Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟེར་རམ་ཅི།།

Posted on 2013-01-112013-01-11 By ཁ་བརྡ་ 12 Comments on ཟེར་རམ་ཅི།།

སྣང་ཤེས་དགེ།

སངས་རྒྱས་མི་གཉན་སྐྱེས་དམན་གཉན་པ་ཡི།།

ཆོས་ཚུལ་མི་སློབ་འཕྱན་ཚུལ་སློབ་པ་ཚོ།།

བྱང་སེམས་མི་སྦྱོང་གཡུལ་ཐབས་སློབ་པ་ལ།།

བཅོམ་ལྡན་རྒྱལ་བའི་རྗེས་འཇུག་ཟེར་རམ་ཅི།།

ཁ་ཆོས་བཤད་ལ་རྐུབ་ཆོས་བསྲན་དགོས་ཤིང་།།

ཕ་རོལ་སྨོད་ལ་ཚུ་རོལ་དག་དགོས་པས།།

རང་རྒྱུད་འདྲེས་ཁྱེར་གཞན་ལ་འཕྱ་བ་ཚོར།།

བཅོམ་ལྡན་རྒྱལ་བའི་རྗེས་འཇུག་ཟེར་རམ་ཅི།།

 

སྒོར་གྱི་ཕྱིར་དུ་ཆོས་ཀྱི་ཁྲོམ་བཤམས་ཤིང་།།

ཁྲི་ཡི་ཕྱིར་དུ་མི་ཆོས་རྫུན་སྒྲོག་པ།།

སྤྲུལ་མིན་སྤྲུལ་པའི་རྫུ་བག་གྱོན་པ་ཚོར།།

བཅོམ་ལྡན་རྒྱལ་བའི་རྗེས་ཟེར་རམ་ཅི།།

 

དྲིས་པའི་གཏམ་ལ་ལན་གྱིས་དབུལ་བ་ན།།

ཁྱོད་ཀྱི་མིག་ལ་ཆེ་ཆུང་འདུག་ཅེས་སྨོད།།

ཁྱི་རྒྱགས་གནམ་གྱི་སྐར་མར་ཟུག་པ་ལ།།

བཅོམ་ལྡན་རྒྱལ་བའི་རྗེས་འཇུག་ཟེར་རམ་ཅི།།

 

མདོ་ཡི་བྱང་སེམས་གཞི་རྨང་མ་བཏིང་བར།།

སྔགས་ཀྱི་བསྐྱེད་རྫོགས་རྒྱུད་ལ་བསྟེན་ཚུལ་བཤད།།

སྦྱོར་བ་གཡེམ་གྱི་ལམ་དུ་འཁྱེར་བ་ལ།།

བཅོམ་ལྡན་རྒྱལ་བའི་རྗེས་འཇུག་ཟེར་རམ་ཅི།།

 

རྒྱལ་བའི་སྐུ་བརྙན་ཞབས་ལ་མགོས་གཏུགས་ཀྱང་།།

བྱིན་ཅན་གསུང་གི་སྙིང་པོ་རྡོག་པས་བརྫི།།

བསྟན་པའི་ཁ་འཛིན་ཟེར་བའི་རྫབ་ཆེན་ཚོར།།

བཅོམ་ལྡན་རྒྱལ་བའི་རྗེས་འཇུག་ཟེར་རམ་ཅི།།

 

དཔྱོད་པའི་བློ་མིག་ཁབ་ལས་དོག་པ་ལ།།

འུར་གྱི་ཁ་སྒོ་བྲག་ཁུང་ལྟ་བུར་གདང་།།

ང་རྒྱལ་ཁོ་ནས་ལ་རྒྱ་སྒྲོག་མཁན་ཚོར།།

བཅོམ་ལྡན་རྒྱལ་བའི་རྗེས་འཇུག་ཟེར་རམ་ཅི།།

ཁ་བརྡའི་མཆན་པོ་འགའ་ཞིག་གི་སྐད་ཆར་ཉན་བཞིན་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་ཐོག་མར་སྐོར་བའི་ནགས་ཀྱི་ཉེ་འདབས་སུ་བྲིས་པའོ།།

སྙན་ངག

Post navigation

Previous Post: ཆང་གི་གཏམ་རྒྱུད།
Next Post: སེམས་ཉམས་སུ་ལེན་པ།

Comments (12) on “ཟེར་རམ་ཅི།།”

  1. གནམ says:
    2013-01-11 at 10:18 am

    ཐམས་ཅད་བསམ་པ་དག་ལ་རེག་ལོས་བས།།
    རྣམ་དག་སེམས་པ་དཀར་བོས་ཆོས་བཤད་ན།
    བཅོན་ལྡན་རྒྱལ་བའི་རྗེས་འཇུག་མང་པོ་ཡོད།

    ཆོས་ཐར་ཕྱིན་པའི་འདོད་སྦྱིན་ཆོས་སྦྱིན་ཚོས།།
    སྐྱབས་མེད་འགྲོ་ལ་འདོད་མདུན་གང་སྐོང་ན།
    བཅོན་ལྡན་རྒྱལ་བའི་རྗེས་འཇུག་མང་པོ་ཡོད།

    སྟོན་པའི་བསྟན་པ་མཐའ་ནས་རྒྱང་ལ་སྤེལ།།
    མཐོང་ཐོས་བསྐལ་བའི་ཕན་ཡོན་སྟེར་ཡོད་ན།
    བཅོན་ལྡན་རྒྱལ་བའི་རྗེས་འཇུག་མང་པོ་ཡོད།

    བཅོན་ལྡན་ཁོ་རང་དཀའ་བ་སྤྱད་པའི་མཐར།།
    ཆོས་མེད་ཡུལ་ལ་ཆོས་འཁོར་མང་བསྐོར་ན།
    བཅོན་ལྡན་རྒྱལ་བའི་རྗེས་འཇུག་ཡིན་དང་ཡིན།

    སྐྱ་མིའི་འགྲོ་བ་སྐྱབས་པའི་ཆོས་པ་ཚོ།།
    ཚུལ་ཁྲིམས་དམ་ཚིག་ཡོད་དང་མེད་པས་ཆོག།
    སྟོན་པའི་བསྟན་པ་འཆད་པའི་སློབ་དཔོན་ཡིན།

    གདན་ས་ཁག་གི་ཆོས་ར་ཆོས་འཁོར་ན།
    རང་ཉིད་གཅིག་པོར་འཆི་ཆོས་ཙམ་བསྒྲུབས་ནས།།
    མ་གྱུར་འགྲོ་བ་ཁ་ཚིག་ཙམ་འདི་སྐྱོ།

  2. སྨུ་ཐག་གི་བུ་རྒྱུད། says:
    2013-01-11 at 11:18 am

    གནམ་གྱི་གཏམ་ནི་དེ་བཞིན་ཏེ།།
    ཁོ་བའི་སྐད་ནི་དེ་ལ་མིན།།
    སུ་ཡི་རྣ་བར་གཟན་གྱུར་བ།།
    མཚོན་གྱི་འབན་ནི་དེ་ཉིད་དོ།།

  3. སྨུ་ཐག་གི་བུ་རྒྱུད། says:
    2013-01-11 at 11:19 am

    (འབན) (འབེན་)ལ་བཅོས་རོགས།

  4. ཨ་རིག་དགེ་མཐོང་གིས། says:
    2013-01-11 at 11:39 am

    ལམ་སྟོན་བསླབ་བྱ་འདི་ནི་བློ་ངོར་འཕྲོད། །
    དཀའ་གནད་དོགས་འདྲི་འདི་དག་གནད་དུ་འཁེལ། །
    གནས་མཆོག་ཝཱར་ཎའི་མཆོག་རྟེན་ཆེན་མོ་ལ། །
    ཞོགས་ཀར་བསྐོར་བ་ཕེབས་སྐབས་བྱ་ལྟར་མྱུར། །
    དེ་གའི་མཐོ་སློབ་དགེ་བའི་བཤེས་གཉེན་ཁྱེད། །
    མཚན་སྙན་སྔོན་ནས་ཐོས་ཀྱང་མཇལ་མྱོང་མེད། །
    འོན་ཀྱང་ཉེ་སྔོན་ནས་བཟུང་ཉིན་རེ་མཇལ། །
    ཡིན་ཡང་ཁམས་འདྲི་ཙམ་ཡང་ཞུས་མྱོང་མེད།
    ཝཱར་ཎའི་དགེ་སྦྱོང་ཨ་རིག་དགེ་མཐོང་གིས། །
    བྲེལ་འཚུབ་ཉིན་མོ་འདི་ལ་མཆན་འདི་བཏགས། །

  5. རེབ་སྐྱིད་མཚོ says:
    2013-01-11 at 12:42 pm

    མ་འགྱུར་ནམ་མཁའ་ཁ་ནས་མ་ཤོར་བར།
    སྟོང་པའི་རང་མཚན་ཁ་ནས་ཤོར་འདི།
    ཉོན་སྒྲིབ་ཡོད་དགུ་ཟད་པའི་དགྲ་བཅོམ་པའི།
    རྗེས་འཇུག་དམ་པའི་ཁྱུ་ཚོགས་མང་ནོ་སྐད།

  6. བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། says:
    2013-01-11 at 12:52 pm

    ཝཱར་ཎའི་མཆོད་རྟེན་ཆེན་མོའི་མཐའ་སྐོར་ནས། །
    ཕ་རོལ་མཚང་ངན་རྟོལ་བའི་མདའ་དཔོན་གྱིས། །
    འབེན་ལ་ཕོག་པའི་མདའ་ཞིག་འཕངས་པ་དེས། །
    བཟང་ངན་དབྱེ་བའི་ཤེས་རབ་འབར་འགྱུར་ཅིག །

  7. བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། says:
    2013-01-11 at 1:39 pm

    དག་པ་སངས་རྒྱས་ཞེས་པའི་མཚན་ཞིག་འབོད།།
    སྐྱབས་གནས་དཀོན་མཆོག་གསུམ་ཞེས་གྲངས་རེ་བགྲང་།།
    དོན་ལ་ཆོས་ཀྱི་གཡུལ་དུ་ཞུགས་པ་རྣམས།།
    གཤེན་རབ་བསྟན་པའི་རྗེས་ཟིན་གཏན་ནས་མིན།།
    བཅོམས་ལྡན་རྒྱལ་བའི་རྗེས་འཇུག་མིན་ཡང་སྲིད།།

    ཞལ་ནས་དམ་ཚིག་འོ་མའི་རླངས་པ་འཐུལ།།
    སེམས་ནས་རུ་ཏྲའི་འཁོར་ལོ་མཚོན་ལྟར་དྲངས།།
    ཕྱོགས་འཁྱེར་དུག་གིས་བཟི་བའི་དགེ་འདུན་གཟུགས།།
    གཤེན་རབ་བསྟན་པའི་རྗེས་ཟིན་གཏན་ནས་མིན།།
    བཅོམས་ལྡན་རྒྱལ་བའི་རྗེས་འཇུག་མིན་ཡང་སྲིད།།

    ཆོས་ཀྱི་ཁྲོམ་ར་ཤར་ནུབ་ཀུན་ཏུ་བསྟན།།
    མི་ཆོས་བླ་མའི་རྫུན་གཏམ་ཕུང་པོར་བསྐྲུན།།
    ཆོས་ཀྱི་ལག་ཆར་གྱུར་བའི་སྤྲུལ་སྐུའི་རིགས།།
    གཤེན་རབ་བསྟན་པའི་རྗེས་ཟིན་གཏན་ནས་མིན།
    བཅོམས་ལྡན་རྒྱལ་བའི་རྗེས་འཇུག་མིན་ཡང་སྲིད།།

    རྒྱུད་སྡེ་རྒྱལ་བའི་དགོངས་དོན་མ་ལོན་ཞིང་།།
    དགའ་བཞིའི་བདེ་སྟོང་ལམ་དུ་ཁྱེར་ཁུལ་གྱིས།།
    གཉིས་འཁྱུད་རོལ་བ་རྩེད་མོ་ལྟར་སྤྱོད་རྣམས།།
    གཤེན་རབ་བསྟན་པའི་རྗེས་ཟིན་གཏན་ནས་མིན།
    བཅོམས་ལྡན་རྒྱལ་བའི་རྗེས་འཇུག་མིན་ཡང་སྲིད།།

    མདོར་ན་རི་དྭགས་རྒྱུ་མྱོང་ནགས་ཁྲོད་དུ།།
    གཟུགས་ཅན་མི་ཡི་ལུས་སུ་བརྫིས་བྱས་ཏེ།།
    དྲེགས་པ་བརྒྱད་ཀྱི་གཡུལ་དུ་ཞུགས་པ་ཡི།།
    བསྟན་པའི་ཁ་འཛིན་ཟེར་བའི་གཤོབ་སྐྱལ་ཚོར།།
    རྟག་ཏུ་བྱ་ར་མཛོད་ཅིག་རིག་པའི་གྲོགས།།

  8. ངོ་ལུག says:
    2013-01-11 at 3:17 pm

    སྣང་བ་དགྲ་རུ་མ་བཟུང་ན།
    ཤེས་པ་དགེ་ལ་ཨེ་འཕེལ་ཞུས།

  9. སྨུ་ཐག་གི་བུ་རྒྱུད། says:
    2013-01-11 at 11:07 pm

    ཨ་རིག་ཟེར་བ་མ་རིག་ནའང་།།
    ཐག་ཉེ་ཞིག་ལ་ཡོད་ཚོད་རེད།།
    མཆོད་རྟེན་མཐའ་ཡི་ལམ་ཆུང་དེ།།
    རྡོག་པས་གནོན་རོགས་ཡིན་ཚོད་འདུག །

    རེབ་སྐྱིད་སྐྱིད་པའི་སྐྱིད་གཏམ་དེ།།
    རྒས་འཁོག་ཕྱིན་པའི་རྐང་རྗེས་འདྲ།།
    སྐབས་རེར་རིང་ལ་ལན་རེར་ཐུང་།།
    འདི་སྨྲས་སྙམ་དུ་རྟོགས་མ་གྱུར།།

    བྱ་འཕུར་བྱ་ལྟར་བྲེལ་བ་ལ།།
    དུས་ཚོད་གསེར་ལས་རིན་ཆེ་ཡང་།།
    ཁོ་བོའི་ཉོག་གཏམ་སྣེ་མོ་རུ།།
    གསེར་ཕྱེ་གཏོར་བར་སྙིང་ནས་དགའ།།

    ངོ་ལུག་འདི་ཉིད་ཁྲོ་ཐུང་འདྲ།།
    ངོ་རེར་བལྟས་ན་ལུག་རེ་དགོས།།
    ཨ་ཅང་ཀུ་རེ་ཁོ་ན་སྟེ།།
    མགྲོན་དུ་ཕེབས་པར་དགུ་བས་བསུ།།

    སྣང་བ་དགྲ་རུ་མ་བཟུང་ན།།
    ཤེས་པས་རང་ས་ཟིན་འགྱུར་ཏེ།།
    དགེ་བ་བགྱིས་ལས་ཐར་པ་ཡི།།
    འབྲས་བཟང་ངེས་པར་འཐོབ་བཞིན་ནོ།།

  10. ཟུར་གནས། says:
    2013-01-12 at 12:01 am

    གོ་རྒྱུ་ཡོད་པ་ཞིག་བྲིས་འདུག། དངོས་ཡོད་དང་ཉེ་བ་ཞིག་བྲིས་འདུག། ང་རང་ལ་ཕོག་དགོས་པ་ཞིག་བྲིས་འདུག། ཁོང་ཚོར་ཡང་ཕོག་དགོས་པ་ཞིག་བྲིས་འདུག། རྙིང་མ་རྣམས་ལ་སྙིང་ན་དགོས་པ་ཞིག་བྲིས་འདུག། ས་སྐྱ་བ་རྣམས་ལ་ངོ་ཚ་དགོས་པ་ཞིག་བྲིས་འདུག། བཀའ་བརྒྱུད་པ་རྣམས་ལ་གདོང་དམར་པོ་ཆགས་དགོས་པ་ཞིག་བྲིས་འདུག། དགེ་ལྡན་པ་རྣམས་ལ་ཁ་རྐྱང་དགོས་པ་ཞིག་བྲིས་འདུག

  11. ཀརྡོ་གཉེར་ཕྱག་པ་ says:
    2013-01-12 at 12:32 am

    ་་་ རྙིང་མ་རྣམས་ལ་སྙིང་ན་དགོས་པ་ཞིག་བྲིས་འདུག། ས་སྐྱ་བ་རྣམས་ལ་ངོ་ཚ་དགོས་པ་ཞིག་བྲིས་འདུག། བཀའ་བརྒྱུད་པ་རྣམས་ལ་གདོང་དམར་པོ་ཆགས་དགོས་པ་ཞིག་བྲིས་འདུག། དགེ་ལྡན་པ་རྣམས་ལ་ཁ་རྐྱང་དགོས་པ་ཞིག་བྲིས་འདུག ་་་་
    ཅེས་པའི་ལན་དུ།
    རྙིང་མའི་སྙིང་གཏམ་སྙིང་ནང་ཡོད། །
    སྙིང་རྩ་ན་དོན་ག་ལ་ཡོད། །

    ས་སྐྱར་ལམ་འབྲས་ས་ལམ་ཡོད། །
    ངོ་ཚ་དགོས་དོན་གལ་ཡོད། །

    བཀའ་བརྒྱུད་གདམས་ངག་བསྒོམ་སྦྱངས་ཡོད། །
    ངོ་གདོང་དམར་དོན་ག་ལ་ཡོད། །

    དགེ་ལྡན་བདེ་སྟོང་ཟུང་འཇུག་བསྒོམ། །
    ཁ་རྐྱང་དགོས་དོན་དེ་བས་མེད། །

    རིས་མེད་ཀརྡོ་ང་རང་ཙམ། །
    ཤོད་ཐལ་ཤོར་བ་ཨ་ཙ་མ། །

  12. སྨུ་ཐག་གི་བུ་རྒྱུད། says:
    2013-01-12 at 1:57 am

    ཡང་དག་ལམ་བཟང་ལག་མཐིལ་དུ།།
    ལེན་མཛད་སྟོན་པའི་རྗེས་འཇུག་ལ།།
    གཏམ་འདི་བདོ་བ་མ་ཡིན་གྱི།།
    དོན་སྟོང་ཁ་ཕོ་ཅན་ལ་འོ།།

    ས་དགེ་བཀའ་རྙིང་རིས་མེད་ཀྱི།།
    ཆོས་ཚུལ་སྙིང་གི་བདུད་རྩི་རུ།།
    ལེན་མཛད་དོན་གྱི་སྤོབས་པ་ཅན།།
    འདི་ཡི་འབེན་དུ་མ་བསམ་ཞུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme