Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟས་བཅད་ངོ་རྒོལ་ལོ་༡༦གི་རྗེས་སུ་མཇུག་བསྒྲིལ་བའི་རྒྱ་གར་བུད་མེད།

Posted on 2016-07-282016-07-28 By ཁ་བརྡ 6 Comments on ཟས་བཅད་ངོ་རྒོལ་ལོ་༡༦གི་རྗེས་སུ་མཇུག་བསྒྲིལ་བའི་རྒྱ་གར་བུད་མེད།

irom-sharmila-chanu–ལོ་ཡག་གིས་བསྒྱུར།
༢༠༡༦༌༧༌༢༧

 
རྒྱ་གར་གྱི་བུད་མེད་ལས་འགུལ་བ་རྣོ་ལྕགས་ངར་མ་(Iron Lady)ཞཱར་མི་ལཱ་ཆཱ་ནུ་(Sharmila Chanu)ཡིས་གཞུང་ཁྲིམས་ལ་བགྲང་བྱ་ ༡༦ རིང་ཟས་བཅད་ངོ་རྒོལ་གནང་མཐར་མཚམས་འཇོག་གི་ཐག་གཅོད་གནང་ཡོད་འདུག གསལ་བསྒྲགས་འདི་ནི་ཁ་སང་ཐོན་ཅིང་དེ་རུ་ཁོ་མོས་ཟས་བཅད་ངོ་རྒོལ་འཆར་ཟླ་བརྒྱད་པའི་ཚེས་ ༩ ཉིན་མཚམས་འཇོག་གནང་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས། དེ་ནས་མོ་ཡིས་ས་གནས་ཀྱི་གདམ་བརྐོ་ཁག་ཏུ་སྒེར་ཚུགས་རང་བཞིན་གྱི་འོས་མིའི་ལས་འགུལ་གཉེར་རྒྱུ་ཡིན་འདུག

བྷི་བྷི་སི་(BBC) བརྒྱུད་ལམ་གྱི་གསར་སྤེལ་བ་ཞིག་ན་རེ་ “ལྕམ་ཆཱ་ནུས། ‘དམིགས་བསལ་སྟོབས་ཤུགས་ལག་བསྟར་མཚོན་ཐོགས་རུ་དཔུང’(Armed Forces Special Powers Act) ཅེས་དམག་མི་ཚོར་གཙང་ཕྱག་གི་དབང་ཆ་སྟེ། བཀའ་རྒྱ་མེད་བཞིན་དུ་འཛིན་བཟུང་བྱས་ཆོག་པར་མ་ཟད། གནས་སྟངས་ངེས་ཅན་དུ་སླེབས་ན་མེ་འཕེན་དམར་གསོད་ཀྱང་བྱ་ཆོག་པའི་ཁྲིམས་དེ་ལ་ངོ་རྒོལ་གནང་བཞིན་པ་རེད།” ཅེས་ཟེར་ཞིང་། མོས་ཕྱི་ལུགས་ ༢༠༠༠ ལོར་རྒྱ་གར་གྱི་དམག་མིས་མི་སེར་ ༡༠ རྐྱེན་ལམ་དུ་བཏང་བ་ནས་བཟུང་ལས་འགུལ་འདི་ད་ལྟའི་བར་སྤེལ།

ལོ་བཅུ་ཕྲག་གཅིག་ལྷག་གི་རིང་དུ་བཙན་ཤེད་ཀྱིས་ སྦུ་གུ་སྤྱད་དེ་མོའི་སྣ་ཁུང་བརྒྱུད་ནས་བཟའ་བཏུང་དྲངས་པ་ལ་བརྟེན་ནས་ཁོང་མོ་ད་ལྟ་བར་འཚོ་ཞིང་གནས་ཡོད། ‘དམིགས་བསལ་སྟོབས་ཤུགས་ལག་བསྟར་མཚོན་ཐོགས་རུ་དཔུང’ (AFSPA) ནི་ད་ལྟ་ད་དུང་ཡང་ཞཱར་མི་ལཱའི་མངའ་སྡེ་མཱ་ཎི་པཱུར་(Manipur) ཙམ་དུ་མ་ཟད། ཇཱ་མུ་དང་ཀཱ་ཤི་མཱིར་ (Jammu and Kashmir) གྱིས་མཚོན་པའི་རྒྱ་གར་གྱི་མངའ་སྡེ་ཁ་ཤས་ནང་དུ་ལག་བསྟར་བྱེད་མུས་ཡིན། ལྕམ་ཆཱ་ནུས་ད་ལྟ་གནད་དོན་འདི་ལ་ཆབ་སྲིད་ཀྱི་ལྡིངས་ཆའི་སྟེང་ནས་རྩོད་ལེན་གནང་རྒྱུའི་དམ་བཅའ་བཞག

ལྕམ་ཆཱ་ནུས “ང་རང་གི་འཐབ་ཇུས་ལ་འགྱུར་བ་བཏང་ཡིན། ‘དམིགས་བསལ་སྟོབས་ཤུགས་ལག་བསྟར་མཚོན་ཐོགས་རུ་དཔུང’ (AFSPA) ནག་བསུབ་ཀྱི་ཆེད་དུ་ང་ལས་གཞི་འདི་འཆང་ནས་གདམ་བརྐོ་འགྲན་སྡུར་ལ་ཞུགས་རྒྱུ་ཡིན། ང་ལ་ངའི་ལས་གཞི་འདིའི་གྲུབ་འབྲས་རང་ཉིད་མ་ཤི་གསོན་པའི་རིང་ལ་མཐོང་འདོད་ཡོད། བདག་གི་འཐབ་ཇུས་གསར་བ་ནི་དམངས་གཙོའི་སྟོབས་ཤུགས་བེད་སྤྱོད་རྒྱུ་དེ་ཡིན” ཅེས་རྣོ་ལྕགས་ངར་མ་ (Iron Lady) ཞེས་བཟང་གྲགས་ཆོད་པའི་ལྕམ་ཆཱ་ནུས་བརྗོད།

འདེམས་བརྐོ་ཡི་ཕྱིར་དུ་ལས་གཞི་འདི་མགོ་རྩོམ་རྒྱུ་ཡིན་པ་དང་། ད་དུང་ མོ་རང་ཆང་ས་ཡང་བསྐྱོན་རྒྱུ་ཡིན་འདུག་ཅིང་། མག་པ་སུ་ཡིན་སྤྱི་ཟླ་བརྒྱད་པའི་ཚེས་ ༠༩ རྗེས་ཏག་ཏག་ལ་ཕྱིར་བསྒྲགས་གནང་རྒྱུ་ཡིན་པའི་ཚོད་དཔག་བྱེད་དོ། །

འབྲེལ་ཐག   http://www.tibetanjournal.com/index.php

འགྱུར་རྩོམ།

Post navigation

Previous Post: བརྗེད་མི་སྲིད་པའི་ལོ་རྒྱུས་དང་སྐམ་མི་སྲིད་པའི་མིག་ཆུ།
Next Post: ཨ་ཞང་འདས་ཚར་ཡང་རྒྱ་ནག་གི་ཁྲིམས་ལྟར་ཞིབ་འཇུག་ཡག་པོ་ཞིག་བྱེད་པའི་རེ་བ་ཧ་ཅང་ཆེ།

Comments (6) on “ཟས་བཅད་ངོ་རྒོལ་ལོ་༡༦གི་རྗེས་སུ་མཇུག་བསྒྲིལ་བའི་རྒྱ་གར་བུད་མེད།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-29 at 8:38 am

    བཙན་བཤེད་ཀྱི་སྦུ་གུ་སྤྱད་ཟེར་ན་གང་རེད་།
    ལྕམ་ཟེར་བ་བདེན་ནམ་ཆང་ས་རྒྱག་རྒྱུ་རེད་ཟེར་བ་བདེན་གང་ལ་ཆ་བཞག་དགོས་པ་རེད་།

  2. ལོ་ཡག says:
    2016-07-29 at 2:10 pm

    གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱིས་ཡི་མ་རང་བའི་མཆན་ཐུང་ཞིག་བཏབ་པར་དགའ་བསུ་ཞུ། ང་རང་ཡང་འགྱུར་འདི་ལ་ཚིམ་པོ་རྩ་ནས་མ་བྱུང་། དཔེར་ན། Iron Lady ཞེས་པའི་མིང་གཅིག་པུ་འདི”རྣོ་ལྕགས་ངར་མ”ཞེས་སུ་བསྒྱུར་པ་ལའང་མ་བདེ་བ་ཆེན་པོ་བྱུང་། ངའི་གྲོགས་པོ་ཞིག་གིས་ཀྱང་འདི་ལ་འཕྱས་མོད། འོན་ཀྱང་ཁོང་ལའང་དག་དག་ཅིག་མི་འདུག་སྟེ། འགྱུར་ཚིག་རན་པོ་ཞིག་གི་ཞལ་འདེབས་གནང་རྒྱུ་ཡོད་མ་སོང་། ངས་ནི་དང་པོར་”ངར་ལྕགས་བུད་མེད”ཅེས་སུ་ཕབ་མོད། རྗེས་ནས་གཞན་དུ་བཅོས། ཉིད་ཀྱིས་བལྟས་ན་ཇི་ལྟར་ལེགས།

    “ལྕམ”ནི་བུད་མེད་ཀྱི་ཞེ་ས་རེད།
    “བཙན་ཤེད་ཀྱིས་སྦུ་གུ་སྤྱད་དེ” ཞེས་པ་མི་བདེ་ན། “སྦུ་གུ་བཙན་ཤེད་ཀྱིས་སྤྱད་དེ” ཞེས་སུ་བཅོས་ན་གང་འདྲ་འདུག

  3. དཔའ་ཆེན་དོན་གྲུབ་ says:
    2016-07-30 at 12:13 am

    ཧ་ཧཧ་་་་ལྕམ་བུད་མེད་ཀྱི་ཞེ་ས་རེད་དམ།

  4. ལོ་ཡག says:
    2016-07-30 at 6:55 am

    དཔའ་ཆེན་ལགས་གད་མོ་དགོད་ལུགས་ཀྱིས་ “ལྕམ” ་ཞེས་པའི་འབྲུ་འདིའི་གསང་བ་ཆེན་པོ་ཞིག་རྟོགས་ཡོད་ལས་ཆེ། གསང་སྔགས་ཀྱི་སར་མི་འཇོག་པར་གསུངས་ཚང་མ་ལ་རོགས་གནང་དང།

  5. ལོ་ཡག says:
    2016-07-30 at 7:03 am

    གོང་གི་དེར་སྡེབ་ནོར་ཤོར་འདུག་ན་ གསུངས་རོགས་གནང་དང་ ཞེས་སུ་བཅོ་བར་བྱ།

    སྨོན་ལམ་ཚིག་མཛོད་དུ། ལྕམ་ཆུང་ སྲིང་མོའི་ཞེ་ས། ཞེས་དང་། ལྕམ་ཆུང་ སྐུ་དྲག་རིགས་ཀྱི་གཞོན་ནུ་མའི་ཞེ་ས། ཞེས་འབྱུང་།

  6. གཞོན་ནུ་ཟླ་མེད། says:
    2016-07-31 at 5:52 pm

    ར྄ྩོམ་ཡིག་ཡག་པོ་ཞིག་བས྄ྒ྄ྱུར་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme