Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟི་ལིང་གི་ལས་འཁྱུར་ངལ་གསོ་བྱས་པའི་བོད་རིགས་གཞུང་ཞབས་པ་ཁག་ཅིག་གི་འབོད་སྐུལ།

Posted on 2010-10-252010-10-25 By ཁ་བརྡ་ 7 Comments on ཟི་ལིང་གི་ལས་འཁྱུར་ངལ་གསོ་བྱས་པའི་བོད་རིགས་གཞུང་ཞབས་པ་ཁག་ཅིག་གི་འབོད་སྐུལ།

1མཚོ་སྔོན་ཞིང་ཆེན་ཟི་ལིང་ས་ཁུལ་གྱི་ལས་འཁྱུར་ངལ་གསོ་བྱས་པའི་བོད་རིགས་གཞུང་ཞབས་པ་དང་སློབ་གསོའི་ལས་རིགས་སྟེང་ཕྱག་ལས་གནང་མཁན་རྒན་རབས་པ་སྐོར་ཅིག་གིས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ལ་སྙན་ཞུའི་འབོད་སྐུལ་ཡི་གེ་ཕུལ་བ།
ཟླ་བ་འདིའི་ཚེས་༢༤ཉིན་གོང་བརྗོད་མི་སྣ་དེ་དག་གིས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ལ་༼འབྲེལ་ཡོད་མཚོ་སྔོན་ཞིང་ཆེན་གྱི་བོད་རྒྱ་སྐད་ཡིག་དུས་ཡུན་འབྲིང་རིང་གི་བཅོས་བསྒྱུར་གནད་དོན་ཐད་ཀྱི་བསམ་འཆར་༽ཞེས་པའི་དོན་བཞི་རུ་བགོས་པའི་ཤོག་ལྷེ་དགུ་ཅན་གྱི་འབོད་སྐུལ་ཡིག་གེ་ཞིག་ཕུལ་ཡོད་པ་མ་ཟད་། ཡི་གེ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་། རྒྱལ་ཁབ་སློབ་གསོ་ལྷན་ཁང་། རྒྱ་ནག་དམངས་ཆེན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་སོགས་འབྲེལ་ཡོད་ལས་ཁུངས་མང་པོ་འབོད་སྐུལ་ཡི་གེ་དེ་བརྒྱུད་སྤྲོད་བྱས་ཡོད་ལ་། འབོད་སྐུལ་སྙན་ཞུ་དེའི་ནང་བརྗོད་དོན་། ང་ཚོ་ནི་མཚོ་སྔོན་བོད་ཁུལ་འཛུགས་སྐྲུན་དང་།བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་དངོས་སུ་བདེན་དཔང་བྱེད་མཁན་དང་། ལས་དོན་ནང་ཞུགས་མཁན་ཡིན་པས་ཆ་ནས་བསམ་བློ་ཞིབ་མོ་བཏང་རྗེས་། བོད་ཁུལ་གྱི་གཏན་ལྷིང་དང་འདྲ་མཉམ་གོང་སྤེལ། མཐུན་སྒྲིལ་དང་ཕན་ཚུན་རོགས་རམ་། མི་རིགས་འབྲེལ་ལམ་འཆམ་མཐུན་ངང་གནས་རྒྱུར་ང་ཚོར་གཞོལ་དུ་མི་རུང་བའི་འགན་ཆེན་པོ་ཡོད་པས་འབོད་སྐུལ་འདི་ཞུ་་གི་ཡོད་ལ་།ཉེ་ཆར་༼སྤྱི་ལོ་༢༠༡༠-༢༠༢༠བར་གྱི་མཚོ་སྔོན་སློབ་གསོའི་བཅོས་བསྒྱུར་འཆར་འགོད་༽ནང་བོད་རྒྱའི་སྐད་ཡིག་གི་གཙོ་ཕལ་དབྱེ་འབྱེད་ཀྱིས་།སློབ་ཁྲིད་བེད་སྤྱོད་སྐད་ཡིག་མ་ལག་ཐད་བཅོས་བསྒྱུར་ཆེན་པོ་གཏོང་རྩིས་ཡོད་པ་དང་།དེའི་ཐོག་སློབ་གསོའི་སྲིད་འཛིན་སྡེ་ཚན་དང་ས་གནས་ཁ་ཤས་ནས་ཡིག་ཆ་དེ་བློ་ཐག་རྦད་ཆོད་དང་མགྱོགས་མྱུར་ངང་བཙན་གྱིས་སྐུལ་སྤེལ་བྱས་པར་བརྟེན། ས་ཁུལ་ཁ་ཤས་ཀྱི་སློབ་མ་དང་ཁྱིམ་བདག་གིས་མི་དགའ་བའི་རྣམ་འགྱུར་ཐོན་ནས་། སྤྱི་ཟླ་༡༠པའི་ཚེས་༡༩ཚུན་དུ་རྨ་ལྷོ་དང་མཚོ་ལྷོ་།མགོ་ལོག མཚོ་བྱང་སོགས་བོད་རིགས་རང་སྐྱོང་ཁུལ་བཞིའི་སློབ་གྲྭ་འབྲིང་ཆུང་གི་སློབ་མས་རྔམ་སྟོན་ཁྲོམ་སྐོར་དང་། ཡང་ན་སློབ་གྲྭའི་ནང་འཛོམས་ནས་རྣམ་པ་མི་འདྲ་བའི་ངོ་རྒོལ་གྱི་གནས་ཚུལ་བྱུང་བ་མ་ཟད། གནས་སྟངས་འདི་ད་དུང་སློབ་གྲྭ་འབྲིང་ཆུང་ཙམ་མ་ཡིན་པ་དང་།ས་ཁུལ་གཞན་དག་ལ་མུ་མཐུད་དུ་རྒྱ་བསྐྱེད་དང་ཁྱབ་གདལ་དུ་འགྲོ་གི་ཡོད་ལ། རྒྱལ་སྤྱིའི་དང་རྒྱལ་ནང་ན་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། ང་ཚོའི་ངོས་ནས་འབོད་སྐུལ་ཞུ་རྒྱུར་།རིག་གནས་གསར་བརྗེ་ཆེན་མོའི་རྗེས་ནས་བཟུང་དྲང་ལྡོག་ཕྱོགས་ཀྱི་ཉམས་མྱོང་བསླབ་བྱར་བསམ་ཞིབ་ཀྱིས་རྒྱ་རིགས་དང་གྲངས་ཉུང་མི་རིགས་བར་ཕན་ཚུན་བརྩི་བཀུར་དང་སློབ་སྦྱོང་། སྐད་ཡིག་བེད་སྤྱོད་ཀྱིས་སྔར་ལས་ལྷག་པར་མི་རིགས་བར་གྱི་འབྲེལ་ལམ་ལེགས་པོ་གཏིང་ཟབ་ཏུ་གཏོང་རྒྱུ་དང་།༼ མི་རིགས་རང་སྐྱོང་བཅའ་ཁྲིམས་༽དང་༼རྒྱལ་ཁབ་ཀྱི་རྩ་ཁྲིམས༽་ལ་བརྩི་འཇོག་བྱེད་དགོས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་གཏོང་བ་ནི་སྐད་རིགས་མང་པོའི་རིག་གནས་འཆམ་མཐུན་མཉམ་གནས་དང་། འགྲོ་བ་མིའི་རིགས་ཀྱི་རྒྱུན་མཐུད་ཀྱི་དགོས་མཁོ་ཡིན་པས་དེར་གུས་བརྩི་དང་གཙིགས་ཆེན་གནང་རོགས་ཞུ། མཇུག་ཏུ་ཁོང་ཚོས་སློབ་གསོ་དང་མི་རིགས་ལས་དོན་སྡེ་ཚན་མ་ཡིན་པས་འབྲེལ་ཡོད་དམངས་ཁྲོད་ཀྱི་ཚོགས་པས་སྣེ་ཁྲིད་དེ། སྐད་གཉིས་སློབ་གསོའི་གནད་དོན་ཐད་གཏིང་ཟབ་ཀྱི་རྟོག་ཞིབ་དང་ཞིབ་འཇུག་བགྲོ་གླེང་གྲོས་བསྡུར་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས་ནས་། སྤྱི་ཚོགས་གཏན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་ཏེ། བོད་ཀྱི་སྐད་ཡིག་གི་གནད་དོན་འདི་མི་རིགས་འབྲེལ་ལམ་དང་རྒྱལ་ཁབ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་ཆབ་སྲིད་ཀྱི་རྒྱུ་རྐྱེན་དུ་མི་འགྲོ་བའི་འབོད་སྐུལ་ཤུགས་ཆེན་ཞུ་གི་ཡོད་ཅེས་། གོངབརྗོད་ཟི་ལིང་ས་ཁུལ་གྱི་རྒན་ཡོལ་དུ་ཕྱིན་པའི་གཞུང་ཞབས་དང་སློབ་གསོའི་ལས་རིགས་ཐོག་ཕྱག་ལས་གནང་མཁན་རྒན་པ་སྐོར་ཞིག་གིས་༼བསམ་འཆར་༽དེ་དོན་ཚན་བཞི་རུ་དབྱེ་ནས་། ཕྲ་ཞིང་ཞིབ་པའི་སྒོ་ནས་མཚོ་སྔོན་གྱི་སློབ་གསོའི་བཅོས་བསྒྱུར་གྱི་གནོད་ཚབས་རང་བཞིན་སྐོར་ལ་དབྱེ་ཞིབ་བྱས་ཏེ། རྒྱའི་སྐད་ཡིག་ཁོ་ན་བེད་སྤྱོད་ཀྱིས་སློབ་ཁྲིད་བྱེད་རྩིས་ཀྱི་ཁྲིམས་འགལ་དོན་ཚན་དེ་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་ནན་མོ་བཏོན་ཡོད། དེའི་སྔོན་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་འདྲ་མི་གྱི་སློབ་གྲྭ་ཁག་གི་དགེ་རྒན་སུམ་བརྒྱ་ལྷག་གིས་མཚན་རྟགས་བཀོད་ནས་།མཚོ་སྔོན་གྱི་སློབ་གསོའི་བཅོས་བསྒྱུར་སྲིད་ཇུས་དེ་མཚམས་འཇོག་གི་འབོད་སྐུལ་ཞུས་ཡོད་།
༼ཡོང་ཁུངས། ཨེ་ཤེ་རང་དབང་རླུང་འཕྲིན་ཁང་།༽

གསར་འགྱུར།

Post navigation

Previous Post: "ཀྲུང་གོ་བ་གཉིས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་"ཟེར།
Next Post: རྒྱ་བོད་ལ་མི་དགའ། བོད་རྒྱ་ལ་མི་དགའ།

Comments (7) on “ཟི་ལིང་གི་ལས་འཁྱུར་ངལ་གསོ་བྱས་པའི་བོད་རིགས་གཞུང་ཞབས་པ་ཁག་ཅིག་གི་འབོད་སྐུལ།”

  1. དབང་ལྡན་མཚོ་མོ། says:
    2010-10-25 at 10:44 pm

    ངོ་མ་ལྷག་བསམ་དང་སྙིང་སྟོབས། ཤེས་ཡོན་དང་རྣམ་དཔྱོད་ཕུགས་རྒྱང་རིང་བའི་མིག་ཟུང་ལྟ་བུ་ཁྱེད་རྣམས་ཡིན་ལ། ཁྱེད་རྣམས་ཀྱི་ལྷག་བསམ་དང་ཕུགས་འདུན་འཛམ་གླིང་ཡང་སྟེང་དུ་རྒྱལ་གྱུར་ཅིག

  2. སྟག་སྨྱོན། says:
    2010-10-26 at 4:12 am

    རྒྱ་མིའི་དཔོན་པོ་ཚོ་ལྐུག་པ་དང་ཀླ་ཀློ་རེད་ཅེས་ཚིག་ངན་དྲན་ཚད་སྤྱོད་པ་ནི་ནུས་མེད་ཀྱི་ཕྱི་ལོག་གི་བོད་མི་དང་རྩོམ་པ་པོ་ཚོའི་རྒྱུན་ལྡན་གྱི་བཤད་སྲོལ་ཞིག་ཡིན་པ་ལས། དེ་ལ་བསམ་བློ་གཏོང་རིན་མེད་པའི་བྱིས་འུ་ཐུག་ཚོས་གཤེ་གཤེ་གཏོང་སྟངས་ཤིག་ཡིན་པས་དགའ་བོ་མེད་མོད། དེ་ངས་ཀྱང་བཙལ་བྱོལ་གྱི་བཤད་སྲོལ་ལྟར་རྒྱ་དམར་ལྐུག་པ་འདི་ཚོ་སྙིང་རྗེ་ལབ་སྙིང་བྲོ་སོང་། རྒྱ་དཔོན་ཚོས་བསམ་པར་རྒྱལ་ཁབ་གཅིག་གྱུར་དང་སྲ་བརྟན་ཡོང་བར་རིག་གཞུང་མི་གཅིག་པའི་གྲངས་ཉུང་མི་རིགས་ཚང་མ་ལྐོག་གཡོ་སྤྱད་ནས་ངང་གིས་རྩ་མེད་བཟོ་དགོས་པ་དང་། དེ་ལྟར་གྲངས་ཉུང་མི་རིགས་དང་དེའི་སྐད་ཡིག་བཅས་རྩ་མེད་བཟོ་མ་ཐུབ་ན་རྒྱལ་ཁབ་གཅིག་གྱུར་དང་བརྟན་ལྷིང་ཡོང་མི་ཐུབ་པར་ཡིད་ཆེས་ལོག་པ་བྱས་ཡོད་པ་རེད། འདི་ནོར་དང་རྙོག་དྲ་ཚང་མའི་འབྱུང་ཁུངས་ཆགས་ཡོད་པ་རེད། རྒྱ་ནག་གི་ནང་ད་དུང་ཡང་མི་རིགས་ཀྱི་འཐབ་རྩོད་དང་ཟིང་ཆ་རྫོགས་རྒྱུ་མེད་པར་འབྱུང་བཞིན་པ་ཚང་མ་གོང་གི་བསམ་བློ་ལོག་པ་འདི་ལ་ཐུག་ཡོད་པ་རེད། གོང་གི་བསམ་བློ་ལོག་པ་གཏོང་མཁན་གྱི་རྒྱ་དཔོན་ལྐུག་པ་ཚོས་དངོས་ཀྱི་བསམ་བློ་མ་འཁོར་བར་དུ་རྒྱ་ནག་ནང་བརྟན་ལྷིང་དང་ཅིག་སྒྲིལ་དང་འཆམ་འཐུན་ཡོང་ཐབས་མེད་པ་རེད། དཔེར་ན་སིད་སི་ནི་རྒྱལ་སྤྱིའི་ཐོག་གི་དཔལ་འབྱོར་དང་ཤེས་ཡོན་ཡག་ཤོས། བརྟན་ལྷིང་ཆེ་ཤོསདང་ཞི་བདེ་ཡོད་པའི་རྒྱལ་ཁབ་སྙན་གྲགས་ཅན་ཞིག་ཡིན་པ་རེད། རྒྱལ་ཁབ་འདི་ལྟར་ཆིག་སྒྲིལ་དང་དར་རྒྱས་སོགས་ཡོང་དོན་གཙོ་བོ་རྒྱལ་ཁབ་འདི་ཁྲིམས་ཀྱིས་དབང་བསྒྱུར་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཁྲིམས་དེ་ཡང་རིགས་གཅིག་གི་ཁེ་ཕན་གཙོ་བོར་བྱས་མེད་པར་ཚང་མ་འདྲ་མཉམ་གྱི་ཐོབ་ཐང་སྤྲད་ཡོད་ཙང་ཚང་མ་གཅིག་མཚུངས་ཀྱི་འདོད་པ་ཁེངས་ནས་ཞི་བདེ་ངང་གནས་ཡོད་པ་རེད། དཔེར་ན་སི་སིད་ནི་མི་འབོད་ས་ཡ་བདུན་ལས་མེད་པའི་རྒྱལ་ཁབ་ཆེས་ཆུང་ཆུང་ཞིག་ཡིན་ནའང་གཞུང་འབྲེལ་གྱི་སྐད་ཡིག་བཞི་ཡོད་པ་རེད། རྒྱ་ནག་ལྟ་བུ་བཙན་བཟུང་བྱས་པའི་མི་རིགས་ལྔ་བཅུ་ང་ལྔ་ཙམ་དང་མི་འབོར་དུང་ཕྱིར་བཅུ་གསུམ་ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ལ་སྤྱི་སྐད་གཅིག་བཟོ་འདོད་པ་ནི་རིགས་གཅིག་ཁོ་ན་གཙོ་བོ་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པ་བཤད་མ་དགོས་པ་རེད། མ་ཟད་རྒྱལ་ཁབ་འདི་ཆིལ་སྒྲིལ་དང་བརྟན་ལྷིང་མི་ཡོང་བའི་རྐྱེན་གཙོ་བོ་རེད། དེ་ལྟར་རྒྱལ་དམར་གཞུང་གིས་ནོར་འཁྲུལ་རང་གིས་བྱས་ནས་ཉེས་པ་གྲངས་ཉུང་མི་རིགས་ལ་གཏོང་གི་ཡོད་པ་འདི་མི་སྤྱོད་ལས་འདས་པ་རང་རེད།

  3. སྟག་སྨྱོན། says:
    2010-10-26 at 4:34 am

    རྒྱལ་ཁབ་ཚད་ལྡན་ཞིག་ཡིན་ན་རྒྱལ་ཁབ་དེའི་མི་སེར་བྱེད་རྒྱུར་དགའ་བོ་སྤོབས་པ་ཡོད་པ་མ་ཟད། དང་བླངས་ཀྱིས་ཐོག་ནས་རྒྱལ་ཁབ་དེའི་ཆ་ཤས་བྱེད་རྒྱུར་དགའ་བོ་ཡོད་པ་རེད། དེ་ནི་རང་གི་ཁེ་ཕན་དང་གཟི་བརྗིད་ཅིག་ཆགས་ཡོད་པ་རེད། འོན་ཀྱང་རྒྱལ་ནག་གི་མི་སེར་བྱེད་རྒྱུར་དགའ་བོ་དང་འདོད་པ་གཏན་མེད་པ་མ་ཟད། བཙན་བསྐུལ་བྱས་ཏེ་སྲོག་ལ་ཐུག་ནའང་རྒྱ་ནག་གི་མི་སེར་བྱེད་རྒྱུར་ངོས་ལེན་དང་དགའ་བོ་མི་བྱེད་པ་གཙོ་བོ་རྒྱ་ནག་གཞུང་དྲང་པོ་མེད་པ་དང་ཞི་བདེ་མེད་པ། རྒྱ་ནག་གི་མི་སེར་རམ་དེའི་ཆ་ཤས་ཡིན་ཟེར་རྒྱུར་མི་ཚོ་ངོ་གི་ཡོད་པ་རེད།
    བོད་པ་ཚོའི་ཐོག་ནས་བཤད་ནའང་། སྐྱབས་བཅོལ་བ་ཚོ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚད་ལྡན་ཚོའི་མི་སེར་བྱེད་རྒྱུར་དང་བླངས་དང་ཕར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། གནད་དོན་འདིའི་ཐོག་ནས་རྒྱལ་ནག་འདི་ཡང་དྲང་བདེན་དང་འདྲ་མཉམ་སོགས་འགྲོ་བ་མིའི་རིགས་ལ་མེད་ཐབས་མེད་པའི་གཞི་རྩིའི་རང་དབང་རྣམས་ཚང་ཡོད་ན། བོད་པ་ཚོ་དེའི་ཆ་ཤས་བྱེད་རྒྱུར་ཡང་མ་དགའ་བ་བྱེད་མདོག་ཁ་བོ་མཐོང་གི་མི་འདུག སྤྱི་བཏང་བོད་པ་ཚོ་སྟོབ་ཆེན་རྒྱལ་གཞན་པ་ཚོའི་མི་སེར་བྱེད་རྒྱུར་དགའ་བོ་ཡོད་པ་མཐོང་གི་འདུག ཡིན་ནའང་རྒྱ་ནག་ལ་ཆ་རྐྱེན་ཚང་མེད་ཙང་བོད་མི་ཚོ་དགའ་བོ་བྱེད་ཀྱི་མེད་པ་རེད། དེའི་ཕྱིར་རྒྱལ་ནག་གིས་བཤད་པ་ལྟར་གྲངས་ཉུང་མི་རིགས་འདི་དེའི་ཆ་ཤས་བྱེད་རྒྱུར་དང་བླངས་བྱེད་དགོས་ན། ངེས་པར་རྒྱ་ནག་རང་གིས་དེ་ལྟར་བྱེད་རྒྱུར་ངེས་པར་ཆ་རྐྱེན་ཚང་བ་བྱེད་དགོས་པ་རེད། རང་དབང་འདྲ་མཉམ་མེད་པར་དེའི་ཆ་ཤས་བྱེད་དགོས་ལབ་ན་བཙན་དབང་ཡིན་པས། དེ་ལ་ཚེ་སྲོག་བཏང་ནས་ངོ་རྒོལ་རྒྱུ་ལས་དང་ལེན་བྱེད་མི་སྲིད།

  4. སྟག་སྨྱོན། says:
    2010-10-26 at 4:38 am

    ནོར་བཅོས། དེང་སྐབས་ཕྱི་རྒྱལ་ཁག་ཏུ་རྒྱ་ནག་གི་མི་སེར་རམ་དེའི་ཆ་ཤས་ཡིན་ཟེར་རྒྱུར་ངོ་ཚ་དགོས་པ་ཞིག་ཆགས་གི་ཡོད་པ་རེད། བོད་པ་ཕར་ཟད་ཐ་ན་རྒྱ་མི་ཁོ་རང་ཚོ་ཡང་ངོ་ཚ་གི་འདུག་ཟེར་མཁན་འདུག

  5. སྟག་སྨྱོན། says:
    2010-10-26 at 8:58 am

    ད་ལྟའི་རྒྱ་གཞུང་གི་བྱེད་སྟངས་དེས་ག་དུས་ཡིན་ན་རྒྱ་མི་མི་རིགས་མི་འདྲ་བ་ལྔ་བཅུའི་དཔོན་པོ་ཡིན་པ་དང་། ཁོ་ཚོའི་སྐད་ཡིག་དེ་ཡང་སྤྱི་སྐད་ཅེས་བཙན་ཤེད་བྱེད་ཀྱི་ཡོད་པ་ཙམ་ལས། བོད་ཁུལ་ལ་མཚོན་ན་བོད་སྐད་ནི་ཡུལ་དེའི་སྐད་ཡིག་གཙོ་བོ་ཡིན་པ་རེད། རྒྱ་སྐད་དེ་རྒྱ་མི་ལ་གཙོ་བོ་ཡིན་པ་རེད། བོད་ཁུལ་གྱི་ལས་བྱེད་ཚང་མས་ཡུལ་མི་དང་འབྲེལ་བ་བྱེད་ཐུབ་ཆེད་ངེས་པར་དུ་ཡུལ་སྐད་དམ་བོད་སྐད་སློབ་དགོས་པའི་ཁྲིམས་བཟོས་ན་དྲང་བདེན་དང་ངོས་ལེན་བྱེད་ཐུབ་པ་ལས། རྒྱ་མིའི་ལས་བྱེད་ཚོའི་ཆེད་དུ་ཡུལ་མི་བོད་མི་ཚོས་རྒྱ་སྐད་ངེས་པར་སློབ་དགོས་ཟེར་བ་ནི་འཇིག་རྟེན་གྱི་ཁྲིམས་གང་གིས་ཀྱང་བདེན་ཁ་སྟེར་མི་སྲིད། རྒྱལ་ཁབ་འདི་རྒྱ་མི་གཅིག་པོས་མ་རེད། འདི་ནི་གསར་དུ་བྱུང་བའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་པ་དང་དེ་ཡང་མི་རིགས་ཚང་མར་གཅིག་མཚུངས་ཀྱི་རང་དབང་དང་སྐད་ཡིག ས་ཁོངས་སོ་སོ་ཡོད་པའི་སྤྱི་མཐུན་གྱི་རྒྱལ་ཁབ་ཅིག་ཡིན་ལབ་ན་ངོས་ལེན་བྱེད་ཐུབ་པ་ལས། ཚང་མ་རྒྱ་མིའི་ཡིན། མི་རིགས་ང་བཅུ་ལྷག་ཡོད་ནའང་དཔོན་པོ་ག་དུས་ཡིན་ན་རྒྱ་མི་ཡིན་ལབ་ངོས་ལེན་བྱེད་མཁན་མེད། འདི་ནི་རྒྱལ་ཁབ་འདི་འཐོར་བཤིག་ཏུ་མི་ཐབས་མེད་བཟོ་མཁན་གྱི་རྐྱེན་རྩར་འགྱུར་ངེས་རེད། མ་ཟད་རྒྱལ་ཁབ་འདིའི་མིང་ཡང་བརྗེ་དགོས་ཀྱི་འདུག china ལབ་ན་སྤྱི་མཐུན་རྒྱལ་ཁབ་འདིའི་ནང་གི་མི་རིགས་གཅིག་རང་གཅིག་ལ་གོ་བ་ལས། མི་རིགས་ང་བཅུ་ཚང་མ་ཚུད་མེད་རེད།

  6. སྟག་སྨྱོན། says:
    2010-10-26 at 10:58 am

    སྤྱི་མཐུན་རྒྱལ་ཁབ་འདིའི་འོག་ཏུ་རྒྱ་མི་དང་དེ་ཡང་ཀུང་ཁྲན་ཏང་མི་གཅིག་པོ་ལ་མ་གཏོགས་ཐོབ་ཐང་མེད་པར་འདོད་པ་འདི་རྙོག་དྲ་ཐམས་ཅད་ཀྱི་རྩ་བ་རེད།

  7. ཀརྨ་དགེ་ལེགས་ཀྱིས། ་ says:
    2010-10-26 at 12:01 pm

    བོད་ཡིག་མེད་པར་བཟོ་འདོད་ཀྱི་འཆར་གཞི་རྒྱ་ནག་གཞུང་ལ་ཡོད་པ་དང་། དེ་དངོས་སུ་ལག་ལེན་བྱས་དང་བྱེད་ཀྱིན་པ་ནི་ང་ཚོ་རེད།
    ལྷག་པར་ཕྱི་ལོག་ན་ཡོད་པའི་བོད་པ་ཚོར་མཚོན་ན་རྒྱ་ནག་གི་འདོད་པ་སྒྲུབ་མཁན་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme