Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞོགས་དུང་སྐོར་གྱི་དྲི་བ་དང་༸གོང་ས་མཆོག་གི་བཀའ་ལན།

Posted on 2009-07-032009-07-03 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 5 Comments on ཞོགས་དུང་སྐོར་གྱི་དྲི་བ་དང་༸གོང་ས་མཆོག་གི་བཀའ་ལན།

བདེ་ཆེན་སྒྲོལ་མས་(བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་བསྡུས་)ཞེས་པ་ལས་བཤུས།

གསལ་བཤད། (བར་སྐབས་ཤིག་ནས་དྲ་གྲོགས་ཨ་ཁུ་བོན་རྒྱ་ལགས་གཙོ་བྱས་པའི་དྲ་བ་མང་པོ་ཞིག་གིས་བོད་ནང་གི་ཤེས་ཡོན་ཅན་སྐུ་ཞབས་ཞོགས་དུང་གཙོ་བྱས་པའི་ཁོང་དང་དཔུང་རྡང་གཅིག་པའི་དུས་རབས་ཀྱི་མི་བུ་མང་པོ་ཞིག་ལ་ཤེས་དང་མ་ཤེས་བའི་ཚད་ནས་མི་རིགས་དང་རིག་གཞུང་ལ་ཤ་ཚ་མེད་པ་ཟེར་བ་སོགས་ཀྱི་གཞི་མེད་ཀྱི་སྐྱོན་བརྗོད་མང་དུ་བྱུང་སོང་བས་བདག་གིས་ཆེད་དུ་༸གོང་ས་མཆོག་གི་བཀའ་རྩོམ་ཐུང་ངུ་འདི་ྐློག་མཁན་དག་གི་སྤྱན་སྔར་བཤམས་པ་ཡིན།)

དྲི་བ། ཞོགས་དུང་སོགས་བོད་ནང་གི་གཞོན་སྐྱེས་ཁག་ཅིག་གིས་བོད་མི་རིགས་ཡར་རྒྱས་འགྲོ་བར་ནང་པའི་ཆོས་ཀྱིས་འགོག་རྐྱེན་བྱེད་ཀྱི་ཡོད་ཚུལ་བརྗོད་བཞིན་འདུག་པས་༸གོང་ས་མཆོག་གིས་དེའི་ཐོག་ལ་བཀའ་སློབ་ཅིག་གནང་རོགས་གནང་།

བཀའ་ལན།
དེར་ཁག་མེད། དེང་སང་འཛམ་གླིང་འདིའི་སྟེང་མི་རིགས་ཀྱི་ཐོབ་ཐང་དང་། མི་རིགས་ཀྱི་ལྟ་བ་ཤུགས་ཆེ་རུ་འགྲོ་གི་ཡོད་ཅིང་དེ་ཡག་པོ་རེད།
ངས་ངོ་ཤེས་པའི་བོད་རིགས་གུང་ཁྲན་ཏང་ཡོན་དཔེར་ན་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་མཚོན་མང་པོ་ཞིག་ཆོས་ལ་དད་པ་མེད། ང་ཚོ་སྔ་མོ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གཅིག་ང་གཉིས་ནས་ངོ་ཤེས་པ་རེད། ཆོས་ལ་དད་པ་མེད་ཀྱང་མི་རིགས་ཀྱི་ལྟ་བ་ཧ་ལས་པ་ཞིག་ཡོད། མདོར་ན་མི་རིགས་ཀྱི་ཐོབ་ཐང་རྩོད་པ་སོགས་ཧ་ལས་པ་བྱས་ཡོད། དེར་བརྟེན་མི་རིགས་ཀྱི་ལྟ་བ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་རེད། དེ་འདྲའི་ཐོག་ནས་གང་དྲག་བསམ་པ་ལྟ་བུ་ཞིག་སེམས་ནང་ངར་ཤུགས་ཆེན་པོ་ཡོད་པའི་སྐབས། སྐབས་རེར་ང་ཚོ་དེ་སྔ་ཆོས་ཀྱིས་སྐྱོབ་ཐུབ་མི་འདུག་བསམ་པའི་བསམ་བློ་འཁོར་བ་ཡོང་སྲིད་པ་ཞིག་རེད།
གཉིས་ནས་ང་རང་ཚོའི་དགོན་པ་བླ་བྲང་ཞེས་པ་དེ་དག་གི་ཐོག་ནས་བྱེད་སྟངས་ལྟ་བུ་ནོར་ཡོད། བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པ། དངོས་གནས་ཆོས་བཞིན་འདུལ་བ་བཞིན་ཡག་པོ་ཞིག་མེད་པའི་ཐོག་ནས་ཁ་སང་ངས་ལ་དྭགས་པའི་གནས་ཚུལ་ཞིག་བརྗོད་པ་ལྟ་བུ་རེད། དེ་ལྟ་བུས་ཀྱང་རྐྱེན་བྱེད་ཀྱི་མེད་དམ་བསམ་གྱི་འདུག
ཡང་ཁ་སང་ངས་བརྗོད་པ་ལྟར་མའོ་ཙེ་ཏུང་གིས་ཆོས་དུག་རེད་བརྗོད་པ་དང་། དེ་བཞིན་མར་ཁེ་སིས་ཀྱང་ཆོས་དུག་རེད་ཅེས་པ་ཞིག་ཆོས་ཞེས་པ་དེ་ཉལ་ཐའམ་དུག་ནག་རེད་ཅེས་དེ་ཚོ་གཙོ་བོ་བཤད་ས་དེ་ཡེ་ཤུ་ཆོས་ལ་བརྗོད་ཀྱི་ཡོད།
མདོར་ན་ཆོས་ཀྱི་མིང་གི་ཐོག་ནས་ཆོས་ཀྱིས་སྤྱི་ཚོགས་ནང་བཤུ་གཞོག་གཏོང་བ་ལྟ་བུ་དེ་འདྲ་ཏན་ཏན་ཡོང་གི་ཡོད། ཆོས་ངོ་མ་བྱས་པ་ཡིན་ན་རྩ་བ་ཉིད་ནས་མེད་ཀྱང་ང་ཚོའི་བྱེད་སྟངས་མང་པོ་ཞིག་རྗེས་ལུས་ཏན་ཏན་ཡོད། དེ་འདྲས་རྐྱེན་པས་བློ་ཕམ་དང་ཡིད་ཆད་ཡོང་གི་རེད།
ལྟ་གྲུབ་རང་གི་ཐོག་ནས་སངས་རྒྱས་པའི་ཆོས་དང་། དེའི་ནང་ཚན་དཔལ་ནཱ་ལེནྜའི་ཆོས་རྒྱུད་ལ་ལྟ་གྲུབ་ཀྱི་ཐོག་ནས་རྩོད་པ་རྩོད་ཐུབ་མཁན་ཞེས་པ་དེ་ཧ་ཅང་ཁག་པོ་རེད། ཤུགས་ཆེ་ཤོས་དེ་དབྱིན་ཇིའི་སྐད་ལྟར་ན་(Challenge)ཡོང་བ་དེ་ཚན་རིག་གི་ཐོག་ནས་ཡོང་སྲིད་པ་ཞིག་རེད། ཆོས་ལུགས་མང་པོ་ཞིག་ལ་ཚན་རིག་གི་ཐོག་ནས་(Challenge)ཡོང་གི་ཡོད། ནང་པ་སངས་རྒྱས་པ་ལ་ཚན་རིག་གི་ཐོག་ནས་(Challenge)ཡོང་རྒྱུའི་ཚབ་ལ་ཕན་ཐོགས་ཡོད་པ་ལྟ་བུ་ཞིག་རེད།
ཆོས་ལ་སྐྱོན་བརྗོད་བྱེད་མཁན་གྲས་དེ་དག་སོ་སོའི་རང་དབང་རེད། སྔོན་ལ་ཞིབ་འཇུག་བྱེད་པ་དང་། ཡང་སྐབས་རེར་བགྲོ་གླེང་བྱེད་ཐུབ་ན་ཡག་པོ་རེད། བོད་ནས་ཡོང་མཁན་དེ་ཚོའི་གྲས་མང་ཆེ་བ་འདི་མིན་ནམ་བསམ་གྱི་འདུག མི་རིགས་ཀྱི་ལྟ་བ་དང་སེམས་ཤུགས་ཆེན་པོ་རེད། ཕྱོགས་གཅིག་ནས་དེའི་རྒྱབ་ལྗོངས་སམ་དེ་ཡོང་བའི་རྐྱེན་གཅིག་དེ་ཁོང་ཁྲོ་ཡོད་པ་རེད། རྒྱ་མི་གུང་ཁྲན་གྱིས་གནམ་གྱིས་ས་བརྡུང་བ་ལྟར་བྱས་སྟབས་སེམས་ཀྱི་ནང་ནད་མ་འཁྱོག་པར་ཁོང་ཁྲོ་བྱས། ང་ཚོའི་མེས་པོ་གོང་མ་ཚོས་དེ་ཡང་ལྐུག་རྟགས་བསྟན་འདུག འདི་ཡང་འཐུས་ཤོར་ལ་ཕྱིན་འདུག་བསམ་པ་ཞིག་གིས་ཕལ་ཆེར་གཙོ་བོ་དེ་རེད། དེ་འདྲའི་རྒྱུ་མཚན་མིན་ནམ་བསམ་གྱི་འདུག

སྣ་ཚོགས།

Post navigation

Previous Post: རྨུ་ཐག་དུས་དེབ།
Next Post: ངས་རྟ་ལྕག་གླེང་དོན་འདི་ཡིན།

Comments (5) on “ཞོགས་དུང་སྐོར་གྱི་དྲི་བ་དང་༸གོང་ས་མཆོག་གི་བཀའ་ལན།”

  1. ཨ་ཁུ་སྟོན་པ། says:
    2009-07-03 at 11:24 am

    ཕྱོགས་གཅིག་ནས་དེའི་རྒྱབ་ལྗོངས་སམ་དེ་ཡོང་བའི་རྐྱེན་གཅིག་དེ་ཁོང་ཁྲོ་ཡོད་པ་རེད། རྒྱ་མི་གུང་ཁྲན་གྱིས་གནམ་གྱིས་ས་བརྡུང་བ་ལྟར་བྱས་སྟབས་སེམས་ཀྱི་ནང་ནད་མ་འཁྱོག་པར་ཁོང་ཁྲོ་བྱས། ང་ཚོའི་མེས་པོ་གོང་མ་ཚོས་དེ་ཡང་ལྐུག་རྟགས་བསྟན་འདུག འདི་ཡང་འཐུས་ཤོར་ལ་ཕྱིན་འདུག་བསམ་པ་ཞིག་གིས་ཕལ་ཆེར་གཙོ་བོ་དེ་རེད། དེ་འདྲའི་རྒྱུ་མཚན་མིན་ནམ་བསམ་གྱི་འདུག
    ཁོང་གི་གསུང་གིམཉིང་བཅུད་ནི། གོང་གི་འདི་ལྟར་རེད་བསམ། དེས་ན།ཚིག་པ་གཡག་ལ་བཟས་ན། ལྕག་ཚན་རྟ་ལ་གཞུ་མཁན་ཚོས་དགོངས་གཞིག་གནང་དེ་དགྲ་གྲོགས་ཀྱི་ངོ་ཁོར་བ་བྱས་ན་དགའ།

  2. ཚེར་མ། says:
    2009-07-04 at 12:33 am

    བདེ་ཆེན་སྒྲོལ་མའི་རྩོམ་ཡིག་འདིར། ༸གོང་ས་མཆོག་གི་ལུང་ཚིག་དུམ་བུ་ཞིག་གིས་ཞོགས་དུང་སོགས་ལ་རྒྱབ་སྐྱོར་གནང་འདུག་པར་སྒྲུབ་རྩོས་རེད། འདི་ཁོའི་རྩོམ་ཡིག་འདིའི་ཐོག་མའི་དམིགས་ཡུལ་རེད། མི་སུ་ཡིན་ཀྱང་སྐད་ཆ་ཞིག་བཤད་པ་དང་རྩོམ་ཡིག་ཅིག་འབྲི་དུས་ངེས་པར་དུ་༸གོང་ས་མཆོག་གི་ཚིག་དུམ་རེ་དགོས་དོན་ཡང་ཨེ་ཡོད་སྙམ་གི་ བྱེད་སྟངས་འདིས་རང་ཉིད་ལ་འགན་འཁྲི་མེད་པའམ། ཡང་ན་རང་གི་འགན་འཁྲི་དེ་ཅུང་ནུས་མེད་ལྟ་བུར་བཏང་མི་འདུག་གམ། རང་གི་ཅི་ཞིག་བཤད་འདོད་པ་དེར་རང་ཉིད་ཀྱི་ནུས་བ་རྩེར་འདོན་གྱིས་དངོས་ཡོད་དང་མཐུན་པར་རིག་པས་སྒྲུབ་ཐུབ་ན། ཕ་རོལ་ཉན་པ་པོར་ཡང་བློ་བསྐྱེད་ཅིག་སྟེར་ཐུབ་ལ། རང་གི་བསམ་དོན་ཡང་དེས་འགྲུབ་པར་བྱེད། དེ་མིན་རང་གི་གང་འདོད་པ་དེར་༸གོང་ས་མཆོག་གི་ཚིག་དུམ་རེ་འབྱོར་མིན་བཙལ་བསྡད་པ་ནི་རང་གི་རྩོམ་ཡིག་འབྲི་བའི་དགོས་པ་ཨེ་ཡིན་དང༌། རྩོམ་ཡིག་འབྲི་བའི་དམིགས་ཡུལ་ཡང་༸གོང་ས་མཆོག་གི་ལུང་ཚིག་རེ་བཙལ་ཏེ་དེ་དང་མཐུན་སྦྱོར་བྱེད་རྒྱུ་ཁོ་ན་ཙམ་བྱས་ན་ཅི་ཕན་སྙམ། གསལ་བཤད་ཞུ་རྒྱུ་ཞིག་ལ། ངས་འདི་ལྟར་བཤད་པ་༸གོས་ས་མཆོག་གི་བཀའ་ལ་ཉ་མི་དགོས། རྩིས་བཀུར་བྱེད་མི་དགོས་ཟེར་བ་གཏན་མིན། གོང་གི་འདི་འདྲ་བ་ནི་༸་གོང་ས་མཆོག་གི་ལུང་ཚིག་མ་དྲངས་པར་རང་ཉིད་ཀྱི་ནུས་པ་རྩེར་འདོན་བྱས་ན་བཟང་སྙམ།

  3. ཇུས་ཏོག་གི་བུ། says:
    2009-07-04 at 1:55 am

    ཚེར་མ་ནི་ཚེར་མ་རང་རེད། ཡོད་ཚད་ཕུག་ནས་དཔྱད་པ་བྱས་འདུག
    དྲང་པོར་བཤད་ན་ཚེར་མའི་འདོད་པ་འདི་ནུབ་ཕྱོགས་པའི་བསམ་ཕྱོགས་དགྷང་མཐུན་པ་རེད། གཞན་

  4. ཡེ་ཤེས། says:
    2009-07-06 at 12:15 pm

    སྐྱུར་མོ།

    སྔོན་མ་བོད་དེ་ཆོས་ཀྱིས་སྐྱོབ་ཨེ་ཐུབ་བསམ་ནས། བློ་བཅོལ་ས་དེ་རྣམ་རྟོག་དང་། རྨོངས་དད། རྙིང་བཞེན། དེ་བཞིན། ལྐུགས་པའི་ཨུ་ཚུགས་ཀྱི་གཞི་གཅིག་གི་སྟེང་ལ་བཅོལ་བ་རེད། དེའི་འབྲས་བུར། ལུང་པ་འཛམ་གླིང་མི་དམངས་ཀྱིས་སྨོན་ཡུལ་དུ་འགྱུར་བ། རླུང་གཙང་བ། ཁམས་ཡངས་པ། ཆུ་གཙང་བ། འཐོན་ཁུངས་ལེགས་པ་འདི་མིའི་ལག་ཏུ་བསྐྱལ། རང་ཚོ་སྐྱབས་བཅོལ་བ་ཆགས་པ་རེད། 

    ད་སྔོན་ཆད་ཀྱི་ནོར་འཁྲུལ་ལ། སྤྱི་སྡོམ་ཡག་པོ་ཞིག་རྒྱབ་རྒྱུའི་ཚབ་ལ། ད་ལྟའི་བློ་དེ་ཐམས་ཅད་རྒྱལ་བ་རིན་པོ་ཆེས་གནང་གི་རེད་ཟེར་བའི་རྣམ་རྟོག་དང་རྨོངས་དད་ཀྱི་གཞི་གཉིས་པ་དེར་འགྲོ་བཞིན་འདུག རྒྱལ་བ་རིན་པོ་ཆེ་གང་ཟག་ཞིག་གི་ངོས་ནས་བཤད་ན། མི་དྲང་པོ། སྤྱི་སེམས་ཆེན་པོ། ཀུན་གྱི་དགའ་པོ་བྱེད་པའི་མི་ཞིག་ཡིན་པ་ངོ་མ་རེད། ཡིན་ནའི་བོད་རྒྱའི་འོག་ནས་ཚུར་ལེན་པར། རྒྱལ་བ་རིན་པོ་ཆེ་གང་གནང་ཐུབ་ཀྱི་རེད། ཁོང་རང་ད་ལྟ་བོད་ལ་ཕེབས་ཐུབ་ཀྱི་མེད་པར། བོད་པ་གཞན་རྣམས་རང་ཡུལ་དུ་ལོག་པར་ཁོང་གིས་གང་བྱེད་ཐུབ་བམ།

    ད་རྒྱལ་བ་རིན་པོ་ཆེ་དགོངས་པ་གཤེགས་སོང་ན་བོད་པ་འདི་ཚོའི་བློ་དེ་སུའི་སྟེང་ལ་བཅོལ་རྒྱུ་ཡིན་ནམ་སྙམ་པའི་འདྲི་བ་ཞིག་རང་དབང་མེད་པར་བློ་ལ་ཤར་བཞིན་འདུག

    ཚོད་དཔག་ལ། ཕལ་ཆེར། བོད་པ་ལྐུགས་པ་དེ་ཚོས། ཡང་ཀརྨ་པའི་སྟེང་ལ་རེ་སྟོང་གསུམ་པ་དེ་བརྒྱབ་ནས། ལོ་ལྔ་བཅུ་འབུད་སྲིད། 

  5. འཛེར་མ་ར་མགོ། says:
    2009-07-09 at 11:02 pm

    སྐུ་ཞབས་ཞོགས་དུང་སོགས་ཀྱི་གསུངས་ལྟར། བོད་མི་རིགས་ཡར་རྒྱས་འགྲོ་བར་ནང་ཆོས་ཀྱིས་འགོག་རྐྱེན་བཟོ་བཞིན་ཡོད་པའི་བསམ་ཚུལ་དེ་བསམ་ཚུལ་ཅུང་ཙམ་ནོར་བ་མི་འགྲོ་སྙམ། ནང་ཆོས་བེད་སྤྱོད་གཏོང་མཁན་གྱི་མིའི་བྱ་སྤྱོད་ལ་ལྟོས་ནས་ནང་ཆོས་ལ་རིན་ཐང་གཞར་བ་ནི་ཆེས་ནོར་འཁྲུལ་དང་ནང་ཆོས་དངོས་ཀྱི་བརྗོད་བྱའི་དོན་ལ་གཏན་ནས་ཞིབ་འཇུག་བྱས་མྱོང་མེད་པའི་རྟགས་མཚན་ཁོ་ན་ཞིག་རེད་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme