Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞི་བདེའི་དེད་དཔོན།

Posted on 2017-12-082017-12-08 By ཁ་བརྡ 5 Comments on ཞི་བདེའི་དེད་དཔོན།

༸གོང་ས་མཆོག་གིས་ནོར་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་དྲན་ལ་ཕུལ།

གཡུ་སྒང་དགེ་འདུན་གྱིས།

མདོ་སྔགས་ཆོས་ཀྱི་གཞུང་བརྒྱ་འཆད་པའི་གསུང་།།
ཚངས་དབྱངས་དྲུག་ཅུའི་དུང་སྒྲ་སྒྲོག་པ་ན།།
ངག་དབང་ལྷ་མོས་འགྲན་པར་མ་ནུས་པར།།
ཞིང་གཞན་ཡིབ་པའི་སྲོལ་གྱིས་བཞུགས་ལ་དོགས།།

མུ་མེད་བྱམས་བརྩེ་ཆུ་གཏེར་ཆེན་པོའི་རྒྱུན།།
ཀླུང་བརྒྱར་དྲངས་ཀྱང་བྲི་མེད་ངང་གིས་འབབ།།
སྐྱེ་འགྲོའི་སྐོམ་པ་སེལ་བའི་ཡིད་བཞིན་ནོར།།
ཀླུ་དབང་རྒྱལ་པོའི་གཙུག་ལས་བླངས་པར་སྙམ།།

གང་གིས་ཟབ་བརླིང་བཀའ་གསུང་རྟ་བདུན་འོད།།
གདུལ་བྱའི་རྐང་ཐུང་གསོས་སུ་བསྟིམ་པ་ལ།།
འཆར་ནུབ་སྤྲིན་གྱིས་སྒྲིབ་པ་དང་བྲལ་བས།།
མཁའ་ཡི་ཉི་ཟླ་དཔེ་རུ་འོས་པ་མིན།།

བསྟན་འགྲོའི་དོན་དུ་དུས་དྲུག་ངལ་མེད་པ།།
ལོ་དྲུག་དཀའ་སྤྱད་དེ་ལས་ཅི་མི་སྙམ།
ཆོས་སྲིད་མཛད་འཕྲིན་ཆུ་ཤེལ་དྭངས་མའི་ཆ།།
ས་གསུམ་སྐྱེ་འགྲོའི་གཟིགས་མོར་འགྲེམས་པར་མཛད།།

གངས་ཅན་སྐྱབས་གཅིག་ཐུགས་ཀྱི་མཁའ་དབྱིངས་ལས།།
སྙིང་རྗེ་རི་བོང་འཛིན་པའི་བསིལ་ཟེར་གྱིས།།
འཛམ་གླིང་སྐྱེ་རྒུ་ཀུ་མུད་ཏ་ཡི་ཚལ།།
ཞི་བདེའི་འདབ་མ་འབྱེད་པའི་དེད་དཔོན་རྒྱལ།།

༢༠༡༧།༡༢།༠༨ ཉིན།

སྙན་ངག

Post navigation

Previous Post: ཨ་ཁུ་དར་ལོ་དང་དོགས་འདྲོག་དོན་རྐྱེན།
Next Post: རྒྱ་གར་གྱི་བྱེད་སྟངས་ལ་དོགས་པ་ཡོད་དཱ། བོད་པའི་གསར་ལམ་ཚོ། འུར་མ་སྔ།

Comments (5) on “ཞི་བདེའི་དེད་དཔོན།”

  1. ཨ་འབར་འཇིགས་དབང། says:
    2017-12-08 at 3:12 pm

    ༄༅།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེའི་གསེར་གྱི་གཟེངས་རྟགས་
    འབུལ་བཞེས་མཛད་ནས་མི་ལོ་ ༢༨ འཁོར་བའི་དུས་དྲན་ལ་ཕུལ་བ།
    གངས་རིའི་མགོན་པོ་བསྟན་འཛིན་རྒྱ་མཚོ་ལ།།
    ཞི་བདེའི་གསེར་གྱི་གཟེངས་རྟགས་ཕུལ་མཛད་ནས།།
    མི་ལོ་ཉེར་བརྒྱད་འཁོར་བའི་ཉིན་མོ་འདིར།།
    བོད་འབངས་ཡོངས་ནས་སྒོ་གསུམ་གུས་པ་བསྟོད།།
    བོད་གངས་ཅན་དབུ་འཕང་མཐོ་ན་ཡང།། རྗེ་བླ་མ་མེད་ན་སྟོང་པ་རེད།
    རྗེ་བླ་མ་ཡིད་བཞིན་ནོར་བུ་མཆོག། ཁྱེད་གངས་ལྗོངས་འགྲོ་བའི་རྒྱན་དུ་བཞུགས།།

  2. ཀརྡོ་རབ་འབྱམས་པ་ says:
    2017-12-08 at 10:33 pm

    བཅུ་གཉིས་བཅུ་པར་ནོ་བྷེལ་འབུལ་བཞེས་ཉིན། །
    ་
    བཅུ་གཉིས་བཅུ་པ་འགྲོ་མིའི་ཐོབ་ཐང་ཉིན། །
    བཅུ་གཉིས་བཅུ་པར་བོད་དོན་གླེང་བའི་ཉིན། །
    བཅུ་གཉིས་བཅུ་པར་ནོ་བྷེལ་འབུལ་བཞེས་ཉིན། །
    བཅུ་གཉིས་བཅུ་པར་དགའ་སྐྱོའི་དགའ་སྟོན་ཉིན། །
    ་
    མཆན་རྒན་ང་ཡིས་མཆན་བསྟོད་ལས་འགུལ་བརྩམས། །

  3. ཀརྡོ་རབ་འབྱམས་པ་ says:
    2017-12-09 at 10:22 pm

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
    ཆེས་ཆེར་གསལ་མཛད་གངས་ཅན་འགྲོ་བའི་མགོན། །
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
    གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །
    ་
    ཆོས་སྲིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
    ཆེ་ཆེར་སྟོན་མཛད་ཛམ་གླིང་ཞི་བདེའི་མགོན། །
    ཐུབ་དབང་རྒྱལ་ཚབ་བསྟན་འཛིན་རྒྱ་མཚོ་ལ། །
    གསོལ་བ་འདེབས་སོ་༸སྐུ་ཚེ་ཡུན་བརྟན་ཤོག །

  4. Abharu Jigwang says:
    2018-01-14 at 10:28 pm

    ༄། ཚུར་ལ་རྡང་མིག་བལྟས་ཀྱང་། སྡང་ལ་འཛུམ་གྱིས་བསུ་མཁན།
    སྐྱབས་མགོན་བསྟན་འཛིན་རྒྱ་མཚོ། འཛམ་གླིང་ཕན་བདེའི་རྩ་བ།
    ཁྱེད་ནི་ཞི་བདེའི་དེད་དཔོན།
    ཕྱག་གཉིས་ཐལ་མོ་སྦྱར་ནས། སྐྱེ་འགྲོ་སྤྱི་བོར་བཀོད་བཞིན།
    འཛམ་གླིང་ཞི་བདེར་བསྒྲུར་མཁན། སྐྱབས་མགོན་ཡིད་བཞིན་ནོར་བུ།

  5. ཀརྡོ་རབ་འབྱམས་པ་ says:
    2018-01-15 at 1:27 am

    སྤྱན་རས་གཟིགས་
    མི་ཡི་གཟུགས་
    བཙན་བྱོལ་ཞིག
    དེད་དཔོན་གནང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme