Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞེ་ས་མ་ཞུས་ན་ཉམ་ཆུང་ལ་ཐུབ་ཚོད་བཏང་བ་འདྲ་བོ་ཆགས་ཡོད།

Posted on 2014-10-022014-10-02 By ཁ་བརྡ་ 7 Comments on ཞེ་ས་མ་ཞུས་ན་ཉམ་ཆུང་ལ་ཐུབ་ཚོད་བཏང་བ་འདྲ་བོ་ཆགས་ཡོད།

ཡོང་ཁུངས། བོད་ཀྱི་དུས་བབ།

 
དེ་རིང་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་༢༥ འཁོར་བའི་མཛད་སྒོའི་ཐོག ཨ་རི་དང་ཨི་རིན་གྱི་ཞེ་བདེ་གཟེངས་རྟགས་བཞེས་མྱོང་མཁན་བུ་མེད་གཉིས་ཀྱིས་༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་དང་། ཉེ་ལམ་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པ་སོགས་ལ་སྐྱོན་བརྗོད་བྱས།

དེ་རིང་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ། སྔ་དྲོའི་ཆུ་ཚོད་༩།༣༠ ཐོག་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ཡོད་ཅིང་། མཛད་སྒོར་༧གོང་ས་མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། དམིགས་བསལ་སྐུ་མགྲོན་ཨ་རིའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ཇོ་ཌེ་ཝི་ལེམ་སི་(Jody Williams)མཆོག་དང་། ཨི་རེན་གྱི་ལྕམ་ཤེ་རིན་ཨི་བྷ་ཌི་(Shirin Ebadi)མཆོག
གཞན། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པས་གཙོས་སྲི་ཞུ་ལས་བྱེད། དེ་བཞིན། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་དགེ་སློབ་བཅས་ཁྱོན་མི་གྲངས་ ༦༠༠༠ ཡས་མས་འདུ་འཛོམས་གནང་འདུག

394མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་སྐབས། འདི་ལོར་བཀའ་ཤག་སྐབས་༡༤ པས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་གཙི་བྱེད་བཞིན་ཡོད་པ་ལྟར། ད་ལོའི་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ལོ་ངོ་༢༥ འཁོར་བའི་དུས་དྲན་ཐོག་ཆེད་མངགས་༧གོང་ས་མཆོག་གིས་ཐུགས་མཉེས་ས་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ལྕམ་ཇུ་ཌི་ཝུ་ལེམ་དང་ཨི་བྷ་ཌི་གཉིས་གདན་འདྲེན་ཞུས་ཏེ་དུས་དྲན་སྲུང་གཙི་ཞུ་བཞིན་ཡོད་པ་དང་། ཕྱི་ཟླ་༡༠ ཚེས་༢ ཉིན་དེ་བདག་ཉིད་ཆེན་པོ་གྷན་ངྷི་ཡི་འཁྲུངས་སྐར་སྲུང་གཙི་ཞུ་དགོས་དོན་ནི། བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གིས་ཞི་བདེ་དང་འཚེ་མེད་ཞི་བའི་ལམ་དུས་རྒྱུན་གསུང་གི་ཡོད་པ་དང་ལག་བསྟར་གནང་གི་ཡོད།
སྤྱིར་བཏང་ཞི་བདེ་གཟེངས་རྟགས་དངོས་གནས་འབུལ་དགོས་ས་དེ་བདག་ཉིད་ཆེན་པོ་གྷན་ངྷི་ཆགས་ཡོད་ཀྱང་། ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་འཚོ་བཞུགས་མེད་མཁན་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་གྱི་མེད་སྟབས། གྷན་ངྷི་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མེད། ཡིན་ནའང་འཛམ་གླིང་སྤྱི་ཡོངས་ནས་ཞི་བདེའི་གཟེངས་རྟགས་འབུལ་དགོས་པའི་གནད་ཡོད་མི་སྣ་དེ་གྷན་ངྷི་མཆོག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་སྟབས། ཁོང་གི་འཁྲུངས་སྐར་ཉིན་མོ་དང་བསྟུན་ཏེ་དུས་དྲན་སྲུང་གཙི་གནང་བ་ཡིན། ལྕམ་ཇུ་ཌི་ཝུ་ལེམ་དང་ཨི་བྷ་ཌི་རྣམ་གཉིས་དེ་རིང་འདིར་དུས་དྲན་ཐོག་ཕེབས་པ་དེས། བོད་མི་ཚོར་དྲང་བདེན་དང་རང་དབང་གི་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་ལ། གཞིས་ལུས་བོད་མི་ཚོས་དེ་རིང་ཁོང་མོ་གཉིས་༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོ་དང་མཉམ་དུ་ཡོད་པ་ཤེས་ཚེ། ཁོང་ཚོར་རང་དབང་རྩོད་ལེན་ཐད་རེ་བ་ཆེན་པོ་ཞིག་བསྐྲུན་ཐུབ་ཡོད་ཅེས་སོགས་གསུངས་སོང་།

395དེའི་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། མཛད་སྒོའི་ཐོག་ལྕམ་ཇུ་ཌི་ཝུ་ལམ་དང་ཨི་བྷ་ཌི་རྣམ་གཉིས་ཕེབས་ཐུབ་ཡོད་ཀྱང་། ད་དུང་ནོ་བྷེལ་གཟེངས་རྟགས་བཞེས་མཁན་གཞན་ཁག་ཅིག་ཕེབས་འདོད་ཡོད་ཀྱང་གནས་སྟངས་ཀྱི་དབང་གིས་ཕེབས་ཐུབ་མེད་ནའང་། ཁོང་ཚོས་ལྷོ་ཨ་ཧྥེ་རི་ཁའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་ཐོག་མི་བཅར་རྒྱུའི་བསྒྲགས་གཏམ་སྤེལ་ཡོད་པ་དང་། བོད་མིར་གདུང་སེམས་མཉམ་སྐྱེད་གནང་བ་དེས་དུས་དྲན་གྱི་མཛད་སྒོའི་ཐོག་ཕེབས་པ་དང་གཅིག་མཚུང་ས་ངོས་འཛིན་གནང་གི་ཡོད།
ད་ལྟའི་ཆར་འཛམ་གླིང་ཐོག་རང་བྱུང་གི་གནོད་འཚེ་དང་ནད་ཡམས་ཀྱིས་འགྲོ་བ་མིར་དཀའ་སྡུག་མང་པོ་བཟོ་བཞིན་ཡོད་པ་དང་། དེ་བཞིན། མིས་བཟོས་པའི་དཀའ་ངལ་དེ་ཨེ་རག་དང་སེ་རི་ཡ་ལྟ་བུའི་ནང་དྲག་པོའི་འཐབ་རྩོད་མང་པོ་བྱེད་བཞིན་ཡོད་པ་དང་། གཞན། ཧོང་ཀོང་ནང་མི་མང་གིས་ཞི་བའི་འཐབ་རྩོད་བྱེད་བཞིན་པའི་དུས་སྐབས་འདིར། ༧གོང་ས་མཆོག་དང་ལྕམ་སྐུ་ཇུ་ཌི་ཝུ་ལམ། ལྕམ་སྐུ་ཨི་བྷ་ཌི་ལྟ་བུ་འཛམ་གླིང་ལ་ཞི་བདེ་སྐྲུན་མཁན་གྱི་གང་ཟག་གང་མང་མང་ཞིག་ཡོང་དགོས་པའི་གནས་སྟངས་ཆགས་ཡོད་ལ། སྔར་ལས་ལྷག་པའི་འབད་བརྩོན་གནང་དགོས་པའི་དུས་སྐབས་ཤིག་ཏུའང་བསླེབས་ཡོད་ཅེས་སོགས་གསུངས་སོང་།

396ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་གིས་(Shirin Ebadi)། སྔོན་མ་ང་རང་དྷ་རམ་ས་ལར་ཐོག་དང་པོ་ཡོང་དུས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་འབོད་སྒྲ་ཐོས་པས་ཁོང་ལ་གུས་བཀུར་ཆེན་པོ་བྱུང་སོང་། ང་ཚོས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་ཚེ་བོད་འདི་འཚོ་གནས་བྱེད་ཐུབ། ཁྱེད་རང་ཚོ་བཙན་བྱོལ་དུ་འཚོ་བ་སྐྱེལ་བར་དཀའ་ངལ་ཡོད་ཀྱང་། ཁྱེད་ཚོར་ཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་འོག་འཚེ་མེད་ཞི་བའི་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། འཛམ་གླིང་མི་མང་དང་ཨི་རན་མི་མང་གིས་༧གོང་ས་མཆོག་གི་མདུན་ནས་སློབ་སྦྱོང་མང་པོ་ལེན་མྱོང་ཡོད། ང་ཚོས་དཀའ་ཚེགས་ཆེ་བའི་གནས་སྟངས་འོག་རེ་བ་མ་བརླག་པར་སློབ་སྦྱོང་བྱས་པ་ཡིན། དཀའ་ཚེགས་ཆེ་བའི་གནས་སྟངས་ཡོངས་རྫོགས་ཞོགས་པ་ཡིས་མཚན་མོ་ཡལ་ཚར་བ་ལྟར་སེལ་འགྲོ་ཡི་ཡོད་སྟབས། མི་སུ་ཞིག་གིས་ཀྱང་ཉི་མ་ཤར་བར་བཀག་འགོག་བྱེད་ཐུབ་ཀྱི་མེད་པ་ལྟར། སུ་ཞིག་གིས་ཀྱང་བདེན་པ་སྦས་སྐུང་བྱེད་ཐུབ་ཀྱི་མེད་པ་དང་། ང་ཚོས་བཟོད་སྲན་ཁོ་ནས་ཉི་མ་ཤར་བར་བསྒུག་དགོས་ཀྱི་ཡོད་པ་རེད། ངས་ཉིན་མོ་དེ་ཡོང་བར་རེ་སྒུག་བྱེད་ཀྱི་ཡོད་ལ། ཉིན་མོ་དེར་རྒྱང་ཐག་རིང་པོ་མེད་པར་དེ་རིང་ལྟར་བོད་ནང་དུ་ཏཱ་ལའི་བླ་མ་མཆོག་དབུ་ཞུགས་ཀྱིས་དུས་དྲན་སྲུང་གཙི་བྱེད་ཐུབ་པར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཅེས་དང་།
ཁོང་མོས་མུ་མཐུད་དུ། འཚེ་བ་ནི་ནད་ཡམས་འབུ་སྲིན་ལྟ་བུ་ཡིན་སྟབས་སྲིད་གཞུང་གང་གིས་ཀྱང་མུ་མཐུད་འཚེ་བ་བྱེད་ཆོག་གི་མེད། ཁ་ཆེ་ཆོས་ལུགས་ནི་འཚེ་བ་བྱེད་པའི་ཆོས་ལུགས་ཤིག་གཏན་ནས་མིན། དཀྱིལ་ཤར་ཨེ་ཤ་ཡའི་ནང་ཆོས་ལུགས་ཕྱོགས་གཏོགས་ཚོས་ཁ་ཆེ་ཆོས་ལུགས་ཁ་ལ་འཁྱེར་ཏེ་མི་མང་དམར་གསོད་དང་བརྙས་བཅོས་བྱེད་ཀྱིན་ཡོད་ཀྱང་། སངས་རྒྱས་ཆོས་ལུགས་དང་ཧིན་རྡུ་ཆོས་ལུགས། ཁ་ཆེ་ཆོས་ལུགས་ཚང་མས་བྱམས་དང་སྙིང་རྗེ་གཞི་རྩར་བཟུང་ཡོད་པ་ལྟར། ཁ་ཆེའི་གསུང་རབ་ཀོ་རན་(Quran) ནང་རང་གི་དགྲ་བོ་ལའང་བྱམས་སྙིང་རྗེ་སྒོམ་དགོས་པ་གྲངས་མེད་གསུངས་ཡོད། ཅེས་གསུངས་སོང་།

ལྷོ་ཨ་ཧྥེ་རི་ཁའི་ལྷན་ཚོགས་ཀྱི་སྐོར་ལ་ཁོང་མོས། གོང་གི་གསུང་བཤད་ལ་ཉན་པ་ཡིན་ན་ལྷོ་ཨ་ཧྥེ་རི་ཀའི་ནང་ཚོགས་འཆར་ཡོད་པའི་ནོ་བྷེལ་ཞི་བདེའི་ཚོགས་འདུ་ཕྱིར་འཐེན་བྱས་ཡོད་འདུག དེ་ནི་༧གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པར་བརྟེན་ང་ཚོ་གཅིག་ཀྱང་ཚོགས་བཅར་བྱེད་ཀྱི་མེད། ང་ཚོ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་བུད་མེད་ཚོས་འགོག་རྒོལ་ལས་འགུལ་མགོ་འཛུགས་བྱས་པར་སྐྱེས་པ་ཚོས་རྒྱབ་སྐྱོར་དང་རྗེས་འབྲང་གནང་བ་རེད།
རྒྱ་ནག་གཞུང་གིས་ཐེངས་དུ་མར་༧གོང་ས་མཆོག་གི་མཛད་འཕྲིན་ལ་བཀག་འགོག་བྱས་ཡོད་ལ། དེ་དང་གཅིག་མཚུངས་ཀོ་སི་ཌ་རི་ཀ་(Costa Rica) ཡིས་བྱས་པའང་དྲན་པ་གསོས་ཀྱི་འདུག སྐབས་དེའི་ཚོགས་འདུ་ཡང་ཕྱིར་འཐེན་བྱས་པ་རེད། གང་ཡིན་ཟེར་ན། ང་ཚོར་༧གོང་ས་མཆོག་གིས་དབུ་ཁྲིད་མེད་པས་ཚོགས་བཅར་བྱས་མེད། གནས་ཚུལ་འདི་འདྲ་མ་འོངས་བར་ཡང་འབྱུང་གི་རེད། དེར་བརྟེན། ༧གོང་ས་མཆོག་ཕེབས་ན་ང་ཚོའང་འགྲོ་རྒྱུ་ཡིན། ཞེས་གསུངས་སོང་།

397དེའི་རྗེས་ལྕམ་སྐུ་ཇུ་ཌི་ཝུ་ལེམ་མཆོག་གིས། ང་ཚོ་ལྷོ་ཨ་ཧྥེ་རི་ཀའི་ནང་ཕྱིན་ཏེ་ནེལ་སིན་མན་ཌ་ལཱ་མཆོག་གི་ཕྱག་རྗེས་ཀྱི་དུས་དྲན་སྲུང་གཙི་བྱེད་ཐུབ་མ་སོང་། ང་ཚོ་འགྲོ་ཐུབ་མེད་ཀྱང་ང་ཚོའི་ངོ་རྒོལ་བརྡ་ལན་དེ་ང་ཚོ་མགྲོན་འབོད་བྱེད་མཁན་མིན་པར་རྒྱ་ནག་གཞུང་ལ་གཏོང་གི་ཡོད། ལྷོ་ཨ་ཧྥི་རི་ཀས་རང་ཉིད་ཀྱི་བདག་དབང་རྒྱ་ནག་ལ་བཙོང་བ་ལྟར། གཞུང་གང་གིས་རང་ཉིད་ཀྱི་བདག་དབང་གཞན་ལ་བཙོང་བ་ཚོར་བཤད་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་ཡང་ཡང་ཐོས་ཐུབ་པའི་ཆེད་དུ་བཤད་ཀྱི་ཡོད། ང་ཚོས་རྒྱལ་ཁབ་གང་ལ་རྒྱ་ནག་གིས་གནོན་ཤུགས་སྤྲད་དེ་རང་དབང་ལ་ཚོད་འཛིན་བྱེད་པར་འགོག་རྒོལ་བྱེད་དགོས་ལ། ང་ཚོ་འདིར་ཡང་ཡང་ཡོང་སྟེ་༧གོང་ས་མཆོག་དང་ཁྱེད་རང་ཚོ་དང་མཉམ་དུ་ལངས་རྒྱུ་ཡིན། ད་ལྟ་རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་བོད་རིགས་མི་མང་མཉམ་དུ་ང་ཚོ་ལངས་ཡོད། ང་ཚོས་ནམ་ཡང་རྒྱ་ནག་གི་གནོན་ཤུགས་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། ཨ་རི་གཞུང་གིས་ནམ་ཡང་༧གོང་ས་མཆོག་ལ་ཐོངས་མཆན་སྤྲོད་པར་བཀག་འགོག་གཅིག་ཀྱང་བྱས་མྱོང་མེད། གལ་སྲིད་བཀག་འགོག་བྱས་ཚེ་ང་རང་ཝ་ཤིན་ཌོན་ཉེ་འཁྲིས་སུ་བསྡད་ཡོད་སྟབས་ཕོ་བྲང་དཀར་པོའི་ནང་གོམ་པ་རྒྱག་ངེས་ཡིན། ཞེས་སོགས་གསུངས་སོང་།

398མཇུག་ཏུ་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། དེ་རིང་གཙོ་བོ་གྷན་ངྷིའི་འཁྲུངས་སྐར་དུས་དྲན་དང་འབྲེལ་ནས་མཛད་སྒོ་ཞིག་གྲ་སྒྲིག་གནང་བ་རེད། ང་ཚོས་མཛད་རྗེས་ཆེན་པོ་ཡོད་པའི་མི་དེ་གཅིག་པུ་དྲན་གསོ་བྱས་ན་ཕན་རྒྱུ་གང་ཡང་ཡོད་པ་མ་རེད། སྐྱེས་བུ་དམ་པ་མང་པོ་ཞིག་འདས་ཚར་བ་རེད། ང་ཚོས་དྲན་གསོ་བྱས་ཏེ་ཁོང་ཚོ་ཚུར་གསོན་རྒྱུ་ཡོད་པ་མ་རེད། ག་རེ་བྱེད་དགོས་པ་རེད་ལབ་ན། ཁོང་ཚོས་ང་ཚོར་མིག་དཔེ་ལམ་སྟོན་གནང་བཞག་པ་དེར་ཉམས་ལེན་བྱེད་དགོས་པ་རེད། གྷན་ངྷིས་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ནས་རྒྱ་གར་རང་དབང་ཆེད་འཐབ་རྩོད་གནང་ཡོད་པ་རེད། གྷན་ངྷི་ཁོ་རང་གི་མི་ཚེ་སྐྱེལ་སྟངས་ལ་ཆ་བཞག་ན། དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པའི་མཁས་པའི་དབང་པོ་ཞིག་ཆགས་ཡོད་ཀྱང་། ཉིན་རེའི་འཚོ་བ་སྐྱེལ་སྟངས་དེ་རྒྱ་གར་མི་སེར་དཀྱུས་མ་ཞིག་གི་མི་ཚེ་སྐྱེལ་སྟངས་ལྟར་ཕེབས་པ་དེ་ལམ་སྟོན་ཞིག་རེད། ང་རང་ཚོའི་མི་ཏོག་ཙམ་མིང་གྲགས་ཡོད་པ་དང་། གྲ་འགྲིག་པོ་ཞིག་བྱུང་ན་ང་རྒྱལ་དང་སྤོབས་པ་བྱེད་པ། དཀྲོག་དཀྲོག་བྱེད་ཡོང་གི་ཡོད་པ་རེད། དེ་རང་གིས་རང་ཉིད་ཞབས་འདྲེན་ཞུས་པ་དང་ས་བརྫད་པ་འདྲ་བོ་ཞིག་ཆགས་ཀྱི་ཡོད་པ་རེད། ཅི་ཙམ་གཞན་གྱིས་བསྔགས་བརྗོད་དང་བཀུར་ཡུལ་ཚོས་རང་ཉིད་དམན་ས་བཟུང་ནས་འགྲོ་དགོས་པ་དེ་དཔེ་གལ་ཆེན་པོ་རེད་འདུག ཅེས་གསུངས་སོང་།

ཡང་ཁོང་གིས། དེ་རིང་ལྷོ་ཨ་ཧྥེ་རུ་ཁར་ཞི་བདེའི་གཟེངས་རྟགས་བཞེས་མཁན་མང་པོ་ཞིག་ནལ་སེན་མན་ཌ་ལཱ་མཆོག་ལ་རྗེས་དྲན་གྱི་ཚོགས་འདུ་ཆེན་པོ་ཞིག་ཚོགས་རྒྱུ་བྱས་ཡོད་ཀྱང་། ལྷོ་ཨ་ཧྥེ་རུ་ཁ་གཞུང་གིས་ང་ལ་བཀའ་ཁྲོལ་མ་གནང་ནས་འགྲོ་རྒྱུ་མ་བྱུང་བ་རེད། དེར་ཞེ་ས་མ་ཞུས་ན་ཉམ་ཆུང་ལ་ཐུབ་ཚོད་འདྲ་བོ་ཞིག་ཆགས་ཀྱི་ཡོད་སྟབས། དེ་རིང་འདིར་ཕེབས་པ་ཁོང་རང་ཚོས་བདེན་པའི་བདེན་རྒྱབ་དངོས་གནས་དྲང་གནས་ཡིད་ཚིམ་པ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཞེས་སོགས་གསུངས་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ་དང་པདྨ་མཚོ།

གསར་འགྱུར།

Post navigation

Previous Post: འཆམ་མཐུན་དང་ཆིག་སྒྲིལ་གཏོར་མཁན་དབང་འཛིན་མི་སྣ་ཚོ་ཡིན་པ་ལས་མང་ཚོགས་མིན།
Next Post: རིགས་ལམ་འདུ་འཛོམས་ཐེངས་ལྔ་པའི་སྐོར།

Comments (7) on “ཞེ་ས་མ་ཞུས་ན་ཉམ་ཆུང་ལ་ཐུབ་ཚོད་བཏང་བ་འདྲ་བོ་ཆགས་ཡོད།”

  1. རྒྱང་མིག says:
    2014-10-03 at 12:42 am

    ༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་ནི་ཕྱི་ཟླ་༡༢ ཚེས་༡༠ ལ་མིན་ནམ། ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་༢༥ འཁོར་བའི་དུས་དྲན་དངོས་དེ་གྷན་ངྷིའི་འཁྲུངས་སྐར་ལ་ག་རེ་བྱས་ནས་སྟབས་བསྟུན་བྱེད་དགོས་པ་ཡིན་ནམ།
    ལོ་ཟླ་ཚེས་དུས་བཞི་ག་མི་གཅིག་པའི་དུས་དྲན་གཉིས་མཉམ་དུ་ག་རེ་བྱས་ནས་བྱེད་དགོས་བྱུང་བ་ཡིན་ནམ།
    བཀའ་ཤག་གིས་འདི་ལོ་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་བྱེད་བཞིན་ཡོད་ཚུལ་སྒྲོག་བཞིན་པ་ལྟར་ན། ༧གོང་ས་མཆོག་ལ་ཁོང་རང་ཉིད་ཀྱི་རླབས་ཆེན་མཛད་འཕྲིན་དང་རྗེས་འབྲེལ་གྱི་དུས་དྲན་ཁྱད་པར་བ་ཞིག་ལོགས་སུ་མེད་པ་ཡིན་ནམ།

    གང་ལྟར། སྲིད་སྐྱོང་གིས་”ད་ལོའི་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ལོ་ངོ་༢༥ འཁོར་བའི་དུས་དྲན་ཐོག་ཆེད་མངགས་༧གོང་ས་མཆོག་གིས་ཐུགས་མཉེས་ས་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ལྕམ་ཇུ་ཌི་ཝུ་ལེམ་དང་ཨི་བྷ་ཌི་གཉིས་གདན་འདྲེན་ཞུས་ཏེ་དུས་དྲན་སྲུང་གཙི་ཞུ་བཞིན་ཡོད་པ་དང་།”ཞེས་སོགས་བརྗོད་པར་གཞིགས་ན། ངའི་རྨོངས་འཆར་ལ་འགལ་འདུ་ཁ་ཤས་རང་བཞིན་གྱིས་སླེབས་སོང་།

  2. ཁ་བའི་རྒྱང་ཕྲུག says:
    2014-10-03 at 1:59 am

    བདེན་པའི་རྒྱབ་ལངས་གནང་མཁན་ལྕམ་སྐུ་གཉིས་ཀྱི་མངོན་གསལ་དོད་པོའི་དཔའ་ངར་དང་ཆོད་སེམས་དེས་རྒྱ་གཞུང་ལ་རྒྱབ་གཏོད་ངོ་རྒོལ་བྱས་པ་གཅིག་པོ་མིན་པར་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་དམངས་ཚོར་ཞུམ་མེད་ཀྱི་སྤོབས་པ་ཞིག་ཀྱང་སྦྱིན་སོང་། ལྷག་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཇི་སྲིད་ཉི་ཟླའི་རྒྱུ་བ་མ་དགག་པར་དེ་སྲིད་དུ་ཞབས་པད་ཡུན་དུ་བརྟན་གྱུར་ཅིག

  3. ཤར་ཕྱོགས་ཁུག་རྟ། says:
    2014-10-03 at 4:03 am

    དཔལ་ལྡན་སྲིད་སྐྱོང་མཆོག་ནས་སྐུ་མགྲོན་རྣམ་པ་གཉིས་ཀྱི་ལོ་རྒྱུས་ཀྱང་གསལ་བོ་ཞིག་ལྗགས་ཀློག་གནང་མེད་པ་འདྲ། གཏམ་བཤད་གནང་དུས་རྫིག་ཉམས་སྟོན་རྒྱུ་དེ་གལ་ཆེན་ཡིན་ཡང། དེ་བས་ཀྱང་གལ་ཆེ་བ་དེ་ཞལ་ནས་གང་གསུང་གི་ཡོད་པ་དེ་དོན་ལ་གནས་པ་ཞིབ་ཚགས་པ། དོན་སྙིང་འདུ་བ་ཞིག་ཡིན་དགོས་པ་དེ་གལ་ཆེན་རེད། སྲིད་སྐྱོང་གི་ཁོ་མོ་གཉིས་ཀྱི་ལོ་རྒྱུས་བསྒྲགས་པ་དེ་སྲང་བར་གྱི་གཏམ་འཁྱར་རྒྱབ་རྩར་དྲངས་ནས་བཀའ་གནང་བ་དང་ཤིན་ཏུ་འདྲ་བས། མ་འོངས་པར་རྒྱལ་སྤྱིའི་སྟེང་གྲགས་པ་ཆེ་བའི་མི་སྣ་གདན་འདྲེན་ཞུ་ན། བཀའ་མོལ་གནང་སྟངས་ལ་གཟབ་ཙམ་གནང་དགོས་ཀྱི་འདུག་ལ། དང་པོར་རང་ངོས་ནས་སློབ་སྦྱོང་ཅུང་ཙམ་བྱེད་ཐུབ་ན་བོད་ཀྱི་སྲིད་སྐྱོང་གི་གནས་ཚད་ལ་གདེང་འཇོག་ཐོབ་ཀྱི་རེད།

    དཔེར་ན། གན་ངྷེའི་འཁྲུངས་སྐར་གལ་ཆེ་ཡིན་ཚུལ་གསུངས་སོང། ཡིན་ན། ཁོང་གི་ལྟ་གྲུབ་དང་རྣམ་ཐར་སྙིང་བསྡུས་རྡོག་རྡོག་བྱས་ཏེ་མི་མང་ལ་ངོ་སྤྲོད་ཅིག་གནང་དགོས་པ་རེད་མོད། ཚིག་གཅིག་མ་གསུངས་པར། རྗེས་དྲན་ཞུ་སྟངས་འདི་ཡ་མཚན་ཞིག་རེད། གཅིག་བྱས་ན། སྲིད་སྐྱོང་མཆོག་གན་ངྷེའི་ལྟ་གྲུབ་སྐོར་ལ་ཁྱོན་ནས་རྒྱུས་མེད་ཡིན་སྲིད། གཉིས་ནས་བོད་མི་རྣམས་འཚེ་མེད་ཞི་བའི་ལམ་དུ་བསྐྱོད་དགོས་པའི་རྒྱབ་ལྗོངས་དང་ཆོད་སེམས། ལམ་བུ་དེར་ཕྱིན་པའི་ད་ལྟའི་གྲུབ་འབྲས་སོགས་ད་ལྟའི་བོད་ཀྱི་གནས་བབ་སྐུ་མགྲོན་རྣམ་པ་གཉིས་ལ་ངོ་སྤྲོད་ཅིག་ཞུ་དགོས་པ་སྨྲས་མེད་ཡིན་ཡང། དེ་ཡང་གསུངས་མ་སོང། སོང་ཙང། གཏམ་བཤད་ཚད་ལྡན་གནང་མ་ཐུབ་པ་འདིས་ཕུགས་སུ་ཅི་ཞིག་མངོན་གྱི་འདུག་ཟེར་ན། གོ་སྒྲིག་གནང་མཁན་གྱིས་དགེ་བ་རྒྱུ་མཚན་ཟབ་ཅིང་རྒྱ་ཆེ་བ་མ་རྟོགས་པར་འཁྲབ་སྟོན་ཙམ་གྱི་ངོ་བོར་མཛད་སྒོ་ཞིག་བསྡུས་པ་མཚོན་པ་དེ་རེད་ལ། དེ་ལྟར་རིས་མེད་ཤེས་ལྡན་པ་ཡོངས་ཀྱིས་ངོས་འཛིན་ཀྱང་བྱེད་སྲིད་པས། ལར་ནས་འདི་རིགས་ལ་གཟབ་དགོས་ཀྱི་འདུག

    སྙིང་བོའི་ནང་གི་ཡང་སྙིང། ༸གོང་ས་ཆེན་པོས་བཀའ་སློབ་ཕེབས་པ་ལྟར། གན་ངྷེར་ཡི་རངས་བྱེད་ཀྱི་ཡོད་ན། དེའི་ལྟ་གྲུབ་ཀྱི་རྗེས་སུ་ཞུགས་ཏེ་ཉམས་ལེན་དགོས་ཚུལ་གསུངས་པ་ལྟར། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད་ན། ༸གོང་ས་མཆོག་གི་བཀའ་དགོངས་རྣམས་ཆོད་སེམས་བརྟན་པོའི་ཐོག་འབད་སྒྲུབ་གནང་དགོས་པ་དེ་གལ་ཆེན་རེད། དེ་མིན་རང་ཉིད་ཁྱབ་བསྒྲགས་ཡོང་ཕྱིར་ཙམ་དུ་འགྲོ་གྲོན་ཕན་ཆེ་བཏང་ནས་མཛད་སྒོ་སྣ་ཚོགས་འཚོགས་པ་ཡིན་ན་དགེ་བ་རྒྱུ་མཚན་གང་ཡང་མེད་པ་ནི་བོད་མི་ས་ཡ་དྲུག་གིས་ངོས་ཟིན་ཐོབ་ཀྱི་རེད།

  4. ཁྱུང་སེ། says:
    2014-10-03 at 4:49 am

    ཨ་ཁ་ཡང་སྙིང་ནད་རྩད་ཀྱིན་འདུག བོད་ཀྱི་སྲིད་སྐྱོང་གི་གསུང་སྐད་དེ་ཁུག་རྟའི་རྣ་བར་མི་སྙན་པའི་སྒྲ་ཡི་མཚན་གཞི་བཞག་ན་ལེགས་ཤོས་རེད་འདུག

  5. ལུང་རྟོགས། says:
    2014-10-03 at 5:23 am

    ཁུག་རྒྱང་གཉིས་ཀྱིས་ཡང་སྲིད་སྐྱོང་ལ་ཅིག་བཤད་ཀྱི་འདུག ཁྱེད་རང་གཉིས་ལ་བཤད་རྒྱུ་དེ་འདྲ་ཞིག་ལས་མེད་ན་ཁ་ཏོག་ཙམ་ཙུམ་སྡད་ན་ལོས་ཆོག

  6. རྒྱང་མིག says:
    2014-10-03 at 9:48 am

    ལུང་རྟོགས་ལགས།
    ངས་སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་ཀྱི་མེད། ངས་སྲིད་སྐྱོང་གི་འགལ་འདུ་ཅན་གྱི་གཏམ་ཐུང་ལ་དོགས་འཆར་ཞུ་ཡི་ཡོད། དོགས་འཆར་དེ་དག་ཡང་བསྐྱར་གཤམ་དུ་བཀོད་ཡོད།

    ༼༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་ནི་ཕྱི་ཟླ་༡༢ ཚེས་༡༠ ལ་མིན་ནམ།

    ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་༢༥ འཁོར་བའི་དུས་དྲན་དངོས་དེ་གྷན་ངྷིའི་འཁྲུངས་སྐར་ལ་ག་རེ་བྱས་ནས་སྟབས་བསྟུན་བྱེད་དགོས་པ་ཡིན་ནམ།

    ལོ་ཟླ་ཚེས་དུས་བཞི་ག་མི་གཅིག་པའི་དུས་དྲན་གཉིས་མཉམ་དུ་ག་རེ་བྱས་ནས་བྱེད་དགོས་བྱུང་བ་ཡིན་ནམ།

    བཀའ་ཤག་གིས་འདི་ལོ་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་བྱེད་བཞིན་ཡོད་ཚུལ་སྒྲོག་བཞིན་པ་ལྟར་ན། ༧གོང་ས་མཆོག་ལ་ཁོང་རང་ཉིད་ཀྱི་རླབས་ཆེན་མཛད་འཕྲིན་དང་རྗེས་འབྲེལ་གྱི་དུས་དྲན་ཁྱད་པར་བ་ཞིག་ལོགས་སུ་མེད་པ་ཡིན་ནམ།

    གང་ལྟར། སྲིད་སྐྱོང་གིས་”ད་ལོའི་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ལོ་ངོ་༢༥ འཁོར་བའི་དུས་དྲན་ཐོག་ཆེད་མངགས་༧གོང་ས་མཆོག་གིས་ཐུགས་མཉེས་ས་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ལྕམ་ཇུ་ཌི་ཝུ་ལེམ་དང་ཨི་བྷ་ཌི་གཉིས་གདན་འདྲེན་ཞུས་ཏེ་དུས་དྲན་སྲུང་གཙི་ཞུ་བཞིན་ཡོད་པ་དང་།”ཞེས་དང་། དེའི་འཕྲོར་”ཕྱི་ཟླ་༡༠ ཚེས་༢ ཉིན་དེ་བདག་ཉིད་ཆེན་པོ་གྷན་ངྷི་ཡི་འཁྲུངས་སྐར་སྲུང་གཙི་ཞུ་དགོས་དོན་ནི།” ཞེས་སོགས་བརྗོད་པར་གཞིགས་ན། ངའི་རྨོངས་འཆར་ལ་འགལ་འདུ་ཁ་ཤས་རང་བཞིན་གྱིས་སླེབས་སོང་།༽

    མ་གཞི་ནས་རང་རེ་སྤྱི་ཚོགས་འདིར་ད་དུང་ཡང་”བསྟོད་བསྔགས་རྐྱང་བ་ལས་ནོར་འཁྲུལ་ཡོ་བསྲིང་གི་སྐྱོན་བརྗོད་”རིགས་འགྲོ་ས་མེད་པ་དེ་ཆེས་ཡ་མཚན་ཞིག་རེད།

  7. ལུང་རྟོགས། says:
    2014-10-03 at 11:55 am

    རེད་གྲོགས་པོ་རྒྱང་མིག་ལགས། ཁྱེད་རང་གི་དེ་རིང་འདི་ཅིག་པུ་ཡིན་ན་ང་ལ་གང་ཡང་ཞུ་རྒྱུ་མེད། འོན་ཀྱང་ངའི་མཐོང་ཚུལ་ལྟར་ན་ཁྱེད་དང་ཁུག་རྟ་གཉིས་ནི་སྲིད་སྐྱོང་གིས་བྱ་བ་ཅི་ཞིག་སྒྲུབ་སྐྱོན་ཞིག་འཚོལ་རྒྱུ་ཅི་སྙེད་ཁོ་ན་ལྟ་སྡད་མཁན་ཞིག་གི་མཐོང་ཚུལ་ཡོད། ཅིག་བྱས་ན་ང་ནོར་ཡོད་སྲིད་རྒྱུ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme