Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<<སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས>>ཞེས་པ། བཀླགས་པའི་མྱོང་བ་ཐུང་ཐུང་།

Posted on 2023-08-142023-08-14 By ཁ་བརྡ་ 2 Comments on <<སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས>>ཞེས་པ། བཀླགས་པའི་མྱོང་བ་ཐུང་ཐུང་།

– རྔ་བ་ཀུན་བཟང་།

              དང་པོ།  ༼ དེབ་དང་འཕྲད་ཚུལ།༽

<<སེམས་ཁྲལ་མ་བྱེད་སྤྲོ་ཐུང་བྱོས>> ཞེས་པའི་དེབ་འདི་ཟླ་གཅིག་གོང་ལ་བདག་གིས་ << འཇའ་ལམ་ཁྲ་མོ>> བཀླགས་པའི་མྱོང་བ་ཐུང་ཐུང་ཞིག་བྲིས་པའི་ལེགས་སྐྱེས་སུ་ང་ལ་གནང་བྱུང་། སྐབས་དེ་དུས་ང་ཞི་བདེའི་གྲོང་ལ་ཡོད། གཡས་གཡོན་ན་དྲྭ་མི་བཟང་བས། ཞོགས་པ་སྔ་མོ་ཞིག་ལ་འཚིག་ཇ་ཁང་ཞིག་ཏུ་སོང་ནས་ངས་གློག་འཕྲིན་ནས་ཕབ་ལེན་བྱས། དགོངས་མོ་ནང་ལ་ཡོང་ནས་དེབ་གྱི་སྔོན་གླེང་ནས་ཀློག་འགོ་བཙུགས། ད་གཟོད་རྩོམ་པ་པོ་ཨ་ཇན་བྷི་རམ་ལགས་དང་རྒན་པད་མ་ཚེ་དབང་གཉིས་ཀ་ངོ་ཤེས། རྩོམ་པ་པོ་དང་སྒྱུར་པ་པོ་གཉིས་ལ་མཚོན་ན། ཨ་ཇན་ནི་ཉམས་ལེན་པ་དང་། བསམ་བློ་བ། རྩོམ་པ་པོ་ཞིག་རེད་ལ། རྒན་ཚེ་དབང་ནི་བརྩམས་སྒྲུང་བ་དང་། ལོ་རྒྱུས་མཁན། སྐད་ཡིག་མང་པོ་ལ་མཁས་པའི་མི་ཞིག་ཡིན་དུས། ཁ་དཔེ་ལ། “དེབ་རེ་ཀློག་ན་མི་ཆེན་རེ་འཕྲད་”ཞེས་པ་ལྟར་དེ་རིང་ཡང་ལས་སྐལ་བཟང་བས་རྒན་རབས་པ་གཉིས་ངོ་ཤེས།།

            གཉིས་པ། ༼ དེབ་ཀྱི་ནང་དོན༽

དེབ་གྱི་མིང་ལ་བོད་ཡིག་ནང་དུ་ <<སེམས་ཁྲལ་མ་བྱེད་སྤྲོ་ཐུང་བྱོས >> ཞེས་བསྒྱུར་འདུག དབྱིན་ཡིག་ནང་ལ་ <<Don’t Worry, Be Grumpy>>ཅེས་བྲིས་འདུག། ཚིག་དོན་ཏག་ཏག་ཡོད་མེད་ཀློག་པ་པོ་སོ་སོའི་ཤེས་ཚད་དང་སྒྱུར་པ་པོའི་ཤེས་ཚད་གཉིས་ཀ་ལ་འབྲེལ་བ་ཡོད་པས། དྲང་མོར་བཤད་ན། ང་ལྟ་བུ་ཞིག་གིས་རྒན་པད་མ་ཚེེ་དབང་ཤཱསྟྲིི་ལགས་ཀྱིས་བསྒྱུར་ཚུལ་སྐོར་མང་པོ་ཞིག་བཤད་མི་ཤེས། རེད་དེ། ཀློག་པ་པོ་ཕལ་བ་ཞིག་གིས་བལྟས་ན། ཚིག་གནད་བསྒྲིགས་ཚུལ་ཡག་ལ། ཚིག་མཚམས་བཟང་། ཚིག་འགྲེལ་ལེགས། ཚིག་རྒྱན་མང་། དོན་འགལ་མེད་པར། གོ་སླ་བ་སོགས་སྤྱི་ཡོངས་ལ་དཔྱད་ན། རྒན་ཚེ་དབང་ལགས་ཀྱི་སྐད་ཡིག་གི་ཤེས་ཚད་ལེགས་པ་མ་ཟད། ཆོས་ལུགས་དང་། སྤྱི་ཚོགས་རིག་པའི་གནད་དོན་ལ་ལྟ་རྒྱ་མཐོང་རྒྱ་ཡོད་པ་མངོན་སུམ་རྩོད་མེད་དུ་མངོན།

དེབ་ཀྱི་ནང་དོན་ལ་མཚོན་ན་དངོས་ཡོད་གཏམ་རྒྱུད་དང་འབྲེལ་ནས་ལྷ་ཆོས་དང་མི་ཆོས་སྣ་ཚོགས་སྐོར་ཡོད་ཏེ། ༡། སྣོོད་དང་བཅུད། ༢། དོན་ངོ་མར་ང་ཚོས་ཅིི་འདོད། ༣། ཨོ། སྐྱག་པོ། ༤། བཟང་སྐུལ་གྱིི་ཁྱིི་སྐྱག ༥། ཁྲོན་པོའི་ནང་གི་སྲིིད་དོན་པོ། ༦། རྔ་མོང་གི་གདོང་། ༧། དཀར་ཡོལ་གས་ཁ་ཅན། ༨། ཁྱིིམ་བྱ་གསོ་མཁན་ཞིིང་པོ་གཉིིས་ཀྱིི་གཏམ་རྒྱུད། ༩།ཁྱོད་ཀྱིི་འདྲ་པར་གསོག་དེབ་སོགས་མང་ཡང་། ནང་དོན་ཧྲིལ་པོ་ལ་མཚོན་ན་སྲིད་ལུགས་བསམ་བློ་བ་དང་།  དཔལ་འབྱོར་བསམ་བློ་བ། མི་ཆོས་བསམ་བློ་བ། ལྷ་ཆོས་བསམ་བློ་བ་བཅས་བཞིའི་རྣམ་པའི་ཐོག་ལ་ཧ་ཅང་གོ་བདེ་བར་གཏམ་རྒྱུད་ཀྱི་ལམ་ནས་བསྟན་པའི་དེབ་ཞིག་རེད་འདོད།

           གསུམ་པ། ༼དེབ་ཀྱི་ཁྱད་ཆོས། ༽

<<སེམས་ཁྲལ་མ་བྱེད་སྤྲོ་ཐུང་བྱོས >> ཞེས་པའི་དེབ་ལ་མཚོན་ན་ཁྱད་ཆོས་རེ་འགའ་ཞིག་མཐོང་།

1༽ དང་པོ། གཏམ་རྒྱུད་ཀྱི་རྣམ་པ། དེབ་འདི་ནི་གཏམ་རྒྱུད་ཀྱི་བྱུང་རིམ་དང་འབྲེལ་བའི་མིའི་སེམས་ཁམས་དང་བསམ་བློའི་སློབ་གསོ་མཚོན་པའི་རིགས་ཞིག་ལ་མངོན། དཔེར་ན། (དོན་ངོ་མ་ང་ཚོས་ཅི་འདོད་)ཅེས་པའི་ཁྲོད་ནས་མིའི་བསམ་བློ་དང་ཀུན་སྤྱོད་ཀྱི་གནས་ལུགས་གོ་དཀའ་བའི་རིགས། གཏམ་རྒྱུད་ཀྱི་ལམ་ནས་ཧ་ཅང་ལས་སླ་བོའི་ཐོག་ནས་མི་མང་སྤྱི་ལ་དམིགས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཐོང་།

2༽ གཉིས་པ།   ཁ་བརྡའི་རྣམ་པ། ང་ཚོའི་མཐོང་ལམ་ན་ཡོད་པའི་དེབ་དུ་མ་ཞིག་ཀློག་མཁན་ཉུང་ལ། རེ་འགའ་ཀློག་ཀྱང་གོ་བ་ལེན་དཀའ། སོང་ཙང་། དེབ་འདི་ལ་མཚོན་ཁ་བརྡའི་ཚུལ་བཞིན་ཕལ་བའི་མི་རྣམས་ཀྱིས་གོ་སླ། དཔེར་ན། (ཁྲོན་པའི་ནང་གི་སྲིད་དོན་པ་)ཞེས་པའི་ཁྲོད་ནས་སྲིད་དོན་པ་དང་ཞིང་པ་གཉིས་ཀས་ཁ་བརྡ་བྱེད་ནས་གནས་ལུགས་བསྟན། སྲིད་དོན་པས་རང་ཉིད་ཀྱི་མགོ་ལ་བླུགས་པའི་ས་རྡུལ་རྣམས་རྐང་འོག་ཏུ་བརྫིས་ཤེས་པའི་རྣམ་དཔྱོད་ནི། དུས་རྟག་ཏུ་མི་ཚེའི་ནང་གཞན་གྱིས་ཁྱེད་ཀྱི་སྟེང་དུ་སྐྱག་པ་བྱོས་ཀྱང་རང་ཉིད་མཐོ་སར་ལངས་ཐབས་ཀྱི་རིགས་བརྗོད་ཡོད་པས། དེབ་འདིའི་ནང་ལ་དེ་དང་འདྲ་བའི་བརྗོད་བྱ་མང་ལ་སུས་ཀློག་ནའང་གོ་ཐུབ་པའི་ཁྱད་ཆོས་ལྡན།།

3༽ གསུམ་པ། ཕལ་བའི་རྣམ་པ།   འཛམ་གླིང་གི་དེབ་གྲགས་ཅན་མང་པོ་ཞིག་ཕལ་བའི་ཁྱིམ་ཚང་དང་འབྲེལ་བ་ཡོད། དེབ་འདི་ལ་མཚོན་ན་ཡང་རྣམ་པ་དེ་ཧ་ཅང་མང་། དཔེར་ན། ལམ་ནོར་བའི་གླ་འཁོར་གྱི་ཁ་ལོ་བ་ཞེས་པའི་ནང་ལ་ཚོང་པ་ཞིག་གིས་རང་གི་གནམ་གྲུ་དུས་ཚོད་ལྟར་འཕུར་མ་ཐུབ་པས།ཁ་ལོ་བར་སྐད་བརྒྱབ་པ་དང་ཚིག་ངན་དུ་མ་བཤད་པས། མཐར་གནམ་ཐང་ལ་སླེབས་དུས་གནམ་གྲུ་དེ་གནམ་ནས་ས་ལ་ལྷུང་ནས་ནང་གི་མི་ཡོད་ཚད་ཤི། ཉིན་དེ་ནས་བཟུང་ཚོང་པའི་བསམ་བློ་ཡོངས་སུ་འགྱུར་བ་མ་ཟད། རང་ཉིད་ལ་བྱུང་བའི་གནས་ཚུལ་ཅི་ཡིན་ཀྱང་། ཡག་སྡུག་ཅི་ཡོང་སུས་ཤེས་ཞེས་པའི་བསླབ་བྱ་དེ་ཕལ་བའི་ཁ་ལོ་བ་ཞིག་གི་ལུས་ལ་བྱུང་། དེབ་འདིའི་ནང་ལ་མི་མང་ཕལ་བའི་རྣམ་དཔྱོད་དང་བསམ་བློ་ལ་ངེས་འཛིན་བྱེད་ཚུལ་གྱི་རྣམ་པ་ཧ་ཅང་མང་།།

མདོར་ན། དེབ་འདི་ནི་སྐད་ཅིག་རེ་རེར་དོན་ལྡན་དུ་བསྒྱུར་བའི་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་ཏག་ཏག་རེད་ལ། ཁ་སང་བརྒྱུད་མྱོང་བའི་ལོ་རྒྱུས་དང་གཏམ་རྒྱུད་ཀྱི་བསླབ་བྱ་མང་བས། དེ་རིང་མཐོང་ལམ་དུ་གསལ་བའི་དངོས་ཡོད་ཀྱི་ཕམ་ཁ་ལས་རྒྱལ་ཐུབ་པའི་དེབ་ཡག་ཅིག་རེད་འདོད་དོ།།

རྔ་བ་ཀུན་བཟང་ནས།

2023/08/05

བཀླགས་བྱང་།

Post navigation

Previous Post: ཚ་མོར་སྤྲིངས་པའི་འཕྲིན《ཁྱིམ་སྐྱོང་གི་སྒྱུ་རྩལ་》 ། རྫ་ཚེ་རིང་བཀྲིས།
Next Post: དྲིན་ཅན་ཨ་མ་དང་འབྲེལ་བའི་གཏམ།

Comments (2) on “<>ཞེས་པ། བཀླགས་པའི་མྱོང་བ་ཐུང་ཐུང་།”

  1. Gyaltsen Choedak says:
    2023-08-22 at 10:35 am

    ཆ་ཚང་ཀློག་པ་ཡིན།

  2. གཞུང་པ་ཚེ་དབང་བསོད་ནམས། says:
    2023-08-26 at 11:33 pm

    Grumpy གཤིས་རྒྱུད་རྩུབ་པོ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme