Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞོགས་དུང་གིས་བོད་ཀྱི་སློབ་ཆེན་པ་དག་ལ་གནང་བའི་སྐད་ཆ་ཞིག

Posted on 2015-12-202015-12-20 By ཁ་བརྡ 6 Comments on ཞོགས་དུང་གིས་བོད་ཀྱི་སློབ་ཆེན་པ་དག་ལ་གནང་བའི་སྐད་ཆ་ཞིག

རྩོམ་པ་པོ། ཞོགས་དུང་།

 

སྐུ་ཞབས་ཞོགས་དུང་གིས་བོད་ཀྱི་སློབ་ཆེན་པ་དག་ལ་གནང་བའི་སྐད་ཆ་ཞིག

སློབ་ཆེན་སློབ་མ་རྣམས་མཐར་ཕྱིན་ལ་ཉེ་བ་ན། ཁོ་ཚོས་འབྲེལ་ཡོད་ཀྱི་འགྲོ་ལུགས་མཐའ་དག་བསྒྲུབས་ཚར། ཁོ་ཚོར་མཚོན་ན་བྱ་བ་ཞིག་ཅི་ལྟར་རེག་གམ་སྙམ་པའི་སེམས་ཁུར་ལས་གཞན། མཇུག་མཐའི་དོན་བྱ་ཉག་གཅིག་ནི་མལ་ཐུལ་དང་མལ་སྟན་བསྒྲིལ་ཏེ་རང་རང་སོ་སོའི་གནས་སུ་བགྲོད་འགྲོ་བ་དེ་རེད།
གོ་ཐོས་ལྟར་ན། དུས་དེར་སློབ་མ་ལ་ལས་མི་ལོ་བཞི་ནས་ལྔའི་བར་སྦྱངས་ཤིང་བལྟས་པའི་སློབ་གཞི་དང་ཟུར་ལྟའི་དཔེ་ཆ་རྣམས་གཅིག་ཀྱང་མ་ལུས་པར་ཤོག་ཧྲུལ་ཉོ་མཁན་ལ་བཙོངས་བཞག་སྐད། དཔེ་ཆ་ཤོག་ཧྲུལ་དུ་བཙོངས་པའི་དོན་ཕྲན་ཚེགས་དེས་ཡང་སྙིང་ཅི་ཞིག་མཚོན་ནམ། དཔེ་ཆ་བོངས་ཆུང་ཡང་ཁུར་ལྕི་བས་ལ་ལ་འདེགས་དཀའ་བར་ཁག་གམ། སློབ་ཆེན་ནས་མཐར་ཕྱིན་པ་ལ་ལས་ཤེས་བྱ་ཐམས་ཅད་རྫོགས་པར་བསླབས་ཚར་སྙམ་མམ། ཡང་། བྱ་བའི་སྟེང་ཞུགས་ཚེ་ལ་ལས་ཤེས་བྱ་སྤྱོད་སྒོ་མེད་ཅེས་སེམས་སམ། ཁོ་ཚོར་དྲན་འཆར་མི་འདྲ་བ་རེ་ཡོད་སྲིད་ཀྱང་དྲན་ཚད་འདི་རེད་ཅེས་ཚིག་ཐག་བཅད་དེ་བཤད་རྒྱུ་ཤིན་ཏུ་དཀའ་མོ་རེད།

གང་ལྟར། ཡོན་ཏན་པས་དཔེ་ཆ་འདོར་བ་ནི་ཁོ་ཚོར་དགོས་པའི་ཤེས་ཡོན་འདོར་བ་ཁོ་ན་རེད། དེ་ནི་བཟོད་པར་དཀའ་པའི་ཉེས་དམིགས་རིགས་ཤིག་ཀྱང་རེད། གཅིག་བྱས་ན་ཁོ་ཚོས་སྣང་ཚུལ་གྱི་གནས་ལུགས་རེ་ཤེས་ཡོད་ཀྱང་སྲིད། དེ་ནི་ཕལ་ཆེར་མི་རྣམས་ཀྱི་ལས་བྱེད་པ་རུ་འབོད་པ་སྟེ། བྱ་བ་རེག་པའི་མི་ཚོས་དཔེ་ཆར་མི་བལྟ་བ་དང་ཤེས་ཡོན་མི་སྦྱོང་བའི་སྣང་ཚུལ་གྱི་གནས་ལུགས་ཤེས་པ་ཡིན་རྒྱུ་རེད། སློབ་ཆེན་མཐར་ཕྱིན་གྱི་བྱ་བ་རེག་པའི་མི་ཞིག་གམ་ཟླ་ཕོགས་ཟ་མཁན་ཞིག་ལ་ཆ་བཞག་སྟེ་བཤད་ན། ཁོ་ཚོས་ཟླ་ཕོགས་ལོན་པའི་ཚུན་ལ། སློབ་ཆེན་ནས་མི་ལོ་བཞི་ནས་ལྔར་སྦྱངས་པའི་ཡོན་ཏན་གྱིས་ཕྱིས་ཀྱི་ལས་འཁྱུར་ངལ་གསོའི་བར་གྱི་མི་ལོ་བཞི་བཅུ་ཡས་མས་ལ་འདང་ངེས་སྙམ་གིན་ཡོད་པ་འདྲ།
དེ་ཡང་ས་ལེ་དབར་ཁྲི་ལ་བགྲོད་པའི་རླངས་འཁོར་ལ་སྣུམ་སྤྱི་བྲེ་བརྒྱ་ཡིས་འདང་སྙམ་པ་དང་འདྲ་བ་རེད།དུས་དེ་ནས་བཟུང་། ཤེས་བྱ་ཡོན་ཏན་ནི་ཁོ་ཚོ་དང་འབྲེལ་བ་གཏན་ནས་མེད་པའི་རྣམ་གྲངས་ལྷག་མ་ཞིག་ཏུ་ལྟ་གི་ཡོད་པ་འདྲ། རྒྱུ་མཚན་ནི། ཁོ་ཚོས་ཟླ་ཕོགས་ལོན་པ་ན་ཟླ་ཕོག་ལེན་སྤྱད་ཀྱི་ཤེས་བྱ་རྣམས་རིམ་གྱིས་བརྗེད་དེ་དཔེ་ཆ་མི་ཉོ་ལ་དཔེ་ཆར་ལྟ་བ་ཙམ་ཡང་མི་བྱེད། ༼བྱ་བ་རེག་རྗེས་དཔེ་ཆ་དུམ་པ་གཅིག་ཀྱང་ཉོས་མ་མྱོང་པའི་ལས་བྱེད་པ་གང་མང་མང་འདུག༽ ཁེ་ལས་ལས་ཁུངས་ན་ཡོད་པའི་མི་རྣམས་ལྟ་ཞོག རིག་གནས་ལས་ཁུངས་དང་། དགེ་རྒན་རུ་ཁག་ཏུ་ཡོད་པའི་ལས་བྱེད་པ་ཕལ་ཆེ་བས་ཀྱང་དེང་དུས་ཀྱི་དཔོན་ས་སྙེག་པའི་མི་རྣམས་ལྟར་དཔེ་ཆ་ལྟ་བ་དང་ཤེས་ཡོན་མུ་མཐུད་དེ་སྦྱོང་བ་ནི་བླུན་རྟགས་ཤིག་སེམས་གིན་ཡོད་པ་ལྟར་སྣང་།

༼དོན་དམ་དུ་དཔོན་ས་སྙེག་པའི་མི་རྣམས་ཀྱིས་ལྷག་པར་དུ་དཔེ་ཆ་ལྟ་དགོས་ཏེ། ཁོ་ཚོ་མི་ཕལ་པ་དག་གི་སྣ་འདྲེན་དང་མགོ་ཁྲིད་བཅའ་རྒྱུ་ཡིན་ཞེས་འདོད་གིན་ཡོད་པ་དང་། མི་ཡི་སྣ་འདྲེན་པ་དང་མགོ་ཁྲིད་པའི་ལས་བྱེད་པ་ཡིན་ན། ལྟོས་ས་ལྟོས་འཇོག་གིས་རང་ཉིད་གཞན་དག་དང་བསྡུར་བའི་བློ་གྲོས་བཟང་བ་དང་། ཤེས་རབ་ཆེ་བ། ནུས་རྩལ་ལྡན་པ། ཀླད་པ་མྱུར་བ་སོགས་ཆ་ཡོངས་ནས་ཀུན་གྱི་མིག་དཔེ་ལྟ་བུར་འགྱུར་དགོས་རབས་འདུག དེ་ཡང་དཔེ་ཆ་འདྲ་མིན་སྣ་ཚོགས་བལྟས་ཏེ་ཤེས་ཡོན་དང་། བློ་སྦྱོང་། ཀུན་སྤྱོད་སོགས་ཇེ་ལེགས་དང་ཇེ་མཐོར་མ་བཏང་ན། ཀུན་གྱི་མགོ་འདྲེན་བཅའ་རྒྱུ་ཡིན་ཟེར་བ་ཤིན་ཏུ་དཀའ་ཞིང་། དཔོན་གྱི་ཁྲི་འཕང་ཇི་ལྟར་མཐོ་ཡང་མིང་ཐོབ་ཙམ་ལས་ལྷག་གིན་མ་རེད། འུ་ཚོའི་དཔོན་པོ་ཆེ་ཆུང་ཡོད་རྒུས་ལས་ཆུང་དོན་ཆུང་ཙམ་ལས་ནུས་གིན་མེད་པའང་རྒྱུ་རྐྱེན་གཙོ་བོ་དེ་ལ་ཐུག་འདུག་སྙམ།༽ དཔེ་ཆ་ཤོག་ཧྲུལ་དུ་འཚོང་མཁན་གྱི་སློབ་མ་དེ་དག་གིས་ཀྱང་སྣང་ཚུལ་དེ་རིགས་མཐོང་བའི་དཔེ་ཆ་ཤོག་ཧྲུལ་དུ་བཙོངས་བ་ཡིན་རྒྱུ་རེད།

དེང་དུས། བརྙན་འཕྲིན་དང་། རླུང་འཕྲིན། རྩིས་འཁོར་དྲ་བ། ཚགས་པར་སོགས་ཤེས་བྱ་བརྒྱུད་སྒྲོག་གི་ལམ་བུའི་རྣམ་གྲངས་སྔར་ལས་མང་ནའང་། དེ་དག་གི་དཔེ་ཆའི་ནུས་པའི་དོ་ཟླ་མི་འོང་སྟེ། དཔེ་ཆ་ནི་ཤེས་བྱ་ཐེག་པའི་ཕུང་པོ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དང་། ཤེས་བྱ་རྣམས་ཡུན་རིང་ཉར་ཚགས་རུང་བའི་ཉེར་སྤྱད་ཁྱད་པར་ཅན་ཞིག་ཡིན་པར་མ་ཟད། ནུབ་གླིང་གི་མཁས་པ་ཞིག་གིས། དཔེ་ཆ་ལེགས་པར་ལྟ་བ་ནི་རླབས་ཆེན་གྱི་སྐྱེས་བུ་ཞིག་དང་ཁ་ཏ་བྱེད་པ་དང་གཅིག་པ་གཅིག་རྐྱང་རེད་ཅེས་གསུངས་པའི་ཕྱིར་རོ།།
འུ་ཚོ་རྣམས་མ་གཞི་ནས་ཤེས་ཡོན་ལ་དགའ་བའི་མི་རིགས་ཤིག་རེད། འུ་ཚོའི་མི་སེར་རྣམས་ཀྱིས་”དཔེ་ཆ་པ་”ཞེས་ནམ་རྒྱུན་ཡར་ས་ན་འཇོག་ཅིང་། དཔེ་ཆར་ལྟ་མཁན་ལ་དུས་དང་རྣམ་པ་ཀུན་ཏུ་བརྩི་འཇོག་ཆེས་ཆེར་བྱེད་པ་རེད། དེང་དུས། ནུབ་གླིང་པ་རྣམས་ཀྱིས། འགྲོ་བ་མི་ནི་ཤེས་ཡོན་དཔལ་འབྱོར་གྱི་དུས་རབས་ལ་སླེབས་འདུག་ཅེས་བཤད་གིན་འདུག ཚུལ་དེ་འུ་ཚོའི་ཡོན་ཏན་པ་རྣམས་ཀྱིས་ཀྱང་ཤེས་ཡོད་ཚོད་རེད།
སྔོན་ཐོན་རྒྱལ་ཁབ་ཀྱི་སྲིད་གཞུང་སྡེ་ཁག་དང་། ཁེ་ལས་ལས་ཁུངས། བྱ་ལས་ལས་ཁུངས་དག་གིས་མི་མདུན་ལམ་ཅན་ནམ་འཇོན་ཐང་ཅན་ཞིག་བཀོལ་དུས། ཁོ་ཚོས་གླ་ཡོན་མཐོན་པོ་བྱིན་ནས་བསླུ་བྲིད་གཏོང་བ་མ་ཡིན་པར། གང་དེར་ནུས་རྩལ་དང་འབྱུང་སྤུས་སོགས་ཡང་བསྐྱར་མཐོ་རུ་འདེགས་པའི་སློབ་གསོ་མྱོང་དུ་འཇུག་པ་རེད་ཅེས་ཟེར། དེར་མ་ཟད། ”མུ་མཐུད་སློབ་གསོ་”དང་”ཚེ་གང་སློབ་གསོ་”ཞེས་མི་ཚེ་གང་པོར་སློབ་གསོ་མྱོང་བཞིན་སློབ་གཉེར་བྱེད་པའི་འགྲོ་ལུགས་དེ་ད་ལྟ་འཛམ་གླིང་སྤྱི་ཡི་གོམས་སྲོལ་ལྟ་བུ་ཞིག་ཏུ་ཆགས་འདུག མི་རྣམས་ཀྱིས་ཤེས་ཡོན་ལ་དེ་ལྟར་མཐོང་ཆེན་བྱེད་ནས་སྦྱོང་བ་ནི་གཅིག་ཏུ་མི་བུ་རང་ཉིད་ཀྱི་འཚོ་གནས་བདེ་སྐྱིད་འབྱུང་ཕྱིར་དང་། གཉིས་སུ་མི་ཡི་འཇིག་རྟེན་འདི་ཕྱོགས་ཡོངས་ནས་བཟང་ལེགས་དང་ཕུན་ཚོགས་སུ་གཏོང་ཕྱིར་རེད།
ཡིན་ནའང་། ན་ནིང་དོ་ཚིགས་འུ་ཚོ་རྣམས་དེ་ལས་ལྡོག་སྟེ་དཔེ་ཆ་འཁོ་བའི་མི་རྣམས་ཀྱིས་དཔེ་ཆར་མི་ལྟ་བ་དང་ཤེས་བྱ་ཡོན་ཏན་ལ་མི་དགའ་བ་ལྟ་བུ་ཆགས་པ་དེ་ཡང་སྙིང་ལང་ལ་ཐུག་ཡོད་དམ། སློབ་གྲྭར་འགྲིམ་མཁན་དང་ལས་བྱེད་པ་རྣམས་ཀྱིས་རྒྱུ་མཚན་རེ་སྟོན་རོགས། དོན་དམ་དུ། དཔེ་ཆ་དོར་བས་ནི་ཤེས་བྱ་དོར་བ་ལས་གཞན། ཧུར་བརྩོན་དང་། སྡུག་རུས། ཡར་བསྐྱེད་སོགས་མི་རིགས་འདིར་དགོས་ངེས་ཀྱི་སྙིང་དག་ཀྱང་རང་བཞིན་གྱིས་དོར་སོང་བ་རེད། རྒྱུ་མཚན་ནི། དཔེ་ཆར་ལྟ་བ་ལ་སྙིང་སྟོབས་དེ་དག་མེད་ན་རྒྱུན་སྲིང་དཀའ་བས་སོ།།

ཁ་སང་དེ་རིང་། ཤེས་བྱ་དང་བརྡ་འཕྲིན་བརྒྱུད་སྒྲོག་བྱེད་པའི་བརྙན་འཕྲིན་དང་རླུང་འཕྲིན་སོགས་མི་རྣམས་ཀྱི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་པ་ནང་བཞིན། དཔེ་ཆར་ལྟ་བའང་མི་རྣམས་ཀྱི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ན་འགྲིག་གི་རེད། དེ་ལྟ་མིན་ཚེ། འུ་ཚོར་དགོན་སྡེ་མ་གཏོགས་གཞན་ཅི་ཡང་མི་ལྷག་པའི་ཉེན་ཞིག་འདུག་པ་འདྲ། ཁོ་བོས་དེ་ལྟར་བཤད་འདོད། ངས་འཇུག་ཏུ་ཁ་ཚ་དགོས་གཏུག་གི་དྲི་བ་ཞིག་འདོན་རྒྱུ་ནི། དཔེ་ཆར་མི་ལྟ་བ་དང་ཤེས་བྱ་ཡོན་ཏན་ལ་མི་དགའ་བའི་ལས་བྱེད་པ་མང་བའི་མི་རིགས་ཤིག་ལ་མཇུག་མཐའི་རེ་བ་ག་འདྲ་འདུག་གམ། དྲི་བ་དེའི་ཞོར་ལ་ངས་ཤེས་པ་ནི། མི་སུ་ཡིན་ཡང་རུང་། བྱ་བའི་ལས་གནས་གང་ན་ཡོད་ཀྱང་རུང་། དཔེ་ཆ་དང་ཁ་བྲལ་ཚེ། མཁས་པ་ཡིན་ཡང་བླུན་པོར་འགྱུར་ཉེན་འདུག་ལ། ཆེ་མཐོ་ཡིན་ཡང་ཆུང་དམན་དུ་འགྱུར་ངེས་པའི་གནས་ལུགས་དེའོ།།

༼ཡོང་ཁུངས། གླིང་སྲས་བོད་ཡིག་སྤྱི་སྟེགས།༽

གསར་འགྱུར།

Post navigation

Previous Post: ལབ་མ་རྒྱག་ལོབ་འགྲོ།
Next Post: བོད་ནས་འབྱོར་བའི་འཕྲིན་ཡིག་ཅེས་པའི་གཞས།

Comments (6) on “ཞོགས་དུང་གིས་བོད་ཀྱི་སློབ་ཆེན་པ་དག་ལ་གནང་བའི་སྐད་ཆ་ཞིག”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-12-21 at 1:27 am

    ་་་་་་་་་་་་ ངས་འཇུག་ཏུ་ཁ་ཚ་དགོས་གཏུག་གི་དྲི་བ་ཞིག་འདོན་རྒྱུ་ནི། དཔེ་ཆར་མི་ལྟ་བ་དང་ཤེས་བྱ་ཡོན་ཏན་ལ་མི་དགའ་བའི་ལས་བྱེད་པ་མང་བའི་མི་རིགས་ཤིག་ལ་མཇུག་མཐའི་རེ་བ་ག་འདྲ་འདུག་གམ། དྲི་བ་དེའི་ཞོར་ལ་ངས་ཤེས་པ་ནི། མི་སུ་ཡིན་ཡང་རུང་། བྱ་བའི་ལས་གནས་གང་ན་ཡོད་ཀྱང་རུང་། དཔེ་ཆ་དང་ཁ་བྲལ་ཚེ། མཁས་པ་ཡིན་ཡང་བླུན་པོར་འགྱུར་ཉེན་འདུག་ལ། ཆེ་མཐོ་ཡིན་ཡང་ཆུང་དམན་དུ་འགྱུར་ངེས་པའི་གནས་ལུགས་དེའོ།། ་་་་་་་་་་

  2. རིན་ཆེན་སྐྲུལ་སྐུ་ says:
    2015-12-21 at 9:53 am

    རྩོམ་བྲིས་དེ་འཚམས་འབྱོར་གནང་བར་བཀྲིན་ཆེ་ཞུ་
    མུ་མཐུད་དེ་ལྟར་ཡོང་བ་ཞུ་

  3. མངོན་སུམ་སྨྲ་བ། says:
    2015-12-21 at 4:50 pm

    ཞོགས་དུང་སོགས་མཁས་དབང་རྣམས་སྐུ་ཚེ་རིང་བར་ཤོག

  4. ཀརྨ་བློ་གསལ་ says:
    2015-12-22 at 4:56 am

    མཁས་དབང་ཞོགས་དུང་གིས་༢༠༠༨ལོའི་བོད་མིའི་སྒེར་ལངས་ལ་དཔྱད་བརྗོད་གནང་ནས་མི་རྟོན་པའི་ལམ་སྟོན་གནང་པ་བཞིན་དུ་ཡོང་ཡོད་རེད་ཟེར་ཆོག ཐབས་སྐྱོ་བ་ཞིག་ལ་བཙན་བྱོལ་ནང་གི་བོད་བཙོང་པ་ཚོས་ད་དུང་ཡང་མུ་མཐུད་ནས་བོད་བཙོང་གིན་པ་རེད། ཐ་ན་ཁ་སང་དེ་རིང་མཁས་དབང་འཇམ་དཔལ་རྒྱ་མཚོས་རྒྱ་གཞུང་གི་ཡང་དག་མིན་པའི་སྐྱོན་འཛུགས་ལ་ཁ་གཏད་བཅག་ཡོད་པ་མ་གཏོགས་བཙན་བྱོལ་ནང་གི་བླ་སྤྲུལ་འགོ་བྱེད་ཚོས་ད་དུང་པེ་ཅིན་ཕྱོགས་སུ་ལྩེ་སྣར་ནས་མགོ་བོར་ལག་པས་འཕྲུག་འཕྲུག་བྱས་བསྡད་ཡོད་འདི་མཐོང་གསལ་རེད། དབྱེ་ཞིབ་ཡང་དག་བྱས་ནས་བོད་ཕྱི་ནང་གཉིས་སུ་ངོ་སྤྲོད་བྱེདཔའི་དུས་སུ་བབས་མེད་དམ།

  5. བློན་ཆེན། says:
    2015-12-22 at 6:10 am

    #4 ཀརྨ་བློ་གསལ།
    འཇམ་དབྱངས་རྒྱ་མཚོ་ཟེར་བ་སུ་རེད། གེ་སར་ལོ་རྒྱུས་ཞིབ་འཇུག་པ་དེ་རེད་དམ། ཡང་ན། བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་དགེ་བཤེས་ཆེན་མོ་དེ་རེད། ངོ་སྤྲོད་ཁ་གསལ་གནང་རོགས།
    འཇམ་དབྱངས་རྒྱ་མཚོས་རྒྱ་གཞུང་ལ་ཁ་གཏད་བཅག་པའི་འབྲེལ་ཐག་ཡོད་ན་འགོད་རོགས། ཐུགས་རྗེ་ཆེ།

  6. ཀརྨ་བློ་གསལ་ says:
    2015-12-22 at 8:26 am

    འཇམ་དཔལ་རྒྱ་མཚོ་ཟེར་ན་ཀྲོའུ་བེ་ཆོན་དགག་ལན་རྒྱག་མཁན་དེ་རེད། ཁོང་འཁྲུངས་ཡུལ་ཁམས་འབའ་ཐང་དང་། དེང་སྐབས་འབུམ་རམས་པའི་སློབ་དཔོན་ཆེན་མོ་དང་གསར་བརྗེ་པ་རྙིང་གྲས་རེད། ༡༩༥༤ལོར་རྒྱལ་བ་པན་ཆེན་རྣམ་གཉིས་ཀྱི་གསུང་བསྒྱུར་གནང་མྱོང་། ཁྱོད་ཀྱིས་བཤད་པའི་འཇམ་དབྱངས་རྒྱ་མཚོ་ཟེར་བ་དེ་མི་ཤེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme