Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟླ་བར་སྒུག་པ།

Posted on 2014-04-242014-04-24 By ཁ་བརྡ་ 4 Comments on ཟླ་བར་སྒུག་པ།

སྦྲ་རིགས་ཐོགས་མེད། (ལྦར་སོ་སློབ་ཆེན།)

unnamed——༧པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་མཆོག་རྗེས་སུ་དྲན་པ།

རླུང་གཡུགས་པའི་མཚན་མོ་དེར། གློག་ཆད་སོང་བས་ཐ་ན་ཁྱིམ་མཚེས་ཚང་གི་སྒེའུ་ཁུང་ཐོག་གི་འགུལ་རིས་སྙིང་རྗེ་བོ་དེ་ཚོ་ཡང་མཐོང་རྒྱུ་མེད་པར་གྱུར།
མུན་ནག་ནང་དུ་ལག་སྙོབས་བྱས་ནས་ལཱ་སྒྲོན་ཞིག་འཚོལ་དགོས་བསམ་མོད། བསམ་བློ་ཞིག་བཏང་དུས། གློག་ཐོན་པའི་སྔ་གཞུག་ཏུ་ལཱ་སྒྲོན་དང་བཞུ་མར་ཡོད་ཚད་གད་སྙིགས་ཁྲོད་དུ་གཡུགས་ཟིན་པ་དྲན།

སྐབས་དེར་གཞི་ནས་ཕྱི་རོལ་གྱི་ཟླ་བ་དྲན་སོང་། དབུགས་ཐེངས་གཅིག་ལ་སྒོ་རའི་ནང་དུ་ཟླ་བ་བལྟ་བར་བརྒྱུགས།
ཁྱིམ་མཚེས་དག་སྔོན་ནས་སྒོ་རའི་ནང་དུ་འཛོམས་ནས་ཟླ་བར་བལྟས་འདུག
འོན་ཀྱང་། གསལ་ཞིང་དྭངས་པའི་ཟླ་བའི་ཕྱེད་ཙམ་སྔ་མོ་ནས་སྤྲིན་པས་གཡོགས་ཟིན་འདུག

མི་ཚང་མར་སྨྲ་བ་མེད་པར་ཟླ་བ་ཕྱེད་དེའི་འོད་སྣང་ལ་ཧད་འདུག་པར་བལྟས་ན།
ཁོ་ཚོས་ཟླ་བ་ནི་དེ་འདྲའི་མཛེས་སྡུག་ལྡན་པ་ཞིག་ཡིན་པ་དེ་རིང་གཞི་ནས་ཤེས་པ་འདྲ།

རིམ་བཞིན་ཟླ་བ་ཕྱེད་ཀ་དེ་ཡང་སྤྲིན་གྱིས་ཡོངས་སུ་བསྒྲིབས་སོང་།
སྐབས་དེར་ཡོད་ཚད་མུན་ནག་ཏུ་གྱུར་བས་ཐ་ན་ང་ཚོས་ཕན་ཚུན་གྱི་གདོང་ཡང་མཐོང་ཐབས་བྲལ།
ང་ཚོས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་མུན་ནག་ཁྲོད་ནས་མེ་ཤིང་བསྒྲུགས།
མཐའ་མར་ང་ཚོ་མེ་ཕུང་ཆུང་ངུ་ཞིག་གི་མཐའ་སྐོར་དུ་འཛོམས་ཐུབ་ཙམ་བྱུང་།

“བུད་ཤིང་འདི་མ་རྫོགས་བར་དུ་ང་ཚོས་ཟླ་འོད་བསྐྱར་དུ་མཐོང་ངེས་ཡིན།”
རྒན་པོའི་སྐད་ཆ་འདིས་ང་ཚོའི་སེམས་ལ་རེ་བ་ཆེན་པོ་ཞིག་བྱིན།

བུད་ཤིང་རྫོགས་བཞིན་པ་དང་མཉམ་དུ་མེ་ཤུགས་ཀྱང་ཆུང་དུ་ཕྱིན།
འོན་ཀྱང་། ང་ཚོས་སྔར་བཞིན་མུན་ཁྲོད་དུ་རེ་བའི་ངང་ཟླ་བར་སྒུག་ནས་ཡོད།

སྙན་ངག

Post navigation

Previous Post: ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་རྐང་ཆག་མ།
Next Post: རྗེས་དྲན་ཡིད་ཀྱི་དུང་ཟླ།

Comments (4) on “ཟླ་བར་སྒུག་པ།”

  1. གནམ says:
    2014-04-24 at 10:19 am

    ཟླ་བ་གཟའ་འིས་བཟུང་བའི་ཕྱི་ཉིན་ནས། ངས་ག་ཚོད་ཀྱིས་ཟླ་བའི་བསིལ་ཟེར་ལ་རེ་ན་ཡང་།
    གཟའ་རྒྱག་རྒྱུའི་གཟའ་རོ་དེ་ཚོས། ཟླ་བ་ལ་ད་དུང་ཡང་ཀློད་བཀྲོལ་ཞིག་མ་བཞིན་ཐལ།

    ཉི་མ་ལྷོ་རྒྱུད་ཀྱི་ས་སྲོས་ནས། ས་ཀུན་སྐྱོང་བའི་འོད་ཟེར་ག་ཚོད་དུ་འཕྲོས་ན་ཡང་།
    གཟའ་རྒྱག་རྒྱུའི་གཟའ་རོ་དེ་ཚོས། ཉི་མ་ལ་བསྐོར་གཏུག་བྱེད་པའི་རང་དབང་ཞིག་མ་སྤྲད་ཐལ།།

    ཉི་ཟླ་གཉིས་གནམ་ནས་ཕབས་པའི་གཟའ་སྐར་དེར། ང་སྐྱེས་མི་འདུག་པ་བདེན་ན་ཡང་།
    ངའི་སྒོ་གསུམ་ན་བཞུགས་པའི་ཉི་ཟླ་གཉིས། ཅི་སྲིད་དུ་མ་བཞུགས་ན། དེ་སྲིད། ང་ནི་བློ་མི་བདེ་བར་ཆགས་ཡོང་།

    འོན་ཀྱང་། ང་ཚོས་སྔར་བཞིན་དགའ་སྐྱོའི་ངང་། རང་རེའི་ཉི་ཟླ་གཉིས་ཀའི་ཞལ་འཛོམས་ལ་རེ་བས་སྒུག་ནས་གསོན།

  2. ཁྱི་ཕྲུག says:
    2014-04-24 at 11:57 am

    བུད་ཤིང་རྫོགས་བཞིན་པ་དང་མཉམ་དུ་མེ་ཤུགས་ཀྱང་ཆུང་དུ་ཕྱིན།
    འོན་ཀྱང་། ང་ཚོས་སྔར་བཞིན་མུན་ཁྲོད་དུ་རེ་བའི་ངང་ཟླ་བར་སྒུག་ནས་ཡོད།

    This gave me a big thought related our society. It is reality.

  3. ཀརྡོ་གཉེར་ཕྱག་པ་ says:
    2014-04-24 at 1:41 pm

    ཉི་མར་མ་སྒྲུག
    ཟླ་བར་མ་སྒྲུག
    སྐར་མར་མ་སྒྲུག
    རང་གིས་རང་ལ་སྒྲུག

  4. རྔ་རྒོད says:
    2014-04-24 at 6:18 pm

    རང་རེའི་མེས་པོ་དམ་པའམ་དཔའ་བོ་དངོས་མ་པཎ་ཆེན་མཆོག་ལ་རྗེས་དྲན་བྱ་འོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme