Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞབས་མཆན།

Posted on 2013-02-082013-02-08 By ཁ་བརྡ་ 6 Comments on ཞབས་མཆན།

སྐྱོ་བྲག་དགའ་དབང་།

འཛམ་བུའི་གླིང་པའི་སྤྱི་སྲོལ་བཞིན་བོད་པའི་དྲ་རྒྱ་དག་ཏུའང་ཞབས་མཆན་ས་མིག་ཡོད་ལ་ངས་ཀྱང་ཐོག་མའི་སྐབས་སུ། དུས་བབ། ཁ་བརྡ་སོགས་དྲ་རྒྱ་མང་དག་ཅིག་ཏུ་མིང་འདྲ་མིན་གྱི་ཐོག་ནས་ཞབས་མཆན་འགའ་ཤས་བཀོད་མྱོང་། ཞབས་མཆན་ལ་དགོས་དམིགས་གཏན་ནས་མེད་པ་མིན་ནའང་གལ་ཆེན་ཞིག་ཏུ་མཐོང་མ་སོང་ལ། ལྷག་པར་མིང་རྫུན་ཞིག་གི་འོག་ཏུ་ཡིབས་ནས། ཏིང་འཛིན་རྒྱལ་པོའི་མདོ་ལས། ལུས་དང་སེམས་ནི་ཤིན་ཏུ་མི་སྡོམ་པ། །དེ་ནི་ཚིག་ཏུ་མི་སྨྲ་ཅི་ཡང་མེད། །སུ་ཡིས་ཉེས་པ་ཅི་བྱས་བརྒལ་ལོ་ཞེས། །རྟག་ཏུ་གཞན་གྱི་ཉེས་པ་ཚོལ་ཞིང་རྟོག །ཅེས་གསུངས་པ་ལྟར། རང་སྣང་དགྲ་རུ་ལངས་པའི་སྤྱོད་ཚུལ་གྱིས་སྤྱི་སྒེར་ཚང་མར་སྐྱོན་འཛུགས་ཁོ་ནས་དུས་འདའ་བ་ནི་རང་གཞན་སྡུག་ལ་སྦྱོར་བྱེད་ཙམ་ལས་དགེ་ཕན་ཅི་ཡང་མེད་པའི་མཐོང་སྣང་གིས་ཞབས་མཆན་གཅིག་ཀྱང་མ་བཀོད་པར་ལོ་གཅིག་ཡས་མས་འགྲོ་བའི་ཉིན་ཞིག་ཁ་བརྡ་དྲ་བར་ཤར་ཕྱོགས་ཁུག་རྟས་སྤེལ་བའི་བསམ་ཚུལ་གྱི་ཞབས་མཆན་དུ་སྐྱོ་བྲག་དགའ་དབང་ཟེར་བ་ཞིག་འདུག །ཤར་ཕྱོགས་ཁུག་རྟ་ངེད་གཉིས་ངོ་ཤེས་གྲོགས་པོ་ཡིན་ཞིང་ནང་དོན་ལ་དགག་མཆན་འདྲི་དགོས་དོན་མེད་བཞིན་དྲ་འབུ་ཞིག་གིས་ངའི་དངོས་མིང་བརྐུས་ནས་འབྲེལ་ཡོད་སྤྱི་སྒེར་དག་གི་དབར་དཀྲུག་ཤིང་བྱ་བའི་ངན་ཇུས་བཤམས་འདུག་སྙམ་པའི་དངངས་འཚབ་ཀྱིས། ཁ་བརྡའི་དྲ་བདག་ལ་ངའི་དངོས་མིང་གཞན་གྱིས་བེད་སྤྱོད་བྱས་པ་ལས་ངས་རྩ་བ་ནས་བྲིས་མེད་ཕྱིར་གང་མགྱོགས་བསུབ་དགོས་པའི་རེ་བསྐུལ་ཞུས་པ་དང་ལེན་གནང་རྗེས། གློག་འཕྲིན་ཁ་བྱང་ལས་གསང་ཚིག་ཤེས་མི་དགོས་པའི་ཕྱིར་ན་ཁྱོད་ཀྱི་གློག་འཕྲིན་ཁ་བྱང་རང་བེད་སྤྱོད་བཏང་འདུག་ཟེར་བས། སྔར་ལྷག་གི་འཇིགས་སྔངས་ཤིག་གིས་ངའི་མིང་དང་གློག་འཕྲིན་ཁ་བྱང་དག་གཏན་འགོག་བྱ་རོགས་ཞུས་པ་ཡིན། རྗེས་སུ་ཁོམ་རྩེད་ལྟ་བུར་རྩོམ་དུམ་རེ་ཁ་བརྡ་དྲ་བར་འགོད་སྐབས་ངེས་པར་དུ་ལན་འདེབས་དགོས་པའི་ཞབས་མཆན་འདྲ་ཡོད་ནའང་གསར་རྩོམ་ཞིག་སྤེལ་ན་མ་གཏོགས་བྱ་ཐབས་མེད་པ་ལན་ལ་ཐུགས་རེ་གནང་མཁན་ཚོས་མཁྱེན་པར་ཞུ་འདོད་བྱུང་ངོ་། །

སྣ་ཚོགས།

Post navigation

Previous Post: རྒྱལ་བ་རིན་པོ་ཆེར་ཕུལ་བའི་ལྷ་ཆབ་ཀྱི་སྙན་ངག་གསར་བ་ཞིག
Next Post: བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བརྒྱད་པ།

Comments (6) on “ཞབས་མཆན།”

  1. ཅོ་རི་ཉི་མ། says:
    2013-02-08 at 11:35 am

    ཡག་པོ་བྱུང་། ངས་ཡང་དེའི་སྐོར་ལ་ཁྱེད་ཀྱི་ཐོག་ཏུ་ཁོང་ཁྲོ་ཏོག་ཙམ་ལངས་བྱུང་། ཁྱེད་ཀྱིས་ཁུག་རྟའི་མཉམ་དུ་དེ་འདྲ་བཤད་ཨེ་ཡོད་ན་རེ་ཡང་དྲན། དེ་རིང་གསལ་པོ་བཟོས་པར་དགའ་པོ་བྱུང་་་ཤ་ཉེ

  2. ཁྱབ་འཇུག says:
    2013-02-08 at 11:56 am

    ཁྱོད་ཀྱི་གློག་འཕྲིན་ཁ་བྱང་བཀོད་མཁན་ཞིག་ཡིན་དུས་ཕལ་ཆེར་ཁྱོད་ལ་ཆ་རྒྱུས་ཡོད་མཁན་ཞིག་ཡིན་སྲིད། དེ་མིན་ན་ཁྱོའི་ཡིག་ཟམ་ཇི་ལྟར་ཤེས།ཁ་བརྡ་དྲ་བས་དེའི་རིཊ་ལ་གཟབ་གཟབ་བྱ་དགོས།

  3. མངར་སྐྱུར་ says:
    2013-02-08 at 4:41 pm

    ཞེད་སྣང་མ་བྱེད་སྐྱོ་དགའ་ལགས། རྩ་བའི་ཆ་ནས་ཁྱེད་རང་ཡང་ཟང་ཟིང་ལོང་ལོང་དང་ཡར་མར་གྱོད་དང་རྩོད་པ་ལ་དགའ་བོ་ཡོད་པའི་གང་ཟག་ཅིག་ཡིན་པ།

  4. གནམ says:
    2013-02-08 at 5:06 pm

    གྱོག་མར་འགྱོ་ཚེགས་རྒོད་ན། རྐང་ལག་ཐང་ཆུར་འབྱར་ཟེར་བ་དེ་རེད། ཡིན་ན་ཡང་སྐྱོན་ནི་མ་རེད།

  5. ལུང་རྟོགས། says:
    2013-02-08 at 10:23 pm

    སྐྱོ་བྲག་དགའ་དབང་གིས་གསུང་པ་བདེན་པ་རེད། ངས་ཀྱང་ད་བར་དུ་མིང་རྫུན་འོག་ནས་གང་བྱུང་བཤད་བཞག་པ་མེད་ཀྱང་། ཁ་བརྡའི་ནང་ཞབས་མཆན་བཀོད་པའི་ལོ་ཤས་དེའི་རིང་ལ་དྲ་གྲོགས་མང་པོ་ཞིག་དང་ཁ་རྩོད་བྱས་པ་ཡིན་ལ་ཚིག་ངན་ཡང་མི་ཉུང་བ་ཞིག་བཤད་པ་ཡིན། འདི་དག་ཐམས་ཅད་སྤྱི་སེམས་སྙིང་བཅང་ལས་སྒེར་མཁོན་རྩོད་བཞག་པ་ཅང་མེད་ན་ཡང་། འདིས་རིགས་ཀྱིས་མི་མང་པོ་ཞིག་ལ་མི་སྐྱིད་པ་བཟོ་ངེས་པས་ད་ནས་བཟུང་སྟེ་དགོས་ངེས་ཀྱི་རིགས་མ་གཏོགས་རྩོད་པ་རྒྱག་རྒྱུ་མིན་ལ་དོན་མེད་ཀྱི་མཆན་བཀོད་རྒྱུ་ཡང་ཇེ་ཉུང་ལ་གཏོང་གི་ཡིན།

  6. འཁྱམས་པོ says:
    2013-02-08 at 11:30 pm

    ངས་མིང་ཡང་འདི་ལྟར་འཚམས་འཚམས་སུ་་གཞན་ཞིག་གིས་བེད་སྤྱོད་གཏོང་གིན་འདུག་་་་
    དེ་ཡང་དེ་འདྲ་ཞིག་ཡིན་པ་འེ་ཡིན་ནམ་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme