Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞི་བའི་འཐབ་རྩོད་ལ་ཚང་དགོས་པའི་ཆ་རྐྱེན།

Posted on 2012-06-10 By ཁ་བརྡ་ 4 Comments on ཞི་བའི་འཐབ་རྩོད་ལ་ཚང་དགོས་པའི་ཆ་རྐྱེན།

གླིང་ཚ་ཚེ་བརྟན་རྡོ་རྗེ་ནས།

རང་ཚུགས་ཐུབ་པ། ཞུམ་མེད་ཀྱི་སྙིང་སྟོབས་ཡོད་པ། འགྲོ་བ་འདྲ་མཉམ་གྱི་འདུ་ཤེས་ཟབ་མོ་ཡོད་པ། རིགས་ལ་བཅིངས་པའི་ལྷག་བསམ་ལ་རྨ་མེད་པ། དྲང་བདེན་ལ་རང་གི་ཚེ་སྲོག་ལས་ཀྱང་གཅེས་པ། མིའི་ཀུན་སྤྱོད་ཀྱི་ཁེ་དབང་ལ་གཅིག་མཚུངས་སུ་ལྟ་བ་དང་ཕྱོགས་རུས་མེད་པ་བཅས་ཀྱི་སྟེང་ནས། དཀའ་ངལ་ཡོད་ཚད་ལ་གདོང་གཏད་པར་རང་གི་ལུས་ངག་ཡིད་གསུམ་དང་རྒྱུ་དངོས་སྤྱོར་གསུམ་གང་ཡིན་ཡང་བློས་གཏོང་བྱེད་པར་རང་ཉིད་ཀྱི་སེམས་གཏིང་ནས་གྲྭ་སྒྲིག་ཚགས་ཚུད་ཡོད་པ་ཞིག་དགོས་པ་ཡིན། ༨།༦།༡༢

གསལ་བསྒྲགས།

Post navigation

Previous Post: ནག་ཕོའི་ནག་ཉེས་ནག་མོས་དོ་ཟླ་མིན།
Next Post: གཞུང་དམངས་གཉིས་ཀྱི་སེམས་ཤི་སོང་བ་རེད་དམ།

Comments (4) on “ཞི་བའི་འཐབ་རྩོད་ལ་ཚང་དགོས་པའི་ཆ་རྐྱེན།”

  1. གནམ says:
    2012-06-10 at 11:19 am

    ཨ་བླ་མཁྱེན། ད་འདི་མོ་ཚང་ནི་དཀོན་ནི་རེད་ཡ། གནའ་སྔོན་མ་ཟིག་ལ་དེ་འདྲ་ཡོད་རབས་གོ་མྱོང། ཚེ་རྡོ་སྡེ་དོན་ལ་མི་འཕེན་ན། ཕོ་ཚེ་ཐག་རང་ཡང་དགའ་རྒྱུ་མེད་ཟེར་ནས་ཀི་རིང་འདེབས་ནི་ཡོད་ཚོད་ཡིན་ཐལ། ད་ཡུམ་གཅིག་ཤེས་ན།

  2. jampas says:
    2012-06-10 at 11:53 am

    ཨོ་་་་་་་་་་་སྔོན་གནས་རེད་ཚེ་བརྟན་རྡོ་རྗེས་ལགས་ཀྱིས་གསུངས་དེ་ག་རང་རེད་་་་་་་་་ཆ་རྐྱེན་དེ་ཆ་ཚང་ཡོདཔ་ཧ་ཅང་ཁག་པོ་རེད་་་་་་་ཆ་རྐྱེན་དེ་མཚོ་ནང་ནས་གཙོ་བོ་ལྷག་བསམ་དང་སྙིང་སྟོབས་གཉིས་གལ་ཆེས་རེད་བསམ་གྱི་འདུག་་་་

  3. པཀྵི says:
    2012-06-10 at 8:06 pm

    བདག་ཉིད་ཆེན་པོ་གྷན་ངྷིས་”འཆི་བར་མི་སྐྲག་པ་ལས་ལྷག་པའི་འཇིགས་པ་མེད་པ་ཞིག་ངས་མ་མཐོང་”གསུངས་པ་ལྟར་ནམ་ཞིག་རང་དབང་དང་བདེན་པའི་ཆེད་དུ་འཆི་བ་དང་དུ་ལེན་པའི་སྙིང་སྟོབས་ཡོད་པར་གྱུར་པ་ནས་ད་བཟོད་རང་ཉིད་ཞི་བའི་འཐབ་རྩོད་པ་ངོ་མ་ཞིག་ཏུ་གྱུར་པ་ཡིན་ལ། དེ་ནས་བཟུང་རང་ཉིད་གྷན་ངྷིའི་རྗེས་འབྲངས་ཚད་ལྡན་ཞིག་ཏུ་གྱུར་བའང་རེད། ཕྱོགས་གཞན་ཞིག་ནས་རང་ཉིད་བསོད་མཁན་གྱི་ལག་དམར་ཡིན་ཡང་ཁོང་མི་ཁྲོ་བའི་བཟོད་པ་ཆེན་པོ་དེ་འདྲ་ཞིག་དགོས་པ་སོ་སོ་སྐྱེ་བོ་ང་འདྲ་དག་གིས་ཉམས་སུ་ལེན་རྒྱུ་ཕར་ཞོག་སེམས་པའི་ཟུར་ལའང་དྲན་མི་ཐུབ་པའི་སྙིང་སྟོབས་རླབས་ཆེན་ཅིག་གིས་རྩེས་ཟིན་དགོས་པ་རེད། སྙིང་སྟོབས་འདི་འདྲ་ལྡན་མཁན་གྱི་སྐྱེ་བུ་དག་ལ་ཆོས་ཀྱི་གཞུང་དུ་”བྱང་ཆུབ་སེམས་དཔའ” ཞེས་བརྗོད་ཡོད་པ་དེ་རེད། ནང་པ་སངས་རྒྱས་པ་ཡིན་མིན་ལ་མ་ལྟོས་པར་སྐྱེ་བུ་འདིའི་རིགས་ལ་ངས་སངས་རྒྱས་སྟོན་པ་ནང་བཞིན་གུས་ཞབས་བྱེད་ཀྱི་ཡོད།

  4. སྣྲོན་ངག་ཁྲི། says:
    2012-06-11 at 7:06 am

    ཚེ་རྡོར་ལགས་ཀྱིས་མྱོང་བའི་སྡོམ་ཚིག་གམ་ཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཡ་མཐའི་ས་མཚམས་དེ་ལ་རྗེས་སུ་ཡི་རངས་ཞུ་བ་ལས་གཞན་མེད།
    ཡིནའང་ཆ་རྐྱེན་དེ་དག་ཚང་བའི་སྲིད་དོན་འཐབ་རྩོད་པ་རྣལ་མ་ཞིག་སྲིད་འདིར་དཀོན་པ་ཙམ་དུ་མ་ཟད་རང་རེའི་ཁྲོད་དུ་ཤིན་ཏུ་དཀོན། བརྒྱ་ལ་སྲིད་ཀྱང་འབྲས་བུ་གདགས་པར་ཤིན་ཏུ་དཀའ་ཞིང་མེ་ནང་དུ་བསྐལ་པ་རྒྱ་མཚོར་
    ས་བོན་འདེབས་པ་དང་གཉིས་སུ་མ་མཆིས་སོ་སྙམ་སྟེ། རྒྱ་ནག་དང་། འབར་མ། སི་རི་ཡ་སོགས་ན་ཐ་མལ་པའི་ཚེ་མེད་ཞི་བའི་ངོ་རྒོལ་བ་རྣམས་ཕམ་ཉེས་སུ་འགྲོ་དང་
    འགྲོ་མུས་ཡིན་པས་སོ།།

    ༢༽སྐུ་ཞབས་པཥི་ལགས་ཀྱི་གསུང་པའི་བྱང་ཆུབ་སེམས་པ་དེ་ཉན་རང་རྟེན་ཅན་དང་ལམ་མ་ཞུགས་ནའང་ཡོད་དགོས་འདུག་པས། ནང་པའི་ཆོས་ཕྱོགས་ནས་བཤད་ན་བྱང་ཆུབ་སེམས་པ་ཡིན་ན་ཐེག་ཆེན་ལམ་ཞུགས་ཀྱི་གང་ཟག་ཡིན་མི་དགོས་པར་ཐལ། ལམ་མ་ཞུགས་དང་ཉན་རང་ཁྲོད་དུ་ཡོད་པའི་ཕྱིར་ཏེ། ཉན་ཐོས་སྦྱོར་ལམ་བཟོད་པ་ཐོབ་པའི་གང་ཟག་དང་ལམ་མ་ཞུགས་ན་ཡང་བཟོད་པའི་
    ཉམས་ལེན་བརྟན་པོར་གནས་པའི་ཕྱི་རོལ་པ་སོགས་མང་བའི་ཕྱིར། མ་གྲུབ་ན་མངོན་སུམ་ལ་བསྙོན་པ་ཙམ་དུ་ཟད། འདོད་ན།
    འཁོར་གསུམ། དེ་དག་བྱང་ཆུབ་སེམས་དཔའ་མ་ཡིན་པར་ཐལ། ཐེག་པ་ཆེན་པོའི་ལམ་དུ་ཞུགས་པའི་གང་ཟག་མ་ཡིན་པའི་ཕྱིར།
    མ་ཡིན་པར་ཐལ། ཐེག་ཆེན་གྱི་ལམ་མ་ཞུགས་ན་གནས་པའི་གང་ཟག་ཡིན་པའི་ཕྱིར་ཏེ།
    ཐེག་ཆེན་རིགས་ངེས་ཀྱི་གང་ཟག་མ་ཡིན་པ་གང་ཞིག་ ཁྱེད་ཀྱི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་དམ། གཞན་དོན་དུ་རྣམ་མཁྱེན་ཐོབ་པར་འདོད་པའི་འདུན་པ་གཉིས་ལྡན་གྱི་སེམས་མེད་པའི་
    ཕྱིརོ།
    སྨྲས་པ།

    བསྟོད་ན་བསྟོད་ཚོད་རན་པའི་མཚམས་ཤིག་དགོས།།
    སྨད་ནའང་སྨོད་ཚོད་རན་པའི་གཏན་ཚིགས་དགོས།།
    བསྟོད་མི་ཤེས་པས་བསྟོད་པ་ཐལ་དྲགས་ན།།
    སྨོད་པའི་མཆོག་ཏུ་འགྱུར་བར་ཐེ་ཚོམ་མེད།།
    ཞེས་པ་ནི་བར་སྐབས་ཀྱི་དངོས་དོན་སྡོམ་ཚིག་གོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme