Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<<མི་ཚེ་གཅིག་ལ་སྐྱིད་གསུམ་སྡུག་གསུམ།>> ཞེས་པ་མཚམས་སྦྱོར།

Posted on 2021-10-28 By ཁ་བརྡ 2 Comments on <<མི་ཚེ་གཅིག་ལ་སྐྱིད་གསུམ་སྡུག་གསུམ།>> ཞེས་པ་མཚམས་སྦྱོར།

རྡོ་དཀར་པོ། 

གཅིག དེབ་འདི་ངོ་སྤྲོད། 

1954 ལོར། ཀྲུང་གུང་མགོ་ལོག་ཁུལ་གྱི་ལས་བྱེད་རུ་ཁག་ཟེར་བ་ཁང་གསར་ཚང་ལ་འབྱོར། ལོ་བདུན་ལ་སོན་པའི་བྱིས་པ་ཞིག་ཕ་རྒན་དང་ལྷན་དྲུག་ཆེན་སུམ་མདོའི་རྒྱ་སྒར་ལ་གློག་བརྙན་བལྟ་བར་ཕྱིན། བྱིས་པ་དེས། གློག་བརྙན་འཆར་ཡུལ་རས་གཞིའི་ངོས་སུ་མ་བལྟས་པར་གློག་བརྙན་སྟོན་ཆས་ཀྱི་འོད་ལ་ཅེར་ནས་བསྡད་པ་འཁྲིས་ཀྱི་མི་ཞིག་གིས་དཀྲོགས། ད་གཟོད་རས་གཞིའི་ངོས་སུ་འཆར་བཞིན་པའི་<གསེར་དངུལ་ཐང་>དང་<དཔལ་ལྡན་>ཞེས་པའི་གློག་བརྙན་ལ་བལྟས། 1947 ལོར་གཉན་པོར་གཡུ་རྩེའི་ཤར་ཕྱོགས་བསང་ཁྲིའི་བརྒྱ་དར་ཁ་གསེང་དུ་སྐྱེས་ཤིང་། སྐབས་དེར་དགུང་ལོ་ 7 ལ་སོན་པའི་བྱིས་པ་དེ་ནི་<<མི་ཚེ་གཅིག་ལ་སྐྱིད་གསུམ་སྡུག་གསུམ>> ཞེས་པའི་དེབ་འདིའི་རྩོམ་པ་པོ་ཨ་ཁུ་དམ་ཆོས་དཔལ་བཟང་ལགས་རེད། 

དེབ་འདིའི་ནང་། “་་་མགོའི་སྦྲ་དང་ཁྱིམ་གྱི་བཅའ་དངོས་ཁབ་སྐུད་ཙམ་ཡང་མ་བསྐྱུར་བར་ ༡༩༥༨ ལོའི་སྟོན་ཁར་གཞུང་བཞེས་བཏང་།”  “གྲོང་ཁྱེར་གྱི་བཟོ་ལྟ་བཟོ་དགོས་ཟེར་ནས། ཁྱིམ་ཚང་གི་སྦྲ་སྒོ་ཚང་མ་རིང་ཐུང་མེད་པར་གྲལ་བཤིབས་ནས་སྲང་ལམ་ཕྱོགས་བཞིར་བགོས། སྦྲའི་གྲོང་ཁྱེར་གྱི་ཤར་ལྷོ་ནུབ་བྱང་ལ་སྦྲ་ཆེན་པོ་གཉིས་རེ་མཐུད་ནས་སྤྱི་ཐབ་བཟོས། སྦྲ་ཡི་གྲོང་ཁྱེར་གྱི་བཞི་མདོར་རྒྱང་བསྒྲགས་སྐད་ཆེན་པོ་ཞིག་བཙུགས་ཏེ། ཤར་ཕྱོགས་དམར་དང་། སྤྱི་ཚོགས་རིང་ལུགས་བཟང་ཟེར་བའི་གླུ་དབྱངས་གཏོང་།” 

“ཟླ་བ་གཉིས་ཙམ་ནས་རྩམ་པ་དཀོན་པར་གྱུར། མ་རྨོས་ལོ་ཏོག་ཟ་དགོས་ཐུག དེ་ནས་ཡུན་རིང་མ་སོང་བར་མ་རྨོས་ལོ་ཏོག་ཀྱང་དཀོན་པོར་གྱུར་ནས་མ་རྨོས་ལོ་ཏོག་གི་ཁུ་བ་བཏུང་། སྐབས་གཅིག་ལ་གྲོན་ཆུང་གིས་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཟེར་ནས་མ་རྨོས་ལོ་ཏོག་གི་ཁུ་བ་ཡང་ཉུང་དུ་ཕྱིན། འབྲོག་པ་རྣམས་ཀྱི་ཕོ་བ་མི་འགྲངས་པའི་དཀའ་ངལ་བྱུང་ཡང་ཞུ་ས་ཅི་ཡང་མེད།” “ང་ཚོ་སྡོད་སའི་ཐག་ཉེར་ཀུ་རའི་དར་སྐྱབས་ཟེར་བ་ལག་པར་འཇོར་ཞིག་བཟུང་ནས་ཤི་འདུག ཁོ་ཞོར་ལས་བྱེད་སར་མུག་ཤི་ཐེབས་པ་རེད་ཟེར།” “མུ་གེའི་སྐབས་ཕོ་མོའི་བརྩེ་དུང་དང་འབྲེལ་བ་བྱ་རྒྱུ་ལྟ་ཅི་ཕན་ཚུན་མིག་འཛུམ་ཙམ་ཡང་མི་ནུས། ཕོ་མོའི་བརྩེ་དུང་དང་མིག་འཛུམ་ཟེར་བ་མི་ལ་ཟས་གོས་འཛོམས་ཤིང་སྣང་བ་སྐྱིད་པོའི་སྐབས་ཀྱི་འཚོ་བ་སྐྱེལ་སྟངས་ཡིན།” 

“ཨ་མ་ངེད་གཉིས་རི་མགོར་ལྷག་ཡོད་སྐབས་ཁལ་གཡག་ལ་ཁྲག་གཏར་ནས་བཏུང་ཆོག་མོད་ཀྱང་། ལུས་ཟུངས་ཟད་ནས་གཡག་གི་ཁྲག་གཏར་རྒྱུའི་ཤེད་ཤུགས་མེད། སྔོ་ལྡུམ་བཏུས་ནས་ཟོས།” “མཛོ་གཡག་རྨ་ཆུའི་ཁར་འཚོས་ནས་སྡོད་སྐབས། རྨ་འགྲམ་གྱི་འཁྱིལ་ཆུ་ཟབ་པོ་ཞིག་གི་ནང་བྱིས་པ་གཅིག་གི་ཕུང་པོ་གཡུགས་འདུག རྐང་ལག་བཞི་བརྐྱངས་ཤིང་ནུ་སྐྲ་ཆུ་ཁར་གཡེངས། ཤ་མདོག་དཀར་ལ་འཇམ་པའི་བྱིས་པ་ཆུང་ཆུང་གི་ཕུང་པོ་དེ་ཆུ་ཁར་ལེན་ཐབས་ལ་བསམ་བློ་བཏང་། འཁྱིལ་ཆུར་སྐོར་བ་འགའ་བརྒྱབ་ཀྱང་འདམ་རྫབ་ནང་རྐང་བ་ཟུག་ན་ནུས་སྟོབས་ཟད་དེ་འདམ་ལས་ཐར་དཀའ་བས། ཤ་ཞིམ་པོ་ཟ་རྒྱུ་ཕར་ཞོག ང་ཡང་བྱིས་པ་དེ་དང་མཉམ་དུ་ཤི་རྒྱུ་ཉག་གཅིག་རེད། ཧེབ་ག་ཚོད་ལང་ཡང་སྙིང་སྟོབས་ཀྱིས་རོགས་མ་སོང་། སྙོབ་ས་ཞིག་ལ་ཡོད་ན་ཐེ་ཚོམ་མེད་པར་ལེན་རྐྱང་དང་ཟ་རྐྱང་ཡིན།” ཚིག་དུམ་རེ་རེས་སྣང་བརྙན་སྐྱི་གཡའ་བ་རེ་མིག་ལ་མངོན་པར་བྱེད་པའི་དེབ་འདིར། ཤ་འདར་སློང་བའི་གནས་སྟངས་མང་པོ་ཞིག་ཞིབ་འབྲི་བྱས་འདུག 

ཤོག་ངོས་ 422 ཅན་གྱི་དེབ་འདི་ནི། འཇིག་རྟེན་རྙིང་པ། དུས་ལོག་བྱུས་ལོག རང་དབང་གི་ལམ་བུ་བཅས་ས་བཅད་ཆེན་པོ་གསུམ་དང་། ནང་གསེས་བརྗོད་གཞི་བྱེ་བྲག་པ་ 142 ཀྱི་བདག་ཉིད་ཅན་ཞིག་རེད། མུ་འབྲེལ་དུ་ཀློག་སྙིང་སྟེར་བའི་ཚིག་དོན་གྱི་ཉམས་འགྱུར་དག་གིས་ཁྱེད་རང་མགོ་ལོག་གི་སྤྱི་ཚོགས་རྙིང་པའི་ཞི་བདེའི་ཁམས་ཆེན་པོར་འཁྲིད་འགྲོ་བ་དང་། དེ་ནས་དུས་ལོག་བྱུས་ལོག་གི་རླུང་འཚུབ་ནང་ བཙོན་པ་དམར་གསོད་དང་། ལྟོགས་སྐོམ་གྱི་ལོ་ཟླ། ཕྱུགས་ཟོག་སྡེབས་ཤི རིག་གནས་གསར་བརྗེ། ཧོང་ཁྲིན་གྱི་རྒྱ་རྒོལ་བྱུང་བ་སོགས་ཀྱི་ནང་འཁྲིད་འགྲོ 

གཉིས། དེབ་འདིའི་ནང་སྙིང་། 

“༡༩༥༨ ལོའི་སྟོན་ཀར་ཁང་གསར་ལ་མི་དམངས་མཉམ་ལས་ཁང་ཟེར་བ་བཙུགས། ཕྱུགས་ཟོག་ནི་ཐུན་མོང་གི་རྒྱུ་ནོར་ཡིན་པས་ས་མཚམས་ཆུ་མཚམས་མི་དགོས་ལ། སྤྱི་ཚོགས་བདེ་འཇགས་ཡིན་པས་དགྲ་རྐུན་དང་ཇག་པ་མེད། འཚོ་སྐྱོང་དང་བདག་པོ་ཡང་རྒྱག་མི་དགོས། སྤྱང་ཀིས་མ་བསད་ན་དེ་ཡིན་ཟེར་ནས་བདག་པོ་མ་བརྒྱབ་པ་རེད། ནོར་ལུག་ལ་བདག་པོ་མེད་ན་དུད་འགྲོས་རྩྭ་བཟང་ཆུ་བཟང་འདེམས་ག་ལ་ཤེས། རྒྱ་མི་ལས་བྱེད་རྣམས་ལ་དབང་ཆ་ཡོད་པ་ལས་ཕྱུགས་ཟོག་འཚོ་སྐྱོང་གི་ཉམས་མྱོང་མེད་པས་ནོར་ལུག་གང་སར་སྡེབ་ཤི་ཐེབས་ནས་མགོ་ལོག་གི་ཕྱུགས་ཟོག་སུམ་ཆ་གཉིས་སྡེབ་ཤི་ཐེབས།” དེ་ནི་བསམ་བཞིན་བྱས་པའི་གོད་ཆག་ཅིག་ཡིན། འདི་འདྲའི་ཡ་ང་བའི་གནས་སྟངས་མང་པོ་ཞིག་བྲིས་འདུག

མི་མང་གི་བསམ་འདུན་དང་སྲིད་བྱུས་ཀྱི་བར་ཁྱད་སྣང་མེད་བྱས་པ་དང་། རང་བྱུང་ཁམས་དང་སྐྱེ་དངོས་བར་གྱི་འབྲེལ་བར་སྣང་མེད་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་སྤེལ་བའི་བརྒྱུད་རིམ་ནང་ལམ་ཡིག་དང་ངོས་སྦྱོར་སྟོན་རྒྱུ་མེད་ན་རུ་སྐོར་ཕན་ཚུན་ནང་འགྲོ་འོང་བྱེད་པའི་ལམ་ཁ་མེད་པ་སོགས་ནི་རིག་གནས་གསར་བརྗེ་མ་བྱུང་གོང་གི་གནས་སྟངས་གྲས་རེད། ཐག་ཉེའི་རུ་སྡེ་དང་ཚོ་བ་དག་གི་བར་འགྲུལ་བསྐྱོད་བྱེད་པར་དམ་བསྒྲགས་བྱས་པ་དེ་བཀླགས་ན་དེ་དག་གི་བར་ཐག་ནི་ཧ་ཅང་གི་ཐག་རིང་ཞིག་ཡིན་སྣང་སྟེར།

1966 ཟླ་ 5 པར། མགོ་ལོག་ལ་རིག་གནས་གསར་བརྗེའི་རླུང་དམར་གཡུགས་མགོ་ཚུགས། བྲང་འདོགས་མའོ་ཙེ་ཏུང་གི་མགོ་པར་ཡོད་མེད། གསར་བརྗེའི་གླུ་དབྱངས་ལེན་ཤེས་མིན། མའོ་ཡི་གསུང་གཏུས་ཟེར་བ་མཉམ་འཁྱེར་ཡོད་མེད། མའོ་ཡི་གསུང་བཏུས་ཀྱི་ཚིག་བློ་ནས་སྐྱོར་རྒྱུ་ཡོད་མེད་སོགས་ཀྱིས་མི་ལ་ཚད་བཏབས། བསམ་བློར་ཚད་བཏབས། དམར་སྲུང་དམག་ཟེར་བས་མང་ཚོགས་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དགོས་མེད་རྟོག་ཞིབ་དང་ཚོད་འཛིན་བྱས། ལོ་ངོ་བཅུའི་རིང་། ཏང་ལ་བློ་དཀར་དང་། མའོ་ཙེ་ཏུང་ལ་བློ་དཀར་བྱེད་དགོས་པའི་སློབ་གསོ་སྤེལ།

ཡིན་ནའང་། ཏང་ལ་བློ་དཀར་བའི་མི་སྐྱེད་སྲིང་བྱེད་མ་ཐུབ། འདིར་དཔེ་མཚོན་ཅིག་འགོད། འདོད་པ་མེད་བཞིན་བཙན་གྱིས་ཏང་ཡོན་ཟེར་བར་བསྐོས་པའི་ཨ་མ་ཧྲེ་རྫིག་ནི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་བུད་མེད་ཅིག་ཡིན། མོ་རང་གིས་མཚམས་རེར་ཚོགས་འདུར་མ་ཞུགས་དེ་འདྲ་རྟག་ཏུ་བྱེད་ཀྱི་ཡོད་པར། ཐེངས་ཤིག་གོང་རིམ་ནས་སྐྱོན་བརྗོད་དང་བཅས་ཏེ། “རྗེས་མ་ཁྱོད་ཚོགས་འདུར་མ་ཞུགས་ན། ཏང་གི་ནང་ནས་ཕྱིར་འབུད་བྱེད་ཀི་ཡིན།” སྨྲས། དེར་ཨ་མ་ཧྲེ་རྫིག་གིས། “ཁ་དྲོ། ང་ཏང་ནང་ནས་ཕྱིར་འབུད་བཏང་ན་དེ་ལས་དགའ་བ་ཅི་ཡོད། ང་ལ་ཁ་བཞོན་འབྲི་གཅིག་ཡོད། དེ་ཁྱོད་རང་ལ་སྟེར།” ཞེས་བརྗོད། མགོ་ཁྲིད་རྒྱ་མི་དེ་ཧ་ལས་ནས། རྒྱ་མི་ཚོ་ཏང་ནང་ཞུགས་མ་ཐུབ་པའི་སྡུག་བསྔལ་དང་། ཧྲེ་རྫིག་ཏང་ཡོན་བྱེད་འདོད་མེད་པའི་སྡུག་བསྔལ་གླེང་བ་སྨིན་ཐང་ཡུལ་ཚོགས་གྲགས་པར་གྱུར།

1968 ཟླ་10 ཚེས་ 25 ཡས་མས་ལ་འགུ་ལོག་ཚོ་བའི་རུ་དགུན་མཚེར་ལ་སྤོས། སྦྲ་ཡང་ལང་མ་འགྱེལ་ཞིག་ལས་ཕུབ་ཐུབ་མེད། ཕོ་སྐྱེས་ཚང་མ་ཁྱིམ་ནས་ཐོན། རྒྱ་རྒོལ་གྱི་ཆེད་དུ་ལམ་ལ་ཆས། “རྟ་བོ་བསྔངས་རྒྱུག་གི་མགོ་ན་སྲབ་མེད། མྱི་བོ་བསྔངས་ལངས་ཀི་མགོ་ན་ཞྭ་མེད།” འདི་བོད་ཀྱི་གཏམ་དཔེ་ཞིག་རེད། ཕོ་སྐྱེས་རྣམས་དགུན་མཚེར་དེ་ནས་ཐོན་སྟངས་ནི་འདི་འདྲ་ཞིག་རེད། ཁོང་ཚོ་སྐྱ་ཁོག་ལ་འབྱོར་ནས་ཧོང་ཁྲིན་གྱི་དམག་འདུས་ལ་ཞུགས། 

“ང་ཚོས་རང་ས་རང་གིས་འཛིན་དགོས། རྒྱ་མི་བོད་ནས་ཕྱིར་འབུད་གཏོང་རྒྱུ་ཡིན།” རྒྱ་རྒོལ་གྱི་མགོ་ཁྲིད་མཁན་གྱིས་སྐད་ཆེན་པོས་བསྒྲགས། དེར་འདུས་པའི་མི་ཚང་མས་མགྲིན་དབྱངས་གཅིག་གིས་བསྒྲགས། འདི་ནི་ཧོང་ཁྲིན་དམག་འདུས་ཀྱི་འབོད་ཚིག་དང་དམིགས་ཡུལ་རེད། 

1969 ཟླ་ 1 ཚེས་ 5 ལ་རྒྱ་ནག་དབུས་གཞུང་གིས་ཧོང་ཁྲིན་གྱི་དམག་འདུས་དེ་གསར་བརྗེར་ངོ་ལོག་པའི་སྒྲིག་འཛུགས་ཤིག་ཡིན་པ་ཁྱབ་བསྒྲགས་བྱས། མགོ་ལོག་ཕྱོགས་སུ་དམག་འཁྲུག་པའི་ཉིན་མོ་དེ་རེད། རྗེས་ལ་ཧོང་ཁྲིན་གྱི་རྩ་འཛུགས་དེ་ཕྱོགས་གཉིས་སུ་གྱེས་དགོས་ཆགས། ཁ་ཤས་ཡུལ་ལ་ལོག ཁ་ཤས་རི་ལ་བུད། དེ་དུས། རི་ལ་འབུད་མཁན་དང་ཡུལ་ལ་ལོག་མཁན་བར་རྟ་དང་གོན་པའི་བཟང་ངན་བརྗེ་རེས་བྱས། དེ་ཡང་རྟ་དང་སྒ གྱོས་གོས་བཅས་ལེགས་པ་རྣམས་རི་ལ་འབུད་མཁན་ཚོར་སྤྲད་དེ་གྱེས། དེ་ཚུལ་ནི། “རང་ཡུལ་ལ་འགྲོ་མཁན་ཚོའི་བཞོན་རྟ་དང་གོན་པ་བཟང་ངན་བརྗེས། ངའི་ལྷམ་མཐིལ་རལ་ཡོད་པ་གྲྭ་བ་ས་ཀ་ལ་བྱིན། ས་ཀའི་ལྷམ་ང་ལ་སྤྲད་སོང་། བཞོན་རྟ་ཤ་ཤེད་བཟང་བ་རྣམས་ང་ཚོར་སྤྲད་ནས་ཁ་ཁར་ཕྱིན་པ་རེད།” ཅེས་གསལ། 

འཇིག་རྟེན་རྙིང་པ། དུས་ལོག་བྱུས་ལོག རང་དབང་གི་ལམ་བུ་བཅས་ས་བཅད་ཆེན་པོ་གསུམ་གྱི་ནང་གསེས་རེ་རེ་བའི་སྐོར་ཞིབ་རྒྱས་མཁྱེན་འདོད་དག་གིས་དེབ་འདི་ཞིབ་ཀློག་གནོངས་དང་། བཀླགས་པས་གྱོང་མི་སྟེར་བ་ཞིག་འདུག་ཅེས་མཚམས་སྦྱོར་ཞུ་བ་ལགས།

ངོ་སྤྲོད།

Post navigation

Previous Post: དཔེ་རབ་འབྲིང་ཆུང་མཐའ།
Next Post: ལོ་རྒྱུས་ཀྱི་དྲན་པ་མཚོ་འགྲམ་དུ་བསྡུས་པའི་མཚན་ལྗོངས། ཁག་གཉིས་པ།  

Comments (2) on “<> ཞེས་པ་མཚམས་སྦྱོར།”

  1. མྱི་དཀར། says:
    2021-11-03 at 2:20 pm

    དེབ་གསར་རེད་བས་ཡག་པོ་ཡོད་ས་རེད

  2. གཞུང་པ་ཚེ་དབང་བསོད་ནམས། says:
    2021-11-13 at 4:51 am

    དུས་རབས་ཉི་ཤུའི་བཙན་རྒོལ་རྒྱལ་སྐྱོབས་པ་།
    ཕོ་རྒོད་རྒྱལ་ལོ་བོད་ཀྱི་དཔབ་བོ་རེད་།
    ཨ་རིར་འཇབ་དམག་དགྲ་ལ་ཁ་གཏད་དང་།
    གཉེན་ལ་བྱམས་སྐྱོངས་གཞིས་ཁ་གཙང་སེལ་བཟོས་།
    གཞིས་བྱེས་འབྲེལ་ལམ་རྒྱ་དཔོན་ཏིང་དང་ཐུག་།
    གཞིས་བྱེས་ཕར་འགྲོ་ཚུར་ཡོང་ལམ་གསར་བཟོས་།
    སྐུ་ཚབ་ཚོགས་ཆུང་རིམ་པ་བོད་ནང་བཏང་།
    གཞིས་ཀྱི་སློན་ཕྲུག་ཁྲི་ཚོ་རྒྱ་གར་འབྱོར་།
    གཞིས་བྱེས་བར་ལ་གཉེན་འཕྲད་གནས་སྐོར་སོགས་།
    ཕར་འགྲོ་ཚུར་ཡོང་ལམ་ཆེན་གསར་གཏོད་མཛད་།
    ཆབ་སྲིད་མཁས་པའི་རང་མདངས་ཀུན་ལ་ངོམས་།
    སྲུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་གསེར་ལས་སྒྲུབ་།
    བསྟོད་ནས་དགའ་བའི་ཚོར་བའི་རྣམ་འགྱུར་མེད་།
    སྨད་ནས་མི་དགའི་ཁོང་ཁྲོའི་ཚོར་བའི་རྣམ་འགྱུར་མེད་།
    ཕོ་རྒོད་རྒྱལ་ལོ་སྐུ་ཚེ་ཡུན་རིང་བསྟན་པ་ཤོག་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme