Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞི་བའི་འཐབ་རྩོད། རོགས་སྐྱོར་མཉམ་ཞུགས། ཐུག་འཕྲད། ཞལ་འདེབས། ༢༡_༢༥།༤།༡༢

Posted on 2012-04-26 By ཁ་བརྡ་ 15 Comments on ཞི་བའི་འཐབ་རྩོད། རོགས་སྐྱོར་མཉམ་ཞུགས། ཐུག་འཕྲད། ཞལ་འདེབས། ༢༡_༢༥།༤།༡༢

གླིང་ཚ་ཚེ་བརྟན་རྡོ་རྗེ།

༢༣ཚེས་ཉེར་གསུམ་ཉིན་གྱི་ཞོགས་པ་ཆུ་ཚོད་བཅུ་དང་ཕྱེད་ཀ་གཡས་གཡོན་དུ་སླར་ཡང་ང་ལ་ཁ་པར་སླེབས་མཁན་ནི་མདོ་སྟོད་གསར་བའི་རྒྱུན་ལས་པདྨ་ནོར་བུ་རེད་འདུག ངས་ཁོ་རང་ལ་ཁ་པར་ལས་འཕྲིན་ཐུང་ཞིག་སྐུར་ནས་ང་ཚོ་ཡོད་སའི་ས་ཁུལ་གྱི་མིང་བཤད། དབུས་གཙང་ཆོལ་ཁའི་ཚབ་དུ་ཕེབས་པའི་ན་བཟའ་ཆེན་མོའི་འཚེམ་ཁང་དུ་ལས་ཀ་བྱེད་མཁན་ཚེ་རིང་བཀྲ་ཤིས་དང་ཚོང་ཁང་སྐྱིད་སྡུག་གི་ཚབ་དུ་ཕེབས་པའི་ལས་མེད་ཚོགས་པའི་ལས་མི་བསྟན་འཛིན་ཉི་མ་གཉིས་བརྗེ་བོ་རྒྱགས་དུ་མདོ་སྟོད་གསར་བའི་རྒྱུན་ལས་པདྨ་ནོར་བུ། ཆབ་སྲིད་བཙོན་གྲོལ་ཚོགས་པའི་ཚོགས་གཞོན་བློ་བཟང་དོན་ཡོན་གཉིས་ང་ཚོ་མ་བུ་གསུམ་ལ་རོགས་སྐྱོར་བལྟ་སྐྱོང་བྱེད་དུ་འབྱོར་བ་དང་ང་ཚོ་ཚང་མས་མཉམ་གཅིག་དུ་ཉིན་གུང་གི་ཟ་མ་ཟས་རྗེས་སུ་ང་ཚོ་ས་ཁུལ་དེ་ནས་ཁ་གྱེས་པ་ཡིན།

མདོ་སྟོད་རྒྱུན་ལས་པདྨ་ནོར་བུའི་ཕྱག་དུ་རྡ་ས་ས་གནས་བུད་མེད་ཚོགས་པའི་ངོས་ནས་ཟ་རིགས་ཁ་ཤས་ཤིག་སྐུར་འདུག་ལ། དེ་དང་མཉམ་དུ་རྡ་སར་གནས་གཞུགས་ཨ་མ་ཚེ་འཕེལ་ལགས་ཀྱིས་ཀྱང་ང་ཚོ་ལ་ཁ་ཟས་ཕྲན་པུ་ཞིག་སྐུར་འདུག གཞན་མངའ་རི་སྤྱི་མཐུན་རྒྱུན་ལས་གྲགས་པ་བསམ་གཏན་ནས་མར་དང་སྐུ་པར། ནུ་མོ་ལ་དེབ་གཉིས་བཅས་སྐུར་འདུག

༢༤ཉིན། སུད་སིར་གནས་གཞུགས་པ་ཀླུ་རྒྱལ་དོན་གྲུབ་མཆོག་གིས་འགོ་བཟུང་ནས་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་གིས་ང་ཚོ་མ་སྨད་གསུམ་ལ་ཞལ་འདེབས་གནང་བའི་རེའུ་མིག་གཤམ་གསལ་ལྟར་ཡིན།

གསལ་བསྒྲགས།

རེ་འདུན་དོན་ཚན་ལྔ་ཅན་ཞིག་འཛམ་གླིང་མི་མང་གི་མིག་ལ་སྟར་བཞིན་རྡ་ས་ནས་ལྷ་སའི་བར་དུ་གོམ་བགྲོད་པ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་དང་ནུས་ཤུགས་གོང་མཐོར་གཏོང་བའི་སླད་ཡོ་རོབ་དང་ཨ་རི་སོགས་སུ་གནས་སྡོད་བོད་མི་ཁ་ཤས་ཤིག་དྲ་ལམ་ནས་འདུ་འཛོམས་ཀྱིས་རང་རང་གི་ས་གནས་སུ་ཞལ་འདེབས་ཤིག་སློང་རྒྱུའི་གྲོས་འཆམས་བྱུང་བ་ལྟར། ང་རང་སུ་སུད་གནས་སྡོད་ཅིག་ཡིན་པའི་ཆ་ནས་ལས་འགུལ་འདིའི་ཆ་ཤས་ལེན་ཐུབ་པར་འབད་བརྩོན་བྱས་ནས་ད་ལྟའི་བར་དུ་ཞལ་འདེབས་ཁ་ཤས་ཤིག་བསྡུ་རུབ་བྱས་ཟིན་པ་རྣམས་ཀྱི་མིང་དང་ཞལ་འདེབས་ཀྱི་དངུལ་གྲངས་སོགས་འདིར་དྲ་རྒྱ་རུ་འགོད་ཐུབ་ན་དགེ་མཚན་ཆེ་བར་མཐོང་། ཞོར་དུ་ལས་དོན་འདིའི་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་སེམས་ཤུགས་སྤེལ་མཁན་གྲོགས་པོ་རྣམས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ལ། ལྷག་པར་སུ་སུད་བོད་ཀྱི་གཞོན་ནུའི་གྲོས་ཚོགས་འཚོགས་དུས་གཉིས་པའི་ཐོག་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་ལས་འགུལ་ངོ་སྤྲོད་དང་ལོན་ཊྲོན་ནས་ཡིན་པའི་དྲ་གྲོགས་ཤིག་གིས་བཟོས་པའི་འབྲེལ་ཡོད་གློག་བརྙན་ཞིག་གཟིགས་འབུལ་ཞུ་རྒྱུའི་གོ་བསྐལ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གཞན་ལས་འགུལ་འདི་དེ་བཞིན་རིན་ཐང་ཅན་དུ་མཐོང་བའི་ཞལ་འདེབས་མཁན་རྣམས་པས་བོད་དོན་གྱི་ཆེད་དུ་ལས་འགུལ་གང་ཞིག་སྤེལ་གིན་པར་རྒྱབ་སྐྱོར་གནང་བར་སེམས་ཁུངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིར་ཞལ་འདེབས་བསྡུ་སྟངས་མ་འདྲ་བ་ཁ་ཤས་ཡོད་ན་དེ་ལྟར་མིང་ཐོ་འགོད་པར་བྱ་རྒྱུ། ཁག་དང་པོ། སྐད་འབོད་བྱེད་སྐབས་དང་ཁ་པར་བརྒྱུད་ནས་ཞལ་འདེབས་བསྡུས་པའི་དངུལ་གྲངས་དང་ཞལ་འདེབས་མཁན་གྱི་མིང་།

Name Email ID Amount
Tenzin Nyima 10 Fr
Tenzin 10 Fr
Dadon 20 Fr
Memangtsang Chopa Thar 10 Fr
Phakmo 10 Fr
Yanangtsang Tashi 10 Fr
Gonpo Lakhatsang 10 Fr
Lhasetsang Sonam 10 Fr
Pasang wangdue Gemrangpa 10 Fr
Tenzin Topgyal 10 Fr
Namgyal Dhondup 25 Fr
Dimey 60 Fr
Sonam 10 Fr
Samten 10 Fr
Yenzin Tawo 10 Fr
Yanagurmet@gmail.com 10 Fr
Tsewatenzin 50 Fr
Lakpa signst 100 Fr
Topten.nelnng@gmx.ch 50 Fr
Lobsang 110 Fr
Rabgong sheap 20 Fr
Dechen 50 Fr
Gonpo 10 Fr
Tenzin Sonam 10 Fr
Tsewang 20 Fr
Migmer 10 Fr
khamgo Tsang lobsang 10 Fr
Total 695 Fr

ཁག་གཉིས་པ། ཡོ་རོབ་བོད་ཀྱི་གཞོན་ནུ་གྲོས་ཚོགས་འཚོགས་དུས་གཉིས་པའི་སྐབས་ཀྱི་ཞལ་འདེབས་བྱུང་བ་སྤྱི་བསྡོམས་འཛིན་ཡིག
ཁག་གསུམ་པ། སུ་སུད་ལོའུ་གཟན་ས་གནས་མི་མང་ནས་སུད་སྒོར་༤༠༥ དང་ཡོ་སྒོར་༡༠བཅས་ས་གནས་འབྲེལ་ཡོད་མི་སྣའི་ལག་ཏུ་འབྱོར་ཡོད། ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་འདིར་ཁྱོན་བསྡོམས་པའི་སུ་སུད་སྒོར་༢༥༠༠ཐམ་པ་འདུས་ཡོད། ཞལ་འདེབས་མཁན་རེ་འགས་རང་གི་མིང་བཤད་འདོད་མེད་པས་བཀོད་མེད། སུད་སྒོར་༢༥༢༥དང་ཡོ་རོབ་༡༠ཡོད། ཧིན་སྒོར་༡༤༣༩༢༥འབྱོར་ཡོད།

༢༥ཉིན་ཝྭ་ན་མཐོ་སློབ་སློབ་མ་བཅུ་གཉིས་མ་སྐུལ་དྭང་བླང་གིས་ང་ཚོ་མ་སྨད་གསུམ་ལ་སྤྱི་ལེ་ཉིས་བརྒྱ་དྲུག་བཅུ་ལྷག་གི་ས་གནས་སུ་འཚམ་འདྲི་བྱེད་དུ་འབྱོར་བ་མ་ཟད། ཁོང་ཚོས་དེ་ནས་ཞལ་འདེབས་ཤིག་བསྡུས་སྟེ་སླེབས་འདུག སློབ་མ་དེ་དག་གི་བསྡུས་པའི་ཞལ་འདེབས་ང་ཚོས་གཏན་ནས་དྭང་ལེན་བྱས་མེད། ཆུ་ཚོད་གཅིག་ཙམ་གྱི་དུས་ཚོད་ལ་ང་ཚོས་རང་རང་གི་བསམ་ཚུལ་དང་དྲི་བ་དྲི་ལན་བྱས་རྗེས། ཁོང་ཚོ་ཕྱིར་ལམ་དུ་ཆས་ཁར་སློབ་མ་ཆེས་མི་ཉུང་བ་ཞིག་ང་ཚོ་ལ་འཚམས་འདྲི་བྱེད་དུ་ངོས་སུ་ཡོང་མ་ཐུབ་ཀྱང་འཚམ་འཕྲིན་ཉེར་གཅིག་ང་ཚོ་ལ་སྐུར་བ་དེ་ངས་རེ་རེ་བཞིན་ཀློག་པ་ཡིན། ང་ཚོ་ལ་འཚམ་འདྲི་ངོས་སུ་བཅར་མཁན་དག་གི་མཚན་བྱང་། སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ། རིག་འཛིན་ལྷུན་གྲུབ། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་མཚོ་མོ། ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་སློབ་བུ་ཉི་མ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་ཧི་མ་ལ་ཡའི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཉི་མ་ནེ་གི ནང་ཆོས་གཞོན་ནུ་མཐུན་ཚོགས་ཀྱི་དངུལ་གཉེར་ལས་རོགས་འཇིག་མེད་དངོས་གྲུབ། སྒེར་གྱི་དྭང་བླང་བ། ཧོར་གཙང་དོན་གྲུབ། བསོད་ནམ་རྒྱལ། ཚེ་རིང་སྒྲོལ་མ། ཕུན་ཚོགས་དབང་རྒྱལ། པདྨ་མཁའ་འགྲོ མིག་དམར། བསྟན་འཛིན་ཟླ་བ། པདྨ་ནོར་བུ་བཅས་རང་རང་གི་མི་རིགས་ལ་བཅིངས་པའི་ཤ་དང་རུས་པའི་ན་ཟུག་འཁུར་ནས་ང་ཚོ་མ་སྨད་གསུམ་ལ་འཚམ་འདྲི་བྱེད་དུ་བཅར།

གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་༢༦།༤།༡༢གོམ་བགྲོད་ཀྱི་ལམ་བར་དུ་ཉིན་གུང་གི་ངལ་གསོའི་སྐབས་སུ་སྤེལ།

གསལ་བསྒྲགས།

Post navigation

Previous Post: ཕ་ཡུལ་དུ་ལོག་འགྲོ།
Next Post: ལྷག་དཀར་སྲུང་བརྩི་བརྒྱུད་༧པཎ་ཆེན་གློད་བཀྲོལ་ལ་འབད་པ།

Comments (15) on “ཞི་བའི་འཐབ་རྩོད། རོགས་སྐྱོར་མཉམ་ཞུགས། ཐུག་འཕྲད། ཞལ་འདེབས། ༢༡_༢༥།༤།༡༢”

  1. ཤུག་པ། says:
    2012-04-26 at 11:47 am

    གླིང་ཚ་མ་བུ་གསུམ་ལགས། ཁྱེད་རྣམ་པ་ཁམས་བཟང་།
    གནད་འགག་ལ་ཐུག་དུས་ཐུགས་སེམས་ལྷོད་ལ་འབབ་རོགས། ཁྱེད་ཀྱི་མདུན་ན་བལ་དམག་གིས་རྒྱང་སོ་བཙུགས་ཡོད་ཀྱང་སྲིད་པས། གལ་ཏེ་ཕེབས་ལམ་ལ་བར་ཆད་བཟོས་སོང་ན་ཐུགས་ཕམ་མ་གནང་རོགས། ཁྱེད་རྣམ་པའི་ཟླ་གཅིག་རིང་གི་གོམ་བགྲོད་རིང་མོ་འདིས་ཀྱང་འཇིག་རྟེན་སད་པར་བྱས་ཡོད་པ་དེས་ཀྱང་ཐུགས་ཡིད་ཚིམ་ཆོག་ཆོག་རེད། ཁྱེད་ཚོའི་དཀའ་སྡུག་སེམས་ཀྱིས་ཚོར་ཡོད།

  2. མཚོ་ནག says:
    2012-04-26 at 12:52 pm

    བཀའ་དྲིན་ཆེ།

  3. རུ་ཤུལ་བུ་ says:
    2012-04-26 at 1:49 pm

    རྒྱབ་སྐྱོར་བ་ཚང་མ་ལ་བཀའ་དྲིན་ཆེ།

  4. བྱ་ཁུ་ལོ says:
    2012-04-26 at 3:18 pm

    བརྙན་ཐུང་དེར་བལྟ་འདོད་ཡོད་ན་འདིར་བལྟ་ཐུབ་གྱི་འདུག
    http://youtu.be/3ggO681Dxb8

  5. གསར་བརྗེ་སྐྱབས། says:
    2012-04-26 at 4:21 pm

    ཨ་རོགས། ཧྥ་རན་སི་བོད་རིགས་ཚོགས་པས་ངོས་ནས་ཟླ་འདིའི་ཚེས་༡༥ ཉིན་ས་གནས་བོད་མི་ཚོར་ཞལ་འདེབས་གང་འཚམ་བསྡུས་སོང་། དེ་དག་འབྱོར་མ་སོང་ངམ།

  6. ཡུལ་གྱར་བ says:
    2012-04-26 at 5:17 pm

    མ་བུ་གསུམ་ལ་གུས་འདུད་ཞུ། ཕྲན་ལ་ཁྱེད་ཉིད་དོ་སྣང་སླེབས་དུས་ནི་ཁྱེད་ཀྱིས་མཐུད་འགོད་ཀྱི་ཉིན་ཐོ་རིང་མོ་ཞིག་ཁ་བརྡའི་དྲ་བར་འགོད་འགོ་བརྩམས་པ་ནས་ཡིན་ལ་སྐབས་དེ་ནས་ཉིན་ཐོ་ཀློག་རིམ་བཞིན་ཁྱེད་ཀྱི་མི་རིགས་འདིར་བཅང་པའི་སླད་མེད་དང་གཙང་གི་བཞིན་རས་དེ་ཕྲན་གྱིས་རིམ་བཞིན་རྟོགས། དངོས་གནས་ཁྱེད་ཉིད་ཁ་ཙམ་མིན་པར་དོན་དམ་གྱི་མི་རིགས་འདིའི་དཔའ་བོ་དང་ལ་རྒྱ་ཅན། སྤྱི་སེམས་ཅན། ཁྱོད་ལྟ་བུ་ནི་མི་རིགས་འདིའི་བླ་སྲོག་ཅི་ལ་མིན། ཁྱེད་ལ་གོད་ཆག་མི་འབྱུང་བའི་རེ་བ་ཡོད། ཁྱེད་ལྟ་བུ་འཆི་བ་ལས་གསོན་པར་བཟི་བརྗིད་ཆེ། ཕན་ཐོག་ཆེ། ཅིས་ཀྱང་གོད་ཆག་མི་འབྱུང་བའི་རེ་སྐུལ་སྙིང་ནས་ཞུ།

  7. རུ་དམ་ལུང་གི་བུ། says:
    2012-04-26 at 6:09 pm

    གླིང་ཚ་མ་བུ་གསུམ་ལགས། ཁྱེད་རྣམ་པ་ས་ཆ་ག་འདྲ་ཞིག་ལ་སླེབས་ཡོད། སྐུ་གཟུགས་བདེ་མོ་ཨེ་ཡིན། ཁྱེད་རྣམ་པའི་པར་དང་གནས་ཚུལ་རེ་ཐོས་དང་རྟགས་པར་མིག་ཆུ་རེ་འཆོར་གི། ཁྱེད་རྣམ་པའི་སྙིང་སྟོབས་དང་མི་རིགས་ལ་བཅང་བའི་ལ་རྒྱ་ལ་སྙིང་ནས་དགའ་གུས་ཞུ། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་ཞུ།

  8. སྐྱུ་རྩི་ནས། says:
    2012-04-26 at 8:03 pm

    ཁྱེད་མ་བུ་གསུམ་གྱི་གནས་ཚུལ་དྲ་རྒྱར་ཐོན་རིམ་བཞིན་ལྟ་ཡི་ཡོད་ལ་སྙིང་སྟོབས་ལ་རྗེས་སུ་ཡིད་རངས་ཞུ་བཞིན་ཡོད། སྐུ་གཟུགས་ལ་ཐུགས་ཅག་གནང་རོགས། ང་ཚོ་བོད་པ་ཚང་ལ་ཁྱེད་མ་བུ་གསུམ་འདྲ་བའི་དཔའ་བོ་དཔའ་མོ་ད་དུང་དགོས་ངེས་རེད།

  9. ཐུབ་པ། says:
    2012-04-27 at 1:00 am

    དངོས་གནས་སྤོབས་པ་ཆེན་པོ་སེམས་པ་བརྟན་པོ་རེད།

  10. བྲོ་འཚལ། says:
    2012-04-27 at 2:31 am

    ང་དྲ་ངོས་ལ་མྱུལ་རིམ་བཞིན་ཁྱེད་མ་བུ་གསུམ་གྱི་གནས་ཚུལ་འདྲ་ཨེ་གོ་བའི་འབད་བརྩོན་ཞུ་བཞིན་ཡོད་ལ།་་་ལྷག་པར་ཁྱེད་ཀྱིས་སྤེལ་བའི་ཟིན་བྲིས་མཐོང་ཐེངས་རེར་ཞིབ་ཀློག་ཡང་ཀློག་བྱེད་ཀྱིན་ཞེ་སེམས་པའི་གཏིང་ནས་ཁྱེད་མ་བུ་གསུམ་གྱི་བློ་ཁོག་དང་།་་་ལ་རྒྱ།་་་སྤོབས་པ་ལ་ཡི་རང་དང་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་བཞིན་ཡོད།

  11. བོད་དགའ says:
    2012-04-27 at 3:20 am

    ཡ་ཞེས་དྲག་དགའ་པོ་བྱུང། ཁྱེད་གསུམ་ཁམས་བཟང་། ཁོང་གསུམ་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མི་ཡོངས་ལ་གུས་པས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།། །།

  12. གངས་ལྷ་མེ་ཏོག says:
    2012-04-27 at 11:06 am

    དྲ་གྲོགས་ཚོས་འདིར་མཆན་འགོད་གིན་པར་ཕྲན་ལ་སྤྲོ་པ་ཧ་ཅང་ཆེ་མོད། ཡིན་ན་ཡང་མིག་ཆུ་ཤོར་གི་འདུག་ཟེར་དུས་དྲི་བ་གཞན་པ་ཞིག་ངང་གིས་འདྲི་འདོད་བྱུང་། ཁྱེད་ཀྱི་སེམས་ཚོར་གློ་བུར་བ་དེ་མིག་ཆུར་བསྒྱུར་བ་ལས་སེམས་ཤུགས་ཤིག་ལ་བསྒྱུར་ནས་མ་འོང་བར་རང་གི་མི་རིགས་འདིའི་ཆེད་དུ་ཅི་ཞིག་བསྒྲུབས་ཐུབ་པ་དེར་བསམ་བློ་ཞིག་གཏོང་མི་ཐུབ་བམ།

  13. མཁན་པོ་ཉི་མ། says:
    2012-04-27 at 12:02 pm

    ཉིན་མ་འདི་ཚོར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་མི་ཚང་མས་གླིང་ཚ་མ་བུ་གསུམ་གྱི་ཆེད་དུ་ཞལ་འདེབས་སློང་བར་བྲེལ་འདུག སྤྱིར་བཏང་གི་ཆ་ནས་ལས་འགུལ་སྤེལ་མཁན་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ལ་ལེགས་པོ་འདུག འོན་ཀྱང་། ཉིན་ཁ་ཤས་རིང་སྤྱིའི་ཞལ་འདེབས་ཀྱི་སྒོར་གྲངས་རྒྱ་སྒོར་འབུམ་བཅུ་ཟིན་གྲབ་འདུག

    རྣམ་པ་ཚོས་བསམ་བློ་ཞིག་ཐོངས་དང་རང་ཉིད་ཀྱི་ཞལ་ལག་དང་ཉལ་ཆས་ཡོད་ཚད་མཉམ་དུ་ཁུར་ནས་རྐང་ཐང་དུ་འགྲོ་མཁན་ཞིག་ལ་སྒོར་མོ་དེ་འདྲའི་མང་པོ་ཞིག་གིས་ག་རེ་བྱེད་དགོས་པ་རེད། སྒོར་མོ་དེ་དག་གིས་ཁོང་མ་བུ་གསུམ་བོད་དུ་མ་སླེབས་བར་དུ་ཉིན་རྟག་པར་སྐར་ལྔ་རྟགས་ཅན་གྱི་མགྲོན་ཁང་རྐྱང་རྐྱང་དུ་བསྡད་ནས་སོང་ཀྱང་རྫོགས་མི་སྲིད།

    གལ་སྲིད་སྒོར་མོ་དེ་འདྲའི་ཕོན་ཆེན་ཞིག་ཁུར་ནས་བོད་དུ་སོང་ན་ལམ་སེང་རྒྱ་ནག་གིས་འཕྲོག་ནས་ཁྱེར་འགྲོ་བར་ཐེ་ཚོམ་མེད་དོ།། དེ་ལས་ང་ཚོས་ཁོ་ཚོར་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཆེད་ལས་འགུལ་གཞན་ཞིག་སྤེལ་ན་ག་འདྲ་འདུག

    སྒོར་མོ་དེ་དག་གིས་གླིང་ཚ་ཁོ་རང་བོད་ཡིག་ལ་དགའ་ཞེན་བླ་མེད་ཡོད་པ་ཞིག་ཡིན་པས་ངོས་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ལྟ་བུ་ཞིག་ལ་ཕུལ་ན། ལས་འགུལ་རླབས་ཆེན་མང་བོ་བརྩམ་ཐུབ་བོ།།

  14. བསམ་གཏན། says:
    2012-04-27 at 2:12 pm

    རླབས་ཆེན་གྱི་མ་བུ་གསུམ་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུའོ། ་བོད་གངས་ཅན་གྱི་ལོ་རྒྱུས་ནང་གསེར་ཡིག་ཏུ་བཀོད་ཆོག་ཆོག་ཅིག་ཡོད།

  15. གངས་སྤྲེལ་ཚ། says:
    2012-04-28 at 1:11 am

    རྒྱ་ནག་གི་རྒྱལ་དར་ཁུར་བ་ནས་བཟུང་ང་འཐུམ་སོང་་་་ད་ཅང་བཤད་མི་ཤེས་ཀྱི་་་་ཡིན་ན་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme