Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟླ་བ་གསུམ་པའི་གྱེན་ལངས་ཀྱི་ས་ཁྲ།

Posted on 2012-03-172012-03-17 By ཁ་བརྡ་ 18 Comments on ཟླ་བ་གསུམ་པའི་གྱེན་ལངས་ཀྱི་ས་ཁྲ།


ས་ཁྲ་འདི་དག་ནི་རང་བཙན་མཐུན་ཚོགས་ཀྱིས་བསྐྲུན་པ་ཞིག་རེད།

གསར་འགྱུར།

Post navigation

Previous Post: དཔའ་བོ་བསོད་ནམས་དར་རྒྱས་ཀྱི་སྐུ་ཕུང་ཞུགས་འབུལ
Next Post: གྲངས་ཀར་འགྱུར་བཞིན་པའི་མེ་ལྕེ།

Comments (18) on “ཟླ་བ་གསུམ་པའི་གྱེན་ལངས་ཀྱི་ས་ཁྲ།”

  1. བཀྲ་རྡོར།། says:
    2012-03-18 at 2:20 am

    ས་བཀྲ་འདི་ཚད་ལྡན་ཞིག་ལ་་ངོས་འཛིན་མི་བྱེད། མཚོ་སྔོན་ཐེམ་ཆེན་རྫོང་འོང་སྟག་དང་། མཚོ་ལྷོ་ཆབ་ཆ། མཚོ་ལྷོ་གད་པ་སུམ་མདོ་རྫོང་། གཅན་ཚ་རྫོང་ལ་མོ་བདེ་ཆེན་སོགས་འཁོད་མི་འདུག་པས་ངོས་ལེན་མེད།

  2. ཀིརྟི་སྐྱབས་ says:
    2012-03-18 at 3:33 am

    གཅའ་རོ་རྔ་བ་རྫོང་གི་འོག་ནས་ཡིན་རུང་། ཟུར་དུ་བཅད་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

  3. བོད་ནང་གི་མྱི་ཞིག says:
    2012-03-18 at 6:07 am

    ཕྱི་སྡོད་བོད་པ་རྣམ་པ། ཁྱེད་ཚོས་འདི་ཙམ་ཡང་ལེགས་པོ་ཞིག་གམ་ཚད་ལྡན་ཞིག་སྒྲིག་མི་ཤེས་སམ། ཡང་ན་མི་འཇོན་ནམ། ཐེམ་ཆེན་དང་ཆབ་ཆ་དང་ཐུན་ཏེ་དང་རྐང་ཚ་སོགས་ནས་ཀྱང་ཁྲོམ་སྐོར་སོགས་བྱས་ཡོད་པ་རེད། དེ་དག་གིས་རང་སྲོག་གཏའ་མར་བཞག་ནས་ཁྲོམ་སྐོར་སོགས་བྱས་པ་རེད་པས། རབ་ཡིན་ན་གཟབ་མནན་གནང་རོགས། ཚད་ལྡན་བྱ་རོགས། སྤྱིར་འདི་འདྲའི་རིགས་ཚད་ལྡན་བཟོ་ཐུབ་ན་ཤིན་ཏུ་དགོས་གལ་ཆེ་བ་རེད། ཡིན་ཡང་ཁ་མི་ཚང་བ་འདི་འདྲ་བཟོ་བ་ལས་མ་བཟོས་ན་འགྲིག་པར་འདོད་བཞིན་ཡོད།

  4. ཟངས་རྡོ། says:
    2012-03-18 at 7:02 am

    འདི་འདྲ་བསྐྲུན་པ་ཐུགས་རྗེ་ཆེ་ཞུ། སྐུ་ཞབས་བཀྲ་རྡོར་འདི་ལ་ཕྱོགས་རིས་ཀྱི་ན་ཚ་འདུག་སྨན་འཐུང་ལོ་ན་ཚ་ཚབས་ཆེན་རེད་ལྷག་ཏུ་འགོས་ནད་ཡིན་མིན་ལ་ཐེ་ཚོམ་འདུག

  5. བོད་སྲིད་འབྱོར་རིག་གསུམ says:
    2012-03-18 at 10:33 am

    རང་བཙན་མཐུན་ཚོགས་ལ་ཐུགས་རྗེ་ཆེ་་་་་་

  6. བཀྲ་ཤིས་ says:
    2012-03-18 at 10:48 am

    བཀྲ་རྡོར་ལགས། ངོས་ལེན་མེད་ཀྱང་རུང་། དྲི་བ་དེ་ངོས་ལེན་ཡོད་དང་མེད་ཀྱི་སྐད་ཆ་མ་རེད། སྤྲང་པོ་ལྟོགས་སྐོམ་གྱིས་མནར་བ་ཞིག་ལ་ཟས་སྦྱིན་སྐབས། སྤྲང་པོ་དེས་ཟས་ཚད་ལྡན་ཡིན་མིན་ལ་བརྟག་རྒྱུ་ཡིན་ནམ། ངོས་ལེན་ཡོད་མེད་ལ་བཤད་རྒྱུ་རེད་དམ། མེད་པ་ནས་ཡོད་པ་ཞིག་དང་། ཡོད་པ་ནས་ཚད་ལྡན་ཞིག་ལ་འགྲོ་དགོས་པ་མ་རེད་དམ།

  7. བཀྲ་རྡོར།། says:
    2012-03-18 at 11:43 am

    འདི་འདྲ་ཞིག་ལ་གཟབ་ནན་མེད་པའི་སྐྱོན་ཡོད། ང་ཚོས་སྐྱོན་གྱི་ཕྱོགས་ནས་བལྟས་ཏེ་སྐྱོན་དེ་ཡོ་བསྲང་ཀྱི་བཟང་ཆ་དགོས། ལ་ལ་དེ་ལས་དེ་ཟློག་སྟེ་སྐྱོན་འགབ་སྲུང་བྱེད་ཀྱི་འདུག འདི་ལྟར་བྱས་ན། རྗེས་མ་བོད་ཁམས་ཀྱི་ཡུལ་གྲུ་ལ་ལ་ནས་ཅི་ཞིག་བསམ་ཡོང་། ངེད་ནས་ངེས་ལེན་ཡོད་མེད་ཀྱི་སྐད་ཆ་བཤད་པ་དེའང་། རྣག་ཐོག་ལ་ཁབ་གཙགས་ནས་སྐྱོན་དེ་ཡོ་བསྲང་ཡོང་བ་ཞིག་ལ་རེ་བ་ཡིན། མདོར་ན་ངེས་ལེན་མེད་ཅེས་པའང་ས་བཀྲ་དེ་ཆེད་དུ་ཡིན། དེ་ཚད་ལྡན་ཞིག་ཡོང་ན་བསམ་པ་ཡིན། འདི་ནས་ང་ཚོ་བུད་མེད་ཅོ་འཛིང་ལྟ་བུ་བྱེད་དགོས་དོན་མེད་ག། ༸གོང་མཆོག་གིས་ཀྱང་རྒྱུན་དུ་ང་ཚོས་སྐྱོན་གྱི་ཆ་གླེང་དགོས་ཞེས་གསུང་བཞིན་པ་མིན་ནམ།

  8. ཐུགས་རྗེ་ཆེ། says:
    2012-03-18 at 11:48 am

    མཚོ་ལྷོ་ཆབ་ཆའི་སྐད་འབོད་དེ་ཁྲིམས་འགལ་ཞིག་ལ་རྩི་གི་མི་འདུག བོད་ཀྱི་རང་དབང་དང་། ༧གོང་ས་མཆོག་གི་སྐོར་ཚིག་གཅིག་ཀྱང་མི་འདུག མ་བཀོད་ན་འགྲིག་འདུག་ལས་དགུལ་མགོ་བདེ་བོ་རེད།མཚོ་ནུབ་ཀྱི་རང་ལུས་མེ་བསྲེགས་མ་བཀོད་པ་ཡིད་ཕམ་ཡོད། གསེར་རྟའི་ནང་ནས་དཔའ་ཡང་བྱས་ཡོད་ལ།ཕྱི་སྡོད་གསེར་རྟ་ཚོས་མེར་བསྲེགས་རྫུན་མའི་གསར་འགྱུར་སྤེལ་ནས་བོད་ལ་གནོད་ཆེན་པོ་བསྐྱེལ་ཡོད་པ་དང་།
    ཞབས་འདྲེན་ལུང་པ་གང་ཞུས་ཡོད།

  9. བཀྲ་རྡོར།། says:
    2012-03-18 at 11:57 am

    ཨོ་རེད་ཡ། ས་བཀྲ་དེ་འདྲ་ཞིག་ཐོན་དུས་བོད་མི་དངོས་མ་ཞིག་ཡིན་ཕྱིན་སེམས་ཀྱི་དགའ་ཚོར་དེ་ཤོད་ཅི་ལ་དགོས། ཡིན་ནའང་ས་བཀྲ་དེ་ནང་བོད་དུ་རང་སྲེག་གིས་གཙོས་བདེན་དོན་ཡང་ལངས་ཀྱི་ས་གནས་ཁག་༢༠༡༢ལོའི་ཟླ་༣ ཚེས་ ༣ ནས་༡༧ བར་ཡིན་སྐོར་བཀོད་འདུག་ག སོང་ཙང་ངེད་ནས་བོད་མདོ་སྨད་རྨ་ལྷོའི་ཁོངས་གཏོགས་གཅན་ཚ་དང་། མཚོ་ལྷོ་གད་པ་སུམ་མདོ་རྫོང་། མཚོ་ནུབ་ཐེམ་ཆེན་རྫོང་བོང་སྟག་སོགས་ཚུད་མི་འདུག་ཅེས་ཤོད་ཀྱི་ཡོད། འདི་ངས་ཕྱོགས་རིས་ཀྱི་སྐད་ཆ་ཞིག་རེད་དམ། འདི་ནས་གནས་ལུགས་ངོ་མ་ཞིག་ཤོད་ཀྱིན་པ་ལས་ཕྱོགས་རིས་ཤིག་གང་ན་འདུག

  10. བསྟན་འཛིན། says:
    2012-03-18 at 12:02 pm

    ས་བཀྲ་དེ་གང་མགྱོགས་བསྐྱར་བྱ་རོགས། དེ་མིན་ཡོད་པ་ལས་མེད་པ་དགའ།

  11. རྟ་ནག་མ། says:
    2012-03-18 at 12:12 pm

    གོང་ནས་དྲ་གྲོགས་བཀྲ་རྡོར་གྱིས་གསུངས་པ་བདེན། འདི་ནས་བློ་མིག་ལྡོངས་བ་འགས་རང་གིས་བྱས་པ་གཅིག་པོའི་ངོ་སོ་དགུང་ལ་དཔྱར་བཞིན་འདུག འདི་ལྟར་བྱས་ན་གོང་གསལ་ས་བཀྲ་དེ་ནང་དུ་འཁོད་པའི་ས་གནས་ཁག་གི་བོད་མི་ཚོས་ཀྱང་ས་བཀྲ་དེ་ཡག་བྱུང་ཟེར་རྒྱུ་མིན་པ་དེ་མ་བསྙེལ་བ་གནང་རོགས།

  12. བཀྲ་ཤིས་ says:
    2012-03-18 at 12:12 pm

    དགོངས་དག་བཀྲ་རྡོར་ལགས། ང་ལ་ཡང་འཛིང་རེས་བྱེད་འདོད་ཅིག་མི་འདུག ལས་ཀ་འདི་ང་ཚོ་ཚང་མའི་རེད། རེབ་གོང་གི་ངོ་རྒོལ་ཀྱང་འདི་ལ་ཐེབས་མི་འདུག དེས་ན། ང་ཚོ་ཚང་མས་རང་རང་གིས་གང་ཤེས་པ་རྣམས་མཆན་དུ་བཀོད་ན། རང་བཙན་མཐུན་ཚོགས་ཀྱིས་གཟིགས་ཀྱི་རེད། དེ་ནས་ཁོང་ཚོས་སྣོན་པ་བརྒྱག་གི་རེད། རང་བཙན་མཐུན་ཚོགས་ཀྱི་དྲ་རྒྱ་འདི་རེད། http://www.rangzen.net དེ་ལ་བསྐུར་ན་ཡང་འགྲིག་གི་རེད་བསམས་ཀྱི་འདུག

  13. བསྟན་འཛིན། says:
    2012-03-18 at 12:22 pm

    ངས་བསམ་བློ་བཏང་བ་ཡིན། གང་མགྱོགས་ས་བཀྲ་དེ་བསྐྱར་བཅོས་ཐུབ་ན། གཅིག་ནས་བ་བཀྲ་དེ་དགེ་མཚན་མངོན་རྒྱུ་རེད། དེ་མིན་ས་གནས་མི་དམངས་གང་མང་ཞིག་ལ་ཕོག་ཐུག་འགྲོ་རྒྱུར་ཐེ་ཚོམ་མེད། རང་གིས་ལས་ཀ་ཞིག་བྱེད་དུས་འགན་ཁུར་དགོས་པ་རེད། ཅི་ཕྱིར་གོང་གསལ་ས་གནས་ཁག་གི་སྐད་འབོད་ཡར་ལངས་དེ་བོད་ཀྱི་བདེན་དོན་ཆེད་མ་ཡིན་པ་རེད། གཅིག་བྱས་ན་ས་བཀྲ་འདིས་མདོ་སྨད་ནང་ཁུལ་དཀྲིག་ཤིང་འཕེན་གྱིན་མེད་འགྲོ། ཡང་ན་ཕྱོགས་རིས་བྱེད་ཀྱི་མེད་འགྲོ།

  14. བཀྲ་རྡོར།། says:
    2012-03-18 at 12:54 pm

    བཀྲ་ཤིས་ལགས། རེད། ང་ཚོ་ཚང་མས་དེ་ལྟར་བྱེད། ཁྱེད་ཀྱི་བསམ་ཚུལ་དང་བསམ་གཤིས་ལ་ཡི་རང་ཡོད།

  15. ལྕམ་ཆུང་གཡུ་ལོ། says:
    2012-03-18 at 8:27 pm

    ཐེམ་ཆེན་རྫོང་ངམ་ཡང་ན་བོང་སྟག་ཅེས་བྲིས་ན་ལེགས་སྙམ།སེང་གེ་ནི་ཞང་ཆུང་ཆུང་ཞིག་དང་དམ་ཆོས་ལགས་མེར་བསྲེག་གཏོང་ས་དེའང་སེང་གེ་ཞང་ཐོག་་མ་ཡིན་པར་བོང་སྟག་དགོན་པའི་སྐོར་ལམ་་རེད།

  16. ལུང་རིགས་རྒྱལ། says:
    2012-03-18 at 8:28 pm

    སྐབས་ཐོག་ལ་གནས་ཚུལ་མ་རག་པ་རེད་མ་གཏོགས་མེར་སྲེག་དང་ཡར་ལངས་གང་ནས་བྱུང་ཀྱང་གནས་ཚུལ་གཅིག་ཀྱང་ལུས་འདོད་ཡོད་པ་མ་རེད། འདིའི་ཐད་ལ་རང་རང་ས་ནས་འཁང་ར་བཤད་འདུག་པ་ལས་མཐུན་འགྱུར་སྤྲད་ན་འགྲིག་གི། གནས་ཚུལ་གསལ་བོ་དག་པོ་རེ་སྤྲོད་རྒྱུ་གལ་ཆེན་པོ་རེད། གནས་ཚུལ་འདིའི་རིགས་ཉི་མ་རེ་རེ་བཞིན་ས་ཆ་རེ་རེ་བཞིན་ག་ས་གང་དུ་འབྱུང་གི་ཡོད་སྟབས་ཁ་གསབ་དང་བཅས་འཐུས་ཇེ་ཚང་ལ་གཏོང་དགོས་པ་རེད།

  17. བཀྲ་རྡོར།། says:
    2012-03-18 at 10:00 pm

    ཐུགས་རྗེ་ཆེ་ལགས། སྐད་ཆ་བཤད་ན་འགན་ཁུར་དགོས། མཚོ་ལྷོ་ཆབ་ཆའི་སྐད་འབོད་ལ་ཆབ་སྲིད་ཀྱི་གནད་དོན་མེད་ན། ཁ་སང་མཚོ་ལྷོ་མི་རིགས་སློབ་འབྲིང་གི་དགེ་སློབ་ཁག་ཅིག་ཇུས་བཟུང་དགོས་དོན་མེད་ག ཁྱེད་ཀྱིས་ཤེས་མེད་ན་དུས་བབ་དྲ་ཚིགས་ལ་གཟིགས། ས་གནས་རང་ལའང་བརྩད་གཅོད་བྱས་ན་འགྲིག སྙིག་མིང་འོག་ལ་འཛུལ་ཏེ་སྐད་ཆ་འདི་འདྲ་བཤད་ན་སྡར་མའི་བྱ་སྤྱོད་རེད། འུ་ཚང་ཕན་ཐོགས་མཁན་ལས་གནོད་སྐྱེལ་མཁན་འདི་འདྲ་མ་མང་ན་མི་ཉུང་མི་ཀི

  18. བཀྲ་རྡོར།། says:
    2012-03-18 at 10:03 pm

    འཇུ་བཟུང་། མི་ཉུང་ཀི་ཞེས་པ་ཡིན། གཏགས་ནོར་ཤོར་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme