Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟི་ཁྲོན་གྱི་མ་རེད། ཁམས་དང་ཨ་མདོའི་མི་རེད།

Posted on 2020-12-042020-12-05 By ཁ་བརྡ 7 Comments on ཟི་ཁྲོན་གྱི་མ་རེད། ཁམས་དང་ཨ་མདོའི་མི་རེད།

ལྡོམ་བུ།
 
དྲ་ཐོག་གི་མི་སྣ་གྲགས་ཅན་གཉིས་དང་འབྲེལ་བའི་གཏམ།

ཉེ་བའི་དུས་སུ་དྲ་གྲོགས་ཚོས་ཚ་ཚ་འུར་འུར་གྱིས་གླེང་བཞིན་པ་ནི་ཁམས་ལི་ཐང་གི་བུ་བསྟན་འཛིན་བརྩོན་འགྲུས་ཀྱི་འཛུམ་མདངས་དང་ཨ་མདོ་རྔ་བའི་བུ་བསོད་ནམས་དར་རྒྱས་ཀྱི་ཁུ་ཚུར་སྣུན་རྩལ་རེད།

བུ་བསྟན་འཛིན་གྱི་འཛུམ་མདངས་ཀྱིས་རྒྱ་ནག་གི་དྲ་བའི་འཇིག་རྟེན་ཟང་ཟིང་དུ་བཏང་པས་རྒྱ་ནག་གི་མི་སེར་ཕལ་པ་མང་པོ་ཞིག་གི་རྣ་བར་ལི་ཐང་ཞེས་པའི་ས་ཆ་དེ་ཐོག་མར་གོ་བས། ཁོ་ཚོ་མང་པོ་ཞིག་གིས་དེ་ནི་བོད་རང་སྐྱོང་ལྗོངས་ཁོངས་ཡིན་ཤག་གིས་དེར་བུ་བསྟན་འཛིན་ཐུག་ཏུ་སོང་སྐད། ཁོ་ཚོ་ལ་ཅི་ཁག་སྟེ་རྒྱ་ནག་གཞུང་གིས་“དུམ་བུར་བྱས་ནས་དབང་སྒྱུར་བྱེད་པའི“ སྲིད་བྱུས་ལག་བསྟར་བྱས་ཏེ་བོད་ཡུལ་དུམ་བུ་ལྔ་རུ་བཏང་ཡོད་པ་ཤེས་ཡོད་མི་སྲིད། དེ་བས་རྒྱ་ནག་གི་མི་སེར་ཕལ་པ་མང་པོ་ཞིག་གིས་བུ་བསྟན་འཛིན་གྱི་འཛུམ་མདངས་ལས་ཁམས་ལི་ཐང་ངོ་ཤེས་ཤིང་། དེ་ལས་བོད་པ་ཞེས་པ་ནི་བོད་ལྗོངས་ཙམ་དུ་མ་ཟད། རྒྱ་ནག་གི་མངའ་སྡེ་གཞན་དུའང་གནས་ཡོད་པ་ཤེས་ཡོད་ངེས་པས་བོད་ལ་ངོས་འཛིན་གསར་པ་ཞིག་ཐོབ་ཡོད་ངེས། ད་དུང་མི་རིང་བར་བུ་བསྟན་འཛིན་དང་༧གོང་ས་མཆོག་གི་མཚན་ལ་འདྲ་བའི་ཆ་ཡོད་པར་ཤེས་ངེས་པས་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་“དེང་སང་བོད་ཡུལ་ཁྱོན་དུ་བྱིས་པ་མང་པོའི་མིང་ཏཱ་ལའི་བླ་མ་མཆོག་གི་མཚན་ནས་དྲས་ཏེ་འདོགས་ཀྱི་ཡོད།” ཅེས་པར་བདེན་དཔང་ཞིག་ཀྱང་བྱིན་པ་རེད།

༧གོང་ས་མཆོག་གི་སྐོར་བཤད་དུས་ཨ་མདོ་རྔ་བའི་བསོད་ནམས་དར་རྒྱས་དྲན་སོང་། ཁོང་ཁུ་ཚུར་འགྲན་རྩལ་ར་བར་ཡོང་དུས་སྐེ་རུ་ཁ་བཏགས་གྱོན་ཅིང་། བོད་ཡུལ་གྱི་གླུ་གཞས་གྲགས་ཅན་ཨ་ཁུ་པདྨ་ཡེ་ཞེས་པ་དེ་གཏོང་བཞིན་ཡོང་ཡོད། ང་ཚོ་ཚང་མས་ཤེས་གསལ་ལྟར་ཨ་ཁུ་པདྨ་ཡེ་ཞེས་པའི་གླུ་གཞས་དེ་ནི་གུང་ཐང་རིན་པོ་ཆེས་བརྩམས་ཤིང་རྡུང་ལེན་མཁན་དཔལ་མགོན་གྱིས་བླངས་པའི་༧གོང་ས་མཆོག་གི་བསྟོད་པ་ཞིག་རེད། དུས་ཀྱི་ཆ་ནས་བསྟོད་པ་དེ་ནི་ཧ་ལམ་༧གོང་ས་མཆོག་གི་གླུ་གཞས་ཀྱི་བསྟོད་པ་སྔ་ཤོས་དེ་ཡིན་ངེས་ལ། སྙན་གྲགས་ཀྱི་ཆ་ནས་བཤད་ན་འགྲན་ཡ་མེད་པ་ཞིག་རེད། གླུ་གཞས་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་བྱས་རྗེས་ཆེན་པོ་བཞག་མྱོང་མཁན་གུང་ཐང་རིན་པོ་ཆེའི་ཐུགས་མཚོ་ལས་འཁྲུངས་པའི་བསྡུས་བརྗོད་ཀྱི་སྙན་ངག་ཅིག་ཡིན་ཞིང་། སྙན་ངག་དེ་བསྡུས་བརྗོད་ཀྱི་ལམ་ནས་འབྲི་དགོས་འཁེལ་བ་དེས་རྒྱ་ནག་གཞུང་གི་གདུག་རྩུབ་མཚོན་ཞེས་བརྗོད་ཀྱང་ཐལ་དྲགས་མེད།

དེ་བས་བསོད་ནམས་དར་རྒྱས་ལགས་གླུ་གཞས་དེ་དང་ལྷན་དུ་འཛིང་རར་ཐོན་པ་དེ་ནི་སྟབས་འཁེལ་བ་ཞིག་མ་ཡིན་པར་དེ་ནི་འཛམ་གླིང་སྐྱེ་བོར་སྤྲད་པའི་བརྡ་ལན་ཆེན་པོ་ཞིག་ཡིན་པ་བཤད་ཅི་དགོས། ད་དུང་ཁོང་གིས་སྐེ་རུ་ཁ་བཏགས་གྱོན་ཅིང་། ལག་པས་ཕྱག་རྒྱ་བྱས་ཏེ་ཁོ་ནི་ཆོས་མེད་ཀླ་ཀློའི་རྒྱལ་ཁབ་ཀྱི་ཙི་ན་བ་ཞིག་མིན་པར་སངས་རྒྱས་བསྟན་པ་ས་དར་རྡོ་དར་གྱི་བོད་ཡུལ་གྱི་བོད་པ་ཞིག་ཡིན་པའི་བརྡ་ལན་གསལ་པོ་སྤྲད་པར་མ་ཟད། རྒྱ་གཞུང་གིས་ཁོ་ལ་སུ་མུ་དར་ཇི་ཟེར་བའི་མིང་ཁྱད་མཚར་ཞིག་བེད་སྤྱད་པར་བསྐུལ་ཀྱང་ཁོང་གིས་ཁོང་གི་མིང་གཞན་ལ་Tibetan Eagle ལམ་བོད་ཀྱི་གླག་རྒོད་ཡིན་ཞེས་གང་ཐུབ་ཅི་ཐུབ་ཀྱིས་རང་ཉིད་གདོང་དམར་བོད་པ་ཞིག་ཡིན་པ་འཛམ་གླིང་སྐྱེ་བོ་ལ་གསལ་བར་བསྟན་སོང་།

མདོར་ན་དྲ་བའི་ཐོག་གི་མི་སྣ་གྲགས་ཅན་དེ་གཉིས་བརྒྱུད་འཛམ་གླིང་སྐྱེ་བོ་སྤྱི་དང་ཡང་སྒོས་རྒྱ་མི་མི་སེར་ཕལ་པ་ཚོར་བོད་ཀྱི་ངོས་འཛིན་གསར་པ་ཞིག་ཐོབ་ཡོད་ངེས་རེད་ལ། མི་སྣ་དེ་གཉིས་ནི་རྒྱ་གཞུང་གིས་ཀྱང་བཀག་མ་ཤེས་པས་ས་གྲགས་གནམ་གྲགས་སུ་འགྲོ་དང་འགྲོ་མུས་རེད།

ཡིན་ཡང་རྒྱ་ནག་གཞུང་གིས་མི་སྣ་དེ་གཉིས་ནི་ཟི་ཁྲོན་གྱི་ཡིན་པ་སྟེ། གཅིག་ནི་ཟི་ཁྲོན་ཨ་པའི་ཡིན་པ་དང་གཞན་དེ་ཟི་ཁྲོན་ལི་ཐང་གི་ཡིན་ཞེས་ལོ་རྒྱུས་ནག་གསུབ་གཏོང་གང་ཐུབ་བྱེད་བཞིན་འདུག་པས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བུ་རྒོད་དེ་གཉིས་ནི་ཟི་ཁྲོན་གྱི་མིན་པར་ཨ་མདོ་རྔ་བ་དང་ཁམས་ལི་ཐང་གི་མི་ཡིན་ཞེས་ས་བསྒྲགས་གནམ་བསྒྲགས་བྱ་དགོས་ངེས་སོ། །

བསམ་ཚུལ།

Post navigation

Previous Post: ཨ་རི་བ་ཆོས་སྲིད་ཟུང་འབྲེལ་ལམ་དུ་སྐྱོད་པ་།
Next Post: ནུབ་ཕྱོགས་ཨ་རིའི་རུལ་སུངས་དང་ཤར་ཕྱོགས་བོད་ཀྱི་ལས་རྒྱུ་འབྲས།

Comments (7) on “ཟི་ཁྲོན་གྱི་མ་རེད། ཁམས་དང་ཨ་མདོའི་མི་རེད།”

  1. ཀརྡོ་རབ་འབྱམས་པ་ says:
    2020-12-05 at 11:55 pm

    ་་་་་་་་་་་་ ཁརྒྱ་གཞུང་གིས་ཁོ་ལ་སུ་མུ་དར་ཇི་ཟེར་བའི་མིང་ཁྱད་མཚར་ཞིག་བེད་སྤྱད་པར་བསྐུལ་ཀྱང་ཁོང་གིས་ཁོང་གི་མིང་གཞན་ལ་Tibetan Eagle ལམ་བོད་ཀྱི་གླག་རྒོད་ཡིན་ཞེས་གང་ཐུབ་ཅི་ཐུབ་ཀྱིས་རང་ཉིད་གདོང་དམར་བོད་པ་ཞིག་ཡིན་པ་འཛམ་གླིང་སྐྱེ་བོ་ལ་གསལ་བར་བསྟན་སོང་། ་་་་་་་་་་་་
    ་
    eagle ཟེར་ན། བོད་སྐད་ལ་གང་ཟེར། གདོང་ཐོག་ཨིན་བོད་ཚིག་མཛོད་ནང་ལ། ཁྱུང་། གོ་བོ། གླག་ཅེས་བྱ་གསུམ་གའི་མིང་ཡིན་པ་བྲིས་འདུག འདི་ཞིབ་ཆ་ཆུང་བའི་སྐྱོན་འདུག

    གངས་སེང་དང། གཡུ་འབྲུག་ནང་བཞིན། ཁྱུང་གི་ངོས་འཛིན་དཀའ་ཡང་། རྒོད་དམ། བྱ་རྒོད་ནི་ཤི་བའི་རོ་མ་གཏོགས་གཞན་སྲོག་མི་གཅོད། དེ་ནི་ eagle མ་ཡིན་པར། vulture ཟེར།

    ཡང་། གླག་གམ། བྱ་གླག་ནི། eagle དང་། vulture གཉིས་ཀ་མ་ཡིན་པ། ར་ཕྲུག་དང་། ལུག་ཕྲུག་ཙམ་མ་ཟད། མི་ཡི་ཕྲུ་གུ་ཡང་ནམ་མཁའ་བར་སྣང་ལ་ཡར་བཀྱག་འགྲོ་མཁན་དེ་ལ་ཟེར། དེ་ཡང་། འགའ་ཞིག་གིས། eagle གྱི་རིགས་ཡིན་པར་ཆ་བཞག་འདུག་ཀྱང་། eagle མ་རེད།

    དེས་ན། eagle གོ་བའམ། བྱ་གོ་བ་ལ་ཟེར། དེ་ནི། བྱ་རྒོད་ vulture ལས་ཆུང་ལ། གྲངས་ཀ་ཡང་ཉུང་ཉུང་ལས་མི་འོངས། ཚིག་མཛོད་འགའ་ཤས་ནང་ལ། གོ་བོ། མགོ་སེར་མགོ་ནག་གཉིས་སུ་ཕྱེ་བའི་བྱ་ཆེན་ཞིག དེའི་འོག་ཏུ། གོ་བོ་གླ་གག ཕོ་དྲོད་ཆེ་བའི་བྱ་ཆེན་ཞིག

    ང་ཚོའི་ཕ་ཡུལ་གྱི་སྐད་ལ། བྱ་དེའི་མིང་ལ། བྱ་རྒོད་སེར་དིང་དིང་ཟེར། བྱ་དེ་བྱ་རྒོད་མ་ཡིན་ཡུལ་མི་རྒན་གཞོན་ཀུན་གྱིས་ཤེས། བྱ་འདིས་རུས་པ་ཆེན་པོ་དེ་འདྲ་མིད་འཁྱུར་བཏང་བ་ཙམ་མ་ཟད། བྱ་དེའི་ཕོ་བར་ཡང་འཇུ་ཐུབ་མཁན་ཞིག་རེད། དེའི་ཤ་དང་བྱ་སྐྱག་དེ་བོད་སྨན་གྱི་རིགས་ལ་འགྲོ་ལགས།

  2. ལྡོམ་བུ། says:
    2020-12-06 at 8:36 pm

    ཁྱོད་ཀྱིས་བཤད་བཞིན་པ་དེ་བྱ་རྒོད་མ་རེད། གོ་བོ་རེད། མིང་གཞན་ལ་སེར་གོ་རྒས་ཀྱང་ཟེར། eagle ཟེར་བ་དེ་བྱ་གླག་རེད། དྲ་གྲོགས་ཚོས་གླག་རྒོད་ཅེས་བྲིས་འདུག་པས་ངས་ཀྱང་དེ་ལྟར་བྲིས་པ་ཡིན།

  3. ཀརྡོ་རབ་འབྱམས་པ་ says:
    2020-12-08 at 3:46 am

    བྱ་འདི་ལ། eagle ཟེར།
    https://www.facebook.com/BadgerRunWildlifeRehab/photos/pcb.10159132362818023/10159132312348023/

  4. ཀརྡོ་རབ་འབྱམས་པ་ says:
    2020-12-08 at 3:52 am

    བྱ་གླག་ཟེར་ན་འདི་ལ་ཟེར།
    https://www.youtube.com/watch?v=h6EktqsyIhg&list=RDCMUCCGoVpO8quHq91YCtl1K85A&start_radio=1&t=16

  5. ཀརྡོ་རབ་འབྱམས་པ་ says:
    2020-12-08 at 3:57 am

    བྱ་རྒོད་དམ་ vuture ཟེར་ན་འདི་ལ་ཟེར།
    https://www.youtube.com/watch?v=feNQK5hE5B4

  6. ཀརྡོ་རབ་འབྱམས་པ་ says:
    2020-12-08 at 3:59 am

    ཁྲ་ཟེར་ན། Hawk འདི་ལ་ཟེར།
    https://www.youtube.com/watch?v=kiDjCSwhcLY

  7. ཀརྡོ་རབ་འབྱམས་པ་ says:
    2020-12-08 at 4:18 am

    འཁྱུང་ངམ། བྱ་འཁྱུང་ནི། Garuda thr Legend Birds

    https://www.youtube.com/watch?v=TJhkEmC-3cc

    https://www.youtube.com/watch?v=KIL3i3VqvQ0

    https://www.youtube.com/watch?v=S0yPCMHCZlw&t=207s

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme