Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞི་བདེའི་འོད་སྟོང་འཕྲོ་བའི་ཉིན་མོ།

Posted on 2013-06-292013-06-29 By ཁ་བརྡ་ 11 Comments on ཞི་བདེའི་འོད་སྟོང་འཕྲོ་བའི་ཉིན་མོ།

སེར་ཤུལ་རིན་ཆེན་དོན་གྲུབ།

སླེབ་ལ་ཉེ་བའི་སྤྱི་ཟླ་བདུན་པའི་ཚེས་དྲུག་ནི་འཇིག་རྟེན་ཞི་བདེའི་སྐྱེས་མཆོག་ཅིག་གི་སྐུ་ཡི་འཁྲུངས་སྐར་གྱི་དུས་ཆེན་ཡིན་ཞིང་། འགྲོ་བ་རྣམས་ཀྱི་སེམས་ཀྱི་ཞིང་སར་བྱམས་བརྩེ་དང་ཞི་བདེའི་བྱིན་རླབས་འཇོ་བའི་མགོ་རྩོམ་པའི་ཉིན་མོའང་ཡིན། རླབས་ཆེན་གྱི་སྐྱེས་བུ་ཁོང་གིས་བྱམས་སྙིང་རྗེའི་སྙིང་པོ་ཅན་གྱི་ནང་བསྟན་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་ཉམས་སུ་བསྟར་བའི་གོ་རིམ་གྱི་ཁྲོད་དུ། གཉིས་ཕན་དང་། འཚེ་བ་མེད་པའི་ལྟ་གྲུབ་ནི་འགྲོ་བ་མིའི་བདེ་སྐྱིད་ཀྱི་རྩ་བར་མཐོང་ཞིང་། བདེ་སྡུག་འདོད་མིན་མཉམ་པའི་གཞི་རིམ་གྱི་གནས་སྟངས་འོག་འགྲོ་བ་མིའི་གཞི་རིམ་གྱི་བཟང་སྤྱོད་གོང་འཕེལ་དང་། ཆོས་ལུགས་མཐུན་སྒྲིལ། བོད་གངས་ཅན་པའི་རྩ་དོན་སྒྲུབ་ཐབས་ཀྱི་འགན་ཁུར་ཕྲག་ཏུ་ལེན་པའི་མཛད་སྤྱོད་ཀྱིས་གོ་ལ་ཧྲིལ་བོའི་མིའི་རིགས་ཀྱི་བསམ་པའི་སློབ་སྟོན་པར་བཀུར་ཞིང་། འགྲན་བྲལ་གྱི་སློབ་དཔོན་ཆེན་པོར་གྱུར། བོད་གངས་ཅན་པའི་ལོ་རྒྱུས་བྱུང་རིམ་གྱི་ནང་དུ་འཛམ་གླིང་ཧྲིལ་བོའི་མིའི་རིགས་ཀྱི་སློབ་དཔོན་ཆེན་པོར་གྱུར་ཅིང་། སྟོབས་དང་ང་རྒྱལ་གྱིས་དྲེགས་པའི་འཛམ་གླིང་ཆེ་དགུ་དག་གིས་སྤྱི་བོར་བཀུར་ཏེ་འཛམ་གླིང་རྒྱལ་སྤྱིའི་དབུ་ཁྲིད་དུ་མངའ་དབང་གསོལ་བའི་དེད་དཔོན་ཆེན་པོ་ནི་ཁོང་ཉིད་ཁོ་ན་ཙམ་དུ་ཟད་དོ།།

བོད་གངས་ཅན་པ་ནི་རང་གི་རྒྱལ་ཁབ་གཞན་གྱི་བཙན་འོག་ཏུ་ཤོར་བའི་མི་རིགས་གཉོམ་ཆུང་ཞིག་ཡིན་མོད་སྤོབས་པས་ངོམ་འོས་པའི་ཡང་དག་པའི་དབུ་ཁྲིད་འདི་ལྟ་བུ་ཞིག་ཡོད་པ་ནི་བསོད་ནམས་ཀྱི་བགོ་སྐལ་ཞིག་དང་དགེ་མཚན་གྱི་ཁྱད་ནོར་ཞིག་ཡིན་པའི་གོ་རྟོགས་སད་དགོས་པ་ཧ་ཅང་གལ་ཆེ། ང་ཚོར་གདོད་མ་ནས་གཤིས་ལུགས་ཁྱད་མཚར་ཞིག་རང་ཆས་སུ་ཡོད་པ་སྟེ། ཨ་གསར་གྱི་རྣམ་པས་རང་ལ་ཡོད་པ་དེར་སྨད་པ་དང་གཞན་གྱི་ཡོད་ཚད་ལ་སྨོན་པའི་སྤྱོད་ཚུལ་འདི་རང་གི་ཤེས་རྒྱུད་ནས་རྒྱང་ཕུད་དུ་གཏོང་དགོས་པ་མ་ཟད། རང་ཚུགས་དང་དཔྱོད་ཤེས་ཀྱིས་རང་ཉིད་ལ་ཡོད་པའི་ཡང་དག་པའི་དབུ་ཁྲིད་འདིའི་གཞན་ཕན་གྱི་མཛད་སྤྱོད་དང་། དེ་གང་ལས་འབྱུང་བའི་རྒྱབ་ལྗོངས་སོགས་ལ་ལེགས་པར་བརྟགས་ནས་ཁོང་གི་ངོ་མཚར་བའི་ཐུགས་ཡོན་དང་། ཁྱད་དུ་འཕགས་པའི་མཛད་སྤྱོད་ཀྱི་རྗེས་སུ་འབྲང་རྒྱུ་ནི་ཁོངགི་འཁྲུངས་སྐར་སྲུང་བརྩི་དང་བཀའ་དྲིན་རྗེས་དྲན་གྱི་མཆོག་དང་། རབ་དང་། ཕུལ་ལོོ།།
དེས་ན་འཛམ་གླིང་ཤར་ནུབ་གྱི་རྒྱལ་ཁབ་དང་་ཡུལ་གྲུ་གང་སར་གནས་པའི་ཤ་རུས་གཅིག་པའི་གངས་ཅན་པ་ཡོངས་ལ་བཀྲ་ཤིས་པའི་ཉིན་མོ་འདི་དང་བསྟུན་ནས་ངེས་པར་བྱ་དགོས་པའི་དོན་ཚན་འགའ་ཞིག་སེམས་ཁོང་གི་རེ་བའི་འོད་མདངས་ཀྱིས་སྐུལ་མ་ཙམ་དུ་བརྗོད་པར་སྤྲོ་སྟེ།
གཅིག “ནོར་བུ་རང་ལ་ཡོད་དུས།། ནོར་བུས་ནོར་ཉམས་མ་ཆོད།། ནོར་བུ་གཞན་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚང་སོང་།།” ཞེས་༸རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོའི་གཏིང་ཟབ་ཅིང་རྒྱ་ཆེ་བའི་སློབ་སྟོན་འདིར་ཡང་དང་ཡང་དུ་བསམ་ཞིང་བསམ་སྟེ་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་ཆོད་པ་བྱ་དགོས།
གཉིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་འགན་ཁུར་གསུམ་སྟེ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་དང་། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་བཅས་ལ་དེ་རིང་ནས་བཟུང་རང་ནུས་གང་ཡོད་ཀྱིས་གཞོགས་འདེགས་བྱ་རྒྱུའི་དམ་བཅའ་འཇོག་དགོས།
གསུམ། ཁོང་གི་ཉམས་བཞེས་ཀྱི་གདམས་པ་སྟེ་ནང་བསྟན་རིག་པའི་གཞུང་ལུགས་ཀྱི་སྙིང་དོན་ལ་ཐོས་བསམ་དང་ཉམས་ལེན་གང་ཐུབ་བྱ་རྒྱུའི་ཆོད་སེམས་དང་བཅས་ཉིན་མོ་འདི་སྲུང་བརྩི་བྱ་དགོས།
བཞི། ༸གོང་ས་མཆོག་དགོངས་གྲངས་བདུན་ཅུ་དོན་བརྒྱད་ལ་ཕེབས་ཡོད་པ་དང་ཕྱིས་སུ་དགོང་ལོ་ག་ཚད་འཚོ་བཞུགས་ཐུབ་མིན་གྱི་མི་རྟག་རང་གཤིས་ལ་བསམ་བློའི་ནུས་ཤུགས་ཀྱི་ཁ་ཕྱོགས་བརླན་ནས་ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་ཁོང་གི་གཞན་ཕན་མཆོག་གྱུར་གྱི་དགོངས་གཞི་དག་ལས་རང་གི་གང་ནུས་ཀྱི་ལས་བྱ་རེ་བསྒྲུབ་པར་དེ་རིང་ནས་ཞུགས་དགོས།

དོན་ཚན་འདི་དག་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་ཕྱོགས་ཀྱི་བསམ་ཚུལ་ཙམ་ཡིན་ལ་འབྲི་བ་བོ་རང་ཉིད་ཀྱིས་ཀྱང་དེ་རིང་ནས་བཟུང་དམ་བཅའ་གསར་བ་ཞིག་དང་བློ་སྟོབས་གསར་བ་ཞིག་བསྐྱེད་ནས་ཁོང་གི་དགོངས་གཞི་གང་ནུས་སྒྲུབ་ཐབས་བྱ་རྒྱུའི་དམ་བཅའ་སྙིང་ཐག་པ་ནས་བཞག་ངེས་ཡིན། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་གནས་པའི་བརྩེ་བའི་དྲ་གྲོགས་དང་། རྩོམ་གྲོགས། ཀློག་པ་པོ། ཤ་རུས་ཀྱི་འབྲེལ་བ་མཐུད་པའི་གདོང་དམར་བོད་པ་ཡོངས་དང་། ཞི་བདེ་དང་བྱམས་བརྩེའི་རིན་ཐང་གཙུག་ཏུ་བཀུར་ཞིང་༸གོང་ས་ཏཱ་ལའི་བླ་མའི་ཞབས་འོག་ཏུ་བཏུད་པའི་སའི་གོ་ལའི་སྐྱེ་འགྲོ་ཡོངས་ལ་༸གོང་ས༸སྐྱམས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག སྐུ་ཉིད་ཀྱི་བསམ་དོན་ལྷུན་གྱིས་འགྲུབ་ཅིང་ནད་མེད་ཚེ་རིང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་བརྒྱ་ཕྲག་བཅས།
གུས་མིང་སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས་༢༠༡༣/༦/༢༨ ལ་གུས་པས་ཕུལ།། །།

སྣ་ཚོགས།

Post navigation

Previous Post: དགེ་རྒན་གྱི་སློབ་གསོ། ༼མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།༽
Next Post: སྨྱོ་བ།

Comments (11) on “ཞི་བདེའི་འོད་སྟོང་འཕྲོ་བའི་ཉིན་མོ།”

  1. དགེ་འདུན་རྒྱ་མཚོ། says:
    2013-06-30 at 3:32 am

    བཀླགས་ཟིན
    ཡག་པོ་འདུག
    བཀའ་དྲིན་ཆེ་ཞུ་བ་ཡིན།

  2. གཡག་རྫི་ནས། says:
    2013-06-30 at 11:38 am

    དངོས་གནས་ཡག་པོ་ཞིག་བྲིས་འདུག

  3. མ་ཧཱ་སིདྡྷི། says:
    2013-06-30 at 7:36 pm

    ངོ་མ་ཡིན་ད་རེས་ཁ་བརྡའི་དྲ་ཚིག་གི་ཉོབ་རྩོམ་གྱི་གད་སྙིགས་ནང་དུ་། དཔྱད་འོས་རིན་ཐང་ཅན་གྱི་ལེགས་བཤད་གསེར་གྱི་རྡོག་མ་ལུག་གི་མགོ་ཙམ་ཞིག་རྙེད་སོང་། ཡག་པོ་བྲིས་གནང་འདུག རྒྱ་ཆ་བརྒྱའི་གུས་ཞབས་ཡོད།

  4. མེ་ཏོག་དཀར་པོ says:
    2013-06-30 at 10:08 pm

    བཀླགས། དེ་དེ་བཞིན་ནོ་ཞེས་ཞུའོ།།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-06-30 at 10:37 pm

    ་་་་་་་ བདེ་སྡུག་འདོད་མིན་མཉམ་པའི་གཞི་རིམ་གྱི་གནས་སྟངས་འོག་འགྲོ་བ་མིའི་གཞི་རིམ་གྱི་བཟང་སྤྱོད་གོང་འཕེལ་དང་། ཆོས་ལུགས་མཐུན་སྒྲིལ། བོད་གངས་ཅན་པའི་རྩ་དོན་སྒྲུབ་ཐབས་ཀྱི་འགན་ཁུར་ཕྲག་ཏུ་ལེན་པའི་མཛད་སྤྱོད་ཀྱིས་གོ་ལ་ཧྲིལ་བོའི་མིའི་རིགས་ཀྱི་བསམ་པའི་སློབ་སྟོན་པར་བཀུར་ཞིང་། འགྲན་བྲལ་གྱི་སློབ་དཔོན་ཆེན་པོར་གྱུར། ་་་་་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2013-06-30 at 10:41 pm

    བཟང་སྤྱོད།
    བདེ་བ་འདོད་པ་གཅིག་པ། །
    སྡུག་བསྔལ་བྲལ་འདོད་གཅིག་པ། །
    མཐུན་སྒྲིལ།
    ཆོས་དད་ཡོད་པ་གཅིག་པ། །
    དད་གུས་དགོས་པ་གཅིག་པ། །
    བོད་རྒྱའི།
    རང་གཞན་མཉམ་པ་གཅིག་པ། །
    རྒྱ་བོད་གཉིས་སྨན་གཅིག་པ། །

  7. BONPO says:
    2013-06-30 at 10:45 pm

    དཔལ་ལྡན་ཁ་བརྡ་ཚང་ལགས། བྱིན་རླབས་ཅན་འདི་ཁ་བརྡའི་དྲྭ་ངོས་སུ་འཇོག་གནང་ན་འགྲིག་གམ། མ་མཁྱེན་པ་ག་ལ་ཡིན་ཏེ་དྲན་བསྐུལ་ཙམ་ཡིན། བཀའ་དྲིན་ཆེ།
    http://www.dalailama.com/webcasts/post/288-opening-the-eye-of-the-new-awareness/4422

  8. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2013-06-30 at 11:03 pm

    དྲ་གྲོགས་ལྷན་རྒྱས་ལ་ཕེབས་བསུ་ཞུ། སྐུའི་འཁྲུངས་སྐར་ཉི་་ཁྱེད་ཅག་གིས་རྩོམ་ཡིག་འདིའི་བརྗོད་ལ་བསམ་གཞིག་རེ་བྱེད་རྒྱུ་རེ་བ་ཆེ་ཤོས་ཡིན།

  9. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2013-06-30 at 11:04 pm

    དྲ་གྲོགས་ལྷན་རྒྱས་ལ་ཕེབས་བསུ་ཞུ། སྐུའི་འཁྲུངས་སྐར་ཉིན་ཁྱེད་ཅག་གིས་རྩོམ་ཡིག་འདིའི་བརྗོད་དོན་ལ་བསམ་གཞིག་རེ་བྱེད་རྒྱུ་རེ་བ་ཆེ་ཤོས་ཡིན།

  10. དབྱངས་ཅན་འབངས། says:
    2013-07-02 at 12:44 pm

    སེར་ཤུལ་རྒན་རིན་ཆེན་ལགས་སུ་བཀྲིན་ཆེ་ཞུ།

    ༧གོང་སམཆོག་གི་དགོངས་པ་ཁ་ཤས་ཞིག:
    ༡ ཆོས་ཁས་ལེན་མི་ལེན་ཁྱད་པར་མེད་པར་འགྲོ་བ་སྤྱིའི་བཟང་སྤྱོད་གོང་འཕེལ།
    ༢ ཆོས་ལུགས་ཀུན་ཕན་ཚུན་མཐུན་སྒྲིན་དང་གུས་བརྩི།
    ༣ བོད་ཀྱི་བདེན་མཐའ་གསལ་ཐབས་ཡག་ཤོས་དབུ་མའི་ལམ་ཡིན་པ།
    ༤ ལུགས་སྲོལ་ཙམ་རྒྱུ་མཚན་དུ་མ་བྱས་པར་བྱ་བ་གང་ཡིན་ཡང་ཕན་གནོད་ཆེ་ཆུང་བལྟ་བ།།
    ༥ ནང་ཆོས་དང་དེང་རབས་གང་ཡིན་ཡང་གཞི་རིམ་སློབ་སྦྱོང་ཐོན་རྗེས་རིགས་གཅིག་རྐང་འཛིན་གལ་ཆེ་བ།
    ༦ སེམས་ཚོར་ཙམ་ལ་ཆ་མ་བཞག་པར་རྒྱུ་མཚན་བསམས་ནས་ཐག་གཅོད་པ།།
    ༧ ཆོས་པ་ཞིག་ཡིན་ན་རང་གིས་གང་སྦྱངས་པའི་ཆོས་དེ་ལག་ལེན་ལ་འཁྱོལ་བ་ཞིག་བྱེད་པ།
    ༨ རང་གི་བདེ་སྐྱིད་ཀྱི་ཐམས་ཅད་གཞན་དང་མ་འབྲེལ་བ་མེད་པས་རྟག་ཏུ་གཞན་ཕན་ལ་བརྩོན་པ།
    ༩ སྐྱེ་འགྲོ་ཐམས་ཅད་བདེ་སྡུག་འདོད་མི་འདོད་མཉམ་པས་ཀུན་ཁྱབ་སེམས་འཁུར་དགོས་པ།
    ༡༠ བོད་པ་ཞིག་ཡིན་ན་ཕ་མེས་ཀྱི་གོམས་གཤིས་བཟང་པོར་གཅེས་སྤྲས་ཐོག་དེང་རབས་ཀྱི་ཤེས་ཡོན་ལ་ཤུགས་རྒྱག་དགོས་པ།

    ད་དུང་ཁྱེད་རང་ཚོས་ཀྱང་སྣོན་པ་ཁ་ཤས་འདེབས་དང་།

  11. བན་དེ་བ། says:
    2013-07-02 at 1:07 pm

    བཀྲ་ཤིས་པའི་ཉིན་མོར་སྤྲིངས་པའི་རྩོམ་ལ་དགའ་བསུ་ཞུ།
    ༡༡༽ འཁོར་ལོ་བསྒྱུར་རྒྱལ་ལྟ་བུའི་ཕྱི་འཁོར་ནང་འཁོར་གསང་འཁོར་གྱི་གདུལ་བྱ་དཔག་ཏུ་མེད་པས་བདེ་ཆེན་སྤྱི་བོའི་གཙུག་ཏུ་བཀུར་ཀྱང་ཆེ་ཚུགས་དྲེགས་སེམས་མེད་པ་སངས་རྒྱས་མི་ཡི་ཤ་ཚུགས་ཅན།
    ༡༢༽མི་བུ་ ཉམས་ཆེན་ཉམས་ཆུང་ལས་སོགས་མཐོ་བ་བླ་ཆེན་དང་སྟོབས་ཆེན་རྒྱལ་ཁབ་ཀྱི་དབུ་ཁྲིད་དང། དམའ་བ་གད་གཙང་བྱེད་པ་ཡན་ཆད་ལ་སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་གྱི་རྣམ་འགྱུར་འདྲ་མཉམ་གཅིག་ཏུ་གྱུར་པའི་སངས་རྒྱས་མི་ཡི་གཟུགས་སུ་མངོན་པར་རོལ་པ།
    ༡༣༽གནོད་སྦྱིན་ནོར་གྱི་བང་མཛོད་ལ་འགྲན་པའི་ལོངས་སྤྱོད་མངའ་ཐང་ལྡན་ནའང་་འདོད་ཆུང་ཆོག་ཤེས་དམ་པའི་སྤྱོད་པས་འགྲོ་བ་ཀུན་གྱི་མིག་གི་རྒྱན་དུ་གྱུར་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme