Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟམ་གདོང་པཎ་ཆེན་གཙུག་གི་རྒྱན།

Posted on 2013-03-04 By ཤར་ཕྱོགས་ཁུག་རྟ། 21 Comments on ཟམ་གདོང་པཎ་ཆེན་གཙུག་གི་རྒྱན།

འཇམ་གཅེས།

ཀ་ལ་པིང་ཀའི་གསུང་དབྱངས་རྫོགས་ཤིང་དབྱངས་ཀྱི་བདག་མོ་དབྱངས་ཅན་མ། །
ཁ་བའི་བུ་ངས་ཁྱེད་ཉིད་རེ་ནས་བསྟོད་ཡུལ་གོང་མར་མཆོད་བསྟོད་ཕུལ། །
ག་དུས་ཡིན་ཀྱང་བཀའ་དྲིན་ཆེ་ཡང་སྨྱུག་འཛིན་མཁན་ཚོས་མ་བསྟོད་པའི། །
ང་ཚོས་མེས་པོ་གཉིས་པ་ལྟ་བུར་ཟམ་གདོང་པཎ་ཆེན་སྙིང་ནས་འདུད། །

ཅ་ཅོའི་གཏམ་ལ་མགོ་བོ་འཁོར་ནས་རང་ཚུགས་ཤོར་བས་ལོ་རྒྱུས་མེད། །
ཆ་ལུགས་མི་གཅིག་ཕྱི་གླིང་ལད་མོ་བཟོ་འདོད་ཨ་གསར་ཁྱེད་ལ་མེད། །
ཇ་ཆང་བག་དང་ཚུལ་མིན་བརྟེན་ནས་ལ་རྒྱ་ཤོར་བའི་ལོ་རྒྱུས་མེད། །
ཉ་མོ་ཇི་བཞིན་འགྱུར་འགྲོས་མེད་པའི་མཁས་དབང་ཁྱེད་ཉིད་སྙིང་ནས་དྲན། །

ཏ་ལའི་་བླ་མའི་དགོངས་པ་རྟོགས་ནས་སྐུ་ཚེར་ཧྲིལ་པོ་གཞན་དོན་མཛད། །
ཐ་ཆད་མི་བུ་འབུར་འཇོམས་བྱས་ནས་བོད་གཞུང་བུ་ལོན་དོང་ནས་འདྲེན། །
ད་ལྟའི་དུས་འདིར་ཤེས་རིག་སྒྲོན་མེའི་སྣང་སྙན་མང་པོ་ཁྱེད་ཀྱི་དྲིན། །
ན་སོ་རྒན་པའི་གངས་ཅན་སྤྱི་མི་ཁྱེད་མིན་སུ་ཞིག་གང་དུ་ཡོད། །

པ་ཊ་ལྟར་མཛེས་ཕྱི་ནང་རིགས་གནས་མཁྱེན་རྒྱ་ཡངས་ཤིང་འཆད་རྩོད་མཁས། །
ཕ་བཟང་བུ་ཡི་གཤིས་ཀ་དེ་ཡིས་ས་སྟེང་ཝ་ཚོགས་ཟུར་གྱིས་གནོན། །
བ་གླང་ལྟ་བུ་བསམ་སྤྱོད་དོར་ནས་དུས་རབས་གསར་པའི་འགྱུར་འགྲོས་ནང་། །
མ་ཡུམ་གངས་ཅན་ཤེ་རིག་གཤོག་ཟུང་ཕྱོགས་ཀུན་བརྐྱངས་ནས་བཀའ་བཞིན་བསྒྲུབས། །

ཙ་དང་ལོ་མའི་གནས་མལ་བརྟེན་ནས་རིག་པའི་གནས་ལྔར་གསན་བསམ་མཛད། །
ཚ་གྲང་སྡུག་བསྔལ་ཇི་ལྟར་བྱུང་ཡང་བཟོད་པའི་གོ་ཆ་བཙན་པོ་གྱོན། །
ཛ་དྲག་དུས་སུ་སྙིང་སྟོབས་འཕེལ་བཞིན་འཁོར་སློབ་དུ་མར་ལམ་སྟོན་མཛད། །
ཝ་་མོའི་གཡོ་སྒྱུར་གོམས་པ་ཆེ་བས་རུལ་སུངས་མཁན་དག་སྣ་མགོ་བརྡུངས།

ཞྭ་གོས་ལ་སོགས་གྲྭ་རྐྱང་ཞིག་དང་མཚུངས་པར་སྤྱོད་བཞིན་དམངས་དོན་བསྒྲུབས། །
ཟ་འཐུང་ཙམ་ཡང་དོན་མཐུན་མི་ཤེས་རྨོངས་རྒན་ཚོགས་ཀྱིས་ཁྱེད་ཉིད་ལ། །
འ་འུར་ངན་སྨྲས་ཨུ་ཚུགས་བྱས་རུང་བྱམས་དང་སྙིང་རྗེའི་གནས་སུ་གཟིགས། །
ཡ་རབས་ཚུལ་མཐུན་སྐྱེས་མཆོག་ཁྱེད་ནི་གངས་ཅན་མགོན་པོའི་ཐུགས་སྲས་དངོས། །

ར་བ་གངས་ཅན་ཁ་བའི་ཞིང་དུ་སྐུ་ཡི་མཚན་དཔེའི་མེ་ཏོག་བཞད། །
ལ་ལུང་བརྒལ་ཏེ་འཕགས་པའི་ཡུལ་ནས་གསུང་གི་ཟེ་འབྲུའི་མཆོད་སྤྲིན་ཕུལ། །
ཤྰཀྱའི་སྲས་པོ་ཉེ་བར་འཁོར་འདྲའི་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཤིང་། །
ས་ལའི་སྨན་ལྗོངས་མིང་དུ་གྲགས་པས་རང་ཡུལ་བདེ་སྡུག་བརྩེ་བས་གཟིགས། །

ཧ་ལམ་གངས་རིའི་ཡུལ་ལྗོངས་འདི་ན་ཁྱེད་འདྲའི་སྐྱེས་ཆེན་དཀོན་པར་སྣང་། །
ཨ་ཕའི་རྐང་འདྲེན་ཁྱི་རྒན་འགའ་རེའི་ཁྱེད་ལ་ངུ་ཟུགས་ཡང་ཡང་དང་། །
ཧ་ཅང་ཐལ་བས་དྲ་འབུ་འགའ་རེའི་ཁྱེད་ཉིད་མི་བཟོད་རྟག་ཏུ་ངུ་། །
ཨ་ཕའི་བུ་ང་དེ་དག་མཐོང་དུས་སེམས་ཀྱི་གཏིང་ནས་ཁྲེལ་དགོད་ཤོར། །

ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི། །
རྒྱལ་མཚོ་ལས་ཟབ་རི་རབ་ལས་མཐོ་བས། །
ཚུར་མཐོང་བདག་ལྟའི་གཞལ་བ་མི་ནུས་ཀྱང་། །
དགོས་པའི་དབང་གི་སྨྱུག་རྩེ་གར་ལ་རོལ། །

སྙན་ངག

Post navigation

Previous Post: ལྷ་ས་དང་རྡ་ས།
Next Post: དྲན་དབང་ཡོངས་ཀྱི་གཙུག་ནོར་ཁྱེད་མིན་སུ།

Comments (21) on “ཟམ་གདོང་པཎ་ཆེན་གཙུག་གི་རྒྱན།”

  1. བཀྲ་ཤིས་རྒྱལ says:
    2013-03-04 at 4:36 pm

    ཤར་འཇམ་གཉིས་ཀྱིས་ཡང་ཟམ་གདོང་གི་XXXXX

    སྐྱེ་བོ་སྒེར་ལ་དམའ་འབེབས་དང་ཁྱད་གསོད་ཀྱི་ཚིག་མ་འབྲི་རོགས། ཁ་བརྡས།

  2. འཇམ་གཅེས says:
    2013-03-04 at 10:28 pm

    ཧ་ཧ་ཧ་་སྙིང་ན་གི་འདུག་གམ་་་་་་ངས་འདིར་བསྟོད་ཚིག་ཕུལ་བ་འདིའི་ཟམ་གདོང་རིན་པོ་ཆེ་ལ་ཁྱད་པར་གང་ཡང་མེད་མོད་སོ་སོ་བོད་རིགས་ཤིག་ཡིན་པའི་ཆ་ནས་་་་བཀའ་དྲིན་རྗེས་དྲན་ཕྱིར་དུ་ཕུལ་བ་ཡིན།

  3. བཀྲ་ཤིས་རྒྱལ says:
    2013-03-04 at 10:42 pm

    ལགས་སོ་་་་་་་་ཁ་བརྡ་་་་་

  4. འཇམ་གཅེས says:
    2013-03-04 at 10:57 pm

    བཀྲ་ཤིས་རྒྱལ་ལགས་བཀྲ་ཤིས་བདེ་ལེགས་ཞུ། །བཀྲ་ཤིས་རྒྱལ་ལགས་ཞེ་ས་མཁས་མཁས་དེའི། །
    བཀྲ་ཤིས་བདེ་ལེགས་ལོས་ཞུ་དོན་འགྲུབ་སོང་། །བཀྲ་ཤིས་རྒྱལ་དེའི་བླང་དོར་ཤེས་པར་ཤོག །ཧི་ཧི་ཧི་

  5. འདྲེ་རྐང་ཐོ། says:
    2013-03-04 at 11:53 pm

    ཀ་ནས་ཡང་དག་བླ་མ་རེད་ཅེས་ཁྱོད་ལ་གུས་ཕྱག་འཚལ་མྱོང་མེད། །
    ཁ་དང་ཁོག་པ་ཤེས་ཡོན་རེད་ཅེས་ཁྱོད་ལ་འུར་བསྟོད་བྱས་མྱོང་མེད། །
    ག་ནས་རང་ཚུགས་ཤོར་རབས་མེད་ཅེས་ཁྱོད་ལ་ངོ་བསྟོད་བྱས་མྱོང་མེད། །
    ང་དང་ཁྱོད་ཅེས་ཞེན་ཁོག་མེད་པའི་ཁྱོད་ལ་བསྟོད་ཀྱང་ཆོག་པར་མཐོང་། །

  6. འཇམ་གཅེས says:
    2013-03-05 at 9:33 am

    མ་ཧྰ་པཎ་ཆེན་ཡིན་པ་མ་ཤེས་པ་རྨོངས་་་་་་་་་་་་་་ནོར་བཅོས་

  7. ནག་ཐར་སྐྱིད། says:
    2013-03-05 at 9:44 am

    དྲ་གྲོགས་འཇམ་གཅེས་ལགས། བསྟོད་གླུ་འདི་འདྲ་མུ་མཐུད་ནས་ལེན་ཐུབ་པའི་རེ་བ་ཡོད། འོ་ཀྱང་། སྐུ་ཉིད་ལ་ཆ་མཚོན་ན་སྙན་ངག་ཞེས་བ་ནི་ཁ་ཏ་མདའ་རེད། ཀུ་རེ་ཡིན་ད། དགོངས་པ་མ་ཚོམ། ཡག་པོ་འདུག

  8. རིགས་ལྡན་རྒྱལ་པོ says:
    2013-03-05 at 10:44 am

    རང་ལྟར་ཆགས་གཞན་ལྟར་ཁྲོ་བས་ལག་མི་དག་ལ། དབུ་མའི་ལམ་དང་བཀའ་ཟུར་མཁས་མཆོག་ཟམ་གདོང་རིན་པོ་ཆེ། སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མ་འགྲིག་པ་ཤ་སྟག་ཡོད་ན། སྲིད་སྐྱོང་འོས་འདེམས་ལ་ལངས་ནས་རང་གི་འཇོན་ཐང་སྟོན་རྒྱུའི་གོ་སྐབས་ཆ་ཚང་ཡོད། ཐོན་པའི་དུས་དང་གོ་སྐབས་ཡོད།
    ག་ཚོད་ཐབས་སྐྱོ་རུང་བོད་མིའི་སྒྲིག་འཛུགས་ཞིག་གི་འགན་འཁྲི་བའི་འགོ་ཁྲིད་ཅིག་ཡིན། སོ་སོའི་དབུ་ཁྲིད་ལ་གུས་བཀུར་མེད་མཁན་ནི། བཤེས་ལ་མི་གུས་སྐྱེ་བོ་ནི། །གཞུང་བརྒྱ་ཤེས་ཀྱང་དོན་མི་འགྱུར། །ཞེས་པ་འདིར་འདྲ བ་ཡིན།

  9. མངའ་རིས་ཕྲིན་ལས། says:
    2013-03-05 at 11:17 am

    ད་གཡུག་དང་གད་སྙིགས་མི་དགོས། ནམ་ཡང་དགོས་པ་མེད། ཆོས་འཇིག་རྟེན་གཉིས་མེད་སེང་གེ་ད་གཡུག་དང་།

  10. ཀླུ་སྨྱོན། says:
    2013-03-05 at 11:20 am

    ཟམ་ཀྲུའུ་ཞི་ཁྲི་ལོར་ཤོག ཁྲི་ལོར་ནས་ཁྲི་ལོར་ཤོག

  11. རིགས་ལྡན་རྒྱལ་པོ says:
    2013-03-05 at 11:29 am

    ད་ང་ཚོས་ད་དུང་གཉིད་བསད་ཡར་ལངས་ཤོག་ཨང་། བོད་འདི་རྒྱ་མིའི་འོག་ནས་ནམ་ཡང་ཤི་ལེ་མ་རེད། སེམས་སྟོབས་བསྐྱེད། སྐབས་བབ་སོ་སོའི་མདུན་གྱི་ལས་འགན་བླངས་ནས། གང་འཇོན་གང་ནུས་ཀྱིས་སྙིང་སྟོབས་དགོས།
    ཞུམ་པས་ཕོངས་ལས་ཐར་ཐབས་མེད། ང་ཚོར་འདུན་ལམ་དང་རེ་བ་ཡོད། སྙིང་ལ་རུས་པ་བཅུག་ནས་༧ གོང་ས་མཆོག་ནས། ལྷག་བསམ་དུང་ལས་དཀར་བ། བཟོད་བསྲན་ལྕགས་ལས་སྲ་བ་དགོས་གསུངས་པ་བཞིན། ས་གས་གནམ་བརྡིབ་ཀྱང་གཡོ་མེད་བརྟན་ལྷིང་ལྗིད་པོར་གནང་ཤོག་ཨང་། རང་ཚུགས་ཟིན་ནས་སྣ་ཐག་གཞན་མ་སྤྲོད་པར་མདུན་ནས་མདུན་དུ་བསྐ྄ོད་དགོས།
    བོད་རྒྱལ་ལོ།

  12. རིགས་ལྡན་རྒྱལ་པོ says:
    2013-03-05 at 11:35 am

    མེ་འབར་ཁར་བུད་ཤིང་མ་བཅུག་པར་ཆུ་འདེབས་རྒྱུའི་གཉེན་པོ་བསྟེན་སྟངས་ལ་མཁས་པར་མཛོད་ཅིག ང་ཚོ་ལྟ་སྤྱོད་མཐུན་གྲོགས་ཚོ།

  13. དབུ་མ་པ། says:
    2013-03-05 at 12:07 pm

    ” བཙན་བྱོལ་གཞུང་གི་ལས་འགན་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་ཐད་ཕྱི་ལོ་ ༡༩༧༤ ལོར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གོ་སྒྲིག་ཐག་གཅོད་བྱས་ཡོད་སྟབས་ཕྱི་ལོ་ ༡༩༧༩ ལོར་སྐུ་ཞབས་ཏིང་ཞའོ་ཕིང་གིས་འབྲེལ་མོལ་གྲོས་འགོ་བཏོན་སྐབས་ལན་འདེབས་བྱ་ཆོག་ཡོད་པ་ལྟར། དེ་ནས་བཟུང་འབྲེལ་མོལ་དང་ལྟ་སྐོར་སོགས་ལན་མང་བྱས་རུང”
    ༢༠༠༩ལོའི་གསུམ་བཅུའི་གསུང་འཕྲིན་ལས།
    ལ་ལ་ཞིག་གི་ནོར་འཁྲུལ་སེལ་ཕྱིར།

  14. རྒད་པོ། says:
    2013-03-05 at 1:04 pm

    འདི་མ་བསུབ་རོགས། བོད་ནས་ཨ་རིར་ཚོགས་འདུར་ཕེབས་མཁན་ཞིག་གིས་བསྐུར་བྱུང་།

    རང་གི་སྲོག་ལས་རྒྱལ་བའི་དགོངས་པ་གཅེས་པར་འཛིན་མཁན་གླེན་རྟགས་ཁྱེད།
    གཞན་གྱི་སྐྱོན་དོར་རང་གི་ཡོན་ཏན་འཚོལ་བར་བྱེད་མཁན་སྙོམས་ཆུང་ཁྱེད།
    སྐྱིད་པོའི་ནུབ་ཕྱོགས་དོར་ནས་རྡ་སའི་རི་ཁུག་འགྲིམས་མཁན་ལྐུགས་པ་ཁྱེད།
    ནུབ་ཕྱོགས་ཆོས་ཚོགས་མི་གཉེར་བོད་པའི་སློབ་གྲྭ་གཉེར་མཁན་སྨྱོན་པ་ཁྱེད།
    ཁམས་པའི་ལ་ཞེན་དོར་ནས་གངས་ཅན་ལ་རྒྱ་འཛིན་མཁན་གྲོགས་མེད་ཁྱེད།
    དགེ་ལྡན་གཙང་མ་དོར་ནས་ཆོས་ལུགས་སྣ་ཚོགས་འདྲེས་མཁན་ཁུངས་མེད་ཁྱེད།
    རྒལ་ཡོལ་ཁ་འདོན་མི་གྲུབ་བཀའ་ཤག་ཁ་མཆུ་ལེན་མཁན་ཆག་སྒོ་ཁྱེད།
    རང་གི་སྤུན་གཉེན་མི་སྐྱོང་མགོན་མེད་བོད་ཕྲུག་སྐྱོང་མཁན་ཐབས་སྡུག་ཁྱེད།
    རང་གི་ཕྲུ་གུ་མེད་བཞིན་བོད་ཕྲུག་སྟོང་ཕྲག་སྐྱོང་མཁན་བསམ་མེད་ཁྱེད།
    ཕྱི་ཡི་རྣམ་པ་མཛེས་པོའི་བླ་ཆེན་ཁྲི་ཆེན་སྤོང་མཁན་མཚན་སྙན་མེད་ཁྱེད།
    ཁང་ཁྱིམ་གསེར་དངུལ་ཕོངས་པའི་སྤྲང་པོ་ཡ་མ་ཟུང་གི་ཨ་མཆོད་མགོ་དཀར་ཁྱེད།
    བསམ་རྒྱུ་༧ཁོང་ལས་མེད་པ་ལས་རྒྱུ་༧ཁོང་ལས་མེད་པའི་ཀླད་མེད་རྒན་ཁོག་ཁྱེད།
    ཚེ་གཅིག་བོད་དོན་ལས་ནས་ལེ་ལན་ཁྱོད་ཀྱིས་ལེན་མཁན་སྤོ་ཏོ་ཁྱེད།
    ད་དུང་ཚེ་ལྷག་གང་ཡོད་བོད་པའི་ཞབས་ཕྱི་སྒྲུབ་མཁན་ལས་མེད་ཁྱེད།
    ཏོག་ཙམ་ངལ་གསོ་མི་བྱེད་མིག་ཀྱང་རབ་རིབ་གྱུར་བ་ཞ་ར་ཁྱེད།
    རང་གི་རྒྱུ་ནོར་ཐམས་ཅད་གཞན་གྱི་ཁ་ནང་བླུག་པ་དབུལ་པོ་ཁྱེད།
    རྨི་ལམ་ཙམ་གྱི་ཡུད་ལ་འཚེ་བ་སྒྲུབ་པར་མ་ནུས་དཔའ་མེད་སྡར་མ་ཁྱེད།
    དཀའ་ངལ་ག་ཚོད་འཕྲད་ཀྱང་ཞུམ་པ་མེད་པ་སྡུག་སྲན་ལྐུགས་པ་ཁྱེད།
    བོད་པའི་བར་ཆད་འཁུར་མཁན་མིང་མེད་ཀླུད་རྫོང་ཁྱེད།
    ཁྱེད་དང་བསྡུར་ས་མེད་པའི་བློ་ལྡན་ཕྱུག་པོ་ངས།
    ཁྱོད་ཀྱི་སྐྱོན་གྱིས་མ་བགོས་རང་དོན་གྲུབ་ལ་མཁས་པ།
    ཟ་བཏུང་དཀའ་ངལ་མེད་ཅིང་ཆོས་སྲིད་འགན་འཁུར་མེད་པ།
    སྐྱིད་ས་གང་ལ་བསླེབས་པ་སྡུག་ས་ཀུན་ལས་འབྲོ་མཁན།
    སྐྱིད་པོ་ཨ་རིའི་ཡུལ་ནས་ཁྱོད་ཀྱི་སྐྱོན་རྣམས་འབྲུས་པས།
    སྐྱོ་བའི་ཡིད་ཆད་གླུ་ཞིག།
    དབང་མེད་འདི་ལ་ཤོར་བ།
    ཀུན་གྱི་འདོད་པ་གྲུབ་ཤོག

  15. འདྲེ་རྐང་ཐོ། says:
    2013-03-05 at 1:05 pm

    བོད་ཁ་བ་ཅན་ལ་ལམ་ཞིག་ཡོད། །
    སྐྱིད་ཉི་མ་མྱུལ་ཤར་ལམ་ཞིག་ཡོད། །
    རྒྱབ་གྲོགས་པོ་མང་བའི་ལམ་ཞིག་ཡོད། །
    འགྲོ་བདེ་བའི་དབུ་ལམ་ཡར་ལ་བསྟོད། །

    བོད་གངས་ཅན་ཡུལ་ལ་ལམ་ཞིག་ཡོད། །
    དགྲ་ལ་ཐུར་ཉུང་བའི་ལམ་ཞིག་ཡོད། །
    ཕུག་ཁེ་ཕན་ཆེ་བའི་ལམ་ཞིག་ཡོད། །
    འགྲོ་བདེ་བའི་དབུ་ལམ་ཡར་ལ་བསྟོད། །

    བོད་གངས་ཅན་ཡུལ་ལ་ལམ་ཞིག་ཡོད། །
    གླིང་ཡིད་སྨོན་ཤོར་སའི་ལམ་ཞིག་ཡོད། །
    ལམ་མ་ནོར་གྲོགས་པོ་སྐུ་ཚེ་རིང་། །
    འགྲོ་བདེ་བའི་དབུ་ལམ་ཡར་ལ་བསྟོད། །

  16. རྒད་པོ། says:
    2013-03-05 at 1:06 pm

    ཁ་བརྡ་ལགས།

    གོང་གི་རྩོམ་ཡིག་འདི་བོད་ནས་འདི་གར་ཁྱུག་ཙམ་གཟིགས་སྐོར་ལ་ཕེབས་མཁན་ཞིག་གིས་བྲིས་སོ། བོད་འབྱོར་དང་ཁྱད་པར་མེད།

  17. འཇམ་གཅེས says:
    2013-03-05 at 1:52 pm

    བོད་ནས་འབྱོར་བས་གཞས་ཚིགས་དང་སྙན་རྩོམ་གང་ཡིན་ཡང་་་་ངོ་མ་བྲོ་བ་མི་འདྲ་བ་ཞིག་འདུག་གང་ཡིན་ནམ་་་

  18. ལུང་རྟོགས། says:
    2013-03-05 at 11:19 pm

    བོད་འབྱོར་དེས་མཁས་དབང་དགེ་ཆོས་ཀྱིས་སྟོན་པ་ཐུབ་པའི་དབང་པོར་ཕུལ་བའི་བསྟོད་པ་འདྲ་པོ་ཞིག་བྲིས་འདུག

  19. ངག་དབང says:
    2013-03-07 at 1:04 am

    ༄། སྟོད་མི་ཤེས་པ་ཞིག་གི་སྟོད་ར་དེ་གང་འདྲ་ཞིག་འདུག་གམ། ་ཟམ་གདོང་རེན་པོ་ཆེ་དགེ་སློང་ཚད་དང་ལྡན་པ་ཞིག་ལ་ ༼ཇ་ཆང་བག་དང་ཚུལ་མིན་བརྟེན་ནས་ལ་རྒྱ་ཤོར་བའི་ལོ་རྒྱུས་མེད་༽ཟེར་་བའི་དེ་རེན་པོ་ཆེ་ཡི་ཁྱད་ཆོས་འགྲོ་སམ་ དགེ་སློང་ཚན་ལྡན་ཡོངས་ལ་ཁྱད་ཆོས་དེ་མེད་དམ་
    ཡང་ན་ ནག་ཆང་བག་དང་ཞེས་སྦྱར་ན་ག་འདྲ་འདུག་གམ། ཚིག་རྐྱོན་ཡང་ཤིན་ཏུ་ཆེ་ རེན་པོ་ཆེ་ཡིས་ཇ་བཞེས་སམ་ཧ་ཧ་ཧ་ཧོ་ཧོ་ཧོ

  20. འཇམ་གཅེས says:
    2013-03-07 at 1:17 am

    ཁྱོད་སྙིང་མ་བརྗེ་་་་་་དང་པོ་བོད་ཡིག་ཡག་པོ་སྦྱངས། དེ་ནས་ང་ཡི་མདུན་དུ་ཤོག་་་་་་

  21. ངག་དབང says:
    2013-03-07 at 1:34 am

    ༄། དབྱངས་ཅན་མ། ཁ་བའི་བུ་ངས་ཞེས་དང་ ཐ་ཆད་མི་བུ་འབུར་འཇོམས་བྱས་ནས་ཞེས་དང་སྣ་མགོ་བརྡུངས་ནས་ཞེས་དང་ བྱམས་དང་སྙིང་རྗེའི་ཞེས་དང་ཡང་ཉ་མོ་ཇི་བཞིན་འགྱུར་འགྲོས་མེད་ཞེས་དང་ཡང་དུས་རབ་གསར་པའི་འགྱུར་འགྲོས་ནང་ ཚིག་སྦྱོར་ཞེན་ལ་འགལ་འདུ་མང་བས་བོད་ཡིག་ཡག་པོ་ཁྱེད་རང་ཡང་ཤིན་ཏུ་ནས་སྦྱངས་གལ་ཆེ་དྲ་གྲོགས་མཆོག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme