Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞི་བའི་འཐབ་རྩོད་ཀྱི་བརྒྱུད་རིམ་སྐོར་ལ་བགྲོ་གླེང་།

Posted on 2013-02-272013-02-27 By ཁ་བརྡ་ 23 Comments on ཞི་བའི་འཐབ་རྩོད་ཀྱི་བརྒྱུད་རིམ་སྐོར་ལ་བགྲོ་གླེང་།

གླིང་ཚ་ཚེ་བརྟན་རྡོ་རྗེ།

ཕྱི་ལོ་༢༠༡༣ ཕྱི་ཟླ་༣ ཚེས་༣ གཟའ་ཉི་མའི་ཉིན་གྱི་ཞོགས་པའི་དུས་ཚོད་༡༠ དང་སྐར་མ་༣༠ སྟེང་དུ་རྡ་ས་ས་གནས་མེག་གྷན་ཉིན་མོའི་སློབ་གྲྭའི་ནང་བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་མི་མང་ཁྲོད་བོད་དོན་ཞི་བའི་འཐབ་རྩོད་དང་འབྲེལ་བའི་བགྲོ་གླེང་ཞིག་ཚོགས་རྒྱུ་ཡིན། བདག་གིས་བོད་མི་རིགས་ཀྱི་རང་དབང་དང་། ༧གོང་ས་མཆོག་བོད་དུ་གདན་ཞུ་སོགས་ཀྱི་ཆེད་བོད་མི་སྒེར་བ་ཞིག་གི་ངོས་ནས་ཞི་བའི་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ་བའི་ཞི་བའི་འཐབ་རྩོད་ནང་གི་སྡེ་ཚན་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་མི་རིང་བར་བྱ་འཆར་ཡོད།

ཞི་བའི་འཐབ་རྩོད་ཀྱི་གོམ་བགྲོད་ཐེངས་དང་པོ་དང་། རིང་མིན་ཞི་བའི་འཐབ་རྩོད་ཀྱི་གོམ་བགྲོད་ཐེངས་གཉིས་པ་གནང་རྒྱུའི་བརྒྱུད་རིམ་དང་ཚོར་བ། དགོངས་ཚུལ་དང་། དྲི་བ་སོགས་གནང་རྒྱུའི་བགྲོ་གླེང་ཞིག་འཚོགས་འཆར་ཡོད་པ་ལགས་ན་མི་མང་གང་མང་མཉམ་ཞུགས་ཀྱིས་དགོངས་ཚུལ་དང་དྲི་བའི་ཆ་ཤས་གང་མང་གནང་སྐྱོང་ཡོང་བའི་འབོད་སྐུལ་བཅས།

ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་༢༧།༢།༡༣གཟའ་ལྷག་པའི་ཉིན།

གསལ་བསྒྲགས།

Post navigation

Previous Post: འདས་པོ་སྙན་ངག་པ་ལྷ་བྷེ་མཆོག་ལ་མྱ་ངན་དུ།
Next Post: ནུབ་ཕྱོགས་ས་ལྟེ་སྨྲ་བ་ལས་ཀྱང་རིམ་པ་གཅིག་རྗེས་སུ་ལུས་ཡོད་པའི་སྐོར།

Comments (23) on “ཞི་བའི་འཐབ་རྩོད་ཀྱི་བརྒྱུད་རིམ་སྐོར་ལ་བགྲོ་གླེང་།”

  1. ལོ་མ་ལྗང་ཁུ says:
    2013-02-27 at 3:51 pm

    བགྲོད་གླེང་སྐབས་རྒྱ་དར་དམར་པོ་དེ་མཁའ་དབྱིངས་ས་ཤར་གྱི་མ་བརྗེད་།

  2. མ་ཧཱ་སིདྡྷི། says:
    2013-02-27 at 3:55 pm

    དར་དམར་མགོ་བོར་ཁུར་ཀྱང་ཁྱད་པར་མེད།།
    དར་ནག་རྐུབ་ལ་གླན་ཀྱང་དེ་བས་མེད།།
    ཁྱེད་ཀྱི་ཡོད་ཚད་བློས་གཏངས་སེམས་ཤུགས་དེར།།
    མི་བུ་ང་ཡིས་མཐའ་གཅིག་རྒྱབ་རྩ་ཡོད།།
    དབུ་མ་ཉལ་ནས་བརྩད་ཀྱང་ཁྱད་པར་མེད།
    རང་བཙན་ལངས་ནས་བརྩད་ཀྱང་དེ་བས་མེད།།
    ཁྱེད་ཀྱི་ལངས་ཕྱོགས་འཐབ་རྩོད་གསར་པ་འདིར།།
    མི་བུ་ང་ཡིས་མཐའ་གཅིག་རྒྱབ་རྩ་ཡོད།།
    གཞིས་ལུས་བོད་མི་ཡིན་ཀྱང་ཁྱད་པར་མེད།།
    བཙན་འབྱོལ་སྐྱབ་བཅོལ་ཡིན་ཀྱང་དེ་བས་མེད།།
    ཁྱེད་ཀྱི་ཁ་ཡོད་ལག་ཡོད་བློས་གཏོངས་འདིར།།
    མི་བུ་ང་ཡིས་མཐའ་གཅིག་རྒྱབ་རྩ་ཡོད།།

  3. གནམ says:
    2013-02-27 at 5:36 pm

    དྲི་བ་སོགས་གནང་རྒྱུའི་བགྲོ་གླེང་ཞིག་འཚོགས་འཆར་ཡོད་པ་ལགས་ན་མི་མང་གང་མང་མཉམ་ཞུགས་ཀྱིས་དགོངས་ཚུལ་དང་དྲི་བའི་ཆ་ཤས་གང་མང་གནང་སྐྱོང་ཡོང་བའི་འབོད་སྐུལ་བཅས།
    ང་ཚོའི་དྲི་བ་དང་བགྲོ་གླེང་ལ་གཏམ་རིན་མི་སྟེར་བར་ཀླུགས་རྟགས་རྐྱང་བསྟན་ནས་འདུག་ན། ང་ཚོ་ཡོང་བའི་དགོས་བ་ཅི་རེད། ཨ་ཅིག་ཤོད་དང་།

  4. དགའ་སྐྱིད་ says:
    2013-02-27 at 10:47 pm

    རྒྱ་ནག་མར་པོའི་རྒྱལ་དར་མཐོང་དུས། ཚོགས་འདུ་འཚོགས་སར་ཡོང་འདོད་མེད། རྒྱ་དར་དམར་པོ་འམ་སྐར་ལྔ་དེར་འོག་བོད་མི་སེམས་ཤུགས་ཡོད་པ་མང་པོ་སྲེད། བོད་མི་སེམས་ཤུགས་ཡོད་མཁན་མང་པོ་བཙོན་ཁང་ནང་མྱངས་། དགོན་པ་དྲུག་སྟོང་སྟ྄ོར་ཤིག་གཏང་། བོད་མི་མང་པོ་སྡུག་ནར་འོག་སྐུ་ལུས་མེ་སྲེད་གབང་ ༧གོང་ས་མཆོག་ལ་མཚན་སྨད་ཞུས་དང་ཞུ་གཞིན་པའི་སྐབས་འདིར་རྡ་སར་དཔོན་ངན༌རིང་ལུགས་ངན་པ་ཁ་བཤས་དང་། དར་དམར་འཁྱེར་མཁན་གླིང་ཚང་ཚེ་བརྟན་རྡོ་རྗེ་ཁྱེད་རང་ཁང་པ་ཕྱི་ནང་གཉིས་མི་ཚེ་གཅིག་རྒྱ་དར་འཁྱེར་ཀྱང་ ཁྱེད་ཚོ་འདོད་པ་རེད་ མི་རིགས་ལ་རྒྱ་ཁ་ཙམ། བོད་མི་མཐུན་སྒྲིལ་ལ་མ་བསམ་མཁན། འཇུག་འབྲས་ལ་བསམ་བློ་མ་གཏང་བར་ལས་གུལ་གང་མང་བྱུང་། བོད་ལུང་པ་གླག།་བོད་ལུང་པའི་ལོ་རྒྱུས་ལ་བརྩེ་གུས་མེད་པར་། རང་སྣང་གང་དྲན་བྱེད་མཁན་ཚོ࿒རྒྱ་ནག࿒འོག་བསྡད་ན་ལེགས།།

  5. རིགས་ཞེན་དཀར་པོ། says:
    2013-02-28 at 1:43 am

    ས་ཡ་དྲུག་གི་བུ་ཡིན་མིན་མི་ཤེས་ཀྱང་མ་རྒན་སྡོམ་པོ་སྐྱིད་ཀྱི་བུ་ཡིན་པ་ནི་ཐག་ཆོད་རེད། གང་ལྟར་ཁྱེད་རང་སུ་ཡི་བུ་ཡིན་མིན་གྱི་ཁྱད་པར་མི་ཆེ་བས་སྐབས་དོན་ངོ་མ་ངའི་བཤད་འདོད་པ་ནི། ལས་འགུལ་སྤེལ་དང་མི་སྤེལ་དེ་ནི་ཁྱེད་རང་མི་སྒེར་གྱི་རང་དབང་ལ་ང་ཡིས་ཐེ་བྱུས་བྱེད་རྒྱུ་གང་ཡང་མེད། གལ་སྲིད་ཁྱེད་རང་སུམ་ཅུའི་དུས་དྲན་ནས་མགོ་གཙུག་སྟེ་ཡང་བསྐྱར་གོམ་འགྲུལ་ལ་ཕེབ་བསམ་ན་ངེས་པར་དུ་དར་དམར་དེ་མཁའ་དབྱིངས་སུ་མི་འཕྱར་རོགས། རྒྱུ་མཚན་ནི། ཁྲག་མདོག་གི་དར་དམར་འདི་ཡི་འོག་ནས་བོད་པ་ཚང་གི་ཆབ་དཔལ་རིག་གསུམ་ལ་སྔར་བྱུང་མྱོང་མེད་པའི་གོད་ཆག་དེ་བྱུང་བ་རེད། དར་དམར་འདི་ཡི་འོག་ནས་སྤུན་ཟླ་ཁྲི་འབུམ་གྱི་སྐུ་སྲོག་ཤོར་སོང་། དར་དམར་འདི་ཡི་འོག་ནས་དགོན་སྡེ་དྲུག་སྟོང་ལྷག་ཙམ་གཏོར་བཤིགས་བཏང་སོང་། དར་དམར་འདི་ཡི་འོག་ནས་༧གོང་ས་མཆོག་གཞན་ཡུལ་དུ་བཙན་བྱོལ་ལ་ཕེབ་དགོས་བྱུང་སོང་། དར་དམར་འདི་ཡི་འོག་ནས་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པ་སྐྱབས་བཅོལ་ལ་ཕེབ་དགོས་པ་བཟོས་སོང་། དར་དམར་འདི་ཡི་འོག་ནས་རྗེ་འབངས་ཁ་བྲལ་ཏུ་བཏང་སོང་། དར་དམར་ཡི་འོག་ནས་སྤུན་ཟླ་བརྒྱ་ཕྲག་བརྒལ་བས་སྐུ་ལུས་མེ་མཆོད་ལ་ཕུལ་དགོས་བྱུང་སོང་། དར་དམར་འདི་ཡི་འོག་ནས་སྤུན་ཟླ་བརྒྱ་སྟོང་མང་པོ་བཙོན་འོག་ཏུ་ཚུད་སོང་། དར་དམར་འདི་ཡི་འོག་ནས་བོད་གངས་ཅན་པའི་སྐྱེས་མ་བརྒྱ་སྟོང་མང་པོ་ཡུག་མོ་རུ་གྱུར་སོང་། དར་དམར་འདི་ཡི་འོག་ནས་བོད་གངས་ཅན་པའི་གཅེས་ཕྲུག་བརྒྱ་སྟོང་མང་པོ་དྭ་ཕྲུག་ཏུ་གྱུར་ཡོད། དར་དམར་འདི་ཡི་འོག་ནས་བོད་གངས་ཅན་པའི་ནགས་རི་དང་མཚོ་གླིང་། གངས་རི་དང་རྫ་རི། གཡའ་རི་དང་སྤང་རི། རྩི་ཤིང་དང་མེ་ཏོག གཏེར་ཁ་དང་རིག་དངོས། མདོར་ན་ཡོད་ཚད་ནས་ཡོད་ཚད་བརླགས་ཡོད་པ་མི་ཤེས་སམ། མ་ཚད་ཉིས་སྟོང་བརྒྱད་ཚུན་གཞིས་ལུས་སྤུན་ཟླ་ཚོས་དར་དམར་འདི་ལ་མི་འདོད་པའི་རྣམ་འགྱུར་གྱིས། མེ་ལ་བསྲེགས་ཡོད་ལ། གྲི་ཡིས་གཏུབས་ཡོད།
    དེའི་རྐྱེན་གྱིས་སྤུན་ཟླ་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་ལ། བཙོན་འོག་ཏུ་ཚུད་ཡོད་པ་ནི་བསྐྱར་བཤད་མི་དགོས་པ་རེད། ཁྱེད་རང་བོད་ཁ་བ་ཅན་གྱི་བདེ་སྡུག་གི་ཆེད་དུ་འགྲོ་འདོད་ན་དར་དམར་དེ་མ་ཕྱར་རོགས། གུང་ཁྲན་ཏང་གི་ལས་དོན་དང་། བོད་པ་ཚང་ལ་བརྙས་བཅོས། རོ་ཐོག་ཏུ་རྟ་རྒྱུག རྨ་ཐོག་ཏུ་ལན་ཚྭ་འདེབ་འདོད་ཡོད་ན་དེར་ཟད། ཟམ་གདོང་བླ་རྒན་གྱིས་དགག་པ་མེད་རབས། ཁྱི་རྐུན་ཟླ་ཚེ་དང་སྤྲུལ་རྫུན་ཤར་ཁུག་སོགས་ཀྱིས་རྒྱབ་སྐྱོར་ཡོད་རབས་དང་མཐུན་འབྲེལ་ལ་ཕན་རབས་ཟེར་བ་ནི་གཞིས་ལུས་མི་དམངས་ལ་ངོ་རྒོལ་ཁོ་ན་ཡིན། གལ་སྲིད་མཐུན་འབྲེལ་དམ་ཟབ་དང་བོད་བསྟན་སྲིད་ལ་ཕན་གྱི་ཡོད་ན་དབང་ཤུག་ནི་ཁྱེད་ཚོད་ལ་ཡོད་པས་བཙན་བྱོད་བོད་ཀྱི་བཀའ་ཤག་དང་གྲོས་ཚོགས་ཀྱི་ཐོག་ཏུ་དར་དམར་དེ་ཚུགས་དང་། དབུ་ལམ་ཁང་ཟེར་བ་དེའི་ཐོག་ཏུ་ཚུགས་དང་། ད་དུང་ཟམ་གདོང་བླ་རྒན་མགོ་འཕངས་མཐོ་ནས་ཡོད་པས་ཁྱེད་རང་ཚོ་མགོ་མཐོ་ཤོས་སུ་འགྱུར་བ་གདོན་མི་ཟ།
    མདོར་ན་བོད་གངས་ཅན་པའི་སྣོད་བཅུད་གཉིས་པོ་དར་དམར་འདི་བོད་དུ་སླེབ་ནས་ཅི་འདྲར་གྱུར་ཡོད་པ་ཤེས་བཞིན་ཏུ་ཁྱོད་ཀྱིས་ཁྲག་མདོག་གི་དར་དམར་དེ་མཁའ་དབྱིངས་སུ་འཕྱར་བཞིན་འགྲོ་བ་ནི་ཕ་བསད་པས་མ་ཚད་སྙིང་བཏོན། འབྲོང་བསད་པས་མ་ཚད་རྔ་མ་ཕྱར་ཟེར་བ་དེ་རེད། ཁྱོས་ཡ་དྲུག་གི་བུ་ཡིན་ཟེར་ནས་རྫིག་མདོག་གི་ཁ་ཕོ་དེ་ཞོག་ལ། ཨ་མ་སྡོམ་པོ་སྐྱིད་ཀྱི་བུ་ཡིན་ན་ཨ་ཕ་དང་ཨ་མྱེ་སོགས་དགྲ་ལག་ཏུ་ཤོར་ཚུལ་ལ་བསམ་བློ་ཐོངས་ལ་དར་དམར་དེ་གཡུག་རོགས།

  6. དེ་ཕོ། says:
    2013-02-28 at 2:08 am

    གཞིས་ལུས་བོད་མིའི་སེམས་ཚོར་་་ལ་སེམས་ཁུར་བྱེད་མཁན་དང་།
    བོད་རིགས་མཐུན་སྒྲིལ་དང་འཆམ་མཐུན་ལ་བསམ་གཞིག་བྱེད་མཁན་ཞིག་ཡིན་ན་
    རྒྱ་ནག་གི་དར་དམར་དེ་མ་ཁུར་ན་ཡག་པ་དངོས་ཡོད་རེད།
    དེ་མིན་གང་ཟག་སྒེར་པའི་ལྟོ་གོས་ཀྱི་ཆེད་དུ་ཡིན་ན་ཧ་མི་གོ

  7. བོད། ཤ་ཁྲག་རུས་གསུམ། says:
    2013-02-28 at 4:19 am

    གནས་སྟངས་ཨ་ཙ་མ།

    ཕྱི་ནང་ལྡོག་ཟླར་བཟུང་བའི་བསམ་བློ་ཡི་ངོས་སུ།།
    གྲུབ་གཟུགས་ནར་མོ་ཞིག་གིས་ཐུར་ཐུར་དུ་དཔྱངས་པའི།།
    ཉམ་ཐག་སྐྱེ་བོའི་སོ་ཁ་ནང་ཁུངས་སུ་གཏོད་པས།།
    བྱ་སྤྱོད་འགན་འཁུར་མེད་པའི་ནད་ཚ་འདིས་ཁྲོད་དུ།།
    ཉིན་མཚན་རི་ལ་བསྐྱེལ་བའི་གནས་སྟངས་འདི་ཨ་ཙ།།

    ནང་གི་ཤེས་པ་མུན་པའི་རྒྱབ་མདུན་དུ་བཅོལ་བའི།།
    ལུས་ཀྱི་ཚོར་འདུ་ཚེར་མའི་ཕུང་བོ་ལ་བཏེགས་པ།།
    རིགས་གཅིག་སྤུན་ཟླའི་བསླེངས་པའི་འདས་འབྱུང་གི་གོ་རིམ།།
    འཆི་བདག་གཡབ་མོའི་འདྲུད་པའི་ཐག་སྣེ་ལ་འཚུད་པ།།
    བསམ་ན་སེམས་ཀྱི་ཁུགས་སོ་གས་ཆག་རང་གཏོང་གི།

    ༢༨།༢།༡༣

  8. དགེ་འདུན་རྒྱ་མཚོ says:
    2013-02-28 at 8:24 am

    ངས་བལྟས་ན་གླིང་ཚ་ཚེ་བརྟན་རྡོ་རྗེ་འདི་མི་སྙོམ་ཆུང་ཞིག་རེད། ཁོས་རང་བབས་ཀྱི་འགན་དེ་འཁྱེར་ནས་འགྲོ་གི་ཡོད་རེད། མི་ཉམ་ཆུང་རྡོག་རྫི་གཏོང་བ་ང་ཚོའི་ལས་འགན་མ་རེད་སྙམ། འདི་ཡང་གོམས་སྲོལ་དུ་ཆགས་གྲབས་འདུག ཉམ་ཆུང་ཚོས་ཅི་ཞིག་བྱས་ན་ཡང་འགྲིག་གི་ཡོད་མ་རེད། མཐོ་དམན་བར་གསུམ་ཚང་མར་ཕོག་ཐུག་འགྲོ་ཉེན་རེད། ཕྲག་དོགས་དང་འགྲན་སེམས་དང་སྒེར་འཁོན་སོགས་ཡོད་པའི་རྐྱེན་གྱིས་མིན་ནམ་སྙམ། ཉོན་མོངས་འཆེ་བའི་ཕྲག་ན་གནས་པའི་རྐྱེན་གྱིས་ཀྱང་། སྔོན་ཆད་ཀྱང་འདི་འདྲ་བྱུང་མ་མྱོང་བ་མ་རེད། དགེ་ཆོས་ལ་ཡང་འདི་ལྟར་རུབ་བརྒྱབ་པ་རེད། བཙན་པོ་དང་དབང་ཡོད་ཞིག་ལ་ཐུག་ན་ཅི་ཡང་བྱེད་མི་ཐུབ་དེ་ང་ཚོའི་མཚན་ཉིད་རེད། སྲང་ཁྱི་ལྟར་རྔ་མ་བརླ་བར་ལ་བཙུར་ནས་བྲོས་འགྲོ་ངེས་རེད། ཁྱོད་ཚོའི་ནང་ན་རྒྱ་ནག་བཙན་རྒྱལ་རིང་ལུགས་ལ་ཐེར་འདོན་གྱིས་རྩོམ་ཡིག་བྲིས་མྱོང་མཁན་ཨེ་ཡོད་དམ། ངས་བལྟས་ན་ཡོད་མ་རེད། ཡོད་ན་བསྟན་རོགས་གནང་། ཡོད་མ་རེད་ངས་མནའ་བསྐྱལ་ཆོག ངས་ཁྱེད་ཚོའི་སྐད་ཆ་ལ་ཡིད་ཆེས་བྱེད་ཐུབ་ཀྱི་མི་འདུག དུས་དེབ་དང་ཚགས་ཤོག་མང་བོ་ཡོད་རེད། ཁྱེད་ཚོ་སུ་གཅིག་གིས་ཀྱང་རྒྱ་རྒོད་ཀྱི་རྩོམ་ཡིག་ཅིག་བྲིས་པ་མཐོང་མ་མྱོང་། ཡང་ན་རྒྱ་ལས་ལྷག་པའི་ང་ཚོར་དགྲ་ཞིག་ཡོད་པ་རེད་དམ། ངས་ཆོས་ཤེས་ཀྱི་མེད། ནང་ལ་རྒོལ་བ་དེ་སྡར་མའི་ནང་རྟགས་རེད། ངས་བསྟས་ན་གླིང་ཚ་ལྟ་བུའི་མི་བུ་ཉམ་ཆུང་དེ་འདྲའི་སྒང་ལ་མ་རྒྱུགས་རོགས། དགྲ་དགའ་གཉེན་སྡུག་གི་སྐྱོ་གར་དེ་མ་འཁྲབ་རོགས། རྒྱ་སུ་ཡིན་པ་དང་གུང་ཁྲན་སུ་ཡིན་པ་ད་དུང་ཤེས་ཀྱི་མ་རེད། ཁྱེད་ཚོས་ཐག་གཅོད་བྱས་པ་དེ་སྔ་དྲག་པ་རེད། རྒྱ་བོད་ཀྱི་དོན་དག་འགྲིག་ན་གཞི་ནས་ཧ་གོ་གི་རེད། རྒྱ་ནག་གི་གསང་བ་ག་འདྲ་ཞིག་ཡིན་མིན་ཁོ་ཚོས་འཁྲབ་པའི་གློག་བརྙན་ནང་ན་ཡང་གང་མཚམས་ཡོད་རེད། མ་ཟད་སོ་སོ་གསང་ཉུལ་བ་ཡིན་པ་སོ་སོས་ཧ་མ་གོ་བ་ཡང་ཡོད་རེད། དཔེར་ན་རྡོ་རྗེ་ཡབ་ལྟ་བུ་རེད། མགོ་ཚོ་ལ་མ་ཚོས་པའི་སྐད་ཆ་དང་མིང་འདོགས་བྱེད་མཁན་ཕལ་ཆེར་ཨ་མདོ་བའི་ཁྱི་ཕྲུག་དེ་ཚོ་རེད། ཡིག་རྨོངས་སེལ་བ་ཙམ་གྱིས་འདྲ་མིན་འབྲི་བ་ལ་དགའ། ཁྱད་པར་དུ་མི་ལ་ཁ་གཏོང་བ་ལ་དགའ། རྗེས་ནས་འགྱོད་པ་སྐྱེས་ཡོང་། དེའི་ཚེ་འཕྱིས་དྲགས་པ་རེད། རྒྱ་ཡི་རྒྱལ་དར་འཁྱེར་བ་ཙམ་ལ་དེ་འདྲའི་ན་ཟུག་ལངས་དགོས་པ་མ་རེད། རྒྱ་ནག་གི་རྒྱལ་དེར་ཁྱེད་ཚོ་ཕ་མ་སྤུན་མཆེད་དང་གཉེན་ཉེ་མིང་སྲིང་ཚོའི་མགོ་ན་ཡང་ཡོད་ཡོད་པ་རེད། ཁ་པར་བཏང་ནས་བླངས་ཞོག་ལབ་མྱོང་མེད་པ། ད་དུང་པོ་ཏ་ལའི་རྩེ་ན་རླུང་གིས་བསྐྱོད་ཀྱིན་བསྡད་ཡོད་རེད། ཁྱེད་ཚོ་ཡང་ཕྱི་བསྡད་བོད་མིའི་མིང་ཐོག་ན་བཞག་ཡོད་རེད། རྒྱལ་སྤྱིའི་སྟང་ལ་དྲིལ་སྒྲོག་བྱེད་དང་བྱེད་མུས་རེད། དེ་ལ་ལན་བརྒྱག་རོགས། མིང་དེ་འཁུར་འདོད་མེད་ན་རྒྱ་ནག་གཞུང་ཚབ་ནང་ལ་རྒྱུགས་ཤིག དེ་འདྲ་བྱེད་ཐུབ་ན་ཨ་མའི་བུ་རེད། སྐྲག་མི་དགོས་པ་གླིང་ཚ་ལྟ་བུ་མགོ་ལ་མཆོངས་ཁུལ་མ་བྱེད། དེ་ཁྱེད་ཚོའི་ངོ་ཚ་རེད།ད་ལྟའི་རྒྱ་ནག་གིས་ང་ཚོ་ལ་རང་བཙན་དགོས་སམ། ཡང་མ་དབུ་མ་དགོས་ཅེས་དྲིས་མ་མྱོང་། ཁྱེད་ཚོ་ལ་གང་འདེམས་པའི་དབང་ཚད་ཡོད་མ་རེད། ང་ཚོས་རང་བཙན་དང་དབུ་མ་སོགས་ཟེར་བ་ནི་འཐབ་རྩོད་ཀྱི་ཐབས་ལམ་ཤ་སྟག་རེད། ད་དུང་ཧམ་པ་བྱེད་པའི་དུས་ལ་བབས་མེད། རྒྱ་ནག་གིས་བོད་ས་ཡོངས་རྫོགས་སྟོབས་ཀྱིས་འཕྲོག་པ་རེད། ཕྱིར་འཕྲོག་པའི་ནུས་པ་སུ་ལ་ཡང་མེད་པ། དེས་རྐྱེན་གྱིས་ཐབས་ཤེས་བཙལ་བཞིན་པ་རེད། གླིང་ཚའི་འདི་ཡང་ཐབས་ལམ་ཞིག་ཡིན་སྲིད། བརྒྱ་ཐམས་པ་མིན་ན་ཡང་དེས་ང་ཚོ་ལ་ཅི་ཡང་གནོད་ཀྱི་མ་རེད། རྒྱ་ནག་གི་ཐབས་ཇུས་སོ་དྲུག་གི་ནང་ན་ཡང་འདི་འདྲ་བོ་མང་བོ་འདུག ད་དུང་མི་འགའ་ཤས་ཀྱིས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ལ་ཡང་མངོན་ལྐོག་ཅི་རིགས་ནས་ཁ་གཏོང་རྐྱང་བྱེད། ཚང་མ་ཁ་བཙུམ་ནས་བསྡད་ཡོད་པ་དེ་ཅི་ཡང་ཤེས་ཀྱི་ཡོད་མ་རེད་མ་བསམ་རོགས། ཁྱད་པར་དུ་སྤྲུལ་རྫིན་ཚོ། རང་ཚོད་འཛིན་ཐུབ་ན་དགའ་གི་རེད། ཉིན་གཅིག་གནམ་ལྡིབས་ཡོང་ང་། སངས་རྒྱས་དང་བྱང་སེམས་ཀྱི་མཛད་པ་གཡུགས་ཞོག དགེ་སློང་དང་ནང་བ་ཐ་ན་བོད་པ་དང་མི་ཡ་རབས་ཤིག་གི་སྤྱོད་པ་ཡང་ཡོད་མ་རེད། ཁྱིམ་པ་སྡུག་པ་ཞིག་ལས་ཀྱང་སྐྱོ་བ། གྲུབ་རྟགས་ཡོད་ན་སྟོན་རོགས་གནང་། རྒྱལ་བ་རིན་པོ་ཆེ་ནས་གསུངས་སོང་ང་། འོ་ད་ང་ལ་འགྲུབ་བ་སླེབས་སོང་། སང་ཉིན་བཤད།་་་་་་་་

  9. དགའ་སྐྱིད་ says:
    2013-02-28 at 8:24 am

    ཨ་མ་སྡོམ་པོ་སྐྱིད་ཀྱི་བུ་ཚེ་བརྟེན་རྡོ་རྗེ། རྒྱ་དམར་གྱི་རྒྱལ་དར་དམར་པོ་རྐར་ལྔ་དེར་ལ་དགའ་ལ་ག་རེ་ཡིན་ནམ་? དར་དམར་རྒྱལ་དར་འཁྱེར་ནས་ བོད་དོན་ཐབས་ཙོད་པ་ས་ཡ་དྲུག་གི་བུ་ཟེར་བ་མིང་ཆེན་པོ་ཞམ་དྲེན་རང་རེད། སྐབས་རེ་ང་མི་དཀྱུས་མ་ཞིག་གི་ལས་དགུལ་ཡིན་ཟེར། མི་དཀྱུས་མ་ཧམ་སེམ་ཅན་ས་ཡ་་དྲུག་གི་མིང་འཁྱེར་ནས་་རྒྱ་དར་འཕྱར་བ་ནི་བོད་མི་ལོ་རྒྱུས་ནང་དང་པོ་རེད་། ༧ གོང་ས་མཆོག་ནས་ལམ་དབུ་མ་བོད་མི་གནས་ལྟང་མྱུར་སྐྱབས་ཆེད་ཡང་དག་པའི་དགོངས་བཞེས་དེར་སྡ་སར་དཔོན་ངན་ཁ་ཤེས་ནས་དགོས་དབང་གི་དུས་ཚོད་འཕྲོ་གླག་གཏང་ཡོད། དཔོན་ངན་དེར་ཚོ་ལས་འབྲས་ཁས་མ་ལེན་མཁན་དངུལ་དང་དབང་ཁེ་སང་ཀྱང་ཀྱང་བསམ་བློ་གཏང་མཁན་ལོ་རྒྱུས་ཉེས་ཅན་པ་ཚོའི་ གོ་སྐབས་བཟང་པོ་ཚང་མ་དུས་ཚོད་འཕྲོ་བརླགས་གཏང་རེད་ ཁོ་ཚོ་དེ་རིང་དངུལ་དང་ས་ཁང་ཛིག་པོ་ཆགས་ཡོད། བོད་ས་ཆ་རྒྱ་མི་བཙན་འཕྲོག་བྱེད་རེད་བཙན་འབྱོར་ནར་༧ གོང་ས་མཆོག་གི་བཀའ་དྲིན་བོད་ཀྱི་ཆབ་སྲིད་འཛམ་གླིང་ནང་ཁྱབ་ཡོད། འོག་གི་དཔོན་ངན་མགོ་བེད་ཁག་གཅིག་ནས་༧གོང་ས་མཆོག་དབུ་བསྐོར་གྱི་བོད་མི་བསམ་བློ་མ་གཏང་ཙང་དེ་རིང་གི་གནས་ལྟང་ཆགས་རེད། འོན་ཀྱང་བོད་མི་དཀྱུས་མས་སྤོ་བ་ཆེན་པོའི་ཐོག་རྒྱ་དམར་རྒྱལ་འཕྱར་དང་ དེར་སྔོན་བཙན་འབྱོར་སྐུ་ཚབ་རྒྱ་ནག་འགྲོ་སྐབས་རྒྱ་ཆས་གོན་སྡ་སར་འབྱོར་དུས་བོད་ཆ་གོན་པ་སོགས་ཡ་ཚན་རེད་ཨ།

  10. དགེ་འདུན་རྒྱ་མཚོ says:
    2013-02-28 at 8:39 am

    ༧གོང་ས་མཆོག་དབུ་བསྐོར་གྱི་བོད་མི་བསམ་བློ་མ་གཏང་ཙང་དེ་རིང་གི་གནས་ལྟང་ཆགས་རེད། ཟེར། ༧གོང་ས༧མཆོག་གི་དབུ་དེ་གང་འདྲ་ཞིག་ཡོད་པ་ཡིན་ནམ།

  11. ཨ says:
    2013-02-28 at 2:03 pm

    ཁྱོད་ལ་ཡོད་པའི་ཁ་ལག་སྟེང་གི་རང་དབང་གིས
    ཁྱོད་ཉིད་གཅིག་པུ་བར་སྣང་དཀྱིལ་ན་བཤམས་ནས་འདུག
    ཁྱོད་ཉིད་མ་གཏོགས་བོད་སྤུན་སེམས་ཡོད་ཐམས་ཅད་ཀྱིས།
    ཁྱོད་ཀྱི་མཚང་ལ་ལྟད་མོར་བལྟས་ནས་དགོད་ཀྱིན་ཡོད།
    ཁྱོའི་མིང་ཐོས་དུས་ཁྱོད་ལས་གཞན་པ་དགའ་ཆོག་རུང་།
    ཁྱོད་ངོ་ཤེས་དུས་ཁྱོད་རང་ཡིན་ཡང་སྐྱོ་དགོས་པའི།
    ཁྱོད་སྒྲའི་འཇུག་ཡུལ་རིགས་ཞེན་དཀར་པོས་ད་ཉོན་དང་།
    ཁྱོད་ལ་དགོས་པའི་གོ་སླའི་ཚིག་གི་གཏམ་བཤད་ཡོད།

  12. ཨ says:
    2013-02-28 at 2:08 pm

    བཟང་ལ་ལྟ་བྱད་མིག་གིས་སྟོང་བ་ཁྱོད།
    མི་དགོས་ངན་པ་འདེམ་ལ་བློ་རིག་ཅན།
    སྐྱིད་དགའ་ཁྱོད་ནི་བོད་པ་ཞིག་ཡིན་ན།
    མ་ཧཱ་སིངྷཱིའི་གཏམ་ལ་ཉན་ཡག་བྱོས།

  13. སྤོབས་པ་མཐའ་ཡས། says:
    2013-02-28 at 6:48 pm

    བདེན་པ་རེད། ལམ་དབུ་མར་ཞུགས་མཁན་ཞིག་ཡིན་ན་སྐར་ལྔའི་དར་དམར་འདི་ཡང་འཕྱར་དགོས་པ་རེད། རྒྱ་དམར་གཞུང་ཚབ་ཀྱི་གསོལ་མགྲོན་ལ་ཡང་འགྲོ་དགོས་པ་རེད། རྒྱ་དམར་གཞུང་ལ་ཕྱི་སྡོད་བོད་མི་འགུགས་ཐབས་ཀྱི་ལས་འཆར་མང་པོ་འདུག ཤེས་ཡོན་ཅན་ཡིན་ན་དེའི་ཚོད་ཀྱི་རོགས་རམ་འདུག ཚོང་པ་ཡིན་ན་དེའི་ཚོད་ཀྱི་རོགས་རམ་འདུག མི་དཀྱུས་མ་ཡིན་ན་དེའི་ཚོད་ཀྱི་རོགས་རམ་འདུག བོད་ཀྱི་གནད་དོན་ཟེར་བའི་ན་ན་ཚ་ཚ་འདི་མ་གླེང་ཕྱིན་ཁེ་ཕན་གང་འཚམས་རེ་སྤྲོད་འཆར་རེད་འདུག ཁེ་ཕན་ལེན་འདོད་མཁན་ཡོད་ན་རྒྱ་དམར་གཞུང་ཚབ་ཁང་དུ་ཕེབས་ནས་བོད་ཀྱི་གནད་དོན་མི་གླེང་བའི་ཁས་ལེན་གྱིས་དང་དེ་ལས་ལྷག་ཅིག་མི་དགོས། ཕལ་ཆེར་རྒྱ་དམར་གཞུང་ཚབ་ཀྱིས་བཀོད་སྒྲིག་བྱས་པའི་གསོལ་སྟོན་གྱི་མགྲོན་ཤོག་དེ་ཚོ་རྡ་རམ་ས་ལ་ལ་ཡང་རླུང་གིས་ཁུར་ནས་སླེབས་ཡོད་ཐག་ཆོད་རེད། ཡར་མར་ལ་ལྟོས་དང་། མཁས་པ་ཡིན་ཟེར་མཁན་ཚོ་དང་ཆབ་སྲིད་པ་ཡིན་ཟེར་མཁན་ཚོ། ཚོང་པ་ཡིན་ཟེར་མཁན་ཚོའི་ཁྱིམ་ཕུག་ལ་ལྟོས་དང་།

  14. གཅན་ཡེ་རྒྱམ། says:
    2013-02-28 at 9:30 pm

    གང་ལྟར་སྐར་ལྔའི་དར་དམར་མ་འཕྱར་རོགས་ཐུགས་རྗེ་གཟིགས།

  15. སྤྲུལ་སྐུ་དབང་ཆེན། says:
    2013-02-28 at 9:55 pm

    དེང་སང་འཛམ་གླིང་གང་སར་རྒྱ་ནག་གཞུང་ཚབ་ཡོད་ཚད་ཀྱི་ནང་ལ་བོད་མི་སྣེ་ལེན་བྱེད་ཆེད་དུ་བོད་མི་རེ་རེ་མངག་གཏོང་བྱས་ཡོད་རབས་འདུག །དེ་བཞིན་རྡ་ས་ལའང་པེ་ཅིང་དབུས་དམར་གཞུང་་གིས་ཆེད་མངག་དམིགས་བསལ་མི་སྣེ་ཁ་ཤས་ཤིག་སླེབས་པ་མ་ཟད་ཆོས་དད་ཡོད་མདོག་མདོག་ཡིན་ནམ་ཤ་ཞེན་ཡོད་མདོག་མདོག་ཡིན་མི་ཤེས་ཡང་སྐུ་མདུན་གྱི་མདུན་དུ་མིག་ཆུ་ཡང་བཏང་སོང་ཟེར་ནས་རྡ་སའི་སྐུ་ངོ་ཞིག་གིས་བཤད་པ་རེ་ཐོས་མྱོང་།

  16. རུ་ཤུལ་བུ་ says:
    2013-02-28 at 10:39 pm

    ད་ནི་བཤད་ཚོག་ཐུག་མ་སོང་།

  17. གཅན་ཡེ་རྒྱམ་ says:
    2013-03-01 at 12:28 am

    ངས་བལྟས་ན་མོས་མཐུན་ཡོད་མཁན་གྲངས་མཐོ་བོར་སླེབས་པ་འདི་ཡག་རྟགས་ཅིག་ཏུ་མཐོང་མ་སོང་། དཔེར་ན་ང་ཚོའི་ས་གནས་འདིར་མི་ལྔ་བརྒྱ་ལྷག་ཅིག་ཡོད། རྒྱ་མིའི་རྒྱ་དར་འཕྱར་བར་མོས་མཐུན་བྱེད་མཁན་མི་གཅིག་ཀྱང་མེད་རེད། འདི་དག་བསམ་ན་ཁྱད་མཚར་རེད། ཁྱེད་རང་གིས་རྒྱ་དར་འཕྱར་རྒྱུར་ངེས་པས་ན་ངས་ཐ་མའི་སྐད་ཆ་འདི་འདྲ་ཞིག་ཡོད། ཁྱེད་རང་བོད་ཀྱི་འཐབ་རྩོད་པ་ཞིག་ཏུ་མ་གྱུར་བར་བོད་མི་རིགས་ཀྱི་མཐུན་སྒྲིལ་གཏོར་བཤིག་གཏོང་མཁན་ཞིག་ཏུ་གྱུར་ཉེན་འདུག་ཅེས་མ་འོངས་ལུང་བསྟན་གྱི་ཚུལ་དུ་ཞུས་པ་ཡིན། ད་དུང་ཉི་མ་ཁ་ཤས་ཡོད་ཙང་བསམ་བློ་གཏོང་བའི་དུས་ཚོད་ཡོད་རེད། །

  18. བསྟན་འཛིན། says:
    2013-03-01 at 2:32 am

    ཚེ་རྟེན་རྡོར་རྗེས་དར་དམར་འཕྱར་ནས་ལས་འགུལ་སྤེལ་བ་ཡིན་ན་ཁོང་གི་ནང་མི་དང་གཟའ་ཟླ་ཁ་བྲལ་ཚུལ་སོགས་མི་ཚེའི་ལོ་རྒྱུས་ཡོད་ཚད་ལ་ཞིབ་འཇུག་བྱེད་དགོས་པའི་གནད་ཞིག་རེད། དེང་སང་ཁོང་གི་ལུས་གཟུགས་ནི་ཕྱི་རྒྱལ་དུ་ཁོང་གི་གཟའ་ཟླ་མཉམ་དུ་ལས་ཡག་ག་ཕྱིན་འདུག། ཞལ་འདེབས་མང་པོར་ལོངས་སྤྱོད་གནང་བས་ཡིན་གྱི་རེད། སྔོན་མ་ཁོང་གི་ཞལ་གཟུགས་སྐྱོ་མདོགས་ཁག་པོ་ཡོད། དེང་སང་ཁོང་མི་རྫིག་པོ་ཞིག་གྱུར་འདུག། འཚོ་བའི་མཐུན་རྐྱེན་བཟང་དུ་ཕྱིན་པས་ཡིན་གྱི་རེད།

  19. དྲང་བདེན་པ། says:
    2013-03-01 at 6:34 am

    མོས་མཐུན་ཡོད་མེད་ཀྱི་འོས་དེའི་རྒྱབ་ལ་དུས་བབ་དང་ཁུག་རྟ་སོགས་ཀྱི་ངན་ཇུས་ཏན་ཏན་ཡོད་རེད། དུས་བབ་ཀྱིས་ཨ་མདོ་བའི་ཞེན་ཁོག་རེད། ཁུག་རྟས་རང་གི་ངན་རོགས་ལ་རྒྱབ་སྐྱོར་བྱས་པ་རེད། ངས་མ་མཐར་མི་ལྔ་བཅུ་ཙམ་ལ་ཁོས་དར་དམར་ཕྱར་བའི་སྐོར་གླེང་བྱས་ཀྱང། འདོད་པ་མེད་མཁན་དང་བློ་ཕམ་བྱུང་མཁན་མ་གཏོགས་རྒྱབ་སྐྱོར་བྱེད་པའི་མི་གཅིག་ཀྱང་མི་འདུག

  20. ཇ་མ་ says:
    2013-03-01 at 10:00 am

    དང་པོ་ནས་རྒྱ་དམར་གྱི་རྒྱལ་དར་བྱར་རྒྱུ་རེད་བསམ་མ་བྱུང་། ད་ནས་རྒྱལ་དར་འཕྱར་ན་བསམ་འཆར་གང་ཡང་མེད། གང་ལྟར་བོད་ནང་དུ་སླེབས་ཐབས་བྱ་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན། གླིང་ཚ་ཨ་མའི་བུ།

  21. ཨ says:
    2013-03-01 at 12:29 pm

    དྲ་འདྲེ་ཚོར།

    དར་དམར་འཕྱར་བ་གོ་དུས་དྲག་ཤུལ་ཅན་པོ།
    རྩ་དོན་སྒྲུབ་པ་ཐོས་དུས་ཉོབ་ཏོ་ཅན་པོ།
    བོད་ལ་གནོད་ཕྱིར་རང་ཉིད་སྐྱེས་ནི་མིན་ན།
    རང་གི་རང་ལ་མིག་གིས་ལྟ་ཡག་བྱོས་ད།
    ཁ་ལ་རྒྱ་དར་བླངས་ན་ཞེ་སྡང་ཅན་པོ།
    རྒྱ་མིའི་ཅ་བོ་རག་ན་ཆགས་པ་ཅན་པོ།
    ངོ་ཚ་ཁྲེལ་མེད་སྨྱོན་པར་ལོག་ནི་མིན་ན།
    རང་གིས་རང་ལ་བསམ་བློ་གཏོང་ཡག་བྱོས་ད།
    ཕྱི་ལ་བསྐོར་དུས་སྙིང་ཆུང་ལྐུག་པ་ཅན་པོ།
    ནང་ལ་འཁོར་ན་དཔའ་བོ་ཁ་བརྒྱགས་ཅན་པོ།
    རྒྱ་གདོན་བོད་གདོན་ཁོག་ལ་ཞུགས་ནི་མིན་ན།
    བོད་ཀྱི་ཛ་དྲག་འགན་དེ་ལེན་ཡག་བྱོས་ད།
    པན་ཆེན་མཆོག་ལ་ཚོང་པ་འབོད་དགའ་ཅན་པོ།
    རྒྱལ་དབང་ཚང་ལ་ངོ་ལོག་རྒྱག་མཁས་ཅན་པོ།
    སྐྱེ་བ་ཀུན་ཏུ་དམ་ཉམས་འདོད་ནི་མིན་ན།
    དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་ཡག་བྱོས་ད།

  22. ནུབ་ཕྱོགས་ཀྱི་བྱ་གླག། says:
    2013-03-09 at 2:49 am

    ཨ་བོ་གམ་ཆེན་ལགས། སང་ཉིན་བོད་ཁ་བ་གངས་ཅན་གྱི་བསྟན་སྲིད་ཀྱི་བདག་དབང་ཡོངས་རྫོགས་དར་དམར་འདི་འོག་ལ་ཤོར་བས་ཉིན་ནག་གསུམ་བཅུ་དུས་དྲན་ཅེས་འབོད་བ་དེ་རེད། ང་ཚོ་བོད་མི་ཡོད་དོ་ཅོག་གིས་བོད་གངས་ཅན་གྱི་མི་རིགས་རང་དབང་གི་ཆེད་ཉིན་བརྒྱ་དུས་ཅིག་ཏུ་ཐབ་རྩོད་ཀྱི་ཉིན་མོ་གལ་ཆེན་ཞིག་ཡིན་སྟབས། ཨ་བོ་གམ་ཆེན་ནས་དགྲ་ནག་ཚོགས་པའི་དར་དམར་འདི་ཁྱེར་ནས་ང་ཚོའི་བོད་མི་ཤི་གསོན་རྣམས་ཀྱི་སྣ་འདི་མ་གཅོད་རོག། །

  23. ནུབ་ཕྱོགས་ཀྱི་བྱ་གླག། says:
    2013-03-09 at 3:48 am

    གཞན་གྱི་སྡང་སེམས་མཚོན་ཆ་རྣོན་པོས་སྤྱི་བོའི་གཙུག་དང་ཕྲག་ནས་གནོན།།
    གཉེན་དང་གྲོགས་ཀྱི་སྨྲ་བའི་ཞགས་པས་ཉིན་དང་མཚན་དུ་དམ་པོར་བཅིངས།།
    མཆི་མའི་ཆར་གྱིས་རབ་ཏུ་བརླན་པའི་བདག་སེམས་ཁྲག་གི་བྱ་གླག་འདི།།
    མི་ཚོགས་ཁྱུ་ཡི་དཔུང་རྡར་ཁྲོད་ནས་བྱ་ལམ་རིང་མོར་སྙེག་སྟེ་འཕུར།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme