Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞུ་དག་གནང་རོགས། རྡོ་རྗེ་རྒྱལ་མཚན།

Posted on 2013-01-18 By ཁ་བརྡ་ 12 Comments on ཞུ་དག་གནང་རོགས། རྡོ་རྗེ་རྒྱལ་མཚན།

གཤམ་གྱི་རྩོམ་ཡིག་འདི་ནི་ལྷ་ལུང་གསུང་སྤྲུལ་ལྔ་པ་གྲུབ་མཆོག་རྡོ་རྗེས་བརྩམས་གནང་བ་རེད་འདུག། གསུང་རྩོམ་འདི་ནི་དབུ་མེད་ཀྱི་ཡིག་ཐོག་ཏུ་བྲིས་པའི་དཔེ་རྙིང་ཞིག་ལས་བཤུས་པ་ཡིན། མ་དཔེར་ཡི་གེ་མི་གསལ་བས་ཚིག་དོན་ལ་ནོར་འཁྲུལ་བྱུང་དོགས་པས།  མཁྱེན་དཔྱོད་ལྡན་པ་རྣམས་ཀྱིས་ཞུ་དག་གནང་ཆེད་དུ་འདིར་ཕུལ་བ་ལགས་པས་དེ་དེ་བཞིན་དུ་མཛད་གནང་བའི་ཞུ་བ་ཕུལ་བ་ལགས།  

བླ་མ་དང་ལྷག་པའི་ལྷ་དབྱེར་མི་ཕྱེད་པ་ལ་ཕྱག་འཚལ་ལོ།  །བསྐལ་པ་བཟང་པོའི་རྣམ་འདྲེན་བཞི་པའི་སྐུར།  །ཡོངས་གྲུབ་སྟོབས་བཅུའི་མངའ་བདག་ཟས་གཙང་སྲས།  །དེ་ཡི་གསུང་རབ་ཡན་ལག་བཅུ་གཉིས་དང་།  །དེ་འཛིན་དགེ་འདུན་བཅས་ལ་གུས་པས་འདུད།  །སྔོན་གོམས་བག་ཆགས་འགྲིབས་ཤིང་འདིར་སྦྱངས་དམན།  །རྟུལ་པོའི་གྲལ་མཐར་གནས་ཀྱང་ལྷག་བསམ་ནི།  །ཀཻ་ལ་ཤ་རི་མཚུངས་ཕྱིར་དང་བའི་བློས།  །རྫོགས་སངས་རྒྱས་ལ་བསྟོད་པའི་དབྱངས་འདི་སྐད།  །ཀ་ལིང་ཀ་སོགས་མཐའ་ཁོབ་མུན་གླིང་དང་།  །ཁ་བ་ཅན་སོགས་དུད་འགྲོའི་རྒྱུད་མིན་པའི།  །ག་ཤེད་སངས་རྒྱས་ཀུན་འཁྲུངས་འཕགས་ཡུལ་དེར།  །ང་ཚོ་འགྲོ་ཀུན་འདྲེན་པ་མཆོག་དེ་བལྟམས།  །ཅ་ཅོ་མ་ཡིན་སྙན་པའི་རོལ་མོས་མཆོད།  །ཆ་ལུགས་སྐབས་གསུམ་སྒེག་མཚུངས་བཙུན་མོ་དང་།  །ཇ་ཆང་ལོངས་སྤྱོད་རྒྱས་པའི་འཁོར་ལྡན་ཡང་།  །ཉ་མོ་ལྕགས་ཀྱུའི་སྡུག་བསྔལ་བཞི་གཟིགས་ནས།  །ཏ་ལའི་ནགས་གསེབ་སྦས་མཐའི་ངོགས་རྣམས་སུ།  །ཐ་མལ་བསམ་ཡུལ་འདས་པའི་དཀའ་སྤྱད་ཀྱིས།  །ད་གདོད་བྱང་ཆུབ་སྙིང་པོ་བརྙེས་པའི་ཚེ།  །ནཱ་གའི་ཚོགས་ཀྱང་གདུག་པ་རང་ཞིར་གྱུར།  །པ་སངས་ལྟར་དཀར་འོད་ཕུང་གྲངས་མེད་པ།  །ཕ་རོལ་བདུད་སྡེའི་གྲོང་དུ་སྤྲོས་པའི་ཚེ།  །བ་ལང་རྣམ་ཐར་འཛིན་པའི་འདོད་རྒྱལ་ཚོགས།  །མ་རུངས་བསམ་པ་ལྡན་པའི་གཡུལ་བཤམས་ནས།  །ཙ་རའི་གྲོང་གི་མི་རྒོད་ལྷགས་པ་བཞིན།  །ཚ་གྲངས་འཁྲུགས་པའི་སྒྲ་ཚོགས་སྒྲོགས་པའི་དཔུང་།  །ཛ་ལང་རྒྱས་པས་གླང་པོ་སྟོང་ཐུབ་ལ།  །ཝ་སྐྱེས་སེང་གེ་གོམ་ཕྱིར་རྒྱུག་པ་བཞིན།  ། { 1v } ཞྭ་ལྟར་འཁུར་འོས་རྫོགས་པའི་སངས་རྒྱས་ལ།  །ཟྭ་ལྟར་ཀུམ་མོའི་བསམ་ནས་སོང་བ་དེ།  །འ་ཅག་ངན་འགྲོར་འདོང་ཞེས་སྨྲ་དང་མཚུངས།  །ཡ་རབས་སྤྱོད་ཚུལ་མིན་པར་ཀུན་གྱིས་རྟོགས།  །ར་རིའི་དྲི་མ་ཡོངས་སྤང་རྒྱལ་བ་དེས།  །ལ་ལུང་བརྒལ་ནས་སེམས་ཅན་ཀུན་དོན་མཛད།  །ཤ་ཟ་ལ་སོགས་སྐད་དུའང་ཆོས་འཁོར་བསྐོར།  །ས་བཅུར་སྐྱེ་བོ་མང་པོ་བཀོད་མཛད་ནས།  །ཧ་རིའི་ནགས་ཚལ་འཁྲིགས་པའི་གྲོང་ཁྱེར་དུ།  །ཨ་ཧོ་མྱ་ངན་འདས་པའི་ཚུལ་བསྟན་ཀྱང་།  །ཧ་ཅང་ཞིབ་མོའི་བློ་ཡིས་བརྟག་པ་ན།  །ཨ་ཅང་འགྲོ་ངོར་ཡིན་གྱིས་གཞན་དུ་མིན།  །དེ་ལྟར་སྲ་རྒྱས་ཆར་གཏོགས་ཀ་ལི་ལས།  །བརྩམས་པའི་རྒྱལ་བར་བསྟོད་དབྱངས་འདི་དབུལ་བའི།  །མཐུ་ལས་འཁོར་བར་ཉམས་ཐག་འགྲོ་ཚོགས་རྣམས།  །འདྲེན་པའི་དེད་དཔོན་མཆོག་ཏུ་བདག་གྱུར་ཤོག །བླུན་རྒན་བ་ལང་རྫི་བོའི་གཏམ་ཇི་བཞིན།  །སྐྱོན་མང་ལྡན་པའི་གྲོང་ཚིག་རྐང་བཅད་འདི།  །རྨོངས་བརྟུལ་གྲུབ་མཆོག་རྡོ་རྗེས་སྨྲས་པ་ལ།  །མཁས་རྣམས་ཁྲེལ་ན་བཟོད་པའི་གོ་ཆ་བཞེས།  །འོན་ཀྱང་ལྷག་བསམ་དཀར་བའི་དགེ་བ་ནི།  །རྒྱལ་བར་བྱེ་མ་ཕུལ་བའི་ཡོན་ཏན་གྱིས།  །ཆོས་རྒྱལ་མྱ་ངན་མེད་གྱུར་རྣམ་ཐར་དང་།  །ཚིག་གི་ཕན་ཡོན་དུས་མཁྱེན་རྒྱལ་པོ་བཞིན།  །འདི་ནི་རྒྱལ་བར་བསྟོད་པའི་ཚིག་ཡིན་ཕྱིན།  །བརྙས་པ་དགེ་ཚུལ་སྐྱེ་བ་ལྔ་བརྒྱའི་བར།  །ཁྱི་ཡི་ལུས་གྱུར་དམ་ཆོས་མཛངས་བླུན་སོགས།  །བཀའ་བསྟན་ཡོངས་སུ་གྲགས་ཕྱིར་ཀླན་ཀ་སྤོངས།  །ཞེས་ཀྱང་སྨྲས་སོ།  །

རྩོམ་རིག

Post navigation

Previous Post: བེམ་པོ་འཁྱེར་ནས་ཁྲོམ་བསྐོར་བྱེད་མི་ཆོག
Next Post: བོད་ནང་གི་འཕྲིན་ཐུང་ཞིག བསོད་ནམས་ཀྱིས་མཁོ་སྤྲོད།

Comments (12) on “ཞུ་དག་གནང་རོགས། རྡོ་རྗེ་རྒྱལ་མཚན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-01-19 at 2:29 am

    །འོན་ཀྱང་ལྷག་བསམ་དཀར་བའི་དགེ་བ་ནི། །རྒྱལ་བར་བྱེ་མ་ཕུལ་བའི་ཡོན་ཏན་གྱིས། །ཆོས་རྒྱལ་མྱ་ངན་མེད་གྱུར་རྣམ་ཐར་དང་། །་་་་་ཟེར།

  2. གཡུ་འབྲུག་དཀར་པོ། says:
    2013-01-19 at 4:22 am

    ༼ཛ་ལང་རྒྱས་པས་གླང་པོ་སྟོང་ཐུབ་ལ། །ཝ་སྐྱེས་སེང་གེ་གོམ་ཕྱིར་རྒྱུག་པ་བཞིན། ། { 1v } ཞྭ་ལྟར་འཁུར་འོས་རྫོགས་པའི་སངས་རྒྱས་ལ། །ཟྭ་ལྟར་ཀུམ་མོའི་བསམ་ནས་སོང་བ་དེ། །༽༼དེ་ལྟར་སྲ་རྒྱས་ཆར་གཏོགས་ཀ་ལི་ལས། །༽དེའི་ཐད་ལ་དགོངས་འཆར་གསུང་རྒྱུ་ཡོད་དམ། ངས་ནི་གོང་གི་དེ་ཚོ་ལ་དོན་དག་ཅིག་གཏན་ནས་ལོན་ཐུབ་མ་སོང་། ལྷག་དོན་དུ་ཡང་ཛ་དང་ཟྭ་དེ་བཞིན་དེ་ལྟར་སྲ་རྒྱས་ཞེས་པ་གསུམ་ལ་གོ་བ་སྤུ་ཙམ་ཡང་ལེན་གྱི་མིན་འདུག།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-19 at 7:48 am

    ལྷ་ལུང་གསུང་སྤྲུལ་ལྔ་པ་གྲུབ་མཆོག་རྡོ་རྗེ་མཆོག སྤྱི་ལོ་ག་དུས་བྱུང་ངམ། གང་ཉིད་ཀྱི་གསུང་རྩོམ་ལེགས་པ་ཞིག་ཏུ་སྣང་།
    ཚ་གྲངས་འཁྲུགས་པའི་སྒྲ་ཚོགས་སྒྲོགས་པའི་དཔུང་། །ཚ་གྲང་གི་གྲང་དང་གཅིག་གཉིས་ཀྱི་གྲངས། ཞེས་ཁྱད་པར་འབྱེད་དགོས།
    ཟྭ་ལྟར་ཀུམ་མོའི་བསམ་ནས་སོང་བ་དེ། ། འདིར་ཟྭ་ཞེས་པ་ཟྭ་ཚོད་དུ་ཡིན་ན། ཀུམ་མོའི་དོན་ཅི་ཡིན་ནམ་
    མ་ཤེས། ཨ་ཅང་འགྲོ་ངོར་ཡིན་གྱིས་གཞན་དུ་མིན། ཨ་ཅང་གི་དོན་ཅི། མཐུ་ལས་འཁོར་བར་ཉམས་ཐག་འགྲོ་ཚོགས་རྣམས། ཉམ་ཐག ཅེས་དགོས་ཏེ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། བླ་མཆོད་དུ། ཉམ་ཐག་འགྲོ་བ་འདོཀུན་བདག་གི་མ། ཞེས་གསུངས་པ་ལྟ་བུ། ཞུ་དག་ཅེས་པ་ཡང་མ་དག་པར་མཐོང་སྟེ། དཔེ་ཆ་དག་པ་མང་པོ་ན། ཞུས་དག་ཅེས་བྲིས། དེ་ཉིད་དག་སྟེ། ངའི་ལུང་པར་སྤུས་དག་པོ་བྱེད་པ་ལ། ཞུན་དག ཅེས་ཟེར། རྗེས་འཇུག་ས་དང་ན་གཉིས་རེས་མོས་སུ་འབྱུང་སྟེ། དཔེར་ན། ཟན་དང་། ཟས། ཚོན། ཚོས་ཞེས་སོགས་སོ།།

  4. མེ་ཏོག་དཀར་པོ། says:
    2013-01-19 at 8:37 am

    ཨ་ཅང་གི་དོན། བཤད་མི་དགོས་སམ་སྨོས་ཅི་དགོས།འཇིགས་དྲགས་ནས་ཞིང་ཁང་གི་ཕྱོགས་ལ་འགྲོ་བ་དག་ཨ་ཅང་ཆེ་སྟེ་མིག་ཀྱང་བལྟ་མི་ཕོད་པ་ཙམ་ཡོད།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-01-19 at 8:49 am

    ཆོས་རྒྱལ་མྱ་ངན་མེད་ཀྱི་ལས་ཀྱི་མཐུ། །
    རྒྱལ་པོ་སྤྱི་བོ་སྐྱེས་ཀྱི་ལས་ནུས་སོགས། །
    ལས་ཚུལ་བསམ་གྱིས་མི་ཁྱབ་ལ། །
    ཅུང་ཟད་ཡིད་གཡོ་བྱུང་བ་མཚར། །

  6. གཡུ་འབྲུག་དཀར་པོ། says:
    2013-01-19 at 8:51 am

    རྒན་ལ་དྭགས་པ་ལགས་དང་མེ་དཀར་ལ་ཐུགས་རྗེ་ཆེ་ཞུ། གསུང་སྤྲུལ་ལྔ་པ་མཆོག་ནི་སྤྱི་ལོ་༡༧༢༥ ལོར་བསམ་གྲུབ་བདེ་བ་ཆེན་པོའི་ཕོ་བྲང་དུ་ཡབ་སྡེ་པ་ན་ལུང་པ་བསོད་ནམས་དར་རྒྱས་དང་ཡུམ་ངག་དབང་དཔལ་མོའི་སྲས་སུ་འཁྲུངས་ཞེས་རྣམ་ཐར་དུ་དེ་ལྟར་གསལ། སྨིན་གླིང་ཁྲི་ཆེན་རིན་ཆེན་རྣམ་རྒྱལ་དང་རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་སློབ་མ་ཡིན་པར་བཤད། ཁོང་གི་གསུང་རྩོམ་མང་པོ་ཞིག་ཡོད་ལས་ཆེ་སྟེ་འོན་ཀྱང་ད་ལྟའི་བར་དུ་ཁོང་གི་གསུང་རྩོམ་ཕྱོགས་བསྡུས་བྱེད་མཁན་སུ་ཡང་བྱུང་མྱོང་མི་འདུག དེར་བརྟེན་ཁོང་གི་གསུང་རྩོམ་རྣམས་ཁ་འཐོར་དུ་སོང་སྟེ་ཕལ་ཆེར་ཆོས་ཀྱི་དབྱིངས་སུ་ནུབ་ཟིན་པའམ་སྙམ་པ་འདུག། གང་ལྟར་གོང་གི་དེ་ནི་འབྲུག་ཡུལ་གྱི་དགོན་པ་རྙིང་པ་རྣམས་ཀྱི་ནང་ནས་རྙེད་པའི་དཔེ་རྙིང་གི་གྲལ་དུ་འདུག་ཅིང་དཔེ་རྙིང་ཡིན་སྟབས་ཡི་གེ་གསལ་ལ་མི་གསལ་བ་ཞིག་འདུག། ངས་ཕོ་ཚོད་ཀྱིས་བཤུས་པ་ཡིན།

  7. ཀརྡོ་གཉེར་ཕྱག་པ་ says:
    2013-01-19 at 9:00 am

    ཨ་ཅང་འདི་ཧ་ཅང་དང་ཐག་ཉེ།

  8. གཡུ་འབྲུག་དཀར་པོ། says:
    2013-01-19 at 9:14 am

    ཨ་ཅང་ཞེས་པ་དེ་ཕལ་ཆེར་དགེ་ལུགས་ཀྱི་གྲྭ་སར་འགྲིམས་མཁན་ཚོ་ལ་དྲིས་ན་གསལ་པོ་ཞིག་ཡོང་བར་རེ། གང་ཡིན་ཟེར་ན་ངས་འབྲས་སྤུངས་བློ་གསལ་གླིང་གི་སློབ་ཁྲིད་ཅིག་ཉན་པ་ཡིན། སློབ་ཁྲིད་དེར་དགེ་རྒན་གྱིས་ཨ་ཅང་ཅང་ཞེས་པ་ཡང་ནས་ཡང་དུ་གསུངས་པ་ཐོས། ཧ་ཅང་ཅང་ཞེས་གསུངས་པ་ཡིན་ནམ་མི་ཤེས། ངའི་རྣ་བར་ནི་ཨ་ཅང་ཅང་ཞེས་རང་ཐོས།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-01-19 at 10:15 am

    ཨ་ཅང་ནི་ཧ་ཅང་གི་ཡུལ་སྐད་དང་། ཧ་ཅང་གི་གོ་དོན་ནི་མང་པོ་ཞེ་དྲགས་དང་། ཨ་ཅང་ཅང་ནི། ཡིན་དང་ཡིན་ཡིན་དང་། ཡོན་དགོས་བྱུང་ཞེས་པའི་དོན་ནོ། །

  10. འབྲོག་ཕྲུག says:
    2013-01-19 at 1:46 pm

    རྒན་ལ་དྭགས་པ་ལགས། ངས་ཁྱོད་རང་ལ་ནང་མོལ་གྱི་ཚུལ་དུ་དོགས་འདྲི་ཞིག་ཞུ་རྒྱུ་ཡོད་པས་མི་བདེ་བ་མེད་ན་གཤམ་གྱི་གློག་འཕྲིན་གྱི་ཐོག་ཏུ་འབྲེལ་བ་ཞིག་གནང་རོགས།
    shenruma@yahoo.com

  11. གཡུ་འབྲུག་དཀར་པོ། says:
    2013-01-24 at 12:40 am

    བླ་མ་དང་ལྷག་པའི་ལྷ་དབྱེར་མི་ཕྱེད་པ་ལ་ཕྱག་འཚལ་ལོ། །བསྐལ་པ་བཟང་པོའི་རྣམ་འདྲེན་བཞི་པའི་སྐུར། །ཡོངས་གྲུབ་སྟོབས་བཅུའི་མངའ་བདག་ཟས་གཙང་སྲས། །དེ་ཡི་གསུང་རབ་ཡན་ལག་བཅུ་གཉིས་དང་། །དེ་འཛིན་དགེ་འདུན་བཅས་ལ་གུས་པས་འདུད། །སྔོན་གོམས་བག་ཆགས་འགྲིབས་ཤིང་འདིར་སྦྱངས་དམན། །རྟུལ་པོའི་གྲལ་མཐར་གནས་ཀྱང་ལྷག་བསམ་ནི། །ཀཻ་ལ་ཤ་རི་མཚུངས་ཕྱིར་དང་བའི་བློས། །རྫོགས་སངས་རྒྱས་ལ་བསྟོད་པའི་དབྱངས་འདི་སྐད། །ཀ་ལིང་ཀ་སོགས་མཐའ་ཁོབ་མུན་གླིང་དང་། །ཁ་བ་ཅན་སོགས་དུད་འགྲོའི་རྒྱུད་མིན་པའི། །ག་ཤེད་སངས་རྒྱས་ཀུན་འཁྲུངས་འཕགས་ཡུལ་དེར། །ང་ཚོ་འགྲོ་ཀུན་འདྲེན་པ་མཆོག་དེ་བལྟམས། །ཅ་ཅོ་མ་ཡིན་སྙན་པའི་རོལ་མོས་མཆོད། །ཆ་ལུགས་སྐབས་གསུམ་སྒེག་མཚུངས་བཙུན་མོ་དང་། །ཇ་ཆང་ལོངས་སྤྱོད་རྒྱས་པའི་འཁོར་ལྡན་ཡང་། །ཉ་མོ་ལྕགས་ཀྱུའི་སྡུག་བསྔལ་བཞི་གཟིགས་ནས། །ཏ་ལའི་ནགས་གསེབ་སྦས་?བས་?མཐའི་ངོགས་རྣམས་སུ། །ཐ་མལ་བསམ་ཡུལ་འདས་པའི་དཀའ་སྤྱད་ཀྱིས། །ད་གདོད་བྱང་ཆུབ་སྙིང་པོ་བརྙེས་པའི་ཚེ། །ནཱ་གའི་ཚོགས་ཀྱང་གདུག་པ་རང་ཞིར་གྱུར། །པ་སངས་ལྟར་དཀར་འོད་ཕུང་གྲངས་མེད་པ། །ཕ་རོལ་བདུད་སྡེའི་གྲོང་དུ་སྤྲོས་པའི་ཚེ། །བ་ལང་རྣམ་ཐར་འཛིན་པའི་འདོད་རྒྱལ་ཚོགས། །མ་རུངས་བསམ་པ་ལྡན་པའི་གཡུལ་བཤམས་ནས། །ཙ་རའི་གྲོང་གི་མི་རྒོད་ལྷགས་པ་བཞིན། །ཚ་གྲང་འཁྲུགས་པའི་སྒྲ་ཚོགས་སྒྲོགས་པའི་དཔུང་། །ཛ་ལང་(རྒྱས་པས་)…..?གླང་པོ་སྟོང་ཐུབ་ལ། །ཝ་སྐྱེས་སེང་གེ་གོམ་ཕྱིར་རྒྱུག་པ་བཞིན། ། { 1v } ཞྭ་ལྟར་(འཁུར་)……?འོས་རྫོགས་པའི་སངས་རྒྱས་ལ། །ཟྭ་ལྟར་(ཀུམ་མོའི་)……?བསམ་ནས་སོང་བ་དེ། །འ་ཅག་ངན་འགྲོར་འདོང་ཞེས་སྨྲ་དང་མཚུངས། །ཡ་རབས་སྤྱོད་ཚུལ་མིན་པར་ཀུན་གྱིས་རྟོགས། །ར་རིའི་དྲི་མ་ཡོངས་སྤང་རྒྱལ་བ་དེས། །ལ་ལུང་བརྒལ་ནས་སེམས་ཅན་ཀུན་དོན་མཛད། །ཤ་ཟ་ལ་སོགས་སྐད་དུའང་ཆོས་འཁོར་བསྐོར། །ས་བཅུར་སྐྱེ་བོ་མང་པོ་བཀོད་མཛད་ནས། །ཧ་རིའི་ནགས་ཚལ་འཁྲིགས་པའི་(གྲོང་ཁྱེར་)……?(དུ)(རུ)། །ཨ་ཧོ་མྱ་ངན་འདས་པའི་ཚུལ་བསྟན་ཀྱང་། །ཧ་ཅང་ཞིབ་མོའི་བློ་ཡིས་བརྟག་པ་ན། །ཨ་ཅང་འགྲོ་ངོར་ཡིན་གྱིས་གཞན་དུ་མིན། །དེ་ལྟར་(སྲ་རྒྱས་)…..?ཆར་གཏོགས་ཀ་ལི་ལས། །བརྩམས་པའི་རྒྱལ་བར་བསྟོད་དབྱངས་འདི་དབུལ་བའི། །མཐུ་ལས་འཁོར་བར་ཉམས་ཐག་འགྲོ་ཚོགས་རྣམས། །འདྲེན་པའི་དེད་དཔོན་མཆོག་ཏུ་བདག་གྱུར་ཤོག །བླུན་རྒན་བ་ལང་རྫི་བོའི་གཏམ་ཇི་བཞིན། །སྐྱོན་མང་ལྡན་པའི་གྲོང་ཚིག་རྐང་བཅད་འདི། །རྨོངས་བརྟུལ་གྲུབ་མཆོག་རྡོ་རྗེས་སྨྲས་པ་ལ། །མཁས་རྣམས་ཁྲེལ་ན་བཟོད་པའི་གོ་ཆ་བཞེས། །འོན་ཀྱང་ལྷག་བསམ་དཀར་བའི་དགེ་བ་ནི། །རྒྱལ་བར་བྱེ་མ་ཕུལ་བའི་ཡོན་ཏན་གྱིས། །ཆོས་རྒྱལ་མྱ་ངན་མེད་གྱུར་རྣམ་ཐར་དང་། །ཚིག་གི་ཕན་ཡོན་དུས་མཁྱེན་རྒྱལ་པོ་བཞིན། །འདི་ནི་རྒྱལ་བར་བསྟོད་པའི་ཚིག་ཡིན་ཕྱིན། །བརྙས་པ་དགེ་ཚུལ་སྐྱེ་བ་ལྔ་བརྒྱའི་བར། །ཁྱི་ཡི་ལུས་གྱུར་དམ་ཆོས་མཛངས་བླུན་སོགས། །བཀའ་བསྟན་ཡོངས་སུ་གྲགས་ཕྱིར་ཀླན་ཀ་སྤོངས། །ཞེས་ཀྱང་སྨྲས་སོ། །

  12. སྤོབས་པ་མཐའ་ཡས། says:
    2013-01-24 at 1:11 am

    ཞུ་དག་གཏོང་ན་མ་དཔེ་དེ་ང་ཚོས་མཐོང་ན་ཅིག་བྱ་རྒྱུ་རེ་རྙེད་སྲིད། དེ་མིན་ཁྱེད་ཀྱིས་ཕོ་ཚོད་ཀྱིས་ཞུ་དག་བཏང་བ་ལས་ལྷག་ཅིག་ང་ཚོས་ཅང་ཤེས་ཀྱི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme