Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟས་བཅད་ངོ་རྒོལ་དང་རྒྱལ་དར་མེར་སྲེག་གི་ལས་འགུལ།

Posted on 2012-03-122012-03-13 By ཁ་བརྡ་ 13 Comments on ཟས་བཅད་ངོ་རྒོལ་དང་རྒྱལ་དར་མེར་སྲེག་གི་ལས་འགུལ།


གནས་ཚུལ་མཁོ་གཏོང་བ་བྱམས་པ་དཔལ་ལྡན།
དེ་རིང་གསུམ་བཅུ་དུས་དྲན་ཐེངས་ང་གསུམ་ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་རྡོར་གླིང་གཞོན་ནུ་ཚོགས་པ་དང་། ས་ལི་སྒར་གཞོན་ནུ་ཚོགས་པ། མཁར་བྱང་གཞོན་ནུ་ཚོགས་པ་གསུམ་མཉམ་འབྲེལ་གྱིས་དུས་ཚོད་ཉེར་བཞིའི་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ལས་འགུལ་དེ་ནི་དེ་རིང་རྡོར་གླིང་གཞིས་མགོ་བདེ་དོན་གྱིས་གཙོ་སྐྱོང་འོག་གཞུང་འབྲེལ་གསུམ་བཅུ་དུས་དྲན་སྲུང་བརྩི་གྲུབ་རྗེས་དུས་ཚོད་བཅུ་བ་ཙམ་ལ་རྡོར་གླིང་གངས་ཅན་རིའི་མདུན་ཐང་དུ་གནང་ཡོད་པ་དང་། ལས་འགུལ་དེའི་ནང་སྤོག་རི་སྦོང་ས་གནས་བོད་མི་དང་། མཁར་བྱང་ས་གནས་བོད་མི། བསོད་ནམས་དར་ས་གནས་བོད་མི། མི་རིགས་ས་གནས་བོད་མི། རྡོར་གླིང་བོད་མི་བཅས་ཁྱོན་བསྡོམས་མི་གྲངས་ཉིས་བརྒྱ་ཙམ་མཉམ་ཞུགས་གནང་ཞིང་། དུས་ཚོད་བཞི་དང་ཕྱེད་ཀ་ཙམ་ལ་གོང་གསལ་ས་གཞོན་གསུམ་གྱིས་རྒྱ་ནག་དམར་ཤོག་
ཚོགས་པའི་རྒྱལ་དར་མེར་སྲེག་དང་བལ་ཧིན་དབྱིན་གསུམ་སྐད་རིགས་ཐོག་རྒྱ་ནག་གཞུང་འཛིན་ལ་ངོ་རྒོལ་གྱི་འབོད་ཚོགས་སྒྲོག་རྗེས། རྡོར་གླིང་ཚོགས་པ་ཁག་མཉམ་འབྲེལ་ཐོག་གཞུང་འབྲེལ་གྱིས་མར་མེ་ཁྲོམ་གཞི་རྒྱ་ཆེ་བ་ཞིག་ཀྱང་གནང་ཡོད་པ་རེད། གཞན་ཡང་གནས་ཚུལ་ཤེས་གསལ་ལྟར་ན་འབྲས་ལྗོངས་ཁོངས་གཏོགས་ར་ཝང་ལ་གཞོན་ནུ་དང་བུད་མེད་གཉིས་ཀྱིས་གོ་སྒྲིག་འོག་ར་ཝང་ལ་གཞིས་སྒར་གྱི་བོད་མི་ཚོས་ཀི་ལོ་མུ་ཊར་ཉེར་ལྔ་ཙམ་གྱི་ས་གནས་གནམ་རྩེ་བར་གོམས་བགྲོད་དང་མར་མེ་ཁྲོམ་སྐོར་གནང་ཡོད་པའི་གནས་ཚུལ་འདུག

གསར་འགྱུར།

Post navigation

Previous Post: རྒྱ་རིགས་མང་གཙོ་དོན་གཉེར་བ་དང་དབུ་མའི་ལམ་ལས་འགུལ་བའི་མཇལ་འཕྲད།
Next Post: བྱ་སྤྱོད་གང་ཞིག་ནི་རྣམ་དཔྱོད་དང་མཐུན་ལ། གང་ཞིག་མི་མཐུན། རྟོག་དཔྱོད་ཀྱི་གཞིར་ཕུལ།

Comments (13) on “ཟས་བཅད་ངོ་རྒོལ་དང་རྒྱལ་དར་མེར་སྲེག་གི་ལས་འགུལ།”

  1. མགོན་པོ says:
    2012-03-12 at 11:40 am

    ཁོང་ཚོས་མེ་སྲེག་ཟིན་པའི་དར་ཆ་དེ་སྐར་ལྔའི་དར་དམར་མ་རེད

  2. ལྷོ་པ་ལུང་རིགས says:
    2012-03-12 at 12:19 pm

    སྲེག་གི་ཡིན་ན། རྒྱ་མིའི་རྒྱལ་དར་རང་སྲེག་ན་ལེགས། རྒྱ་ནག་གི་རྒྱལ་དར་སྲེག་པ་འདི་སྙིང་ནད་རྩོད་པའི་རྣམ་པ་ཞིག་ཡིན་པས། སྙིང་ལ་ན་ཟུག་གཏོང་བའི་ཅ་ལག་དེ་ངོ་ཡག་པོ་འཕྲོད་དགོས་པ་རེད། འདི་དངོས་གནས་རྒྱ་གཞུང་གི་རྒྱལ་དར་མ་རེད། འདི་ག་རེ་རེད། ཉེ་བའི་ཆ་ལ། རྒྱ་ནག་གཞུང་གིས་རྒྱལ་དར་བརྗེ་བོ་བརྒྱབ་པ་ཡིན་རྒྱུ་མ་རེད། ཡིག་ཐོག་གསར་འགྱུར་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་དར་ཞེས་བཀོད་འདུག པར་ནང་གསལ་བ་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དར་ཆ་དེ་ཡང་རེད་མི་འདུག

  3. ཟངས་རྡོ། says:
    2012-03-12 at 1:39 pm

    བོད་དང་རྒྱའི་དར་ཆའི་གནས་བབ་ལ་གཞིག་པ། མེར་སྲེག་བཞིན་པའི་དར་དེ་རྒྱ་ནག་དམར་ཤོག་ཚོགས་པའི་དར་མ་རེད་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་དར་རེད།
    མི་རིགས་ཞིག་གི་ངོ་བོ་མཚོན་བྱེད་ཀྱི་ཡོངས་ཁྱབ་དར་ཆ་དེ་མེར་སྲེག་བཏང་ན་འགྲིག་དང་མི་འགྲིག་བརྗོད་རྒྱུ་ཧ་ཅང་ཁག་གི་
    ཕྱོགས་་གཞན་ཞིག་ནས་རྒྱ་ནག་མི་དམངས་ཡོངས་ཀྱི་སེམས་ལ་རྨ་ཁ་ཞིག་བཟོ་བཞིན་པ་གསལ་བོ་རེད།
    རྒྱ་ནག་གིས་དར་ཆ་ལ་ཧ་ཅང་གི་མཐོང་ཆེན་བྱེད་ཀྱི་རེད་དེའི་ཕྱིར་འགྲིག་ཞེས་བརྗོད་རྒྱུ་ཁག་པོ་འདུག
    ལྷག་ཏུ་བཙན་བྱོལ་ནས་སྐྱེས་བ་ཞིག་གིས་རྒྱ་ནག་གི་དར་ཆ་ཧ་ཅང་མཐོང་ཆེན་བྱེད་པ་རྟོགས་མི་ཐུབ་པ་ཞིག་རེད་གང་ཡིན་ཞེ་ན་
    བོད་ཀྱི་དར་ཆ་ལ་ཕྱིར་མིག་ཅིག་ལྟས་ན་ཤེས་རྒྱུ་རེད་ང་ཚོའི་དར་ཆ་ལ་མཐོང་ཡོད་པ་ཙམ་ལས་དེའི་ཕྱོགས་ཀྱི་སྒྲིགས་ལམ་ཅི་ཡང་ཡོད་པ་ངས་རྟོགས་མ་སོང་། སྐབས་རེ་རྒྱ་ནག་གི་དར་ཆའི་ཁྲིམས་ལུགས་རེ་སེམས་ལ་ཤར་ཐང་རེ་ངས་ང་ཚོའི་བོད་པའི་དར་ཆའི་གནས་བབ་ཧ་ཅང་སྐྱོ་བོ་འདུག་མི་རིགས་ཞིག་གི་ངོ་བོ་མཚོན་བྱེད་ཀྱི་དར་ཆ་འདི་ལྟར་བྱས་ན་རྒྱལ་ཁབ་གཞན་ཞིག་གི་མིས་མཐོང་ན་སེམས་ལ་གང་འདྲ་ཞིག་ཤར་རྒྱུ་རེད། ངས་དེ་རིང་རེ་བ་ཞིག་ཞུ་རྒྱུ་ཡོད་པ་དེ་བོད་པའི་དར་ཆ་ངེས་པར་དུ་བདག་གཙང་མ་རྒྱག་དགོས་པ་མཐོང་བྱུང་། གང་དྲན་བྱས་ན་མཛེས་བོ་ཁྱོན་ནས་མི་འདུག་རྙིང་ཧྲུལ་དང་མདོག་ཤོར་སོགས་མ་བསྒྲེངས་རོགས་ཞུ།

  4. མིག་བརྒྱད་པ། says:
    2012-03-12 at 3:17 pm

    རྒྱ་ནག་གི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཞེས་གོ་མྱོང་ལ། འདིར་མེར་བསྲེགས་པའི་དར་དམར་ནི་སྐར་དྲུག་དར་དམར་ཡིན་ས་རེད། ཧ་ཧ།

  5. ཀིརྟི་སྐྱབས། says:
    2012-03-12 at 4:13 pm

    གཞོན་ནུའི་ལས་འགུལ་ལ་འཐད་པ་ཡིན།གང་ཡིན་ཟེར་ན་་་གཞོན་ནུའི་ལས་འགུལ་ཏེ་ཚེ་མེད་ཞི་བ་་རིང་རེད། ཁ་ཅིག་ཞིག་གིས་གཞོ་ནུ་ལ་སྐྱོན་བརྗོད་བྱེད་པ་ནི།ཚེ་མེང་ཞི་བ་ངོ་་མི་ཤེས་པའི་རྟགས་མཚན་སྟན་པ་མ་ཡིན་ནམ།དྲང་བདེན་དང་གནས་ལུགས་བཤད་ན་ཕོག་ཏུག་ཏུ་འགྲོ་ན།དེ་ནི་འདྲེ་ཡིན་ས་རེད།

  6. བསྟན་འཛིན། says:
    2012-03-12 at 10:26 pm

    རྒྱལ་དར་གྱི་མ་གདན་དམར་བོ་ཡིན་པ་རྒྱ་ནག་དམར་ཤོག་ཚོགས་པ་མཚོན་གྱི་ཡོད་སྐོར་འཛམ་གླིང་དཔེ་དེབ་world bookརྒྱ་ནག་སྐོར་ནས་གསལ་བ་དང་། ལྷག་པར་རྒྱལ་དར་དེ་རྒྱ་ནག་དམར་ཤོག་ཚོགས་པས་གསར་བཟོ་བོ་བྱས་པ་ཞིག་དང་། རྒྱལ་དར་འདི་རྒྱ་ནག་ཀྲུང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་གཡང་འོག་རྒྱ་ནག་ནས་སྒྲེང་འཛུགས་སྐབས་རྒྱ་ནག་གིས་བཤད་ཚུལ་ལྟར་བཤད་ན་བོད་ཞི་བས་བཅིངས་གྲོལ་བྱས་མེད་ལ། གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་ཡང་བཀོད་མེད། དེར་བརྟེན་དར་ཆ་དེ་རྒྱ་ནག་དམར་ཤོག་གི་རེད་ཟེར་བ་དེ་དོན་དང་ལྡན་ལ། བོད་མདོ་དབུས་མཐོ་སྒང་དུ་བཙན་གྱིས་བསྒྲེངས་པ་ཞིག་རེད། གནས་ལུགས་དེ་ཤེས་དགོས།

  7. འབྲུག་རོ་འཛིན་པ་(བཏགས་མིང་།) says:
    2012-03-12 at 11:37 pm

    རྒྱ་ནག་གི་རྒྱལ་དར་མེར་བསྲེགས་པ་འདི་ནི་རྒྱ་མི་གཞུང་ལ་ངོ་རྒོལ་གྱི་རྣམ་པ་མཚོན་པའི་ཕྱིར་བོད་རིགས་སྤུན་ཟླས་བྱ་སྤྱོད་ཀྱིས་ལྷག་བསམ་ལ་བསྔགས་བརྗོད་ཡོད། ལུང་པ་གང་ཞིག་གི་རྒྱལ་དར་མེར་བསྲེགས་པ་འདི་ནི་ལུང་པ་འདིའི་སྲིད་དབང་འགན་འཛིན་མི་མང་ཡོངས་ལ་སྐྱོན་བརྗོད་ཀྱི་རྣམ་པ་མཚོན་པ་སྣང་། དེས་ན་ང་ཚོའི་རྒྱ་མི་གཞུང་་ལ་ངོ་རྒོལ་རྣམ་སྣ་ཚོགས་ཀྱི་བཏོན་དགོས་ཀྱང་རྒྱལ་དར་མེར་སྲེག་ཀྱི་ངོ་རྒོལ་ལ་ང་ཚོའི་བམས་མནོ་གཏོང་དགོས།

  8. བཀྲ་རྡོར།། says:
    2012-03-13 at 3:37 am

    རྒྱ་ནག་གི་རྗྱལ་དར་སྐར་ལྔ་ཡིན་པ་དང་སྐར་དྲུག་ཡིན་པ་ལ་གཏན་འཁེལ་ཞིག་མི་འདུག ཉེ་ལམ་རྒྱ་ནག་དཔོན་རིགས་ཤིག་ལྷོ་ཀོ་རི་ཡའི་ནང་ཕེབས་སྐབས་རྒྱ་མི་ཚོས་ལག་པར་སྐར་དྲུག་རྒྱལ་དར་ཞིག་བཟུང་བས་རྒྱལ་སྤྱིའི་ཐོག་གླེང་གཞི་གང་འཚམས་བྱུང་བ་མ་རེད་དམ། དར་དམར་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་རེད། རྒྱ་ནག་ཚང་མས་དེར་ཁས་ལེན་མི་བྱེད། དཔེར་ན་ཐེ་ཝན་གོ་མིན་ཏང་ལྟ་བུ།

  9. འཁྱམས་པོ།། says:
    2012-03-13 at 4:03 am

    རྒྱ་མི་དམངས་ཡོངས་ཀྱི་ངོ་བོ་མཚོན་བྱེད་རྒྱལ་དར་མེར་བསྲེག་བཏང་བ་ལ་མོས་མཐུན་ཙ་བ་ནས་མེད། རྒྱུ་མཚན་གང་ལགས་ཞེ་ན་ ད་ལྟ་ང་ཚོས་ངོ་རྒོལ་བྱེད་བཞེན་པ་འདི་དམར་བཤོག་ཚོགས་པའི་འཁྲིག་འཛིན་སྲིད་བྱུས་དེ་ཡིན་པ་ལས་ རྒྱ་མི་རིགས་དང་བོད་མི་རིགས་བར་གྱི་འཁོན་འཛིན་ཞིག་རྟན་ནས་མིན། མི་རིགས་ཞིག་གི་ངོ་བོ་མཚོན་བྱེད་རྒྱལ་དར་མེ་རུ་བསྲེག་ཚེ་མི་རིགས་དེའི་མི་དངས་ཡོང་ལ་དོ་ཕོག་གྲོ་ཞིང་ ཤུག་རྐྱེན་དེས་ད་ལྟ་ང་ཚོ་ལ་རྒྱབ་བསྐྱོར་བྱེད་མཁན་རྒྱ་མི་དམང་བྱེ་མང་འགྲོ་བཞིན་པ་དེ་ཉིད་ཁ་བཏད་ཀྱི་དགྲ་བོ་བྱེ་མང་དུ་བཏང་བ་རང་རེད་ ང་ཚོས་ཕ་ཡུལ་བོད་ལ་བོད་ཀྱི་རྒྱལ་དར་མེ་རུ་བསྲེག་པ་༧གོང་ས་མཆོག་གི་སྐུ་དཔར་མེ་རུ་སྒྲོན་པ་སོགས་བྱས་ཚེ་ཁྱེད་ལ་འཚོར་བ་ཅི་འདྲ་ཡོང་ཞིང་འདུག་ ཁོང་ཚོ་ལ་འཚོར་བ་དེ་ག་རང་ཡོང་བ་ནི་འགྲོ་བ་ཀུན་གྱི་བཤེས་སུ་གྲུབ་ ལས་འགུལ་དེ་རིགས་ནི་མང་པ་ལས་ཉུང་ན་བཟང་བར་མཐོང་།། ལར་བཙན་བྱོལ་ནང་གིས་ལས་འགུལ་མང་ཆེ་བ་ནི་ཚོང་ལས་རྣམ་པ་དང་ཁྲབ་བརྟོན་གྱི་རང་བཞིན་ཞིག་ལས་གང་ཡང་མ་མཐོང་།།

  10. ཤམ་བྷ་ལའི་རྒྱལ་སྲས། says:
    2012-03-13 at 6:20 am

    སྐར་མའི་གྲངས་ཀ་མ་རྩིས། སྐར་གྲངས་བརྩིས་ན་བོད་ཀྱང་བསྲེགས་འགྲོ་ངེས། དེས་ན་རས་དར་ལྷེབ་ལྷེབ་ཅིག་གི་ངོ་བོ་མི་བརྩོད་པར། ཁྲག་གི་མདོག་ལྟར་དམར་བའི་དམར་ཤོག་གི་ལྟ་བ་དང་བྱ་སྤྱོད་ངན་པ་དེར་ངོ་རྒོལ་བྱས་པའི་དོན་སྙིང་ཞིག་ལ་བསམ་བློ་འདྲ་གཏང་ས་མེད་དམ་སྙམ།
    ཞིབ་ཅིང་ཕྲ་བ་ཤེས་འདོད་ན་ས་གཞོན་ལ་འབྲེལ་བ་བྱས་ནས་སྐད་ཆ་དྲིས།

  11. བཀྲ་རྡོར།། says:
    2012-03-13 at 8:58 am

    རང་བཙན་རྩོད་མཁན་ཚོས་རྒྱལ་ཁབ་གཅིག་ལ་རྒྱལ་དར་གཉིས་ཡོང་མི་ཤེས་པའི་འདུ་ཤེས་ནས་རྒྱ་དར་སྲེག་ན་འགྲིག ང་ཚོས་རྒྱ་ནག་ལ་བསམ་ཤེས་མ་བྱས་པ་མིན། མི་ལོ་ལྔ་བཅུ་ལྷག་ཅིག་ལ་བསམ་ཤེས་བྱས་པ་ཡིན། ད་རྒྱ་ནག་མི་དམངས་ཀྱང་མི་ཡིན་པས་ཚུར་བོད་ལ་བསམ་ཤེས་བྱ་མི་དགོས་པ་དེ་གང་ཡིན་ནམ། མི་རབས་གཉིས་ལ་མགོ་འདོགས་བྱས་པ་ཡིན། ད་དུང་མི་རབས་ནས་མི་རབས་ལ་མགོ་འདོགས་བྱ་རྒྱུ་ཡིན་ནམ།

  12. རྡོ་རིགས་པའི་མདའ་མོ། says:
    2012-03-14 at 2:10 am

    ཕྱི་རྒྱལ་དུ་སྡོད་མཁན་རྒྱ་རིགས་ཨལ་བྷར་ཊི་ཆན་ Albert Chan ་བས་རྒྱ་ནག་གི་རྒྱལ་དར་མེར་སྲེག་པ།་
    ཁོ་རང་གི་ངོ་དེབ་ཐོག་ཏུ་རྒྱལ་དར་མེར་སྲེག་པའི་དཔར་དང་བཅས་འདུག

    Mobile Uploads Albert Chan
    ‎”In my hand I have the Chinese flag. This flag represents lies, torture, human rights violations, harsh patriotic re education programs, death, violence, bloodshed and the lost of more than two million Tibetan lives. ” before setting alight the Chinese Flag
    I have nothing against the Chinese people. I am Chinese after all. However, I do have a problem with the Chinese government, it’s leaders, it’s failed policies and it’s terrible human rights record. Everything that this communist flag represents needs to be burned and removed from this world.

  13. རྡོ་རིགས་པའི་མདའ་མོ། says:
    2012-03-14 at 2:14 am

    གོང་གི་དབྱིན་ཚིག་དེ་དག་ཁོ་རང་གིས་རྒྱལ་དར་མེར་སྲེག་དགོས་པའི་རྒྱབ་ལྗོངས་ལ་ཁོ་རང་གིས་བྲིས་པ་རེད་འདུག་པས།་ཁག་ཅིག་གིས་རྒྱ་ནག་གི་རྒྱལ་དར་མེར་སྲེག་རྒྱ་མི་རིགས་ལ་ངོ་རྒོལ་དང་ཕོག་ཐུག་སོགས་འགྲོ་གཞི་གླེང་བ་ཚོས་བསམ་དགོས་པ་ཞིག་མི་འདུག་གམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme