགོས་པའི་བྱ་བ་ངན་པ་ཞིག་གང་མ་རེད།

ཕོ་མོ་སུར་ཡང་འཁྲིག་པ་མ་སྤྱད་ན་མི་འགྲིག་པའི་མྱོང་ཚོར་ཡོང་གིན་ཡོད་ལ། འཁྲིག་པ་སྤྱད་ན་བརྗོད་མི་ཤེས་པའི་བདེ་བ་ཆེན་པོ་ཞིག་ཀྱང་ཡོང་གིན་ཡོད་པ་ནི། ཕོ་མོ་ཚང་མའི་མངོན་སུམ་མྱོང་གྲུབ་ཡིན་ཅིང། མྱོང་གྲུབ་འདི་ལ་བརྟེན་ནས་འཛམ་བུའི་གླིང་པའི་མི་རིགས་ཚང་མས་ནུས་པ་ཡོད་ཚད་བཏོན་ཏེ་ཡོངས་ཁྱབ་རང་བཞིན་གྱི་ཆང་ས་རྒྱག་གི་ཡོད།

གནའ་བོའི་ཆང་ས་ཡིན་ན་འཁྲིག་བདེ་ཁོ་ན་ཙམ་མིན་པར་སྐྱིད་སྡུག་མཉམ་མྱོང་གི་འདུ་ཤེས་ཡོད་པ་ཡིན་ནའང་། དེང་གི་གཞོན་སྐྱེས་ཕལ་མོ་ཆེའི་ལྟ་སྤྱོད་ནི། རང་ཁ་རང་སོས་དང་། ཕོ་མོ་འདྲ་མཉམ་ཡིན་ཕྱིར། སོ་སོའི་སྐྱིད་སྡུག་གི་འགན་སོ་སོས་ཁུར་བ་ལས་གཞན་ལ་རེ་ལྟོས་མི་བྱེད་པས། ཆང་ས་ནི་འཁྲིག་བདེའི་ཆེད་ཙམ་དུ་གྱུར་ཅིང། འཁྲིག་བདེ་མྱོང་ན་མི་རིགས་དང་རྒས་གཞོན། ཕྱུག་དབུལ་དང་མདོག་དབྱིབས་ཀྱི་ཁྱད་པར་ཡང་མེད་པ་རེད།

འཁྲིག་བདེ་གཙོར་འདོན་གྱི་འདུ་ཤེས་འདིས་མི་རིགས་ཚང་མ་འཆོལ་ཉོག་ཏུ་འདྲེས་ཀྱི་ཡོད་པ་བཞིན་བོད་མི་རིགས་འདྲེས་མ་ཡང་གཞིས་བྱེས་ཀུན་ཏུ་ཆེས་མང་ལ། འདི་བཞིན་མུ་མཐུད་འདྲེས་མར་སོང་ན་བོད་མི་རིགས་ཀྱི་མདོག་དབྱིབས་ནི་འཛམ་བུའི་གླིང་ནས་མགྱོགས་པོ་ཡལ་ཉེན་འདུག །

གང་ཡིན་ཞེ་ན། འགྲོ་བ་མིའི་རིགས་རྡུལ་གྱི་ནུས་ཤུགས་ཁྱོན་ནས་མི་འདྲ་བ་སྟེ། དཔེར་ན། ཨ་ཧྥི་རི་ཀའི་མི་རིགས་ནག་པོའི་ཁུ་བ་དཀར་དམར་མི་རིགས་གཞན་པ་སུའི་མཉམ་དུ་འདུས་པ་ཡིན་ནའང་། མདོག་དབྱིབས་དང་གཤིས་སྤྱོད་ཆ་ཚང་མི་རིགས་ནག་པོ་སླེབ་ཡོང་གི་ཡོད། མི་རིགས་ནག་པོའི་ཁུ་བ་འདྲེས་པ་ཞིག་མི་རིགས་གཞན་པར་འགྱུར་དགོས་ན་མི་རབས་ཆེས་མང་པོའི་རྗེས་ནས་འགྱུར་རུང་ཙམ་ཡིན།

ང་ཚོ་བོད་མི་རིགས་ནི་འཛམ་བུའི་གླིང་གི་མི་རིགས་ཡོངས་རྫོགས་ཀྱི་ནང་ནས་ནུས་ཤུགས་ཆུང་ཤོས་ཏེ། མི་རིགས་གཞན་པ་སུ་ཞིག་གི་མཉམ་དུ་ཁམས་དཀར་དམར་འདུས་པ་ཡིན་ནའང་། མདོག་དབྱིབས་དང་གཤིས་སྤྱོད་ཆ་ཚང་མི་རིགས་གཞན་པར་འགྱུར་འགྲོ་བ་ལས་བོད་པའི་ཤུགས་རྐྱེན་ནི་མི་སྲིད་པ་ལྟ་བུ་རེད།

གལ་ཏེ་ང་ཚོ་བོད་མི་རིགས་ཀྱི་མདོག་དབྱིབས་འཛམ་བུའི་གླིང་ལ་རྒྱུན་གནས་ཡོང་དགོས་ཀྱི་ཡོད་ན། ང་ཚོས་ངེས་པར་དུ་ཕོ་མོ་གཉིས་ཀ་དང་ལྷག་པར་དུ་བུ་ཕོ་རྣམས་ལ་འཁྲིག་ཐབས་སློབ་ཁྲིད་བྱ་དགོས་ཀྱི་གདའ། བུ་མོ་མང་པོ་ཞིག་གིས་ཡིག་ངག་གཉིས་ཀྱི་ཐོག་ནས་བོད་པའི་བུ་ལ་ཁོ་རང་གི་ཁུ་བ་འདོན་ཐུབ་ཙམ་ལས་འཁྲིག་རྩལ་ཅི་ཡང་མེད་པས་བདེ་བ་ཡག་པོ་མྱོང་གི་མེད་རབས་བཤད་ཀྱིན་ཡོད་ལ་བདེན་པ་ཡང་ཡིན་གྱི་རེད།

ང་ཚོས་སློབ་ཁྲིད་བྱ་བ་ན་ཐབས་ལམ་བཞི་ལ་བརྟེན་པ་སྟེ། དང་པོ། རྒྱ་གར་ནས་སྒྱུར་བ་དང་། བོད་རང་གི་མཁས་པས་བརྩམས་པའི་འདོད་པའི་བསྟན་བཅོས་ལ་སློབ་སྦྱོང་། གཉིས་པ། སྨན་ཡིག་གི་ནང་དུ་ཡོད་པ་དག་ཁུལ་ཕྱུངས་བྱེད་པ། གསུམ་པ། མདོ་རྒྱུད་ཀྱི་ནང་ནས་བྱུང་བ་རྣམས་ངོ་སྤྲོད། བཞི་པ། རང་གཞན་གྱི་ཉམས་མྱོང་དག་གསལ་བཤད་ཀྱིས་འཁྲིག་པའི་ལེགས་ཉེས་ག་རེ་ཡིན་ནའང་ཤེས་པར་བྱས་ཏེ་སྤོང་ལེན་བྱ་དགོས་པ་ཡིན།

འཁྲིག་ཐབས་སློབ་ཁྲིད་ནི། བོད་ཀྱི་མི་རིགས་དང་རིག་གཞུང་གི་འཚོ་གནས་ལ་ཐུག་པའི་གནད་འགག་གི་འགན་འཁྲི་ཕོ་མོ་རྒས་གཞོན་སྐྱ་སེར་ཀུན་ལ་ཡོད་པ་ཞིག་ཡིན་པ་ངོ་འཕྲོད་དགོས་ཀྱི། གླེང་དུ་མི་རུང་བའི་འདུ་ཤེས་རྒྱུན་སྐྱོང་བྱས་ན། རང་གི་མི་རིགས་འཛལ་བུའི་གླིང་ནས་གང་མགྱོགས་གཙང་ཕྱག་བྱེད་པའི་ལས་འཆར་ལ་རོགས་འདེགས་བྱེད་པ་ཙམ་ལས་གཞན་པའི་ཕན་པ་ནི་ཅི་ཡང་མི་སྣང་ངོ་། །

རྩོམ་རིག

Post navigation

Previous Post: རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྐབས་ཀྱི་མཐོང་སྣང་རགས་བསྡུས།
Next Post: པདྨ་ཚེ་བརྟན། ༠༠༡ །

Comments (29) on “འཁྲིག་ཐབས་སློབ་ཁྲིད།”

  1. ཨ་ཁུ་འབྲོག་པ། says:
    2016-06-29 at 11:22 am

    འོ་ལགས་སོ། ཁྱེད་འཁྲིག་ཐབས་སློབ་འཁྲིད་ཀྱི་དྭངས་བླང་དགེ་རྒན་གནང་རོགས་ཞུ།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-06-29 at 11:33 am

    དཔེ་ཡག་པོ་བྲིས་འདུག་་་་ཐུགས་རྗེ་ཆེ་་་་་དེའི་ཁར་འཁྲིད་སྤྱོད་སློབ་སྟོན་པ་སྐྱོ་བྲག་དགའ་དབང་ཁྱོད་རང་ཡིན་གདའ།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-29 at 12:24 pm

    འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ་།
    དགེ་བ་མེད་ན་འང་སྡིག་པ་གང་ནས་ཡོང་།
    སངས་རྒྱས་བྱང་སེམས་བྱང་ཆུབ་སེམས་པ་རྣམས་།
    དང་པོའི་ཕ་མ་འདོད་འབྲེལ་བརྒྱུད་ནས་འཁྲུངས་།

  4. ནུབ་ཕྱོགས་གངས་ཕྲུག says:
    2016-06-29 at 12:39 pm

    སྐྱོ་བྲག་དགའ་དབང་ལགས་ཡག་པོ་བྲིས་འདུག ཡིན་ནའང་ཁྱེད་རང་གྲྭ་བ་ཡིན་ཙང་འཁྲིགས་སྤྱོད་ཀྱི་ནུས་རྩལ་དང་ཉམས་མྱོང་མེད་པར་བརྟེན། རྩོམ་དེ་ལ་བྲོ་བ་རྣལ་མ་ཞིག་མི་འབྱུང་། དེར་བརྟེན་ཨ་མདོ་དགེ་ཆོས་བཞིན་དངོས་སུ་ཉམས་མྱོང་དང་ལག་ལེན་བསྟར་དགོས།

  5. གཅན བཟོད་རྒྱམ། says:
    2016-06-29 at 3:39 pm

    སྐྱོ་བྲག་ལགས་ཀྱི་རྩོམ་ཡིག་ཁག་བདག་གིས་དོ་སྣང་བྱེད་ཡུལ་དུ་གྱུར་ནས་དུས་ཡུན་ཅུང་འགོར་ཡོད། དེ་རིང་གི་རྩོམ་ཡིག་འདི་ཡང་འཁྲིག་ཐབས་ཙམ་མ་ཡིན་པར་རྩོམ་འདིའི་ནང་སྦུགས་སུ་འུ་ཅག་གིས་གཟབ་དགོས་པ་དང་སེམ འཁུར་བྱེད་དགོས་པའི་གནད་དོན་ཞིག་ཀྱང་ཤུགས་ནས་གླེང་གིན་འདུག་སྙམ། གང་ཁྱེད་ཀྱི་རྩོམ་ཡིག་སྔ་ཕྱི་གང་དུའང་ཤེས་བྱ་གསར་པ་རེ་སྒུམ་རྒྱུ་འདུག་པས། སྐུ་དྲིན་ཆེ་ཞུའོ།།

  6. BONPO says:
    2016-06-29 at 8:31 pm

    ཁྱིམ་ནས་ཁྱིམ་མེད་པར་རབ་དུ་བྱུང་བའི་ཆོས་ལུགས་བྱེད་མཁན་གྱི་མི་ཚོགས་ཤིག་གིས་འཁྲིག་ཐབས་སློབ་ཁྲིད་བྱེད་དགོས་པའི་དུས་ལ་སླེབས་དུས་བསྟན་པ་རིན་པོ་ཆེ་འཇིག་ལ་ཉེ་བར་སླེབས་པ་མིན་ནམ། བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་དེའི་བསླབ་བྱ་སོགས་ག་འདྲ་གནང་རྩིས་ཡིན་ནམ། །

  7. ཆོས་ཀྱི་སྣང་བ། says:
    2016-06-29 at 10:18 pm

    ཧེ་ཧེ་་་་་་སྐབས་རེ་ཁྱིམ་པ་རྣམས་ཀྱིས་བསྙེན་གནས་ཡན་ལག་བརྒྱད་པ་སོགས་སྡོམ་པ་སྲུང་ཚུལ་དང་ཕན་ཡོན་ཆེ་ལུགས་བརྩམས་པ་དང་། རེས་ལོག་གཡེམ་འཁྲིག་ཐབས་རོལ་ན་དགེ་མཚན་ཆེ་ལུགས་སོགས་ཁ་ནས་གང་བྱུང་མང་བྱུང་བཤད་མ་འདུག་ཨི་གོ། འཁྲིག་པ་མ་སྤྱད་ན་འཛམ་གླིང་མི་རིགས་སྟོང་འགྲོ་བསམ་པའི་དོན་མེད་སེམས་ཁྲལ་མ་བྱེད་ཨི་གོ། སྐུ་ཚེ་རིང་རྒྱུ། མཁན་མིང་དང་གྲྭ་མིང་ཡོད་པ་ཞིག་གིས་ཆགས་པའི་གཉེན་པོ་བསྟེན་ལུགས་ཤིག་གསལ་བཤད་མཛད་རྒྱུ་ཡོད་ན་འོས་ཀྱི། བོད་མི་རིགས་ལ་ཤ་ཚ་མདོག་གིས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་དང་གོམས་གཤིས་ལ་ཇི་མི་སྙོམ་པར་གང་དྲན་དྲན་མ་གསུངས་ལགས།

  8. ྸཨ་འབར་འཇིགས་དབང། says:
    2016-06-29 at 10:39 pm

    ༅༅། སྐྱོ་བྲག་དགའ་དབང་ལགས་ནས་དཔེ་ཡག་པོ་བྲིས་འདུག
    ལེགས་ཉེས་དང་ཡག་སྡུག་ཐམས་ཅན་ངེས་པར་ཤེས་དགོས་པ་རེད།

    ཁ་ཤས་ནས་དགེ་འདུན་པ་ཡིན་ན་འཁྲིག་སྤྱོད་སྐོར་ལ་དེ་འདྲ་མ་བྲི་བརྗོད་པ་ནོར་བ་རེད།
    ཨ་མདོ་དགའ་ཆོས་ཀྱི་བོད་ཡིག་ཐོག་འདོད་པའི་བསྟན་བཅོས་ལྗགས་རྕོམ་གནང་ཡོད་པ་མ་གཟིགས་སམ།
    མ་ཚད། བློའི་ཡུལ་དུ་བྱ་རུང་བ་ཤེས་བྱའི་མཚན་ཉིད་རེད་ཅེས་གསུངས་པ་མ་རྟོགས་སམ།
    གཞུང་པ་ཚེ་དབང་བསོད་ནམས་ལགས་ནས་ཚིགས་བཅད་དེ་དངོས་བདེན་རེད།

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-29 at 11:32 pm

    མཐའ་མེད་ཤེས་བྱ་རིག་པའི་གནས་ཀུན་ལ་།
    སློབ་སྦྱོང་བྱེད་པ་མཁས་པའི་ནོར་སྐལ་རེད་།
    ཉམས་ལེན་ལག་ལེན་རང་རང་འདོད་པ་རེད་།
    ཤེས་བྱའི་མ་རིག་མུན་པ་སེལ་བའི་ལམ་།

  10. ཆོས་ཀྱི་སྣང་བ། says:
    2016-06-30 at 12:22 am

    མཐའ་མེད་ཕྱིར་ན་ཐམས་ཅད་སྦྱོང་འདོད་འཁྲུལ།།
    ལྟག་ཆོད་བྲི་བ་བླུན་པོའི་ནོར་སྐལ་རེད།།
    ཉམས་ལེན་རང་འདོད་དབང་དུ་མི་ཤོར་བའི།།
    ཤེས་བྱ་མ་རིག་མུན་སེལ་སྦྱོང་ན་ལེགས།།

  11. ཆོས་ཀྱི་སྣང་བ། says:
    2016-06-30 at 2:53 am

    དགེ་འདུན་ཆོས་འཕེལ་དགེ་འདུན་པ་ཡིན་ན།།
    གྲྭ་ལོག་ཐམས་ཅད་གྲྭ་པ་རྩིས་ན་རུང་།།
    བློ་ཡུལ་གྱུར་ཚད་ཤེས་པར་བྱ་དགོས་ན།།
    འཁྲིག་ལུགས་མ་ཟད་རང་སྲོག་གཅོད་ལུགས་སྦྱོངས།།

  12. ནོར་བུ། says:
    2016-06-30 at 5:40 am

    སྐྱོ་བྲག་ལགས། ཁྱེད་རབ་ཏུ་བྱུང་བ་ཞིག་ཡིན་ན་རང་གིས་ཐོག་མར་སྡོམ་ཁྲིམས་རྣམས་མིག་འབྲས་ལྟར་གཅེས་པར་སྲུང་དགོས། གང་ཡིན་ཟེར་ན་སངས་རྒྱས་ཀྱི་བསྟན་པ་ནི་དགེ་འདུན་གྱི་སྡེ་ལ་རགས་ལུས་ཡོད། མང་ཚོགས་ལ་འདོད་ཆགས་ཀྱི་གཉེན་པོ་སྟོན་མ་ཐུབ་ནའང་། འདོད་ཆགས་བསྟེན་དགོས་པའི་ངན་སློབ་མ་རྒྱབ་རོགས། ཐུགས་རྗེ་ཆེ།
    ཁ་ཤས་ཀྱིས་ཤེས་བྱ་ཡིན་པས་ཚང་མ་ཤེས་དགོས་པ་དང་བཤད་དགོས་པར་བརྗོད་མཁན་འདུག སྒྱུ་སྐར་སྐར་ཚོགས་མང་ནའང་། མཐར་ཕྱིན་གཅིག་གིས་འཇིག་རྟེན་སེལ། ཞེས་པ་ལྟར་དེང་སྐབས་རིགས་གཅིག་རྐང་འཛིན་ཐོག་ལ་བསྐྱོད་རྒྱུར་ཤུགས་སྣོན་རྒྱབ་དགོས་པ་ལས་ཡོད་ཚད་ཁ་ཟིན་སྤུ་ཟིན་བྱེད་མི་ཉན།

  13. ཀརྡོ་གཉེར་ཕྱག་པ་་ says:
    2016-06-30 at 6:34 am

    འཁྲིག་ཐབས།
    ་
    འཁྲིག་ཐབ་མ་བསྟེན་ཆོག་ཡིན་གྱི། །
    བསྟེན་ན་བསྟེན་སྟངས་ཤེས་པར་གཅེས། །

    བསྟེན་ཤེས་དགའ་བདེ་འཕེལ་བའི་གཞི། །
    མི་ཤེས་ངོ་ཚ་ཆག་སྒོའི་གཞི། །

    རན་པ་ལུས་ཁམས་སྙོམས་ལ་ཕན། །
    མང་དྲགས་ལུས་སེམས་ཉམས་པས་གནོད། །

    བསྟེན་ཡུལ་ནོར་ན་རིགས་རུས་འཆོལ ། །
    མ་ནོར་རིགས་བཟང་རིགས་གཙང་འཕེལ། །
    ་
    མི་འོས།

  14. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-30 at 7:56 am

    ཕོ་མོ་འབྲེལ་ནས་མི་ལུས་རིན་ཆེན་སྦྱིན་།
    འཁྲིག་སྟངས་གླེང་ན་མ་རབས་ངོ་ཚ་ཟེར་།
    འཁྲིག་པའི་འབྲས་བུ་འཇིག་རྟེན་སྐྱེ་འགྲོ་ཀུན་།
    འཁྲིག་པས་དཔྱད་ནས་སྲོག་ཆགས་གླིང་འདིར་ཁྱབ་།

  15. ཨ་ཁུ་འབྲོག་པ། says:
    2016-06-30 at 9:13 am

    དེས་ན་ཁྱོད་ཀྱི་བུ་དང་བུ་མོ་དང་། །ཚ་བོ་ཚ་མོ་རྣམས་ལ་ལེགས་པར་སློབས། །ད་དུང་སྲིང་མོ་ཡོད་ན་ཁོང་ཚོར་སློབས། །དེས་ཀྱང་མ་ཚིམ་ཨ་མ་རྒན་མོར་སློབས། །

  16. རི་རྒྱལ་ཏི་སེ says:
    2016-06-30 at 9:13 am

    བདེ་བའི་ཁྲོད་ནས་འཁྲིག་པའི་བདེ་བ་མཆོག།
    འབྲེལ་བ་ཀུན་ལས་འཁྲིག་པའི་འབྲེལ་ལམ་ཟབ།།
    བརྩེ་བའི་ནང་ནས་འཁྲིག་པའི་བརྩེ་བ་གཙོ།།
    འཕྲུལ་འཁོར་ཁྲོད་ནས་འཁྲིག་པའི་འཕྲུལ་འཁོར་ལེགས།།

  17. ཁྱུང་སེ། says:
    2016-06-30 at 9:50 am

    འདུལ་གཞུང་ནས། རྒྱ་ན་རོ་ཅན་གྱི་འཁྲིག་ཚིག་སྤོང། ཞེས་རབ་ཏུ་བྱུང་པ་བ་རྣམས་ཀྱིས་དེ་ལྟར་སྤོང་དགོས་ོར་བསྟན་པས། དེང་སང་ནི་གནམ་ས་ལྡོག་ནས། འཁྲིག་པ་དང་ཚོང་དང་ཁ་མཆུ། ཆབ་སྲིད། དམག་འཁྲུག་སོགས་ཚང་མའི་ནང་དུ་དགེ་འདུན་པས་ཆ་ཤས་བླང་ནས་སྙིགས་མའི་ལྔ་ཡི་རང་མདངས་དེ་མངོན་ཟིན་འདུག ད་འཁྲོབ་ཤོག་ཨང་སངས་རྒྱས་ཀྱི་སྐུ་འདྲས་ནི་ཞལ་མི་གྲགས། བླ་སྤྲུལ་མཁན་པོ་རྣམས་ནི་རང་གི་ཕྱོགས་སུ་གཏོགས། སངས་རྒྱས་ཀྱི་གསུང་ལ་ནི་མི་འགྲེལ་དགུ་འགྲེལ་བྱེད། ད་འཁྲབ་གནང་རོགས།

  18. ཆོས་ཀྱི་སྣང་བ། says:
    2016-06-30 at 9:57 am

    སྡུག་བསྔལ་ཐམས་ཅད་འཁྲིད་མཁན་འཁྲིག་པ་བཟང་།།
    མཐུན་འབྲེལ་གཏོར་གཤིག་གཏོང་མཁན་འཁྲིག་པ་མཆོག །
    ཕྲག་དོག་ཁོང་ཁྲོའི་འབྱུང་ཁུངས་འཁྲིག་པ་གཙོ།།
    འཁྲུལ་བའི་ནང་ནས་ཡང་འཁྲུལ་འཁྲིག་པ་ཆེ།།

    (དེ་རིང་། རི་རྒྱལ་ཏི་སེའི་མགོ་བོ་སྨུག་པས་བཏུམས།
    གངས་ཅན་རིག་གཞུང་ཉམས་པའི་རྟགས་ཤིག་རེད།།
    ཧཧཧ)

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-06-30 at 11:28 am

    “ཨ་ཧྥི་རི་ཀའི་མི་རིགས་ནག་པོའི་ཁུ་བ་དཀར་དམར་མི་རིགས་གཞན་པ་སུའི་མཉམ་དུ་འདུས་པ་ཡིན་ནའང་། མདོག་དབྱིབས་དང་གཤིས་སྤྱོད་ཆ་ཚང་མི་རིགས་ནག་པོ་སླེབ་ཡོང་གི་ཡོད། ”
    .
    ད་ལྟའི་ཨ་རིའི་སྲིད་འཛིན་གྱི་ཕ་དེ་ཉིད/ ཧྥི་རི་ཀའི་མི་རིགས་ནག་པོ་ཡིན་པ་དང་། མ་དེ་ཉིད་མི་རིགས་དཀར་མོ་ཡིན་པ་ཐོས། དེས་ན། ཧྥི་རི་ཀའི་མི་རིགས་ནག་པོའི་རིགས་བརྒྱུད་འགྱུར་དཀའ་བར་མངོན་འགྱུར་ཡིན་འདུག །དེའི་སྐོར་ལ་སྐྱོ་བྲག་དགའ་དབང་ལེགས་ཀྱིས་འཚོལ་སྒྲུབ་མཛད་པར་བོད་མི་རིགས་ཀྱི་དཔལ་དུ་ཆེའོ།

  20. ཀརྡོ་གཉེར་ཕྱག་པ་་ says:
    2016-06-30 at 11:57 am

    འབྲུག་མོའི་ལིངྒ་།
    https://www.facebook.com/photo.php?fbid=1552584148384469&set=pcb.1552584215051129&type=3&theater

  21. ལྷ་སའི་བུ་ says:
    2016-06-30 at 12:02 pm

    རྩོམ་བྲིས་མང་པོའི་ནང་མི་རིགས་ཀྱི་ངོ་བོ་མ་བརླག་པའི་ཆེད་དུ་སྐད་ཡིག་བདག་གཅེས་བྱེད་རྒྱུ་གལ་ཆེ་ཡིན་སྐོར་ཡང་ཡང་མཐོང་རྒྱུ་འདུག། ཡག་པོ་ཞེ་དྲགས་རེད། དེ་བས་གལ་ཆེ་བ་མི་རིགས་སྲེད་ལྷད་མ་བཏང་བར་རིགས་རུས་གཙང་མ་ཉར་ཐུབ་ན་མི་རིགས་དང་། མི་རིགས་དེའི་རིགས་གཞུང་འཚོ་གནས་ཐུབ་རྒྱུ་ཡོད་པ་མིག་མཐོང་ལག་ཟིན་གྱི་དཔེ་ཞིག་ཞུ་རྒྱུར། རྗེའུའི་མི་རིགས་ཡུལ་གྱར་བ་ཆགས་ནས་མི་ལོ་ཉིས་སྟོང་ཙམ་སོང་ཡང་དེང་སང་ཨི་ཛ་རལ་ཞེས་སྟོབས་ལྡན་རྒྱལ་ཁབ་ཅིག་གསར་བསྐྲུན་ཐུབ་ཡོད་པ་ཚང་མས་ཤེས་གསལ་རེད། བྱས་ཙང་ང་ཚོས་རྗེའུའི་མི་རིགས་ཀྱིས་ཐབ་ལམ་གང་བསྟེན་ལ་རྟོགས་ཞིབ་བྱེད་རྒྱུ་གལ་ཆེ་དོན་ཆེན་རེད་བསམ་གྱི་ཡོད།

  22. ཀརྡོ་གཉེར་ཕྱག་པ་་ says:
    2016-06-30 at 12:04 pm

    རིག་མའམ། གསང་ཡུམ་མམ། ཕྱག་རྒྱ་མའི་མཚན་ཉིད་གང་དང་གང་ཚང་དགོས་སམ། ལགས།

  23. གཡག་རྒོད says:
    2016-06-30 at 5:34 pm

    བླ་རྒན་ཞིག་གིས་འཁྲིག་སྤྱོད་སྐོར་གླེང་བ་ནི་འོས་བབ་ཞིག་མ་རེད་ལ། དེ་བས་ཀྱང་སྐུ་ཉིད་དེའི་སྐོར་གྱི་ཤེས་བྱ་ནི་ཀླད་གོར་འོག་ན་ཡོད་པས་ཁ་བཙུམ་ནས་བསྡད་ན་འེ་མི་དགའ། ལུས་བརྟེན་ལེན་པར་ཕ་མའི་ཁུ་ཁྲག་མེད་ན་མི་འབྱུང་བའི་རིག་པ་རྙིང་བ་འདི་ཚོ་གནའ་རབ་རྒྱ་གར་བའི་རྒན་པོ་ཨག་ཚོམ་ཅན་དེ་དག་གི་བཤད་སྒྲོས་ཙམ་ལས་རིག་པ་ཡང་དག་ཅིག་བླར་ནས་མ་རེད། འོ་ན་རྫས་སྐྱེས་ཀྱི་སྲོག་ཆགས་དེ་དག་ལ་ཕ་མའི་ཁུ་ཁྲག་ལྟ་ཅི་ཕ་མ་ཡང་མེད་པས་དེ་ཚོ་སྲོག་ལྡན་ཞིག་མ་རེད་ཟེར་རམ། གླེན་བཤད་རྒྱག་གི་མ་འདུག དེ་བས་ང་ཚོར་སངས་རྒྱས་ཀྱི་གསུང་བསམ་གྱིས་མི་ཁྱབ་པ་དེ་ཚོ་ངོ་སྤྲོད་རེ་བྱོས་དང་ཁྱོད་སྟོན་པའི་དགེ་འདུན་པ་ཡིན་རིན་ཆོག་ལ། ཕོ་ཁྱོ་ཀ་ཟེར་བའང་དེ་རང་རེད།

  24. ཨ་འབར་འཇིགས་དབང། says:
    2016-06-30 at 9:29 pm

    ༅༅། སྐུའི་འཁྲུངས་སྐར་ཉེ་བས་བསྟོད་གླུ་ཞིག་ལེན་རྒྱུ་ཡིན།

    རྗེ་བླ་མའི་སྐུ་ཚེ་བརྟན་ནས་ཡོད། ཆོས་ཟབ་མོའི་གདམས་ངག་གནང་བཞིན་ཡོད།།
    བོད་གངས་ཅན་ཐུགས་ལ་བཅངས་ནས་ཡོད།། ས་གོ་ལར་ཞི་བདེ་སྤེལ་བཞིན་ཡོད།།
    རྗེ་བླ་མ་ཁྱེད་ལ་གུས་པས་བསྟོད།།

  25. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-01 at 5:03 am

    ཕོ་ངན་གཏམ་ལ་ཕན་རྒྱུའི་ཚིག་གཅིག་མེད་།
    མོ་ངན་ཟས་ལ་ཞིམ་མངར་བྲོ་བ་མེད་།
    ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
    བདེན་གཏམ་ངོ་སྤྲོད་འདི་ན་སྤེལ་།

  26. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-01 at 6:50 am

    ཤེས་བྱ་བདག་མེད་མཁས་པའི་རྒྱུ་ནོར་ལ་།
    བླུན་པོའི་ཚོགས་ཀྱི་དྲི་སྣུམ་འཕྲུལ་བའི་བློ་།
    ཁ་བརྡ་དྲ་རྒྱ་ཤེས་བྱའི་ནག་པང་སྟེང་།
    ཕན་མེད་མཆན་འདེབས་དྲ་བའི་འགན་།

  27. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-01 at 6:51 am

    ནོར་བཅོས་(དྲ་འབུའི་འགན་)

  28. བོད་ནོར་བུ says:
    2016-07-02 at 12:51 am

    མནའ་སྔ་མོ་ཞིག་ལ་ཨ་ཁུ་སྟོན་པ་མཆོག དེང་སྐབས་སུ་ཁ་བརྡའི་དྲ་འབུ་འམ་གྲྭ་དབུ་ཅན་དེ ཡང་སྲིད་ལ་བྱོན་པའི་དུས་སུ་ཤར་བས
    རྟ་རེ་སྟུ་རེ་སོགས་ན་དབུ་ཅན་གཉིས་ཕན་ལམ་ནི་མ་ཡིན་ནམ ཧཧཧ།།

  29. དྲང་སྲོང says:
    2016-07-02 at 5:22 am

    གཡག་རྒོད་ལགས་ཀྱིས་གསུང་པར་མངོན་པར་བསྟོད་དོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme