Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞི་བདེའི་དེད་དཔོན།

Posted on 2013-01-202013-01-20 By ཁ་བརྡ་ 5 Comments on ཞི་བདེའི་དེད་དཔོན།

ཨ་འདུས་མིག་ཆུ།

ཞི་བདེའི་དེད་དཔོན་རྣམ་པ་ལྔ།།
འཛམ་གླིང་ཁྱོན་ལ་སྐུ་དྲིན་ཆེ།།
སྒོས་སུ་༸རྒྱལ་མཆོག་བཅུ་བཞི་པ།།
མགོ་ནག་མི་ལ་སྐུ་དྲིན་ཆེ།།

ཞི་བདེའི་དེད་དཔོན་ཡིན་པ་ལ།།
ཁྱད་པར་ཅུང་ཟད་མེད་ན་ཡང་།།
ཉམ་ཐག་བོད་མིའི་དཀའ་སྡུག་ལ།།
ལྷག་ཏུ་གཟིགས་པ་༸རྒྱལ་མཆོག་ཉིད།།

ཞི་བདེའི་ལས་དོན་མཛད་པ་ལ།།
སྔ་ཕྱིའི་ཁྱད་ཙམ་ལོས་ཡོད་ཀྱང་།།
བོད་འབངས་ཐུགས་ཀྱིས་སྐྱོང་མཁན་ནི།།
སྐྱབས་མགོན་ཡིད་བཞིན་ནོར་བུ་ཉིད།།

རླབས་ཆེན་སྐྱེས་བུ་འདི་དག་ནི།།
བྱང་སེམས་ཡིན་ལ་ཁྱད་མེད་ཀྱང་།།
བོད་མིའི་དཀའ་སྡུག་སྣ་ཚོགས་ཀུན།།
ཁུར་ཏུ་བཞེས་མཁན་༸རྒྱལ་བ་ཉིད།།

ཞི་བདེའི་དེད་དཔོན་འདི་དག་ཀུན།།
དད་གུས་ཆེན་པོས་བརྩི་བཀུར་བྱེད།།
སེམས་ཀྱི་དད་འདུན་གཙོ་བོ་ནི།།
རྒྱལ་མཆོག་ཉིད་ལ་དབུལ་རྒྱུ་ཡིན།།

འཛམ་གླིང་སྐྱེས་ཆེན་འདི་དག་ནི།།
འགྲོ་བ་ཀུན་ལ་བྱམས་མོད་ཀྱང་།།
ང་ལ་དམིགས་ཀྱིས་བྱམས་པ་ནི།།
རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཡིན།།

སྐྱེས་ཆེན་གསེར་ནག་རི་འདྲ་བས།།
ས་ཆེན་འདི་ལ་གང་གྱུར་ཅིང་།།
བདག་གི་འདི་ཕྱིའི་མགོན་སྐྱབས་ནི།།
བསྟན་འཛིན་རྒྱ་མཚོ་གཅིག་པུ་ཡིན།།

སྟོན་པ་དབུ་འོད་དང་བཅས་ཏེ།།
གོ་ལའི་ཁྱོན་ལ་ཕེབས་ན་ཡང་།།
བདག་གི་ཡ་ཆུང་སེམས་པ་ན།།
བསྟན་འཛིན་རྒྱ་མཚོའི་ལྷག་གཅིག་མིན།།

སྤྱན་ཤེལ་རྫིག་པོའི་འོག་རོལ་ནས།།
ཤེས་མདོག་ལམ་སྟོན་མང་བྱས་ཀྱང་།།
ང་ལ་༸རྒྱལ་བའི་དབང་པོ་ཡི།།
བཀའ་སློབ་ཉིད་ལས་དགོས་པ་མེད།།

རྩོམ་རིག

Post navigation

Previous Post: འབྲོག་མོ་ངོ་མ་ཡོད་ན་ང་ལ་ཤོད། ༼བཙོག་གཏམ་སྙན་ངག༽
Next Post: གནས་མཆོག་རྡོར་གདན་དུ་རང་ལུས་མེར་བསྲེགས་ཆེད་ཆོས་ལུགས་ཁག་གིས་སྨོན་ལམ་གནང་།

Comments (5) on “ཞི་བདེའི་དེད་དཔོན།”

  1. ཅོག་རོང་གི་མྱི། says:
    2013-01-20 at 10:08 pm

    གཞན་ཚོ་ཅི་ཡིན་མ་ཤེས་མོད།
    མ་ཧ་གན་དི་མ་ནིང་རེད།༼ཨེན་ཅི་Gay་ཟེར་བ་དེ་རེད།༽
    དེ་ནས་མི་ནག་མན་ཏ་ལ།
    གུང་ཁྲན་ཚོགས་མི་ཡིན་རབས་བཤད།

    མར་ཀེ་སུའི་རྐུབ་ལ་རྒྱུགས།
    གན་དིའི་དྲུང་དུ་སྲིད་དོན་བསླབས།
    མ་ཏིང་ལོ་སེར་མི་ནག་དེ།
    གང་ཡིན་འདི་ཡིན་ཡ་མ་བརླ།

    དེ་ནས་གོང་ས་སྐྱབས་མགོན་མཆོག
    གུང་ཁྲན་ཕྱེད་ཀྱི་ལྟ་བ་བཞེས།
    ཨེ་མའོ་སྙིགས་དུས་འགྲོ་བ་འདིར།
    གུང་ཁྲན་རིང་ལུགས་བཀའ་དྲིན་ཆེ།

  2. གནམ says:
    2013-01-20 at 10:11 pm

    དེ་རིང་གི་ཁ་བརྡ་ན་རྩོམ་སྙན་མོ། གཏམ་སྙན་མོ། ཁ་བླ་ས། མགོ་དུད་ས། ད་མང་གི་ཡ།

  3. གངས་རི། says:
    2013-01-20 at 11:44 pm

    བདེན་པའི་སྐྱེ་བུ་རྒྱས་གྱུར་ཅིག

  4. རིག་པའི་བུ says:
    2013-01-21 at 4:04 am

    ཧཧཧཧཧཧ

  5. ཀརྡོ་གཉེར་ཕྱག་པ་ says:
    2013-01-21 at 4:27 am

    ཛམ་གླིང་ཞི་བདེའི་ཆེ་བསྟོད་ཐོབ་སྟངས་ལ།

    ཨ་སང་སུ་ཅི་འབར་མོ་འདི། །
    ཕས་བསླབས་དམག་དྲེགས་བཀའ་དྲིན་རེད། །

    མན་ཌེལ་ཁོང་ནི་རང་ཡུལ་དུ། །
    དཀར་པོས་ནག་རྩུབ་བཀའ་དྲིན་རེད། །

    ལོ་ཐེར་ནག་མདོག་མི་དཀར་གྱིས། །
    ཨ་རིར་བཙན་གནོན་བཀའ་དྲིན་རེད། །

    སེམས་དཔའ་ཆེན་པོ་གན་དྷི་ཁོང་། །
    ཨིན་ཇིས་ཡུན་རིང་བཙས་ནས་འཁྲུངས། །

    ༸གོང་ས་བཅུ་བཞི་བཀའ་དྲིན་ཅན། །
    བསྐལ་མང་སྙིང་རྗེས་བསྒོམས་ལས་འཁྲུངས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme