Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟིན་ཐོ་འབྲུག་རིས་མ།

Posted on 2018-07-10 By ཁ་བརྡ 12 Comments on ཟིན་ཐོ་འབྲུག་རིས་མ།

ཨ་འདུས་བཟང་རྒྱ་མཚོས།

ཨོ་རྒྱན་པདྨས་དངོས་སུ་བྱིན་བརླབས་ཤིང་།།
ལོ་པཎ་མང་པོས་གཙུག་ལག་སྤེལ་བའི་ཡུལ།།
གཡུ་འབྲུག་མཐུར་མེད་ལྟ་བུའི་གྲུབ་པོ་ཆེ།།
ཀུན་ལེགས་སྨྱོན་པའི་གདན་ས་དེར་ཕྱག་འཚལ།།

སྦ་གྲོ་སྟག་ཚང་མཇལ་དུས་གུ་རུ་དྲན།།
ཐུམ་བྷུའི་མཛེས་མ་མཐོང་དུས་མཚོ་རྒྱལ་དྲན།།
རྣམ་གཡེང་མཛའ་མོ་ཡིད་ཀྱིས་མ་ཐོངས་པར།།
འབྲུག་ཡུལ་ལན་གཅིག་འགྲིམ་པའི་སྐལ་བ་བྱུང་།།

འབྲུག་སྨྱོན་ཀུན་ལེགས་ཚངས་དབྱངས་རྒྱ་མཚོ་དང་།།
ཆོས་རྒྱམ་གྲོང་པ་རྫོང་སར་མཁྱེན་བརྩེ་སོགས།།
བོད་འབྲུག་སྐུ་ལོ་ཕར་གྱི་སྤྱོད་པར་ཡང་།།
ཐུགས་ཁག་མེད་པ་འབྲུག་ཡུལ་འགྲིམ་ན་ཤེས།།

གུ་རུའི་ཆེད་དུ་རང་གི་མིག་ཀྱང་གཏོང་།།
ཆོས་ཀྱི་སླད་དུ་གཅེས་པའི་མགོ་ཡང་སྦྱིན།།
ཕྱི་མའི་ཆེད་དུ་འདི་སྣང་བློས་གཏོང་བ།།
འབྲུག་གི་རྒྱལ་ཁབ་འདི་ན་མང་ངོ་སྐད།།

འོན་ཀྱང་རྒན་རབས་པ་དག་པན་ལ་དགའ།།
བུད་མེད་ཕལ་ཆེར་སྐྲ་ཐུང་ཀུ་ཅོ་ཆེ།།
བཙན་གཟུགས་ཕལ་ཆེར་ཆང་ལ་རོལ་བ་ཡང་།།
སྦས་ཡུལ་འབྲུག་ལུང་འདི་ཡི་གནའ་སྲོལ་ཉིད།།

ཆོས་ཀྱི་ཆེད་དུ་བོད་ཀྱི་ཡེ་གེ་སྤྱོད།།
སྲིད་ལ་བསམས་ནས་རྫོང་ཁའི་ཡི་གེ་སྤྱོད།།
འོན་ཀྱང་སྔོན་བྱོན་གོང་མའི་རྣམ་ཐར་རྣམས།།
བོད་ཡིག་ཙམ་ལས་རྫོང་ཡིག་བྲིས་པ་མེད།།

གཡེར་མ་རྡ་སེེ་ཤ་སྐམ་རྡ་སེ་སོགས།།
ཤ་མེད་ཤ་ཡོད་བཟའ་བཅའ་གང་ཡིན་རུང་།།
ཁ་རྐུབ་རིམ་གྱིས་ཚ་བའི་སིལ་པན་གྱིས།།
ཁྱབ་པ་འབྲུག་པའི་བཟའ་མའི་ཁྱད་ཆོས་ཡིན།།

སྐྱེས་པས་ཤིང་བྲེག་རྡོ་བཟོ་གཙོ་བོ་བྱེད།།
བུད་མེད་དག་ནི་སོ་ནམ་ལས་ལ་འབུངས།།
ནམ་ཡང་ཆང་དྲི་འཐུལ་བའི་གྲུབ་བརྫུས་དང་།།
ཁྱོ་མགོ་བསྐོར་བའི་གཡེམ་མ་མང་ངོ་སྐད།།

ཀུན་ལེགས་སྨྱོན་པའི་ཞབས་རྗེས་ཡིན་ནམ་ཅི།།
ཕོ་མཚན་ཁང་མགོར་བཞགས་ཏེ་མཆོད་པ་བྱེད།།
ཆུ་ཡུར་དང་ནི་རྩིགས་གྱང་ལ་སོགས་པར།།
ལིང་ག་གསོན་པོར་བཞེངས་པ་སྲོལ་བཟང་ཉིད།།

རྗེ་འདིའི་ཡབ་ཀྱིས་བཙུན་མོ་བཞི་བླངས་ཏེ།།
ད་ལྟའི་རྒྱལ་སྲས་འདི་ཀོ་འཁྲུངས་ནའང་།།
འདིས་ནི་བུ་མོ་གཅིག་ལས་མ་བདམས་ཞེས།།
འབྲུག་གི་གཞོན་རབས་པ་དག་བསྔགས་པར་བྱེད།།

ཐ་མ་ཁ་ལ་དམ་བུ་ཞེས་སུ་འབོད།།
བཏུང་མི་ཆོག་པའི་བརྡ་ཡིག་གང་སར་སྤེལ།།
འོན་ཀྱང་བཙོངས་ན་ཉེས་ཆད་གཅོད་པ་ལས།།
འགའ་རེ་བཏུང་ལ་ཉེས་པ་མེད་འདི་མཚར།།

གྲོང་ཁང་ཕལ་ཆེར་ལྷ་ཁང་ལུགས་སུ་བཞེངས།།
ཇ་ཁང་དག་ཀྱང་ཆང་ཁང་མཉམ་དུ་བསྲེས།།
ཆོས་ཀྱང་ལུགས་སྲོལ་ཙམ་དུ་བརྩི་བ་ལས།།
ཕལ་མོ་ཆེ་ལ་གོ་བ་ཆུང་བར་མཐོང་།།

མི་དཔོན་དག་ནི་ཁང་བཟང་དཀྱིལ་ན་འཛུམ།།
དབུལ་ཕོངས་མང་ཚོགས་ཐལ་རྡུལ་ཁྲོད་ན་ངལ།།
མིང་བྱང་ཙམ་ལས་དོན་གྱི་དམངས་གཙོ་ཞིག།
འབྲུག་ཡུལ་འདི་ན་ཡོད་པ་ངས་མ་མཐོང་།།

དགོན་གནས་དང་ནི་ལས་ཁུངས་གར་སོང་ཡང་།།
ཚུལ་ལྡན་འབྲུག་ཆས་གྱོན་པ་གཞུང་གི་ཁྲིམས།།
བྱུང་རབས་ཁྲོད་ཀྱི་ལྷོ་མདའ་རྩུབ་ནའང་།།
དེང་གི་འབྲུག་མྱིའི་གཤིས་ཀ་འཇམ་པོར་སྣང་།།

བྲེགས་ཀྱང་འཛད་མཐའ་མེད་པའི་ནགས་ཚལ་དང་།།
རྙོགས་མའི་རྡུལ་དང་བྲལ་བའི་གཙང་ཆུ་སོགས།།
དང་གཙང་ཁོར་ཡུག་མིག་ལ་མངོན་ཙམ་གྱིས།།
ཕ་ཡུལ་གངས་ཅན་ཡིད་ལ་ངང་གིས་འཆར།།

འབྲུག་ཡུལ་འགྲིམ་ནས་འབྲུག་མོ་མ་ཐོབ་ཀྱང་།།
འབྲུག་རིས་ཟིན་ཐོས་འབྲུག་བརྙན་མཚོན་སླད་དུ།།
འབྲུག་ལ་དགའ་བའི་རྒྱང་གི་གྲོགས་པོ་ཚོར།།
འབྲུག་གི་ལེགས་སྐྱེས་དོད་དུ་ཁོ་བོས་བྱས།།

མདོར་ན་འབྲུག་གི་ཡུལ་སྲོལ་ཆ་ལུགས་སོགས།།
དཔྱོད་ལྡན་གྲོགས་ཀྱི་གཟིགས་མོར་མི་ཆེ་ཡང་།།
སྐལ་དམན་གཡེང་ལ་དགའ་བའི་གྲོགས་འགའི་ཆེད།།
དྲན་ཐོ་ཙམ་ཞིག་ཕུན་ཚོགས་གླིང་དུ་བཀོད།།

ཕུན་ཚོགས་གླིང་གི་ཇ་ཁང་ཞིག་ཏུ་བྲིས་སོ།།

སྙན་ངག

Post navigation

Previous Post:  ཁེ་ལས་སྐོར་གྱི་རྒྱུན་ཤེས་གནད་བསྡུས།
Next Post: ཆེས་ཐོག་མར་བལ་ཡུལ་དུ་སླེབས་པའི་མཐོང་སྣང་།

Comments (12) on “ཟིན་ཐོ་འབྲུག་རིས་མ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-07-11 at 3:13 am

    འབྲུག་ཡུལ་བལ་ཡུལ་བོད་ཡུལ་གསུམ་།
    དུས་སྔ་མོ་ནང་བསྟན་དར་ས་རེད་།
    ཆོས་སངས་རྒྱས་བསྟན་པ་རྒྱས་ས་རེད་།
    རི་ལུང་གནས་ཀྱིས་གདན་ས་རེད་།
    ལས་རྒྱུ་འབྲས་ཕྲ་མོ་སྲུང་ས་རེད་།
    འགོ་དཔོན་པོ་ཁྲིམས་ར་བཙན་ས་རེད་།
    འབངས་མི་མང་ལོངས་སྤྱོད་རྒྱས་ས་རེད་།
    དུས་དེང་སང་གུང་ཁྲན་དམར་པོ་ཡིས་།
    ཆོས་སངས་རྒྱས་བསྟན་པ་སྣུབ་ས་རེད་།
    མི་རིགས་སྐད་ཡིག་རིག་གཞུང་རྩ་གཏོར་རེད་།
    དུས་ངན་པ་ཤར་བའི་སྔ་བལྟས་རེད་།

  2. ཀརྡོ་གཉེར་ཕྱག་པ་ says:
    2018-07-11 at 4:29 am

    དབུས་གཙང་ཆོས་ཀྱི་དམ་པ་ཞེས། །
    དེ་ནས་འབྲུག་རྒྱལ་འབྲུག་ཆོས་དར། །
    ་
    མཐའ་མཚམས་འབྲུག་དང་མོན་པ་ཞེས། །
    ཀླ་ཀློ་མཐའ་འཁོབ་གྲལ་དུ་འཇོག །
    ་
    ད་ནི་དབུས་གཙང་ཀླ་ཀློས་ཁེངས། །
    འབྲུལ་ཡུལ་ཆོས་ལྡན་རྒྱལ་ཁབ་གྱུར། །
    ་
    མ་འོངས་གང་དུ་འགྲོ་འོངས་ཞེས། །
    མི་རྟག་སྒྱུ་མའི་ལྟད་མོ་འོངས། །
    ་
    དེས་ན་བོད་དང་བོད་མིན་ཀུན། །
    དཀར་པོའི་ལས་གསོག་འགྲིམ་ལ་རེམས། །

  3. ཀརྡོ་གཉེར་ཕྱག་པ་ says:
    2018-07-19 at 1:28 am

    ཆོས་རྒྱམ་གྲོང་པ་རྫོང་སར་མཁྱེན་བརྩེ་སོགས།།
    འདི།
    ཆོས་རྒྱམ་དྲུང་པ་རྫོང་སར་མཁྱེན་བརྩེ་སོགས།།
    ་
    བཙན་གཟུགས་ཕལ་ཆེར་ཆང་ལ་རོལ་བ་ཡང་།།
    འདི།
    བཙུན་གཟུགས་ཕལ་ཆེར་ཆང་ལ་རོལ་བ་ཡང་།།
    ཡིན་དགོས་སྙམ་མོ།

  4. ཨ་ཁུ་འབྲོག་པ། says:
    2018-07-20 at 7:24 am

    སྦ་གྲོ་མ་ཡིན་སྤ་གྲོ་ཡིན།།
    ཐུམ་བྷུ་མ་ཡིན་ཐིམ་བུ་ཡིན།།
    བཙན་པ་མ་ཡིན་བཙུན་པ་ཡིན།།
    རོལ་བ་མ་ཡིན་རོལད་པ་ཡིན།།
    ཚངས་དབྱངས་རྒྱ་མཚོ་འབྲུག་ཡུལ་དུ།།
    ཕེབས་པའི་ལོ་རྒྱུས་ངས་མི་དྲན།།
    ཆོས་ཀྱི་ཆེད་དུ་བོད་ཀྱི་སྐད་ཡིག་སྤྱོད།།
    སྲིད་ལ་བསམ་ནས་རྫོང་སྐད་བོད་ཡིག་སྤྱོད།།
    འོན་ཀྱང་ཁོང་ཚོས་རྫོང་ཡིག་ཡིན་ནོ་ལོ།།
    འབྲུག་མོ་མཛེས་ཀྱང་ཟག་པ་ལངས་ཏེ་བོར།།

  5. ཨ་ཁུ་འབྲོག་པ། says:
    2018-07-20 at 7:44 am

    གོང་གི་འཕྲོ།
    འབྲུག་སྐྱེས་བརྗིད་ཀྱང་རྐང་རྡུང་དམར་ཧྲེང་ངོ།།
    འབྲུག་དང་མོན་ལ་བོད་དྲིན་ཆེ་ན་ཡང་།།
    ཝ་སྐྱེས་ཝ་ལ་སྡང་བའི་ལོ་རྒྱུས་སོགས།།
    རོང་པའི་མི་ལ་ཚ་བའི་གཡའ་རས་ཡོད།།

  6. ཀརྡོ་གཉེར་ཕྱག་པ་ says:
    2018-07-20 at 9:45 am

    བོད་ཀྱི་རྒྱལ་སྤྱིའི་མཛངས་པའི་འགྲན་བསྡུར་བ། མིང་ནི་ངས་ཀྱང་མི་ཤེས།
    https://www.facebook.com/misterglobal2018/photos/a.188430648435660.1073741828.188375028441222/242629553015769/?type=3&theater

  7. ཀརྡོ་གཉེར་ཕྱག་པ་ says:
    2018-07-20 at 9:51 am

    བོད་ཀྱི་ཕོ་གསར་འཛངས་པ་ཉི་མ་ལགས།
    https://www.facebook.com/misterglobal2018/photos/pcb.241191226492935/241191213159603/?type=3&theater

  8. ཀརྡོ་གཉེར་ཕྱག་པ་ says:
    2018-07-20 at 9:56 am

    Mr Tibet ཉི་མའི་རྒྱབ་སྐྱོར་བ།
    https://www.facebook.com/karma.lodoe.716/videos/266865534121092/
    ་
    #misterglobal #tibet
    ་
    #misterglobal #Misterglobal2018

  9. ཀརྡོ་གཉེར་ཕྱག་པ་ says:
    2018-07-22 at 11:37 pm

    བོད་ཀྱི་ཕོ་གསར་མཛངས་པ་ཐང་མ་དང་པོ་ཉི་མ་ལགས།
    https://www.facebook.com/serkyiphonga/videos/1019451674880815/UzpfSTEwMDAwMzQ2NDY3OTI4NToxNjMyNTk4NDgzNTMyMjky/

  10. ཨ་ཁུ་འབྲོག་པ། says:
    2018-07-23 at 6:56 am

    ཀརྡོ་གཉེར་ཕྱག་པ་ཡིས་མཆན་ཡིན་ཞེས་།།
    འབྲེལ་མེད་ཕྱག་དར་ཁྲོད་ཀྱི་ཚིག་དུམ་གྱིས།།
    ཁ་བརྡ་དྲྭ་བ་འགེངས་འདི་ཤིན་ཏུ་སུན།།
    ཀུ་་རེ་མ་ཡིན་སླད་ནས་གཟབ་དགོས་འདུག །

  11. ཀརྡོ་གཉེར་ཕྱག་པ་ says:
    2018-07-23 at 7:13 am

    #2 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
    July 11th, 2018 at 4:29 am
    དབུས་གཙང་ཆོས་ཀྱི་དམ་པ་ཞེས། །
    དེ་ནས་འབྲུག་རྒྱལ་འབྲུག་ཆོས་དར། །
    ་
    མཐའ་མཚམས་འབྲུག་དང་མོན་པ་ཞེས། །
    ཀླ་ཀློ་མཐའ་འཁོབ་གྲལ་དུ་འཇོག །
    ་
    ད་ནི་དབུས་གཙང་ཀླ་ཀློས་ཁེངས། །
    འབྲུལ་ཡུལ་ཆོས་ལྡན་རྒྱལ་ཁབ་གྱུར། །
    ་
    མ་འོངས་གང་དུ་འགྲོ་འོངས་ཞེས། །
    མི་རྟག་སྒྱུ་མའི་ལྟད་མོ་འོངས། །
    ་
    དེས་ན་བོད་དང་བོད་མིན་ཀུན། །
    དཀར་པོའི་ལས་གསོག་འགྲིམ་ལ་རེམས། །

    #3 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
    July 19th, 2018 at 1:28 am
    ཆོས་རྒྱམ་གྲོང་པ་རྫོང་སར་མཁྱེན་བརྩེ་སོགས།།
    འདི།
    ཆོས་རྒྱམ་དྲུང་པ་རྫོང་སར་མཁྱེན་བརྩེ་སོགས།།
    ་
    བཙན་གཟུགས་ཕལ་ཆེར་ཆང་ལ་རོལ་བ་ཡང་།།
    འདི།
    བཙུན་གཟུགས་ཕལ་ཆེར་ཆང་ལ་རོལ་བ་ཡང་།།
    ཡིན་དགོས་སྙམ་མོ།
    ་
    འབྲེལ་བ་ཡོད་མེད་འདི་ན་ཡང་བསྐྱར་ཅིག་ལྟོས་དང་། ཨ་ཁུ་ར་མེད་ལུག་མེད་གཡག་མེད་ཕྱུགས་མེད་འབྲོག་པ་ལགས།

  12. ཨ་ཁུ་འབྲོག་པ། says:
    2018-07-23 at 8:00 am

    ད་རེས་ཡིན་ན་ལན་ཚ་བོ་ཚ་བོ་བྲིས་བྱུང་། དཔེ་ཡག་པོ་འདུག་ཀྱང་། ར་དང་། ལུག་དང་གཡག་མ་ཐེ་བའི་ཕྱུགས་དེ་གང་ཡིན་གསུངས་དང་། གཉེར་རྒྱུ་མེད་པའི་གཉེར་པ། ཕྱག་ལས་མེད་པའི་ཕྱག་མཛོད་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme