Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞི་བདེའི་དེད་དཔོན་དང་ཁོང་གི་དམག་དཔུང་།

Posted on 2009-12-06 By ཀླུ་ 17 Comments on ཞི་བདེའི་དེད་དཔོན་དང་ཁོང་གི་དམག་དཔུང་།

us-army-paratroopers-in-iraqམི་ནག་ཚང་ལུང་རིགས

ཕྱི་ཚེས་ ༡༠ ཉིན་སྲིད་འཛིན་ཨོ་བྷ་མས་ཨོ་སུ་ལོ་ནས་ལོ་འདིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་རྒྱུ་རེད། འདི་ནི་ཁོང་གིས་ཨབ་གྷན་དུ་ཨ་རིའི་དམག་མི་ ༣༠༠༠༠ འཕར་སྣོན་བྱ་རྒྱུའི་གསལ་བསྒྲགས་བྱས་པའི་ཉིན་དགུའི་རྗེས་ལ་འཁེལ་ཡོད།
ལོ་འདིར་སྲིད་འཛིན་ཨོ་བྷ་མར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་འདུག་ཅེས་ཐོག་མར་གོ་མ་ཐག ང་ལ་རང་བཞིན་གྱིས་མི་བདེ་བ་ཞིག་ཆགས་སོང་། ཉིན་བཞིའི་སྔོན་ལ་ཁོང་གིས་དམག་རྒྱག་རྒྱུའི་གསལ་བསྒྲགས་བྱས་པ་དང་། ཉིན་ལྔའི་རྗེས་ལ་ཁོང་ནོར་ཝེ་ལ་ཕྱིན་ཏེ་ཞི་བདེའི་གཟེངས་རྟགས་བཞེས་རྒྱུ་ཡིན་པ་འདི་བསམ་ན་ལྷག་པར་དུ་མི་བདེ་བ་ཞིག་རེད།
སྲིད་འཛིན་ཨོ་བྷ་མའི་གསལ་བསྒྲགས་ཀྱི་རྗེས་སུ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དག་གིས་ཀྱང་བསྐྱར་དུ་རང་རང་ས་ནས་དམག་མི་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། ད་ལྟའི་ཆར་རྒྱལ་ཁབ་ ༢༥ ཡིས་ཨབ་གྷན་ནང་དུ་དམག་མི་འཕར་སྣོན་བྱ་རྒྱུའི་ཁས་ལེན་བྱས་འདུག དེར་བརྟེན་མི་འགྱངས་པར་ནུབ་ཕྱོགས་ཀྱི་དམག་མི་ཆིག་འབུམ་བཞི་ཁྲི་ལྷག་ཅིག་གནའ་བོའི་དར་ལམ་ལ་འབབ་རྒྱུ་རེད།
མི་ཡུལ་ལ་ཞི་བདེ་བསྐྲུན་ཕྱོགས་དེ་གང་འདྲ་ཞིག་ཡིན་པ་མི་ཤེས་རུང་། ངས་ནི་ལོ་རྗེས་མར་ཉམ་ཐག་དང་ཉེས་མེད་ཀྱི་མི་སེར་མང་པོ་ཞིག་ལ་ཤི་རྨས་ཚབས་ཆེན་འབྱུང་རྒྱུ་ཡིན་པ་མཐོང་གི་འདུག ཤི་རྨས་འདི་དག་གི་ནང་དུ་དམག་མི་དང་། འཇིགས་སྐུལ་རིང་ལུགས་པ། བྱིས་པ་དང་བུད་མེད་ཚུད་པའི་མི་སེར་དཀྱུས་མ་བཅས་འདུ་གི་རེད།
ང་ཚོའི་སུ་ལའང་ལྐོག་གྱུར་མིན་པ་ལྟར། དམག་དཔུང་འཕར་སྣོན་གྱི་དམིགས་ཡུལ་ནི་འཐབ་འཁྲུག་ཡིན་ལ། འཐབ་འཁྲུག་གི་དམིགས་ཡུལ་ནི་བསད་རྨས་ཀྱི་ལམ་ནས་ཕ་རོལ་བོ་ཚར་གཅོད་བྱ་རྒྱུ་དེ་ཡིན། དེར་བརྟེན་ངས་སྲིད་འཛིན་ཨོ་བྷ་མའི་དར་ཆའི་འོག་ནས་ཁ་ཐུག་ཏུ་ཞི་བདེའི་རྣམ་པ་ཞིག་རྩ་བ་ནས་མཐོང་གི་མི་འདུག་ལ། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁོང་གི་ལག་མགོ་གཉིས་སུ་བཀྲུས་ན་མི་དག་པའི་ལོ་རྒྱུས་ཀྱི་ཁ་དོག་དམར་པོ་ཞིག་འགོ་རྒྱུ་རེད་འདོད།afga
ཨབ་གྷན་དང་པཱ་ཀི་སི་ཐན་གྱི་མངའ་ཁུལ་དུ་ད་ལྟ་ནས་ས་རྡུལ་ཞིག་འཐིབ་ནས་འདུག་ལ། ལོ་རྗེས་མ་ནས་ ༢༠༡༡ ལོའི་ལོ་དཀྱིལ་བར་དུ་གཏིང་ཐག་ཆོད་པའི་དམག་འཁྲུག་དེ་རྒྱག་རྒྱུ་རེད་ལ། ཉམས་ཞིབ་པ་དག་གིས་ལོ་རྗེས་མ་ནི་ཨ་རིའི་ལོ་རྒྱུས་ནང་དུ་འགྲོ་སོང་ཆེ་ཤོས་ཀྱི་ལོ་དེ་ཆགས་རྒྱུ་རེད་ཟེར།

གསར་འགྱུར།

Post navigation

Previous Post: ཕ་རྒན་ཞིག་གི་དྲི་བ།
Next Post: སྟོང་ཉིད་རྟོགས་སྟངས་གཞན་ཞིག

Comments (17) on “ཞི་བདེའི་དེད་དཔོན་དང་ཁོང་གི་དམག་དཔུང་།”

  1. མདོ་ལྷ་ཁམས་པ། says:
    2009-12-06 at 5:34 am

    ཨོ་བྷ་མའི་གཟེངས་རྟགས་དང་། ཉིས་སྟོང་བཅུ་ལོའི་དམག་འཁྲུག་གཉིས་དོ་མི་མཉམ་པའི་ཚོར་སྣང་དང་བཅས། རྩོམ་སྒྲིག་པ་སྐུ་ཞབས་ལུང་རིགས་ལགས་ཀྱི་རིག་པ་གསལ་པོའི་ཚོད་དཔག་འདིར་ཉམས་ཞིབ་ཀྱི་་
    རིན་ཐང་ལྡན་པ་ཞིག་རེད་སྙམ། ཡིན་ཡང་ངེད་གཉིས་ཀྱི་ཚོད་དཔག་ཐ་དད་ལ་སོང་འདུག
    ལར་ནས་ཆབ་སྲིད་པའི་དམག་དོན་གི་གནས་ཚུལ་ཐད་རྣམ་པ་དང་ངོ་བོ་གཉིས་མཇུག་འབྲས་ལྡོག་ཕྱོགས་སུ་འབྱུང་བཞིན་པའི་སྐབས་ཡོད་ལ། སྣང་ཚུལ་གྱི་གྲ་སྒྲིག་གི་རྣམ་པ་དང་དམིགས་ཡུལ་གཉིས་གཅིག་མཚུངས་མ་ཡིན་པའི་དུས་ཀྱང་ཡོད་པར་འདོད།
    སྐབས་རེར་མི་ཞིག་གི་ལག་ཏུ་གྲིའམ་མེ་མདའ་གང་རུང་ཞིག་འཁྱེར་ཡོད་ཚེ་ངེས་པར་དུ་གཞན་ཞིག་ལ་བསྣུན་དགོས་པ་དང་། མི་དེ་ལག་དམར་ཡིན་པའི་ངེས་པ་ཡང་མེད་ལ་དེ་ལས་ལྡོག་དེ་རང་གཞན་གཉིས་ཀར་ཕན་གྲོགས་བསྒྲུབ་པའང་ཡོང་གི་ཡོད།
    གཞན་ཡང་མང་པོའི་དོན་དུ་ཉུང་བ་བློས་གཏོང་བ་དང་། དོན་ཆེན་བསྒྲུབ་སྐབས་དོན་ཆུང་རིང་དུ་བསྐྱུར་བ་ནི་སྐྱེ་བུ་དམ་པའི་མཛད་སྤྱོད་ཀྱང་རེད་དྲན། ཨཕྷ་གྷན་ལ་ཨ་རིའི་དམག་སྒར་བཏབ་པ་དེ་ཡང་དམག་རྒྱག་རྒྱུའི་དོན་དུ་མ་ཡིན་པར་དམག་འཁྲུག་མི་འབྱུང་རྒྱུའི་ཆེད་རེད་སྙམ། མཐར་གཏུགས་ན་འཛམ་གླིང་ཞི་བདེའི་དོན་དུ་རེད་བསམས་ནའང་ནོར་འཁྲུལ་མེད། འདི་ནི་ང་རང་སྒེར་གི་བསམ་ཕྱོགས་ཡིན།
    ནོ་ཝེ་ཞི་བདེ་ཚོགས་ཆུང་ནས་ཀྱང་དོན་དེ་འདྲ་ཞིག་ལ་དགོངས་པ་བཞེས་པ་མིན་ནམ།
    གལ་སྲིད་ཊ་ལི་བྷན་ཞེས་པའི་འཇིགས་བསྐུལ་དྲག་སྤྱོད་ཚོགས་པ་དེ་རྩ་མེད་མ་བཟོས་ཚེ་དུས་ནམ་ཞིག་ཨ་རི་ལ་བལྟས་ངན་གཏོང་རྒྱུ་ཉག་གཅིག་ཡིན་པ་དང་། གལ་ཏེ་ཨ་རི་ཕམ་ཉེས་བྱུང་བ་དང་བསྟུན་ནས་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ལ་རིམ་གྱིས་འཇིགས་བསྐུལ་བས་དྲག་སྤྱོད་ལྟ་གོན་བྱ་རྒྱུ་ཡིན་པ་ནི་ཚོད་དཔག་སྔ་མོ་ནས་བྱ་དགོས་པའི་དོན་དག་གལ་ཆེན་ཅིག་ཆགས་ཡོད་པ་རེད།

  2. གུ་ར་རྫ says:
    2009-12-06 at 10:26 am

    ཞི་བདེའི་དེད་དཔོན་ཁོ་འདྲ་ག་ལ་ཡིན།

  3. གཞོན་ནུ་ཟླ་མེད says:
    2009-12-06 at 12:10 pm

    དཀོན་མཆོག་གསུམ། ཨོ་སྦ་མ་ལ་ཞི་བདེ་དེད་དཔོན་མ་ཟེར་དང་། ང་ངོ་ཚ་ནས་འབར་འགྲོ་གི ད་རུང་དེའི་མི་ཚད་སེམས་པ་སྐྱོ་བ་ལ་ཚད་མེད་གི འཛམ་བུ་གླིང་འདི་ད་ངོ་ནས་འདི་འདྲའི་རྫུན་མ་ཅིག་ཡིན་དགོས་དོན་གང་ཡིན་ནམ། ནོ་ཝེལ་ཞི་བདེའི་མ་རྩ་འཇོག་མཁན་ཁོ་ཡང་ཕྱི་མའི་ཡུལ་ན་ངུ་གི་ཡོད་ཀྱི་རེད། ཁོང་གི་དངུལ་འཕྲོ་བརླགས་ལ་འགྲོ་སོང་བསམ་ནས་ངུ་གི་ཡོད་ཀྱི་རེད།
    འོན་ཀྱང་ཨབ་གྷ་ནི་སི་ཐན་གྱིས་གཏོར་བའི་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་འདྲ་རྩ་ཆེ་ཞིང་བྱིན་རླབས་ཡོད་པ། ལོ་རྒྱུས་ཡོད་པ། ངོ་མཚར་བ་ཅིག་ཡིན་ནི་རེད། དེས་ཨབ་གྷ་ནི་སི་ཐན་ལ་ད་ལྟའི་བར་དུ་སྲུང་སྐྱོབ་བྱས་ནི་རེད། ཨུ་རུ་སུ་དར་ཐོག་ན་ཡོད་དུས་ལོ་བཅུ་ལ་དམག་བརྒྱབ་ན་ཡང་ཨུ་རུ་སུ་ཕམ་པ་རེད། ད་བྱིན་རླབས་ཅན་གྱི་སྐུ་འདྲ་དེ་གཏོར་བ་རེད། དེའི་ལས་བསམ་གྱི་མི་ཁྱབ་པར་ལས་ད་ལྟ་བྱས་ན་ད་ལྟ་སྨིན་ཟེར་བ་དེ་རེད།

  4. རྩམ་དགའ་ says:
    2009-12-06 at 4:12 pm

    དེ་སྔོན་ཞིག་ལ་ང་དང་ཨ་རི་བ་འགའ་ཆང་ཁང་ཆུང་ཆུང་ཞིག་ནང་ཨ་རག་འཐུང་ཞོར་ཁ་བརྡའི་ནང་ཨོ་བྷ་མ་དང་ཞི་བདེའི་གཟེངས་རྟགས་འདིའི་ཐོག་ལ་བསླེབས་སོང་། གྲོགས་ཤིག་ནས་ང་ལ་ཁྱེད་རང་ཨོ་བྷ་མར་གཟེངས་རྟགས་ཐོབ་པར་དགའ་སོང་ངམ་ཞེས་དྲིས་སོང་། ངས་སྐད་ཤུགས་ཆེན་པོའི་ཐོག་ནས་ཡིན་དང་ཡིན་དགའ་དང་དགའ་ཞེས་ལེན་བཏབ་ཡིན། ཁོང་གིས་ང་ལ་རྒྱུ་མཚན་དྲིས་བྱུང་བས་ངས་ཁོ་ལ་རྩེད་མོའི་ཐོག་ནས་ཨོ་བྷ་མས་ཞི་བདེའི་གཟེངས་རྟགས་དང་མེ་མདའ་གཉིས་མཉམ་དུ་ཁུར་ནས་དམག་ལ་མ་རྒྱུག་ན་འགྲིག་ཡོད་རབས་བཤད་ཡིན། དེ་རྗེས་གྲོགས་གཞན་ཞིག་གིས་འདི་ཟེར་གི་བོད་པ་མང་བོ་འདི་ལ་འཐད་པ་མེད་རབས་བཤད་སོང་། ངས་ཁོང་ལ་ག་རེད་བྱས་ནས་ཞེས་དྲིས་པར་ཁོང་ནས་གཟེངས་རྟགས་གོང་ས་མཆོག་ལ་མ་སྤྲད་པས་རེད་ཟེར། ངས་ཁོ་ལ་ཁ་ཏིག་བྱས་ནས་དེ་འདྲ་མ་རེད་ལ་བོད་པ་ཚོ་ལོས་དགའ་ཞེས་ལབ་ཀྱང་ཉན་གྱིན་མི་འདུག ཨ་རོགས་ཁྱེད་ཚོས་བལྟས་ན་ཁོའི་སྐད་ཆ་འདི་ལ་གནས་ལུགས་འདུག་གམ་མི་འདུག

  5. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-06 at 6:56 pm

    དེ་དུས་ཁྱེད་རང་གིས་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་རེག་ནས་ལོ་ངོ་ཉི་ཤུ་འཁོར་གྲབས་ཡོད་པ་རེད། སླར་ཡང་གཟེངས་རྟགས་གཉིས་བརྩེགས་ཤིག་སྤྲོད་སྲོལ་ཡོད་མི་སྲིད་པ་རེད་ཅེས་ལན་དྲན་རྒྱུ་དྲན་མ་སོང་ངམ། ཤུ་རེ་གོ

  6. མྱིག་རྫོད་ says:
    2009-12-06 at 7:21 pm

    རྩམ་དགས་རྩམ་པ་ཟ་རྒྱུ་ཙམ་གཏོགས་ལན་དེ་འདྲ་རྒྱག་ཤེས་ནི་མ་རེད།   

  7. གཞོན་ནུ་ཟླ་མེད says:
    2009-12-06 at 7:40 pm

    རྩམ་དགའ་ནས་འཛིན་གྲྭ་དང་པོ་ན་རྣམ་དབྱེ་དང་པོ་ངོ་བོ་ཙམ་བརྗོད་པའི་དཔེ་བརྗོད་འཇོག་གི་ཡོད་པ་རེད། ཁྱོད་ཚོས་ཐུབ་ཚོད་མ་གཏོང་འ། ཁོང་གི་རྣམ་དབྱེ་དང་པོའི་དཔེ་བརྗོད་འཛིན་གྲྭ་བདུན་པའི་ནང་ལ་ཁས་ཡོང་ནས་སྙན་ངག་ཡིན་ཟེར་གི་ཡོད་ན་ཡང་། ཁོང་གིས་སྙན་ངག་དང་རྣམ་དབྱེ་དང་པོ་ལོག་ཀ་ཡིན་པ་ད་རུང་རྗེས་ནས་འཛིན་གྲྭ་བདུན་པ་སླེབས་ན་དེ་ནས་ཤེས་རྒྱུ་རེད། ཧཧ་ རྩེ་མོ་ཡིན་ད་།

  8. གཞོན་ནུ་ཟླ་མེད says:
    2009-12-06 at 7:42 pm

    རྩམ་དགའ་འདི་ད་འཛིན་གྲྭ་དང་པོའི་བྱིས་པ་ཅིག་ནས་ཨ་རི་བ་ཁ་ཤས་དང་མཉམ་པོ་ཆང་འཐུང་འདུག ངོ་ནས་ཁ་བརྒྱ་མགོ་བརྒྱ། སྐྱག་ས་མེད་ནོ། སྐྱ་སྟོང་ཟེར་རྒྱུའུ་རེད་ཡ།

  9. ཁ་ཕྱོགས་མེད says:
    2009-12-06 at 10:52 pm

    ཨ་རོག་ལུང་རིགས།་་་་་་ཁྱེད་དུས་བབས་ཟིན་བྲིས་ནང་དེབ་སྐྱེལ་བྱས་རུང་ཌྷའཇུག་མ་ཐུབ་ནོ་འདི་ཅི་རེད།
    ངས་ཐེངས་གཅིག་དེབ་སྐྱེལ་བྱས་པ་ཡིན་དེབ་སྐྱེལ་བྱས་ཚར་སོང་ཞེས་པའི་ལན་ཞིག་རང་བཞིན་གྱིས་སླེབས་ཀྱི་འདུག་ལ་ད་རུང་ངའི་མྱུར་ཌྷའཕྲིན་ཐོག་ལན་ཞིག་མི་འགྱང་བར་ཡོང་གི་རེད་ཟེར་ནི་བརྡ་ཞིག་འདུག་མོད་འོན་ཀྱང་ཉིན་གྲངས་མང་བོ་འགོར་སོང་རུང་ད་དུང་བརྡ་ཐོན་རྒྱུ་མེད་ནོ་འདི་ཅི་རེད།
    ང་འཇུག་སྟངས་མ་འགྲིག་ནི་རེད་ལ།་་་་ཁྱེད་ཅག་གིས་མོས་མཐུན་མ་བྱུང་བ་རེད་ལན་ཞིག
    སྤྱིར་ང་ལ་གལ་ཆེན་དེ་འདྲ་བཤད་རྒྱུ་ཡོད་ནི་མིན་རུང་དུས་ཚོད་ཡོད་དུས་དྲ་གྷགྲོགས་ཚོ་དང་མཉམ་དུ་བསམ་འཆར་རེ་འདོན་ཌྷའདོད་ཡོད་ནི་ཡིན་དཀའ་ངལ་མེད་ན་་་་་སྐྱབས་འཇུག་ཅིག

  10. ལུང་རིགས་རྒྱལ། says:
    2009-12-07 at 4:40 am

    ཁ་ཕྱོགས་མེད་ལགས།

    འདི་ལྟའི་དཀའ་ངལ་ཞིག་འཕྲད་སྲིད་དོན་མེད། ག་རེ་བྱས་པ་ཡིན་མིན་ངས་ཀྱང་ཞུ་ཚོད་ཐིག་མ་སོང་། ཁྱེད་ཀྱི་ཐོ་མིང་དང་ཡང་ན། ཐོ་འགོད་བྱས་དུས་ཀྱི་གློག་འཕྲིན་ཁ་བྱང་དེ་ minaktsang@yahoo.com སྟེང་ལ་བསྐུར་དང་ངས་འདི་ནས་ཚོད་ལྟ་ཞིག་བྱེད།

    སྲིད་འཛིན་ཨོ་བྷ་མས་ཕྱི་ཚེས་ ༡༠ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་སྐབས་ཀྱི་གསུང་བཤད་དེར་ཡང་ང་ཚོས་སློབ་སྦྱོང་རེ་བྱ་ཨེ་ཐུབ་ལྟ་ཆོག གནས་སྐབས་དེ་ཙམ་ཡིན།

  11. གངས་བུ། says:
    2009-12-07 at 5:00 am

    ཨ་

  12. གངས་བུ། says:
    2009-12-07 at 5:03 am

    དཧཇཀདསཧང

  13. གངས་བུ། says:
    2009-12-07 at 5:04 am

    བོད་ཀྱི་རང་དབང་

  14. རྩམ་དགའ་ says:
    2009-12-07 at 12:53 pm

    དོན་ངོ་མ་ཁྱེད་རང་གཞོན་ནུ་ཟླ་མེད་ཟིག་ཨེ་རེད་ཀོ
    ཆི་རེད་སྐྱ་སྟོང་ཡིན་ན་ཨ་རི་བ་དང་མཉམ་དུ་ཆང་འཐུང་མི་ཆོག་ནི་ཨེ་རེད། ཁྱོའི་སྐད་ཆ་འདི་ལ་བལྟས་ན་ཁྱོད་ར་རྣམ་དབྱེ་སོགས་ལ་བྱང་ཆ་ཅན་ཞིག་རེད་མི་བསམ་གི་དགོངས་དག འོ་ད་རུང་འདྲི་རྒྱུ་ཞིག་ལ་སྐྱ་སྟོང་
    ང་ཨ་རའི་ཕོ་བྲང་ནང་ལ་ཟོག་འགྲོ་མྱོང་བ་ཁྱོད་ར་འགྲོ་ཨེ་མྱོང་ལགས། ཧ་ཧ་ཕལ་ཆེར་་་་་་་་་

  15. འཆི་བདག་སྐྱབས།། says:
    2009-12-08 at 1:14 am

    ༄༅།། དྲ་དྲོགས་ཚོ་ཁྱེད་རང་ཚོ་དེ་འདྲའི་རྩོད་རྙོག་གི་དྲ་རྒྱ་ཞིག་གི་ནང་འཕྱན་ནས་ནམ་ཡང་བསྡོད་མི་དགོས། མདོར་ན་སྲིད་འཛིན་ཁོ་ནི་ཞི་བདེའི་དེད་དཔོན་ཞིག་མ་རེད་ཁོ་ནི་རྫུན་མ་་དང་ཆབ་སྲིད་ཀྱི་དེད་དཔོན་ཞིག་མ་ཡིན་ནམ༌། དེ་ནི་ཁོང་གིས་རྒྱ་དམར་གྱི་དཔོན་རིགས་འགའ་དང་མཉམ་དུ་རང་ཉིད་ཀྱི་བོད་དང་རྒྱ་ནག་དབར་སྔར་ཀྱི་འབྲེལ་བ་ཡོད་མིན་གྱི་ལོ་རྒྱུས་ལ་མ་ལྟོས་པར་རང་དབང་གི་བོད་དེ་རྒྱའི་ཆ་ཤས་ཡིན་པའི་རྙོག་གཏམ་སྒྲོགས་པ་དེ་ནས་ཁོ་ཅི་འདྲ་ཞིག་ཡིན་པ་རྗེས་སུ་དཔག་ཐུབ་མོད་དོ།། དེ་རིགས་ནི་ཞི་བདེའི་དེད་དཔོན་གྱིས་རང་ཉིད་རང་གི་གནས་སར་བསྡད་མ་ཐུབ་པར་གཞན་རྒྱ་ཁབ་གཉིས་ཀྱི་དབར་ལ་རྙོག་འདྲའི་སྒམ་ཆུང་ཁ་ཕྱེ་པ་ལས་ཐ་དད་མ་ཡིན། དེ་བས་དེ་ནི་ཞི་བདེ་དང་འགོང་བའི་ལས་ཞིག་མ་ཡིན་ནམ།།

  16. བོད་ལ་དུངས། says:
    2009-12-09 at 5:09 am

    ལུང་རིག་གིས་བཤད་པ་དེ་ལ་རྒྱུ་མཚན་དངོས་ནས་ཡོད་ཀི། དམག་བརྒྱབས་ཚར་ན་མི་གསོད་ཁྲག་བཞུར་གྱི་སྡུག་བསྔལ་ཞིག་ལས་དེ་ལ་ཁ་མཁས་པས་འགྲེལ་བཤད་སྟབས་བདེ་པོ་བརྒྱབས་པ་དེ་འདྲ་ཞིག་གང་ནས་ཡོང་བ་དང་། ཞི་བདེ་ཟེར་བ་ནི་དམག་བརྒྱབས་ཚར་རྗེས་ཚིག་དེ་བེད་སྤྱོད་བྱེད་ས་ཞིག་ཨེ་ཡོད་ཀི་ར།

  17. མདོ་ལྷ་ཁམས་པ། says:
    2009-12-09 at 12:18 pm

    འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་གི་བཟང་ངན་དང་དགེ་སྐྱོན་མཐའ་དག་ཚད་གཞི་ཞིག་གཞི་བཟུང་གི་ཡོད་པ་དང་། ལྟོས་ས་ལྟོས་འཇོག་ཅིག་གི་ཐོག་ནས་ཤོད་གི་ཡོད་པ་རེད།
    ཞི་བདེ་གི་གཟེངས་རྟགས་དེ་ཡང་ཚད་གཞི་ཅིག་གི་ཐོག་ནས་ཐོབ་གི་ཡོད་པ་རེད། ཞི་བདེ་ལ་གནོད་པའི་ལས་ཞིག་ཡིན་ན་ཡང་དེ་དེ་བཞིན་རེད།
    འབུམ་ཕྲག་མི་ཡི་ཚེ་སྲོག་མ་འཕྲོག་གོང་། །
    འགོང་བོའི་ཇག་ཚོགས་སྔོན་ནས་གཏོར་བ་དགའ། །
    ཞེས་ཞུས་ན་འདོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme