Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞུ་ཡིག

Posted on 2016-02-072016-02-07 By ཁ་བརྡ 33 Comments on ཞུ་ཡིག

འཕྲིན་ལས།
 
༄།།སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཉིས་ཀྱི་མདུན་སར།

སྲིད་སྐྱོང་གིས་དེ་སྔ་དུས་དབང་ཕྱིར་འགྱངས་ཀྱི་གསར་འགོད་གསལ་བསྒྲགས་སྐབས། ཆོས་རིག་བཀའ་བློན་མཉམ་བདེ་སྲུང་བཀའ་བློན་ཡང་ཨུ་ཚུགས་ཀྱིས་མཉམ་ཁྲིད་བྱས། དེ་བཞིན་ཚོགས་གཙོར་ཐད་ཀར་ཁ་པར་བཏང་སྟེ་རེ་དོན་མ་འགྲུབ་པ་མ་གཏོགས། མི་མང་གི་མདུན་སར་སྤྱང་གྲུང་གང་ཡོད་སྟོན་རྒྱུའི་ཐབས་ཤེས་གནང་བ་རེད།

ཡིན་ནའང་། ཁ་སང་བཀའ་ཤག་གི་མཚན་ཐོག་བཀའ་དྲུང་དང་ཕྱི་དྲིལ་དྲུང་ཆེ་གསུམ་གྱིས་བསྐྱར་དུ་གནས་ཚུལ་དེ་རྡོ་རྗེ་སྐེད་བཟུང་གིས་ཁྱབ་བསྒྲགས་ཤིག་བྱེད་དགོས་པ་ཆགས་འདུག དེས་ནི་སྲིད་སྐྱོང་མཆོག་གི་འོས་བསྡུའི་དམིགས་དོན་ལ་ཕན་རྒྱུའི་གསལ་བཤད་ལས། མི་མང་ལ་བཀའ་ཤག་གི་ཞལ་རྫུན་ཁག་ཅིག་གསལ་བོ་ཆགས་པར་ཕན་ཡོད། གསལ་བཤད་ནང་དོན་གནད་གཙོ་བོ་ངྷ་སའི་སྒྲིག་འཛུགས་དེས་བརྟན་བཞུགས་དུས་དབང་སྦྱིན་བདག་བཀའ་ཤག་དང་མཉམ་དུ་ཕུལ་འཐུས་བཀའ་འཁྲོལ་ཐོབ་པ་ལ་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཉིས་ཀྱིས་མོས་མཐུན་མ་གནང་བར་ག་རེ་གནང་ཡོད་མེད་དང་། དུས་དབང་ཚོགས་གཙོ་བདེ་སྲུང་བཀའ་བློན་མཆོག་སྲིད་ཆོས་གཉིས་ཀྱི་རྣམ་འགྱུར་དེར་རྩ་བ་ནས་མོས་མཐུན་མ་བྱུང་སྐོར་ཟུར་ཙམ་མི་གླེང་དོན་ཅི།

༧གོང་ས་མཆོག་ནག་ཁུངས་ནང་འཇོག་ཐབས་མེད་གཤིས། དུས་དབང་སྐོར་ལབ་གླེང་ཡོད་བཞིན་པར། ངྷ་སའི་སྒྲིག་འཛུགས་ཀྱི་བརྟན་བཞུགས་ལ་ཞལ་བཞེས་གནང་ཡང་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གྱི་བྱེད་བབ་ཀྱིས། དུས་དབང་གནང་ལ་ཉེ་བ་དེ་ཉིད་བསྟན་སྲིད་གཞན་དོན་ཁོ་ནར་ཕན་མིན་བརྟག་དཔྱད་ནན་ཏན་གནང་བ་སྨྲས་མ་དགོས་པས། ཁུངས་ལུང་གསར་པ་ཡིན་མདོག་སྟོན་པའི་གསུང་བབ་དེ་ནི་མཐར་གཏུག་ན་ད་ལྟའི་བཀའ་ཤག་གི་མིང་འཁུར་བའི་མི་སྣ་རེ་ཟུང་གི་རྣམ་དཔྱོད་རུས་སྦལ་གྱི་འགྲོས་དང་མཚུངས་པ་ར་སྤྲད་པའི་དཔང་རྟགས་ཤིག་མ་རེད་དམ།

ཉེ་བའི་རྫ་སོག་འབྲི་གསུམ་གྱི་བརྟན་བཞུགས་སྐབས་སྒྲིག་འཛུགས་དེ་ཡོད་པས་མདོ་སྟོད་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་མདོ་སྟོད་པ་གཅིག་ཀྱང་བཅར་མེད་པ་མིན་ནམ།

མཛད་འཕྲིན་ལྕི་སྐོར་ཡང་རྒྱུད་སྨད་དང་བཀྲས་ལྷུན་བཀའ་ཆོས་ལ་ཉིན་གྲངས་བསྣན་པས་གསལ་བཤད་ཐུབ་ཅིང་། སྐབས་དེར་ལྡི་ལིར་བརྟག་དཔྱད་ཀྱང་གྲུབ་ཡོད། ༧གོང་ས་མཆོག་གི་སྐུའི་བསྙུང་གཞི་དང་འབྲེལ་ཏེ་དུས་དབང་ཕྱིར་འགྱངས་གནང་ན་གཞིས་བྱེས་བོད་མིར་བརྡབ་གསིག་ཡོང་ཚུལ་གསུང་བའང་། ཉེ་སྔོན་གནས་ཆུང་གི་བཀའ་ལུང་བཀའ་ཤག་གི་བཀོད་ཁྱབ་འོག་ཆོས་རིག་ལས་ཁུངས་ཀྱིས་༼ཛ་དྲག༽་གསལ་བསྒྲགས་ཀྱི་ངོ་བོར་སྤེལ་བ་དེས་རྫུན་མར་སྒྲུབ་ཐུབ་ཅིང་། གཞིས་བྱེས་མི་མང་གིས་བདེན་དོན་གསལ་གཟིགས་གནང་ཐུབ་སོང་བ་མ་གཏོགས། སེང་གེའི་སྒེར་གཅོད་བཀའ་ཤག་གིས་བརྡབ་གསིག་ཡོང་མིན་ལ་འགན་གང་ཡང་འཁུར་མེད་པ་གསལ་བོ་རེད།

དེས་ན། སྲིད་སྐྱོང་གིས་འོས་ཤོག་ཁོ་ནའི་ཆེད། བཀའ་ཤག་དང་བཙན་བྱོལ་སྒྲིག་འཛུགས། ༧གོང་ས་སྐྱབས་མགོན་པོ་བཅས་བེད་སྤྱོད་གཏོང་རྐྱང་གནང་ན། དོན་དངོས་སུ་གཞིས་ལུས་བོད་མིའི་རེ་ཐག་ཆད་ངེས་པ་དང་། གཞུང་དམངས་བར་འགལ་རྐྱེན་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཡོང་སྲིད་པས། ད་ནི་བག་ཡོད་པར་གྱིས་ལ། ཁྲལ་བྲལ་གཡོ་འཁྲབ་ཀྱི་གཤིས་ཀ་དེ་ཉིད་བོད་ཀྱི་སྤྱི་ཚོགས་ནང་ནད་ཡམས་བཞིན་མ་བགོས་ན་ཡག་པོ་ཡོད་པའི་དྲན་སྐུལ་དུ།

གནས་ཆུང་ཆོས་རྒྱལ་ཆེན་པོའི་རྣལ་འབྱོར་བའི་མིང་ཙམ་འཛིན་པ་འཕྲིན་ལས་ཟིལ་གནོན་པས། ༢༠༡༦། ༢། ༦། ཉིན།

བསམ་ཚུལ།

Post navigation

Previous Post: ལོ་སར་སྐབས་ཀྱི་དོགས་ཟོན་བརྒྱད་དང་བརྗེད་མི་རུང་བ་དགུ
Next Post: ཆུང་མ་མི་དགོས། ཆང་འཁྱེར་ཤོག

Comments (33) on “ཞུ་ཡིག”

  1. རྣམ་རྒྱལ། says:
    2016-02-07 at 5:12 am

    གནས་ལུགས་མེད་པའི་རྩོམ་དེ་ཚོ་ངོ་ཚ་ཡ་རེད། བཀའ་ཤག་གིས་བསྐྱར་དུ་གསལ་བཤད་གསལ་བསྒྲགས་གནང་དགོས་དོན་ནི། ཚོགས་གཚོ་མཆོག་གིས་དུས་དབང་ཕྱིར་འགྱངས་དགོས་དོན་༧གོང་ས་མཆོག་གི་གསལ་བཤད་བཀའ་སློབ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ལས་གཞན་ཞིག་ཡིན་པར་བཤད་པ་དང་། གཞན་༧གོང་ས་མཆོག་གི་མཚན་གནས་དང་འབྲེལ་བའི་གདན་དོན་ཐད་འོས་མེད་ཀྱི་བྱ་བ་བྱས་པས་རེད། གལ་ཏེ་སྤེན་ཚེས་དེ་ལྟར་བྱས་མེད་ན་བཀའ་ཤག་གིས་གསལ་བསྒྲགས་སྤེལ་དོན་ཡང་མེད། དེས་ན་ཁྱོད་ཚོས་བྱེད་སྟངས་ནི། ཉེས་པ་རང་གིས་བྱས་ཏེ་ཁག་ངན་གཞན་ལ་བཀྲི་བ་དེ་རེད། མི་ཞིག་ཡིན་ན་དེ་འདྲ་མ་གནང་རོགས་ལས་རྒྱུ་འབྲས་ལའང་ཡོང་གི་མ་རེད།

  2. ལུང་རྟོགས། says:
    2016-02-07 at 5:33 am

    གནས་ཆུང་ཆོས་རྒྱལ་ཆེན་པོའི་རྣམ་འབྱོར་བ་དེ་འདྲ་ཞིག་ཡོད་ན་ཞབས་འདྲེན་རེད། ཚོད་གཟུང་མ་གཏོགས་གནས་ཆུང་ཆོས་རྒྱལ་ཆེན་པོས་ཚར་གཅོད་ཡོང་། གནས་ཆུང་ཆོས་རྒྱལ་ཆེན་པོ་བོད་སྤྱི་པའི་དགྲ་ལྷ་རེད་མ་གཏོགས་ཞེན་ཁོག་མཁན་པོ་ཚོའི་མགོན་སྐྱབས་མ་རེད་དོ།

  3. ཅོ་རི་ཉི་མ། says:
    2016-02-07 at 5:39 am

    གནས་ཆུང་ཟེར་བའི་དཀྲུགས་འདྲེ་དེའི་ཁ་ནང་དུ་རྡ་སའི་ལྐོག་ཟ་རུལ་སུངས་ཚོའི་སྐྱག་པ་ཚ་པོ་ཚོ་པོ་དེ་བཏབ། བོད་མི་རིགས་ཁྲག་དཀྲུགས་དཀྲུགས་བྱས་བསྡད་པར་མཚམས་ཞོག་ཟེར་གྱི་ཡིན།

  4. འགར་སྲས། says:
    2016-02-07 at 6:27 am

    སྲིད་སྐྱོང་མཆོག་གིས་བཙོང་གི།
    ཚོགས་གཙོ་མཆོག་གི་བཙོང་གི།
    གོང་ས་བོད་མིའི་གཅེས་ནོར།།
    རིན་ཐང་ཆུང་རུ་བཏང་སོང་།།

    གཞུང་དང་ཚོགས་པའི་བཙོང་གི།
    དམངས་དང་འགོ་བས་བཙོང་གི།
    མི་ལོ་བརྒྱད་བཅུའི་གཅེས་ནོར།།
    ཐོབ་དག་གོ་སར་བརྗེ་སོང་།།

    རང་བཙན་ཕྱོགས་ནས་བཙོང་སོང་།།
    དབུ་མའི་ཕྱོགས་ནས་བཙོང་སོང་།།
    བཙོང་བཙོང་གཉིས་ཀྱི་ཐ་མ།
    གངས་ཅན་ཕམ་ཚོང་ཤོར་སོང་།།

    ནོར་བུ་རང་ལ་ཡོད་དུས།།
    ནོར་བུའི་ནོར་ངོ་མ་ཆོད།།
    ཙན་ཏན་སོལ་བར་བརྗེ་བའི།།
    ཟློས་གར་མཐོང་བས་སྐྱོ་སོང་།།

  5. ཇུང་ཏོག་ says:
    2016-02-07 at 6:47 am

    དར་མ་ཁ་གཡབ་ཚ་བོ་དེ་དཔའ་བོ་དགྲ་ཁར་དབྱུགས་འདོད་མ་རེད་དམ་།

    ‘

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-02-07 at 7:58 am

    མདུན་ས། ཞེས་པ་དང་། འདུན་ས། ཞེས་པ་གཉིས་མ་ནོར་བ་གལ་ཆེ་བ་མཆིས། མདུན་དུ། ཞེས་པའི་དོན་དག་ཡིན་ན། མདུན་སར། ཞེ་ས་པ་དོན་དང་ལྡན། དེ་མིན་ན། གདུགས་དཀར་ན། ཆོས་བཟང་ལྷ་ཡི་འདུན་ས་ན། ཞེས་པ་འདུས་ས་ན། ཞེས་པའི་དོན་ལ་གོ་དགོས་པར་མཐོང་ངོ་།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-02-07 at 8:55 am

    ་་་་་་་་ ཉེ་བའི་རྫ་སོག་འབྲི་གསུམ་གྱི་བརྟན་བཞུགས་སྐབས་སྒྲིག་འཛུགས་དེ་ཡོད་པས་མདོ་སྟོད་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་མདོ་སྟོད་པ་གཅིག་ཀྱང་བཅར་མེད་པ་མིན་ནམ། ་་་་་་་་་

  8. ཀརྡོ་གཉེར་ཕྱག་པ་ says:
    2016-02-07 at 8:56 am

    སློབ་དཔོན་པདྨས་དམ་བཞག་བཀའ་བསྐོས་གནས་ཆུང་ཆོས་རྒྱལ་ཆེན་པོས་སྲུང་ཞིང་སྐྱོབས་ཤིག་ཀྱེ། །

  9. གངས་སེང། says:
    2016-02-07 at 9:28 am

    ཁྱོད་རྩོམ་ཡིག་འབྲི་མཁན་དུས་ཚོད་འཕྲོ་བརླག་རེད། ད་དེ་མུར་བཞག་་་་་་་་་འོ་ཛི་ལ།་་་་་་་་་་་ལོ་འཁོར་མར་དུས་དབང་ཕྱིར་འགྱངས་སྐོར་བགྲོ་གླེང་བྱེད་མཁན་ཡིན་པས་་་་་་་་ཀླད་པ་ཐང་ཐང་ཨེ་ཡོད། ་་་་་་་་་་་་་་་་་་་་་་དེ་ལས་བོད་ཀྱི་རྒྱལ་་རབས་དང་དེང་དུས་དཔེ་དེབ་འདྲ་ཀློག་ནས་སྡོད།་་་་་་་་་ཆོ་མེད་རང་རེད་ཤག་་་་་་་་་་་་དུས་ཚོད་འཁྱོལ་གྱིན་མིན་འདུག་གམ

  10. ལིང་ནག says:
    2016-02-07 at 3:13 pm

    ཡག་མོ་འགུ་་་་གང་ནས་མི་འགྲིག་དེར་རྩོད་ཅིག་་་་རང་ཅག་ནི་རྩོད་དོན་ལ་གནས་པའི་མི་རིགས་ཞིག་དུ་འགྱུར་ཡོད་པས་མི་མཐུད་དུ་རྩོད་ཅིག་་་་བོད་རྒྱལ་ལོ་་་་་སྤེན་ཚེ་རྒྱལ་གྱུར་ཅིག

  11. བསྟན་འཛིན says:
    2016-02-07 at 3:19 pm

    ད་དུང་བཀའ་ཤག་གི་གསལ་བསྒྲགས་ལ་དོག་པ་འདུག་བོད་མི་ས་ཡ་དྲུག་ལ་རྫུན་བཤད་ཡོད་པ་གསལ་བོ་རེད།ད་དུང་དེ་མ་རུང་བ་ཞིག་གསང་ཡོད་ས་རེད་འདོད།

  12. བསྟན་འཛིན says:
    2016-02-07 at 3:46 pm

    རྫུན་ཞིག་གི་དོན་དུ་རྫུན་ཞིག་བསྒྲགས་པ་མིན་ན་བཟང་གི

  13. རླུང་ཐོག། says:
    2016-02-07 at 7:28 pm

    ཕྲིན་ལས་ལགས། ཞལ་རྫུན་ལབ་མཁན་བཀའ་ཤག་དང་སྲིད་སྐྱོང་མ་རེད། སྤེན་པ་ཚེ་རིང་དང་དེས་རྗེས་འབྲང་པ་དག་རེད། ༧་གོང་ས་མཆོག་སྙུང་གཞི་མི་ལེགས་པའི་སྐྱེན་གྱི་དུས་དབང་དང་ཕྱི་རྒྱལ་ཁག་ལ་མཛད་རིམ་དག་ཕྱིར་འཐེན་བྱས་སོང་བ། དེའི་མ་ཚད་ད་ལྟ་༧གོང་ས་མཆོག་སྨན་ཁང་ནང་དུ་སྨན་བཅོས་བྱེད་བཞིན་ཡོད། དེ་ཚང་མས་མཐོང་བཞིན་པ་རེད་འདུག་བ། ཁ་ནས་སྲིད་སྐྱོང་ལབ་ཞོར་དོན་དུ་༧གོང་ས་མཆོག་ལ་ཞུ་བཞིན་ཡོད་པ་གསལ་པོ་རེད།

  14. ཇུང་ཏོག་ says:
    2016-02-07 at 9:28 pm

    བཤད་རྒྱུ་དང་གཏམ་རྒྱུ་ལབ་རྒྱུ་མང་དྲག་ན་
    འོས་མང་པོ་འཕྲོ་རླག་ལ་འགྲོ་ཡོང་ངོ་ཟབ་
    ཟབ་བྱས་ན་ཡག་ལི་རེད་དོ་།

  15. གངས་རིའི་བུ། says:
    2016-02-08 at 1:28 am

    རྩོམ་ཡིག་འདིའི་འོག་ན་སྲིད་སྐྱོང་ཝ་མོའི་རྒྱབ་སྐྱོར་བས་སྤེན་ཚེའི་རྒྱབ་སྐྱོར་བ་འཇིགས་སྐུལ་བྱས་པ་ཞིག་དང་། ༧ གོང་ས་མཆོག་ལ་མཚན་སྨོད་བྱས་པ་བཅས་གཉིས་འདུག གུས་སྤེན་ཚེ་དང་བློ་སེང་གཉིས་གར་རྒྱབ་སྐྱོར་བྱེད་མཁན་ཞིག་མིན། བར་གནས་བ་ཞིག་ཡིན། ད་ལྟ་སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཚོའི་སྐད་ཆ་ཉན་དུས། བློ་སེང་ཝ་མོ་ཐེན་འདོན་མ་བྱེད་ཐབས་རེད་སོང་།

  16. གངས་རིའི་བུ། says:
    2016-02-08 at 1:31 am

    http://rangzenparty.org/2015/12/30/why-i-vote-for-amdo-warrior-penpa-tsering-for-sikyong-2016/?from=singlemessage&isappinstalled=0

  17. གངས་རིའི་བུ། says:
    2016-02-08 at 1:32 am

    རྩོམ་ཡིག་འདིའི་འོག་ན་སྲིད་སྐྱོང་ཝ་མོའི་རྒྱབ་སྐྱོར་བས་སྤེན་ཚེའི་རྒྱབ་སྐྱོར་བ་འཇིགས་སྐུལ་བྱས་པ་ཞིག་དང་། ༧ གོང་ས་མཆོག་ལ་མཚན་སྨོད་བྱས་པ་བཅས་གཉིས་འདུག གུས་སྤེན་ཚེ་དང་བློ་སེང་གཉིས་གར་རྒྱབ་སྐྱོར་བྱེད་མཁན་ཞིག་མིན། བར་གནས་བ་ཞིག་ཡིན། ད་ལྟ་སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཚོའི་སྐད་ཆ་ཉན་དུས། བློ་སེང་ཝ་མོ་ཐེན་འདོན་མ་བྱེད་ཐབས་མེད་རེད་སོང་།

    http://rangzenparty.org/2015/12/30/why-i-vote-for-amdo-warrior-penpa-tsering-for-sikyong-2016/?from=singlemessage&isappinstalled=0

  18. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-08 at 2:24 am

    བློ་སེང་གི་བྱ་ངན་ཁུངས་ལུང་དཔངས་རྟགས་ཡོད་ན་ངོ་མ་གདོང་ཐུག་ནས་ར་སྤྲོད་གཏོང་ཐུབ་ན་ཕོ་ཁྱོ་ཀ་རེད། དེ་མིན་ཁ་མ་རོགས་མ་རེད་དམ།

  19. གངས་རིའི་བུ། says:
    2016-02-08 at 3:51 am

    ཕོ་ཁྱོ་ག་ཡིན་ན་སྲིད་སྐྱོང་ཝ་མོའི་ཁང་རིན་འདི་གཙང་མ་ཟོས། དེ་ནས་བལྟ་ཆོག་

    http://m.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/?from=singlemessage&isappinstalled=0

  20. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-02-08 at 4:05 am

    དེས་མ་ཚད་ཡིན་ནམ། དེའི་མ་ཚད་ཡིན་རྟོག་དཔྱོད་དགོས་པ་ཞིག་འདུག

  21. མཚོ་སྒོ་གངས་ཕྲུག་ says:
    2016-02-08 at 8:05 am

    ད་ལེན་ངོ་མ་རྩོམ་ཡག་པོ་ཞིག་སྟོན་གནང་ཤག་རྗེས་སུ་ཡིད་རང་ཡོད། དུས་དབང་ཕྱིར་འགྱངས་ཀྱི་གནས་ཚུལ་ངོ་མ་དེ་ག་རང་རེད།།

  22. གཡུ་ཐོག་རྒྱལ་པོ། says:
    2016-02-08 at 12:18 pm

    གང་ལྟར། སྲིད་སྐྱོང་ཨ་ཁུ་སྟོནཔ་དེས། རྒྱབ་མདུན་གཉིས་སུ་འཁྲབ་སྟོན་འདྲ་མིན་སྟོན་བཞིན་འདུག དེ་བས་ཁོ་རྒྱ་གར་གྱི་གློག་བརྙན་ཁང་དུ་ཕྱིན་ན་ཡག་ས་རེད། དེ་མིན་ཁོས་བོད་མི་བསྒྲིགས་འཛུགས་དེ་གང་མགྱོགས་མེད་པ་བཟོ་ས་རེད།

  23. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-02-08 at 7:52 pm

    བོད་སྐད་དག་ཡིག་ལ་ལེགས་པར་སྦྱངས་མྱོང་མེད་ན། དིང་སང་མང་པོས་ཨ་ཡིག་ཨེ་ཡིག་སྒྱུར་བ་དང་ཨེ་ཡིག་ཨ་ཡིག་ཏུ་བསྒྱུར་དང་སྒྱུར་བཞིན་པ་མི་འདུག་གམ།

  24. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2016-02-09 at 2:29 am

    བློ་སེང་གི་ཁང་རིན་གྱི་གནད་དོན་དེ་ངས་གསལ་པོ་ཤེས་ཀྱི་མེད། ལོ་ལྔའི་རིང་ལ་ནག་པོ་ནག་ཆེན་ཡིན་པའི་ར་སྤྲོད་འདྲ་བྱས་ཡོང་རྒྱུ་མི་འདུག
    གང་ལྟར་ཁོ་རང་གིས་བསགས་པ་ཡིན་ནམ་གཞན་ཞིག་གིས་སྤྲད་པ་གང་ཡིན་རུང་དངུལ་ནག་པོ་ཞིག་ཡིན་བཟོ་ཡེ་ནས་མི་འདུག རྒྱུ་མཚན་ནི་ད་བར་དུ་ནག་པོ་ཡིན་པ་གསལ་བོ་མ་ཆགས་པ་དེ་རེད།
    གལ་སྲིད་དངུལ་དེ་གཞན་ཞིག་གིས་སྤྲད་ཡོད་སྲིད་པའི་དབང་དུ་བཏང་ན་ཡང་ང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་སྦྱིན་བདག་གི་དངུལ་མ་ཟ་མཁན་ག་ཚོད་ཡོད།

  25. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-09 at 11:19 am

    ཧཧཧཧཧ་་་་་་བློ་སེང་གིས་ཨ་རིའི་ཌོ་ལ་འབུམ་གསུམ་ཙམ་བསགས་མི་ཐུབ་ཨེ་་་་་ཧཧཧཧཧཧ་་་་་་་་བགད་མོལ་མ་སློང་ཨ། ཨ་རི་ནང་བོད་མིས་ཁང་པ་ཉོ་མཁན་ཀུན་ལ་ཡག་པོ་ལྟོས་དེ་ནས་བློ་སེང་བཟའ་ཚང་གཉིས་ལ་མནོ་བསམ་གྱིས་དང་ཨ་་་་་་་་་་་

  26. འཇམ་བསྟན། says:
    2016-02-10 at 2:07 am

    སྐུ་སྒེར་གཉིད་ལ་ཡུར་སོང་་་་་་་ད་ཡིན་ན་སྐུ་སྒེར་གྱིས་གསལ་བསྒྲགས་མ་གནང་ན་མི་ཤ་རྟ་བབ་ཡོང་རེད་ད་་་་

  27. གངས་རིའི་བུ། says:
    2016-02-10 at 5:07 am

    #13 གངས་རིའི་བུ། ་ལགས་ཀྱིས་སྤེལ་དོན།:
    February 8th, 2016 at 7:41 am
    སྲིད་སྐྱོང་བློ་སེང་གི་མཛད་པ་བཅུ།

    ༡༽ རྒྱ་བོད་སྲིད་བྱུས་གསུང་ལ་ལྗགས་རྩལ་མེད།།
    བོད་ཀྱི་རིག་པ་སྨྲ་བའི་བསོད་བདེ་མེད།། བོད་མིའི་སྒྲིག་འཛུགས་སྐྱོང་བའི་མཁས་ཚད་མེད།།
    མེད་པ་གསུམ་ཅན་འབུམ་རམས་བློ་སེང་རེད།།
    ༢༽ སྤེན་ཚེའི་གདོང་ལ་འབུད་པའི་བློ་ཁོག་མེད།།
    དོལ་འདྲེ་ཟིལ་གྱིས་གནོན་པའི་ལྷག་བསམ་མེད།།
    འབྲེལ་མོལ་བསྐྱར་མཐུད་གནང་བའི་ཕྱག་རོགས་མེད།།
    མེད་པ་གསུམ་ཅན་སྲིད་སྐྱོང་བློ་སེང་རེད།།
    ༣༽ ཤེས་ཡོན་སྲིད་བྱུས་འཛིན་པའི་མ་རྩ་མེད།། གནས་སྤོ་ཚད་ལྡན་བྱེད་པའི་ལམ་སྲོལ་མེད།།
    བཅའ་སྒྲིག་ཐུགས་ལ་མངའ་བའི་མཁྱེན་ཡོན་མེད།།
    མེད་པ་གསུམ་ཅན་སྲིད་སྐྱོང་བློ་སེང་རེད།།
    ༤༽ ཡར་ལ་སྐྱབས་མགོན་མཆོག་ལ་གུས་བཀུར་མེད།།
    མར་ལ་འབངས་མི་སྐྱོང་བའི་བྱམས་སེམས་མེད།།
    བར་ལ་ལས་རོགས་བསྡུས་པའི་ཐབས་ཤེས་མེད།།
    མེད་པ་གསུམ་ཅན་སྲིད་སྐྱོང་བློ་སེང་རེད།།
    ༥༽ རང་ལུས་མེར་སྲེག་ཆེད་དུ་སྲིད་བྱུས་མེད།།
    གཞོན་ནུའི་ནང་འཁྲུག་བྱེད་དུས་བསྡུམ་སྒྲིག་མེད།།
    ཆོལ་གསུམ་ནང་དམེ་བརྒྱབ་དུས་ལམ་སྟོན་མེད།།
    ལོ་ལྔ་ལྷིང་འཇགས་བསྐྱལ་མཁན་བློ་སེང་རེད།
    ༦༽ ལོ་ངོ་དྲུག་ཅུའི་བརྩིགས་གདན་བརྟན་པོ་དེར།།
    རང་གིས་བརྩིགས་གདན་གཏིང་ཞེས་ཁ་གཏམ་བཤད།།
    རྒྱལ་བའི་དྲིན་ལས་ཕྱི་རྒྱལ་བསྐོར་བསྐྱོད་དེ།།
    རང་གིས་འབྱོན་རབས་བཏང་རབས་ཧམ་བཤད་བྱས།།
    ༧༽ ཟམ་གདོང་བླ་མའི་གསར་གཏོད་ལས་རིགས་དག།
    རང་གིས་གསར་གཏོད་བྱས་ཞེས་མཎི་གྲངས།།
    སྔ་སོང་སྔ་མོའི་ཨ་རིའི་རོགས་དངུལ་དེ།།
    རང་གིས་ཐབས་ཤེས་བཏང་ནས་བྱུང་ཚུལ་བཤད།།
    ༨༽ གཞུང་དོན་ཁ་ལ་འཁྱེར་ནས་སྒེར་དོན་བསྒྲུབས།།
    འོས་བསྡུའི་སྒྲིག་གཞི་འགལ་ཡང་ཇི་མི་སྙམ།།
    ངོ་ཚ་མེད་པའི་བཅོས་མའི་གཟེངས་རྟགས་རྣམས།།
    འཁྲམ་སྟོན་བྱེད་པའི་བསྟོད་གླུ་དག་དང་མཚུངས།།
    ༩༽ རྒྱལ་བའི་སྐུ་པར་ཕབ་པའི་ནོར་འཛོལ་གཅིག།
    རྒྱ་དངུལ་བེད་སྤྱོད་བྱས་པའི་ནག་ཉེས་གཉིས།
    བོད་རྒྱ་འབྲེམ་མོལ་བཅད་པའི་ནག་ཉེས་གསུམ། །
    རྩ་དོན་རང་བཞིན་ལོ་རྒྱུས་ནོར་འཁྲུལ་གསུམ། །
    ༡༠༽ ཁས་ལེན་གཉིས་དང་དམ་བཅའ་ཆེན་པོ་གསུམ། །
    རྒྱ་ལ་བརྡ་ལན་སྤྲད་རྒྱུའི་སྟོང་གཏམ་དག །
    དུང་དང་རྒྱ་གླིང་ཇི་བཞིན་སྙན་ན་ཡང་། །
    ང་ཚོའི་བོད་པའི་རྣ་བར་འགྲོ་ལེ་མིན། །

  28. གངས་རིའི་བུ། says:
    2016-02-10 at 5:29 am

    སྲིད་སྐྱོང་ཝ་མོའི་གདོང་རིས་ངོ་མ་འདི་ན་འདུག

    https://www.facebook.com/100008199041428/videos/1682209068729045/

  29. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-02-10 at 11:03 am

    ངོ་མ་ལ་དངོས་མ་ཞེས་བོད་སྐད་ལ་རྩི་བཀུར་བྱེད་པ་ཨ་མདོ་དགེ་འདུན་ཆོས་འཕེལ་སོགས་ཀྱིས་ཁ་སྐད་ངོ་མ་ཞེས་མ་འབྲི་བར་དངོས་མ་ཞེས་འབྲི་བར་མཛད་ཀྱང་། དེའི་རིགས་ལ་སུས་སྣང་རྟགས་བྱེད། བོད་ཉམས་རྒུད་དུ་འགྲོ་བའི་རྟགས་སུ་ཡི་གེ་ཡང་ཅལ་ཅོལ་དུ་སོང་། ༧རྒྱལ་དབང་བརྒྱད་པའི་ཡོངས་འཛིན་ཡེ་ཤེས་དཔལ་བཟང་པའི་ཞལ་སྔ་ནས། གང་དུ་བསྟན་པ་དར་བ་ན་ཡི་གེ་ཤིན་ཏུ་དག་པ་བྱུང་ཞིང་བསྟན་པ་འཕང་དམའ་རུ་སོང་བ་ན། ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན། ཞེས་གསུང་ཆོས་ཀྱི་སྐབས་ཁྲོམ་བཤད་སྩོལ་ཀྱིན་འདུག་པ་བདག་གིས་དངོས་སུ་ཐོས་སོ། རང་གི་གསུང་འབུམ་དེབ་གཟུགས་མ་ཤོག་གྲངས་༥༧༥ན་བསྟན་དར་ལྷ་རམས་པས་བྲིས་སོ།
    ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རང་གི་མི་ཚེ་ལོ་མང་པོར་མི་མེད་ལུང་སྟོང་བསྐྱལ་ཀྱང་། བླ་མ་དམ་པ་གང་གིས་བྲིས་པའི་ཡི་གེ་རྣམས་ཤིན་ཏུ་དག་པར་བྲིས། དཔེར་ན། སྔ་དགོངས་གཉིས། ཞེས་བྲིས་སོ། དིང་སང་བོད་སྐད་དང་རིག་གཞུང་ཉམས་རྒུད་ཀྱི་རྟགས་ལ་དིང་སང་བོད་ཀྱི་མཁས་པ་ཕལ་ཆེ་བས་དགོང་ཞེས་དག་པར་སེམས་ཤིང་། ཁོ་བོས་སྔར་གྱི་བོད་ཀྱི་མཁས་པ་དང་དག་ཡིག་ལ་བལྟས་ཏེ། དགོངས་ཞེས་ཁོ་བོ་སོགས་རེ་རེ་གཉིས་གཉིས་ཡིན་པར་སེམས། བཞེད་པའི་དགོངས་ཀྱང་དུས་ཀྱི་དགོངས་ལས་བྱུང་བ་མིང་ཚིག་ཇི་ལྟར་འབྱུང་བའི་ལོ་རྒྱུས་ལ་མ་སྦྱུངས་པ་དག་གི་སྣང་བར་འགྲོ་དགའོ། ཡིག་ནོར་དག་ལ་ཞུས་དག་མཛད་ན། རང་གཞན་གྱི་བློ་རྒྱས་པར་ཕན་ནོ།

  30. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-02-10 at 10:22 pm

    རང་གི་མི་ཚེ་ལོ་མང་པོར་མི་མེད་ལུང་སྟོང་བསྐྱལ་ཀྱང་། ཞེས་པ། རང་གི་མི་ཚེ་ལོ་མང་པོར་མི་མེད་ལུང་སྟོང་དུ་བསྐྱལ་ཀྱང་། ཞེས་དང་། བླ་མ་དམ་པ་གང་གིས་བྲིས་པའི་ཡི་གེ་རྣམས་ཤིན་ཏུ་དག་པར་བྲིས། ཞེས་པ། བླ་མ་དམ་པ་གང་གིས་བྲིས་པའི་ཡི་གེ་རྣམས་ཤིན་ཏུ་དག་པར་མཆིས། ཞེས་དང་། སྣང་བར་འགྲོ་དགའོ། ཞེས་པ། སྣང་བར་འགྲོ་དཀའོ། ཞེས་ཞུས་དག་བྱས་སོ།

  31. ཀརྡོ་གཉེར་ཕྱག་པ་ says:
    2016-02-10 at 11:01 pm

    དངོས་གནས་བྱས་ན། རྒན་འཇམ་དཔལ་གྱིས་གསུངས་པ་ལྟར། ཡང་འཇུག་ས་ཡོད་ཀྱི་ཐུགས་ཀྱི་དགོངས་འདི་ཡང་། དགོངས་དྲོའི་དགོངས་ཞེས། ས་ཡང་འཇུག་ཡོད་པ། དག་ཡིག་རྙིང་པ་ཁུངས་མ་དག་ལས། དུས་ད་ལྟ་ཡང་གསལ་འདུག་ཀྱང་། མ་དག་རྒྱུན་འབྱམས་ལ། དག་སེལ་བྱ་རྒྱུ་དེ། མི་རབས་ནས་མི་འགོར་བ་འདི་ཡང་། རྗེ་ལུས་ཁྱད་མཚར་ཅིག་རེད་ཤག

  32. ཀརྡོ་གཉེར་ཕྱག་པ་ says:
    2016-02-10 at 11:02 pm

    དངོས་དང་དངོས་མ་ཡིན་སྟངས་དེ། །
    སྔ་དྲོ་དགོངས་དྲོར་དཔྱད་ན་ཤེས། །

  33. ལྷ་སའི་བུ་ says:
    2016-02-11 at 7:13 pm

    འདྲེ་ཤར་ལ་བཞག། གླུད་ནུབ་ལ་བཏང་ཟེར་བའི་དཔེ་ལྟར་རེད། རྩོད་དགོས་པ་བོད་མིའི་རང་དབང་དང་། བདེ་དོན་ལ་མ་རྩོད་པར་དུས་འཁོར་དབང་ཆེན་སྐོར་བཀའ་མར་གནང་དང་། ཡར་ཞུས་སྐོར་ལ་
    རྩོད་ཀྱི་འདུག། དེ་འདྲའི་བྱབ་ཆུང་བ་ལ་ཨང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme