ཞུ་བ་འཐེན་པས་ཕན་པ་མེད། Posted on 2013-06-15 By ཁ་བརྡ་ 4 Comments on ཞུ་བ་འཐེན་པས་ཕན་པ་མེད། བོད་ལ་ཞེན། ང་ཚོས་རྒྱ་ནག་དང་གྲོས་མོལ་བྱེད་ཀྱི་ཡིན་ཟེར་ནས་འཛམ་གླིང་ནང་རྟག་པར་བསྒྲགས་མོད། འོ་ན་ང་ཚོ་ལ་རྒྱ་ནག་དང་གྲོས་མོལ་བྱེད་པའི་ཆ་རྐྱེན་ཚང་ཡོད་དམ་ཟེར་ན་དེ་ནི་ཧ་ཅང་བཤད་དཀའ་བ་ཞིག་རེད། འགལ་ཟླ་ཡོད་པའི་ཕྱོགས་གཉིས་བར་གྲོས་མོལ་ཐོག་ཞི་འགྲིག་དགོས་ན་ལམ་གཉིས་ཡོད་དེ། དང་པོ། ཕྱོགས་གཉིས་པོའི་སྟོབས་ཤུགས་དང་རྒྱབ་རྩ་འདྲ་མཉམ་མམ་ཕྱོགས་ཙམ་འདྲ་མཉམ་ཡོད་དགོས། དེ་ལ་བསམ་ན་རྒྱ་བོད་གཉིས་ནི་སྟོབས་ཤུགས་གནམ་ས་ཙམ་གྱིས་ཁྱད་ཡོད་པས་ལམ་དང་པོའི་ངོ་བོ་ཐོག་ཞི་འགྲིག་ཡོང་ཐབས་མེད། ལམ་གཉིས་པ་སྟོབས་ཤུགས་ཆུང་བ་དེས་ལས་འགུལ་སྣ་ཚོགས་པའི་ཐོག་ནས་སྟོབས་ཤུགས་ཆེ་བ་དེ་གྲོས་མོལ་གྱི་རྐུབ་སྟེགས་ཐོག་མ་ཡོང་རང་དབང་མེད་པར་བཟོ་དགོས། དེ་ལ་བསམ་ན་ཡང་ང་ཚོས་ད་བར་དུ་རྒྱ་ནག་ནས་ང་ཚོ་གྲོས་མོལ་བྱེད་དགོས་ཟེར་ནས་ཁ་གྲགས་བཅུག་ཐུབ་མེད། ང་ཚོས་ད་བར་བཤད་བཞིན་པའི་གྲོས་མོལ་ནི་ང་ཚོ་སྟོབས་ཆུང་བས་སྟོབས་ཆེ་བ་ལ་གྲོས་མོལ་བྱེད་རོགས་ཟེར་ནས་ཞུ་བ་འཐེན་པ་ཙམ་ཡིན་པས་དོན་ངོ་མའི་ཐག་ཆོད་ཅིག་ཧ་ཅང་གི་ཡོང་དཀའ་བ་ཞིག་རེད། ཁ་སེང་བོད་ཀྱི་དུས་བབ་ཐོག་རྒྱ་ནག་དམངས་གཙོ་དོན་གཉེར་བ་མཁས་དབང་ཝང་ཏན་གྱི་བཅར་འདྲི་ཞིག་གི་ལན་བཀོད་པའི་ནང་ལན་དུམ་བུ་དེ་འདྲ་ཞིག་འདུག༼ལན། ངས་བསམ་ན། ད་ལྟའི་ཆར་ཞི་འགྲིག་གི་གནད་དོན་དེ་ང་ཚོའི་ངོས་ནས་ཕར་བཏོན་པ་ཡིན་ན། དེ་ནི་ཧ་ཅང་དགོད་བྲོ་བ་ཞིག་རེད། རྒྱུ་མཚན་ནི་ཕྱོགས་གཉིས་བར་གྱི་སྟོབས་ཤུགས་ལ་ཧེ་བག་ཧ་ཅང་ཆེན་པོ་ཡོད་པའི་གནས་བབས་འོག ཞི་འགྲིག་ནི་དུས་ནམ་ཡང་གནོད་འཚེ་ཕོག་ཡུལ་གྱི་འདོན་པར་འོས་བབས་ཡོད་པ་མ་རེད། དཔེར་ན། མི་ཀ་བས་མི་ཁ་བའི་གཅར་རྡུང་འོག་གནོད་འཚེ་མྱོང་བཞིན་ད་དུང་ཕར་མི་ཁ་བ་དེར་ང་ཚོས་ཕན་ཚུན་གྲོགས་པོ་སྒྲིག་གི་ཡིན་བརྗོད་ཚེ། འདི་ལྟ་བུའི་དགོད་བྲོ་བའི་གནས་ཚུལ་ཞིག་གནམ་འོག་ཏུ་ཡོད་སྲིད་དམ། སྤྱིར་ཞི་འགྲིག་གི་རྨང་གཞི་ནི་དོན་དངོས་གནས་ཚུལ་གསལ་འདོན་དང་དྲང་པོ་དྲང་བཞག་གི་ཐག་གཅོད་གཉིས་ལ་ཐུག་ཡོད་པ་རེད། ད་ལྟའི་ཆར་རྒྱ་གཞུང་གིས་སྔར་བཞིན་དྲུག་བཞིའི་དམར་གསོད་བྱ་སྤྱོད་དེ་རང་ཉིད་ཀྱི་ནོར་འཁྲུལ་ཡིན་པ་ངོས་ལེན་བྱེད་ཀྱིན་མེད་པ་མ་ཟད། སྐབས་དེའི་དོན་དངོས་གནས་ཚུལ་རྣམས་སྤྱི་ཚོགས་ཁྲོད་སྦ་གསང་བྱས་ཏེ། དྲུག་བཞིའི་གནད་དོན་ཐད་ཡོངས་གྲགས་ཐོག་གཏམ་གླེང་བྱེད་མི་ཆོག་པ་བཟོས་ཡོད། དེ་འདྲའི་གནས་སྟངས་འོག་ཞི་འགྲིག་གི་རྨང་གཞི་ག་རེ་ཡོད་པ་རེད། རྨང་གཞི་གང་ཡང་མེད་པའི་གནས་བབ་འོག་ཞི་འགྲིག་གི་གནད་དོན་གླེང་བ་ཡིན་ན། དེ་ནི་དགེ་མཚན་མེད་པའི་ཕྱོགས་གཅིག་རྐྱང་པའི་འདོད་བློ་ཙམ་མ་ཡིན་ནམ།༽ལན་འདི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བའི་སྐོར་ལ་གསུངས་པ་ཞིག་ཡིན་ཀྱང་དེ་ནི་ཏག་ཏག་ང་ཚོའི་གནས་བབ་དང་ཡང་མཚུངས་པ་ཞིག་རེད། མདོར་ན་ང་ཚོས་ནམ་ཞིག་དོན་ངོ་མའི་ལས་འགུལ་དང་ལག་ལེན་ཐོག་ནས་རྒྱ་ནག་གིས་ང་ཚོ་ཞི་འགྲིག་བྱེད་ཀྱི་ཡིན་ཟེར་རང་འགུལ་གྱིས་བཤད་དགོས་པ་ཞིག་བཟོ་མ་ཐུབ་ཚེ་གྲོས་མོལ་གྱི་སྒོ་ནམ་ཡང་ཕྱེས་ཡོད་ཟེར་བ་དེས་དོན་གང་ཡང་བསྒྲུབ་མི་ཐུབ་པར་ཤེས་དགོས།། རྩོམ་རིག
དེ་ལྟར་ཡོང་བ་ཞིག་བཟོ་རོགས། ཕྱི་རུ་ཞབས་བྲོ་རྒྱབ་པ་ལ། ནང་དུ་རྡོག་གྲྭ་འགྲིག་དགོས། ཟེར་བ་དེ་ཡིད་ལ་བཞག་པའི་སྟེང་ནས་ཆབ་སྲིད་དང་ཆོས་ཀྱི་སྐད་ཆ་བཤད་ན་ལེགས།
བདེན་པ་རེད། མཐོ་བཀའ་ཤག་ནས་བཟུང་འདི་ལ་ཐུགས་བསམ་གནང་དགོས་རེད། རྒྱ་ནག་དམངས་གཙོ་དོན་གཉེར་བ་མཁས་དབང་ཝང་ཏན་གྱི་བཅར་འདྲི་ཞིག་གི་ལན་བཀོད་པའི་ནང་ལན་དུམ་བུ་དེ་འདྲ་ཞིག་འདུག༼ལན། ངས་བསམ་ན། ད་ལྟའི་ཆར་ཞི་འགྲིག་གི་གནད་དོན་དེ་ང་ཚོའི་ངོས་ནས་ཕར་བཏོན་པ་ཡིན་ན། དེ་ནི་ཧ་ཅང་དགོད་བྲོ་བ་ཞིག་རེད། རྒྱུ་མཚན་ནི་ཕྱོགས་གཉིས་བར་གྱི་སྟོབས་ཤུགས་ལ་ཧེ་བག་ཧ་ཅང་ཆེན་པོ་ཡོད་པའི་གནས་བབས་འོག ཞི་འགྲིག་ནི་དུས་ནམ་ཡང་གནོད་འཚེ་ཕོག་ཡུལ་གྱི་འདོན་པར་འོས་བབས་ཡོད་པ་མ་རེད། དཔེར་ན། མི་ཀ་བས་མི་ཁ་བའི་གཅར་རྡུང་འོག་གནོད་འཚེ་མྱོང་བཞིན་ད་དུང་ཕར་མི་ཁ་བ་དེར་ང་ཚོས་ཕན་ཚུན་གྲོགས་པོ་སྒྲིག་གི་ཡིན་བརྗོད་ཚེ། འདི་ལྟ་བུའི་དགོད་བྲོ་བའི་གནས་ཚུལ་ཞིག་གནམ་འོག་ཏུ་ཡོད་སྲིད་དམ། སྤྱིར་ཞི་འགྲིག་གི་རྨང་གཞི་ནི་དོན་དངོས་གནས་ཚུལ་གསལ་འདོན་དང་དྲང་པོ་དྲང་བཞག་གི་ཐག་གཅོད་གཉིས་ལ་ཐུག་ཡོད་པ་རེད། ད་ལྟའི་ཆར་རྒྱ་གཞུང་གིས་སྔར་བཞིན་དྲུག་བཞིའི་དམར་གསོད་བྱ་སྤྱོད་དེ་རང་ཉིད་ཀྱི་ནོར་འཁྲུལ་ཡིན་པ་ངོས་ལེན་བྱེད་ཀྱིན་མེད་པ་མ་ཟད། སྐབས་དེའི་དོན་དངོས་གནས་ཚུལ་རྣམས་སྤྱི་ཚོགས་ཁྲོད་སྦ་གསང་བྱས་ཏེ། དྲུག་བཞིའི་གནད་དོན་ཐད་ཡོངས་གྲགས་ཐོག་གཏམ་གླེང་བྱེད་མི་ཆོག་པ་བཟོས་ཡོད། དེ་འདྲའི་གནས་སྟངས་འོག་ཞི་འགྲིག་གི་རྨང་གཞི་ག་རེ་ཡོད་པ་རེད། རྨང་གཞི་གང་ཡང་མེད་པའི་གནས་བབ་འོག་ཞི་འགྲིག་གི་གནད་དོན་གླེང་བ་ཡིན་ན། དེ་ནི་དགེ་མཚན་མེད་པའི་ཕྱོགས་གཅིག་རྐྱང་པའི་འདོད་བློ་ཙམ་མ་ཡིན་ནམ།༽
བོད་ལ་ཞེན་གྱི་སྐད་ཆ་བདེན་པ་ལ་རྒྱ་མིའི་དེའི་སྐད་ཆ་ཡང་བདེན་པ་རེད་བསམས་ཀྱི་འདུག དེ་ལས་ཀྱང་དཀའ་ལས་ཁ་བ་ཞིག་ནི་དབུ་མ་པ་ཚོས་གུན་ཁྲན་ཏང་ལ་དམར་ཕྱོགས་པའི་རྩ་ཁྲིམས་རྩོད་ཀྱི་ཡིན་ཟེར་བ་འདི་རེད། འདི་ནི་སྤྱན་རས་གཟིགས་ལ་མ་ཎིའི་ལུང་གནང་བ་དང་ཆ་རེད།་་་ཧཧ
དེ་ལྟར་ཡོང་བ་ཞིག་བཟོ་རོགས། ཕྱི་རུ་ཞབས་བྲོ་རྒྱབ་པ་ལ། ནང་དུ་རྡོག་གྲྭ་འགྲིག་དགོས། ཟེར་བ་དེ་ཡིད་ལ་བཞག་པའི་སྟེང་ནས་ཆབ་སྲིད་དང་ཆོས་ཀྱི་སྐད་ཆ་བཤད་ན་ལེགས།
ཡ་ཡ། ཁྱོད་ཚོ་ལྷོད་ལྷོད་ཉལ་ཨ། ངས་ཏག་ཏག་བཟོ་ཡོང་།
བདེན་པ་རེད། མཐོ་བཀའ་ཤག་ནས་བཟུང་འདི་ལ་ཐུགས་བསམ་གནང་དགོས་རེད།
རྒྱ་ནག་དམངས་གཙོ་དོན་གཉེར་བ་མཁས་དབང་ཝང་ཏན་གྱི་བཅར་འདྲི་ཞིག་གི་ལན་བཀོད་པའི་ནང་ལན་དུམ་བུ་དེ་འདྲ་ཞིག་འདུག༼ལན། ངས་བསམ་ན། ད་ལྟའི་ཆར་ཞི་འགྲིག་གི་གནད་དོན་དེ་ང་ཚོའི་ངོས་ནས་ཕར་བཏོན་པ་ཡིན་ན། དེ་ནི་ཧ་ཅང་དགོད་བྲོ་བ་ཞིག་རེད། རྒྱུ་མཚན་ནི་ཕྱོགས་གཉིས་བར་གྱི་སྟོབས་ཤུགས་ལ་ཧེ་བག་ཧ་ཅང་ཆེན་པོ་ཡོད་པའི་གནས་བབས་འོག ཞི་འགྲིག་ནི་དུས་ནམ་ཡང་གནོད་འཚེ་ཕོག་ཡུལ་གྱི་འདོན་པར་འོས་བབས་ཡོད་པ་མ་རེད། དཔེར་ན། མི་ཀ་བས་མི་ཁ་བའི་གཅར་རྡུང་འོག་གནོད་འཚེ་མྱོང་བཞིན་ད་དུང་ཕར་མི་ཁ་བ་དེར་ང་ཚོས་ཕན་ཚུན་གྲོགས་པོ་སྒྲིག་གི་ཡིན་བརྗོད་ཚེ། འདི་ལྟ་བུའི་དགོད་བྲོ་བའི་གནས་ཚུལ་ཞིག་གནམ་འོག་ཏུ་ཡོད་སྲིད་དམ། སྤྱིར་ཞི་འགྲིག་གི་རྨང་གཞི་ནི་དོན་དངོས་གནས་ཚུལ་གསལ་འདོན་དང་དྲང་པོ་དྲང་བཞག་གི་ཐག་གཅོད་གཉིས་ལ་ཐུག་ཡོད་པ་རེད། ད་ལྟའི་ཆར་རྒྱ་གཞུང་གིས་སྔར་བཞིན་དྲུག་བཞིའི་དམར་གསོད་བྱ་སྤྱོད་དེ་རང་ཉིད་ཀྱི་ནོར་འཁྲུལ་ཡིན་པ་ངོས་ལེན་བྱེད་ཀྱིན་མེད་པ་མ་ཟད། སྐབས་དེའི་དོན་དངོས་གནས་ཚུལ་རྣམས་སྤྱི་ཚོགས་ཁྲོད་སྦ་གསང་བྱས་ཏེ། དྲུག་བཞིའི་གནད་དོན་ཐད་ཡོངས་གྲགས་ཐོག་གཏམ་གླེང་བྱེད་མི་ཆོག་པ་བཟོས་ཡོད། དེ་འདྲའི་གནས་སྟངས་འོག་ཞི་འགྲིག་གི་རྨང་གཞི་ག་རེ་ཡོད་པ་རེད། རྨང་གཞི་གང་ཡང་མེད་པའི་གནས་བབ་འོག་ཞི་འགྲིག་གི་གནད་དོན་གླེང་བ་ཡིན་ན། དེ་ནི་དགེ་མཚན་མེད་པའི་ཕྱོགས་གཅིག་རྐྱང་པའི་འདོད་བློ་ཙམ་མ་ཡིན་ནམ།༽
བོད་ལ་ཞེན་གྱི་སྐད་ཆ་བདེན་པ་ལ་རྒྱ་མིའི་དེའི་སྐད་ཆ་ཡང་བདེན་པ་རེད་བསམས་ཀྱི་འདུག དེ་ལས་ཀྱང་དཀའ་ལས་ཁ་བ་ཞིག་ནི་དབུ་མ་པ་ཚོས་གུན་ཁྲན་ཏང་ལ་དམར་ཕྱོགས་པའི་རྩ་ཁྲིམས་རྩོད་ཀྱི་ཡིན་ཟེར་བ་འདི་རེད། འདི་ནི་སྤྱན་རས་གཟིགས་ལ་མ་ཎིའི་ལུང་གནང་བ་དང་ཆ་རེད།་་་ཧཧ